Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་ལ་ཤུགས་སྣོན་རྒྱག་དགོས་ཀྱི་འདུག

Posted on 2011-07-162011-07-16 By ཁ་བརྡ་ 20 Comments on བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་ལ་ཤུགས་སྣོན་རྒྱག་དགོས་ཀྱི་འདུག

ཀུན་གླེང་ལས་རིམ་ཐོག་དཔལ་རྒྱལ་བ་ཀརྨ་པར་བཅར་འདྲི་བྱས་བ་ཞིག

བཅར་འདྲི།

Post navigation

Previous Post: རྒྱ་ནག་རྒྱལ་ཁབ་ཀྱང་མི་མང་ལ་དབང་དགོས་པ་རེད།
Next Post: ང་རང་གི་ཉམས་མྱོང་ཞིག་བརྗེ་རེས་བྱེད་དུ་ཡོང་བ་ཡིན།

Comments (20) on “བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་ལ་ཤུགས་སྣོན་རྒྱག་དགོས་ཀྱི་འདུག”

  1. གངས་ཕྲུག says:
    2011-07-16 at 6:23 pm

    དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པར་སྨོན། སྐུ་ཚེ་བརྟན། སྐུ་ཚེ་བརྟན། སྐུ་ཚེ་བརྟན། སྐུ་ཚེ་བརྟན། སྐུ་ཚེ་བརྟན། སྐུ་ཚེ་བརྟན། སྐུ་ཚེ་བརྟན།

  2. མིག་བརྒྱད་པ། says:
    2011-07-16 at 7:18 pm

    དཔལ་ཀརྨ་བ་མཆོག་གིས་བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་ལ་ཤུགས་སྣོན་རྒྱག་དགོས་ཞེས་པའི་བཀའ་སློབ་ཀྱི་བརྒྱུད་རིམ་ལ་ཉན་པས། སེམས་པ་གཏིང་ནས་སྤྲོ་བྱུང་ལ་མིག་མཐའ་ནས་མིག་ཆུ་ཡང་དཀུ་བྱུང་། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གཞོན་སྐྱེས་ཕལ་ཆེ་བར་བོད་ཡིག་ལ་དོ་སྣང་མེད་པའི་སེམས་ཚོར་ལན་མང་བྱུང་ལ། ལྷག་པར་གྲྭ་བ་དང་གྲྭ་ཟུར་མ་གཏོགས་བོད་ཡིག་ཡག་པོ་ཞིག་འབྲི་མཁན་དཀོན་ལ། དེ་ལས་ཀྱང་ཁྱིམ་ཚང་གི་ཕ་མ་ནས་མགོ་བཙུགས་ཏེ་ཕྲུ་གུ་ཚོའི་སེམས་ལ་སྐད་ཡིག་ལ་དོ་སྣང་ཇི་ཙམ་སྤྲད་ཀྱི་ཡོད་མེད། སློབ་གྲྭ་ཁག་གི་བོད་ཡིག་དགེ་རྒན་དང་སློབ་ཕྲུག་ཚོའི་བར་ལ་བོད་ཡིག་སྤུས་དག་པོ་ཞིག་ཡོང་གི་ཡོད་མེད། ཚད་མའི་སྲང་ལ་གཞལ་ན་ཤེས་ཐུབ།

  3. པདྨ་གེ་སར says:
    2011-07-16 at 8:43 pm

    ད་རིས་བདེན་པ་འདྲ་ཚོར་ཀྱང་། བཤད་མ་ཐུབ་པ་དང་འདྲི་མ་ཤེས་པ་འགའ་ལྷག་འདུག དང་པོ་ཀརྨས་སྐད་ཡག་པོ་སྒྲ་དག་ཟུར་ཕྱིན་པ་ཞིག་བཤད་ཤེས་ཀྱིན་མི་འདུག བཙན་བྱོན་་སངས་མ་དགའ་སེ་རེད། གཉིས་པ་ཀརྨའི་བསྟན་པའི་ནང་འགལ་མ་སོས་པར་ཐུབ་བསྟན་སྤྱི་ལ་ཇུས་དྭོགས་དེ་གཡོ་སྒྱུ་མགོ་སྐོར་ཀྱི་སྐད་ཆའམ། ཁ་ཁོག་མི་མཚུངས་པའི་ཀུན་གླེང་རེད། གསུམ་པ་རྒྱུད་སྨད་རྩི་ཤིང་ནགས་ཚལ་མེད་པར་བཟོས་ནསའཛམ་གླིང་གོ་ལའི་འཁོར་ཡུག་སྲུང་སྐྱོབ་བཤད་པ་ཡང་གད་མོ་གནས་འདྲ་མི་འདུག་གམ།

  4. དྲི་མེད་ལྷག་བསམ། says:
    2011-07-17 at 12:36 am

    ཀརྨ་པ་ཨོ་རྒྱན་ཕྲིན་ལས་སྐུ་ཚེ་བརྟན་པར་ཤོག བསྟན་པའི་སྤྱི་དོན་གསུང་ཚེ་དང་པོ་རང་གི་ནང་གྲ་འགྲིག་པོ་ཞིག་ཡོང་རྒྱུ་གལ་ཆེ། རང་ལས་གཞན་པའི་ཀརྨ་པ་མི་གཅིག་ཐུགས་ལ་མ་ཤོང་ན། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་། གཟུགས་སྣང་ཕྱག་རྒྱ་ཆེར་པོར་ཤར་ཚུལ་མེད་པས་ཞབས་གྲས་རྣམས་ལ་བཀའ་སློབ་དང་། ༧གོང་ས་མཆོག་གིས་གསུང་ཀརྨ་པ་རྣམ་གཉིས་གྲོས་མོལ་གྱི་ལམ་ནས་ཞི་འགྲིགས་ཡོངས་ཐབས་ཐུགས་ལ་འཛིན་པར་ཞུ། དོན་རྩ་དེ་མ་འགྲུབ་ན་པདྨ་གེ་སར་གྱིས་བཤད་པ་ལྟར་། ཞལ་གསུང་དང་ཕྱག་ལས་མི་མཚུངས་པའི་དོགས་པ་མི་མང་པོར་སྐྱེས་དང་སྐྱེ་བཞིན་པ་ལགས། བསྟན་པ་སྤྱི་དང་བྱེ་བྲག་གི་དོན་ཟེར་ནའང་དེ་ལས་ལྷག་པ་ཞིག་མེད་པས་སྤོབས་པ་བསྐྱེད་དེ་ཞུས་པ་ཡིན། རང་ངོས་ནས་ཀརྨ་པ་རྣམ་གཉིས་སུ་ཡིན་ནའང་ཁྱད་མེད་ཀྱིས་དག་སྣང་ཅི་ཐུབ་སྦྱང་ཁུལ་ལགས། ཕྱོགས་རིས་དང་དབྱེ་འབྱེད་གཏན་ནས་མེད་ཅེས་མགྲིན་པ་བཏེགས་ནས་ཞུ་བ་ལགས།

  5. ཟླ་བ་ཆོས་འཛོམས། says:
    2011-07-17 at 12:51 am

    སྐྱེས་དམན་དེས་འདྲི་བ་འདོན་ཤེས་ཀྱི་མི་འདུག མི་དགོས་མང་པོ་དྲིས་སོང་།རྒྱ་སྐད་ཚད་པས་༧གོང་ས་མཆོག་ལ་དྲིས་པ་དག་ལ་ལྟོས་དང་འདྲི་བ་ཟེར་བ་དེ་འདྲ་རེད།

  6. དཔལ་དགྱེས་པ་རྡོ་རྗེ says:
    2011-07-17 at 7:35 am

    ཨ་ཞབས་ཀྱུ་དང་ན་རོ་ལ་ཁྱད་པར་མི་འདུག ཕྲིན་ལས་རྡོ་རྗེ་ལགས་ལ་རེ་ཞུ་དུ་མ་ཞིག་སྔོན་ནས་ཕུལ་ཡོད། གཙོ་བོ་དུལ་མོ་ཆོས་རྗེ་དང་མཁན་པོ་ཚུལ་ཁྲིམས་རྣམ་དག་དང་བཀྲ་རྒྱམ་དང་རྒན་སངས་རྒྱས་བསྟན་འཛིན་ཚོས་བཀའ་དྲིན་ལས་དམ་པའི་ཆོས་གང་འཚམ་ཞིག་ཤེས་ས་ཡོད། དེས་ན་གཞན་གྱི་འུར་བསྟོད་ཀྱི་རྗེས་སུ་མ་འདྲོངས། བཤད་སྒྲུབ་ཀྱི་སྙིང་པོ་བསམ་ན་གསང་སྔགས་ལ་མ་སྨོད་པར་དམ་ཚིག་གཙོ་བོ་བྱས་ནས་མཐའ་ཡས་རྡོ་རྗེ་ཁྱེད་གཉིས་ཕུ་ནུ་ནང་མཐུན་བྱུང་ན་བསྟན་པའི་གཞི་རྩ་ཟིན་པ་རེད། སྙིང་རྗེ་བརྩེ་བ་ལས་འཁྲུངས་པའི་བྱང་ཆུབ་སེམས་མཆོག་བསྐྱེད་པ་ཡིན་ན་སྤྲུལ་མིང་ཙམ་ལ་མ་ཆགས་པར་མིང་དོན་མཐུན་པས་འབྲས་ལྗོངས་དགོན་བདག་དང་སི་ཞྭ་གཉིས་ནང་འགལ་མེད་པར་བདེ་འདས་རྒྱབ་ཆོག་པར་ཞིག་བཟོས་ན་ཁྱོད་བུ་སྐྱེས་པའི་དོན་ཐོན་ཡོད། ཧ་མ་གོ་ན་སྟོབས་དགའི་གཏམས་སྣ་ཚོགས་ཀུན་རྟོག་གི་རི་མོ་དེ་ངེས་པར་ཚར་ཅིག་ཀློག་རོགས། གཟན་ཤམས་གྱོན་པ་ཙམ་མིན་པར་ངེས་འབྱུང་རྣལ་མའི་དགེ་སློང་ཁྱེད་ལ་ཆོས་བརྒྱད་ཆགས་སྡང་གི་དགོས་ཡེ་ཡོད་མ་རེད། རྒྱ་ནག་དང་དབྱིན་ཇིའི་ཕོ་མོ་དཔལ་འབྱོར་ཅན་ཚོ་སྤྲུལ་སྐུ་ག་གེ་མོ་ཞེས་ངོས་འཛིན་རྟགས་ཡིག་མང་པོ་གནང་འདུག་པས་མཚམས་འཇོག་གནང་རོགས། བུ་གུ་དམར་འཇར་ཁྱེད་ལ་སྙིང་རྩ་དཀར་པའི་ཤྲྰིས་ཕུལ། །

  7. ལ་སྟོད་བུ། says:
    2011-07-17 at 8:01 am

    ༸དཔལ་རྒྱལ་བ་༸ཀརྨ་པ་རྣམ་གཉིས་ཐུགས་མཐུན་དམ་གཙང་འོ་ཆུ་གཅིག་ཏུ་འདྲེས་པ་ཞིག་ཡོང་བའི་སྨོན་འདུན་དང་རེ་བསྐུལ་ཞུ་བཞིན་ཡོད། བསྟན་པ་དང་གྲུབ་མཐའ་གཅིག་པའི་རྡོ་རྗེ་སྤུན་གྲོགས་ལ་སོང་གསང་སྔགས་ཀྱི་ནང་དོན་མཁྱེན་ཤག་ལགས། དེས་ན་ཁྱེད་གཉིས་ཕྱོགས་ནས་ཐུགས་མཐུན་གནང་རྒྱུའི་གྲྭ་སྒྲིག་གནང་རོགས་ཞུ། ལྷག་པར་དུ་༸གོང་ས༸་མཆོག་ཐུགས་ཀྱི་གཏད་སོ་རུ་ཞོག་གནང་དང་དེ་ནས་བོད་མི་རིགས་སུ་ཡིན་ནའང་ཁྱེད་ལ་དད་པ་དམ་ཚིག་ལོག་མི་སྲིད། འདི་མི་ཆུང་གི་བསམ་ཆུང་དུ་མ་དགོངས་པར། དགེ་ཆོས་ཀྱིས། ལེགས་བཤད་བྱིས་པའི་ཁ་ནས་ལོང། ཞེས་པ་ཞིག་ཏུ་དགོངས་རོགས། ཕྲན་ལ་ནི་ཁྱེད་གཉིས་ཀ་༸དཔལ་རྒྱལ་བ་ཀརྨ་པ་ཡི་འོད་ཟེར་ཕོག་པའི་སྐྱེས་བུ་དམ་པ་ཞིག་ཏུ་སེམས་བཞིན་ཡོད།
    ཁྱེད་ལྷན་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པའི་བཀྲ་ཤིས་ཤོག

  8. ཀརྡོ་རབ་འབྱམས་པ་ says:
    2011-07-17 at 8:46 am

    ཞྭ་དམར་དང་སི་ཏུའི་རྙོག་ཁྲ་དེ། མཐའ་ཡས་རྡོ་རྗེ་ལགས་དང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་དབུ་ཐོག་ཏུ་གཡོགས་མི་ཉན། དཔལ་ཀརྨ་པའི་སྐུ་ཕྲེང་༡༧པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་སྐུ་ཚེ་ཡུན་བརྟན་ཤོག །དགེའོ། །

  9. ཆོས་འགྲུབ། says:
    2011-07-17 at 9:15 am

    དཔལ་༧རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོར་རྗེ་མཆོག སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་ལམ་ཞུ། སྤྱིར་བླ་མས་ཆོས་སྲིད་ཀྱི་མཛད་པ་སྐྱོང་དགོས་ལ་ཆོས་སྲིད་ཀྱི་མཛད་པ་རྒྱས་ཀྱང་དགོས། འོན་ཀྱང་ད་ལྟ་བོད་རྒན་དག་གིས་སྐྱོང་བཞིན་པའི་རང་རྒྱལ་གཞན་ཕམ་གྱི་སྲིད་ཀྱི་ལས་རིགས་འདི། བླ་མའི་མཛད་པ་མིན་ལ་བླ་མའི་ཕྱག་ལས་ལ་མི་མཛའ། དེས་ན་ད་ལྟ་རང་གཞན་ཀུན་འཁོ་ཞིང་གལ་ཆེ་བ་ནི་ཆོས་ཀྱི་མཛད་པ་སོང་། དེའི་ཐོག་ལ་ཤུགས་སྣོན་བརྒྱག་རོགས་གནང་།

  10. Tenchoe says:
    2011-07-17 at 4:58 pm

    སྤྱིར་ན་རིག་གཞུང་གི་ཐད་ཕྱི་ནང་ཕྱོགས་ཀུན་ནས་ཤུགས་སྣོན་རྒྱག་དགོས་པ་བཞིན་དེ་ལྟར་དགོས་པའི་འབོད་སྐུལ་གནང་བར་ཐུགས་རྗེ་ཆེ། དེ་ལྟར་ནའང་བར་ལམ་ཞིག་ནས་ཡི་གེ་འབྲི་ཤེས་མཁན་དུ་རློམ་པ་འགའ་རེས་རྐང་རྗེས་ལག་བསུབ་ཀྱི་ཚུལ་དུ་རང་གི་རྩོམ་བྲིས་ཀྱི་ཞོར་དུ་དགོས་མེད་གཞིས་བྱེས་གཉིས་དབར་བོད་སྐད་དང་བོད་ཡིག་གི་སྤུས་ཚད་ལས་འཕྲོས་ཏེ་དབྱེ་འབྱེད་ཀྱི་བསམ་ཚུལ་རང་གིས་སྤེལ་བ་དང་གཞན་གྱིས་དེར་བདག་གཉེར་བྱེད་མཁན་ཇེ་མང་དུ་སོང་བའི་ཚོར་སྣང་བྱུང་། གཏམ་བཤད་སྣོན་མ་འདི་རིགས་མི་དགོས་པ་ཞིག་རེད། བོད་མི་རིགས་ཀྱི་ཁྱོན་འབོར་གྱི་བརྒྱ་ཆ་གཉིས་མ་ཟིན་ཙམ་ལས་གྲུབ་པའི་བཙན་བྱོལ་བོད་མིས་ད་བར་གཞན་དབང་སྟབས་བསྟུན་འོག་དེ་ཙམ་བསྒྲུབས་ཐུབ་པར་ཀུན་གྱིས་བསྔགས་བརྗོད་ཡི་རང་དང་ལེགས་གསོ་བྱེད་དགོས་ཚོད་རེད། དེ་མིན་བཀའ་མོལ་དེ་རིགས་ཀྱིས་ཤུགས་དང་བརྒྱུད་དུ་རྣམ་རྟོག་གཞན་བཙན་ཤུགས་ཀྱིས་འདྲེན་དུ་འཇུག་པ་མིན་ནམ་སྙམ་དུ་བློ་དྭོགས་སྐྱེ་ཞིང་། འདི་ཉིད་དགྲ་བོིའི་ཞབས་འདེགས་སུ་མི་འགྲོ་བའི་ངེས་པའང་མི་འདུག།

  11. བཙན་བྱོལ་བ། says:
    2011-07-17 at 5:48 pm

    ཁོ་བོ་ཡང་བསྟན་ཆོས་ཀྱིས་བྲིས་པ་ལྟར་དེ་ལྟར་ཚོར་གི་ཡོད། བརྒྱ་ཆ་ལ་དཔག་ནས་སྐད་ཆ་བཤད་དགོས་པ་གནད་འགག་ཅིག་ཡིན། རེད། བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་ཡར་རྒྱས་གཏང་དགོས་པ་བདེན་པ་རེད། འོན་ཀྱང་། རིགས་གཅིག་གི་ཁ་ནས་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་ལ་མཐོང་ཆུང་གཏང་གིན་འདུག་ཟེར་བ་དང་། བོད་ཡིག་ཤེས་མཁན་མིན་འདུག་ཟེར་བ་དང་། བོད་ཡིག་མཁོ་གིན་མིན་འདུག་ཟེར་བ་དང་། བོད་པའི་སློབ་གྲ་ཞུར་དུ་བཙུགས་པའི་དགོས་དོན་འགྲུབ་མིན་འདུག་ཟེར་བ་སོགས་ནི་བློ་གཟུ་བོར་མི་གནས་པའི་གཏམ་ཞིག་ཏུ་མཐོང་གིན་འདུག རྩོམ་ཡིག་དེ་ལྟ་བུ་རིགས་དྲ་ཚིགས་ཙམ་མ་ཟད་བོད་ཀྱི་དུས་བབ་ཀྱི་ཚགས་ཤོག་སྟེང་དུ་ཕལ་ཆེན་རྒྱུན་མ་ཆད་པ་མཐོང་རྒྱུ་འདུག བོད་ནང་ལོག་ལ་ཕར་ཁ་བསྐོར་ནས་བལྟས་པ་ཡིན་ན་ཡང་། གྲ་པའི་སྤྱི་ཚོགས་ཕུད་དེ་མིན་བོད་མི་ས་ཡ་ཁ་ཤས་ཡོད་པའི་ཁོངས་ནས་བོད་ཡིག་ཤེས་མཁན་གྲངས་ཀ་ག་ཚོད་ཡོད་ན། དྲང་པོར་བཤད་ན་ཕལ་ཆེར་བརྒྱ་ཆ་ཁ་ཤས་ལས་ལོང་རྒྱུ་མ་རེད། བྱས་ཙང་སྤྱི་ཡོངས་ནས་གཅིག་པ་འདྲ་པོ་རེད། ཁྱད་པར་ནི་བཙན་བྱོལ་སྤྱི་ཚོགས་ནང་ཡིག་རྨོངས་པ་ཧ་ལམ་མེད་ཅེས་༸གོང་ས་མཆོག་དང་ཟམ་གདོང་བླ་མ་སོགས་ཀྱིས་བཙན་བྱོལ་བའི་སློབ་གྲ་ཟུར་དུ་བཙུགས་པའི་དགོས་དམིགས་བཤད་པ་ན་དེ་ལྟར་གསུངས་པ་ལྟར་ཡིན་པ་རེད།

  12. འདྲེ་མགོ་རྡོ། says:
    2011-07-18 at 8:56 am

    བོད་ཀྱི་ལུགས་སྲོལ་དང་སྲོལ་རྒྱུན་གྱི་དབང་དུ་བྱས་ན་སྐྱེད་དམན་སྐྱག་ཁ་མ་དེ་ལས་༧ཀརྨ་པ་མཆོག་ལ་གདན་ཁྲི་མཐོ་ཙམ་རྒྱག་དགོས་མོད་ཀྱང་། དེང་རབས་དང་མང་གཙོ་སྨྲ་མཁན་ཚོས་ཞེ་དྲག་མཁྱེན་མདོག་གིས་༧ཀརྨ་པ་མཆོག་སྐྱེད་དམན་དེ་དང་མཉམ་པོར་བཞག་པ་ནི་དགའ་བའི་གནས་སུ་ཆེ་བ་ཞིག་མ་རེད། དེས་མ་ཚད་སྤྱིར་སྐྱེད་དམན་དེ་ཉ་ཉོག་ལུང་པ་གང་བཤད་མཁན་ཞིག་རེད་འདུག་པས། མི་གནད་ཡོད་ཕེབས་དུས་དྲི་བ་གཏོང་ཤེས་མཁན་ཞིག་ཕེབས་ནས། དུས་ཚོད་མང་པོ་མ་ཟོས་ན་ཡག་གི་རེད། དེ་གཅིག་ཡིན།

    གཉིས་དེ་༧རྒྱལ་བ་ཀརྨ་པའི་མནའ་བཟའ་རྣམས་གཙང་མ་ཞིག་འཁྲུ་རོགས་གནོང་། གང་ཡིན་ཞེ་ན་སྐྱེད་དམན་དེའི་ཁའི་མཆིལ་མ་མནའ་བཟའི་སྟེང་འཕང་ཡོད་ལོས་ཆེའོ།

  13. འབྲོང་བུ་སོག་ཚ། says:
    2011-07-18 at 2:51 pm

    དྲ་གྲོགས་ཚོས་བསམ་བློ་མ་ལོན་པའི་གཏམ་དང་། ཉ་ཉོག་མཉམ་བསྲེས་ཀུ་ཅོ་སྣ་ཚོགས་ཤིག་སྤེལ་བར་སྡིག་རྒན་ལ་སེམས་ངོ་སྤྲོད་པར་མི་སྤྲོས་ནའང་། ཁ་ཅིག་མཁྱེན་བཞིན་དུ་མ་མཁྱེན་པའི་ཚུལ་གྱིས་ཀརྨ་པ་སྐུ་ཕྲེང་རྣམ་གཉིས་ཞེས་བསམ་བཞིན་དུ་ཆོས་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་མུ་མཐུད་འབྲི་བ་དག་གི་ཐུགས་ལ་འཇོག་དགོས་རྒྱུ་ཞིག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོས་ཀརྨ་པ་རྣམ་གཉིས་ཐུགས་སྣང་དག་པ་ཡོང་དགོས་རྒྱུའི་བཀའ་སློབ་བསྩལ་ཡོད་པའི་སྐོར་གསུང་འདུག་པས། དེ་ལྟར་ཡོད་ན་དུས་དང་གནས་སྐབས་གང་ཞིག་ལ་གསུང་ཡོད་པའི་རྒྱུ་མཚན་དང་དཔང་བརྟགས་ལྡན་པ་བཀོད་རྒྱུ་ཡོད་ན་མ་གཏོགས་དོན་མེད་༧སྐྱབས་མགོན་རིན་པོ་ཆེའི་མཚན་དེ་ས་བྲུད་རྡོ་བྲུད་བྱས་ན་མི་འགྲིག་པས་མཆན་འགོད་པ་པོ་ཚང་མའི་ཐུགས་ལ་ངེས་པར་བཞག་རོགས།

  14. ལེགས་བཤད། says:
    2011-07-18 at 7:44 pm

    ད་རེས་དུས་འཁོར་དབང་ཆེན་ཞུ་བར་བཅར་བ་དང་། རྒྱལ་བ་རིན་པོ་ཆེས་གསང་སྔགས་ཀྱི་སྡོམ་པའི་ནང་ལ་གཅིག་རྡོ་རྗེ་སྤུན་ལ་སྐྱོན་བརྗོད་བྱེད་མི་ཉན་གསུངས་སོང་། སྤྱིར་ཀརྨ་པ་མཆོག་ཡང་ད་རེས་དུས་དབང་ལ་ཕེབས་ཡོད་པ་དང་། ངེད་རྣམས་བླ་མ་གཅིག་གི་སྟེང་ནས་ཆོས་ཞུས་སྟབས། རྡོ་རྗེ་སྤུན་ལ་སོང་བས་ཁོང་ལ་སྐྱོན་བརྗོད་བྱེད་རྒྱུ་མིན།

    དེ་བཞིན་ད་རེས་དུས་དབང་ལ་ཕེབས་མཁན་གྱི་རྣམ་པ་ཚོས་ཁ་ཙམ་མ་ཡིན་པར་སེམས་གཏིང་ནས་རྒྱལ་བ་རིན་པོ་ཆེའི་བཀའ་ལ་རྩི་སྲུང་ཞུ་རྒྱུ་དེ་གལ་ཆེ་རེད་སྙམ།

    རྒྱལ་བ་རིན་པོ་ཆེ་ངོ་མ་བླ་མ་མཚན་ལྡན་ཞིག་རེད་འདུག། ཆོས་ལུགས་ཀུན་དང་ལྷག་པར་གསང་སྔགས་ཀྱི་གཞུང་ལ་ཤིན་དུ་བྱང་པ་རེད་འདུག ཁོང་གིས་གྲུབ་མཐའ་མི་འདྲ་བའི་བླ་མ་རྣམས་ཀྱི་གསུངས་རྣམས་ཚིག་གསལ་ཁ་གསལ་བྱས་ནས་ཐུགས་ནས་སྐྱོར་དུས།། ཨ་བླ་མ་འདི་འདྲ་ཞིག་ངེད་ཚོ་གངས་ཅན་པའི་ཁྲོད་བཞུགས་པ་འདི་བདག་ཚོའི་བསོད་ནམས་ཆེ་བ་ལགས་ཡང་སེ་དྲན་གྱི་འདུག

  15. སྟག་སྨྱོན། says:
    2012-04-25 at 4:20 am

    དེ་རིང་ཆེས་གཏམ་བཟང་ཞིག་འདུག དེ་ནི་རྒྱལ་བ་ཀརྨ་པར་དངུལ་རྙོག་གི་ཉེས་འཛུགས་དེ་གཙང་ཆགས་འདུག རྒྱ་གར་གཞུང་གིས་གསལ་བསྒྲགས་གནང་འདུག མ་ཟད་དངུལ་འཕྲོག་ཕྱིན་པ་རྣམས་་ཕྱིར་སློག་ཡ་རེད་འདུག དེ་ནས་ཀརྨ་པའི་ཕྱག་མཛོདསོགས་གླེན་རྒན་རྐྱང་མ་ཡིན་པར་ནུས་པ་ཤེས་ཡོན་ཡོད་མཁན་འཇོག་རོགས་གནང་ཞུ་གི་ཡོད། ད་ལམ་བོད་མི་མིང་གྲགས་ཅན་ཞིག་དཀར་གཙང་ཆགས་པར་ཤིས་བདེ་ལེགས་ཞུ་གི་ཡོད།
    དེ་འདྲ་ཉེས་མེད་ཡིན་བཞིན་དུ་གླེང་གཞི་ཉེས་ཚབས་ཅན་ཞིག་བཟོ་མཁན་འོག་གི་གླེན་རྒན་ནང་འཁྲུགས་མཁས་པོ་དེ་ཚོས་བྱས་ཉེས་རེད། ད་ནས་གཟབ་ནན་གནང་རོགས་ཞུ་གི་ཡོད། ཡིད་ཆེས་ས་བློ་བཅོལ་ས་མ་ནོར་བ་གནང་རོགས།

  16. སྟག་སྨྱོན། says:
    2012-04-25 at 4:22 am

    གཡུལ་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།

  17. མེ་ཏོག་དཀར་པོ། says:
    2012-04-25 at 5:38 am

    རེད། དེ་རིང་རྒྱ་གར་ས་གནས་པུ་ལུ་སིས་ཀརྨ་པར་ནག་ཉེས་བཙུག་པའི་ཁྲིམས་ཁང་གི་ཁ་མཆུ་ཕྱིར་འཐེན་བྱས་འདུག
    ད་ནས་བཟུང་ཀརྨ་པས་ཕྱག་དངུལ་བདག་པོ་གང་ལེགས་གནང་རྒྱུའི་རེ་བ་ཡོད།
    དྲྭ་པ་འགས་བཤད་སྟངས་ལ་དཔག་ན་ཛ་དྲག་གི་གནས་ཚུལ་བཤད་དུས་ཀྱང་འཛུམ་མུལ་མུལ་བྱེད་ཅིང་། བགྲོ་གླེང་ལ་གྲོའི་གླེང་ཟེར་མཁན་དེ་ཡིན་པ་འདྲ། མ་རྩ་ནས་ཀུན་གླེང་གི་དྲི་བ་དྲིས་སྟངས་དེ་དྲི་བ་དྲིས་པ་མིན་པར་བསླབ་བྱ་རྒྱག་པ་ལྟ་བུ་ཡིན་སྟབས་ཉན་མི་སྤྲོ། དམིགས་བསལ་ཀརྨ་པས་བོད་ཡིག་གལ་ཆེ་ཡིན་ཚུལ་གསུངས་ཡོད་ཚོད་འདུག་པས་དེ་དེ་བཞིན་ནོ་ཟེར་བ་ལས་ཅང་མེད།
    ཡིན་ནའང་སྐབས་རེ་སོ་སོའི་ནུས་ཚད་ལས་འགལ་ཏེ་སྟག་འཆོང་ས་ལའང་འཆོང་ཚད་ཚད་གནང་གིན་འདུག་པས་དེ་འདྲ་མ་གནང་ཞུ་གི་ཡོད།

  18. ལ་སྟོད་བུ། says:
    2012-04-25 at 6:00 am

    རྐྱེན་ངན་གྲོགས་སུ་ཤར་བའི་དཔེ་ལྟར།
    ཉེ་ལམ་གྱི་གནས་ཚུལ་བྱུང་རྐྱེན་ལ་གཞིགས་ཏེ་སླད་མར་བོད་ཀྱི་བླ་མ་སྤྲུལ་སྐུ་དགེ་བཤེས་ཚོང་པ་ལས་སོགས་འབྱོར་ལྡན་པ་དེ་ཚོས་གཟབ་གཟབ་གནང་དགོས་ཀྱི་མིག་དཔེ་བཟང་པོ་ཞིག་བྱུང་བ་རེད་སྙམས།
    རྒྱལ་བ་ཀརྨ་པ་མཆོག་ནག་མེད་དཀར་ཐོབ་བྱུང་བར་དགའ་བསུའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཁྱེད་ཀྱི་མཛད་འཕྲིན་མཐའ་དག་ཉེ་ལམ་གྱིས་རྐྱེན་ངན་དེ་དག་གྲོགས་སུ་ཤར་ཏེ་མཚན་སྙན་གྲགས་པའི་གདུགས་དཀར་མཁའ་ལ་མངོན་པར་འཕགས་པའི་སྨོན་འདུན་བཅས་ཞུ།
    དེ་སྔོན་དྲ་གྲོགས་པ་འགས་ཁོང་ལ་མཚན་སྨད་མི་ཉུང་བ་ཞིག་ཞུས་སོང་དེ་ཚོས་ཀྱང་ཁོང་ལ་མཐོལ་བཤགས་འབུལ་དགོས་ངེས་རེད།

  19. སྟག་ར་ says:
    2012-04-25 at 10:27 am

    ཆགས་སྡང་དུག་གི་མཚོ་མོ་འཁྱིལ་བའི་བསྐལ་ངན་དུས་ཀྱི་ཡོ་ལང་འདིར། དཔྱས་འདོགས་སྡང་མིག་མཚོན་ཆ་རྣོན་པོས་ཁྱེད་ལ་ཇི་ཙམ་འདེགས་འགྱུར་ཀྱང། དཀར་མིན་ལས་ཀྱི་རྣམ་སྨིན་ཐུ་ལུམ་རང་མགོ་གཞོམ་པའི་སྟ་གོན་ལས། ཁེ་དང་གྲགས་པའི་ལེགས་བྱས་གང་ཡང་ཁྱེད་ཅག་རྣམས་ལ་ཐོབ་མི་སྲིད། བྱམས་དང་མཁྱེན་བརྩེའི་གཏེར་གྱིས་ཕྱུག་པའི་སྲིད་གསུམ་འགྲོ་བའི་མགོན་པོ་ཞེས། མཐོ་དང་ཁས་དམན་ཀུན་གྱིས་གཙུག་ན་མངོན་པར་འཕགས་པའ་ཨོ་རྒྱན་རྗེ། མཁའ་ཁྱབ་སྤྱི་དང་འཛམ་གླིང་འདིའི་ཞི་བདེའི་ལམ་བཟང་བསྐྲུན་པའི་ཆེད། མི་ཤིག་རྡོ་རྗེའི་ཁྲི་འཕང་མཐོན་པོར་ཞབས་པད་རྟག་བརྟན་ཡུན་གནས་ཤོག

  20. རྨུ་ཐག་གི་བུ་རྒྱུད། says:
    2012-04-25 at 11:04 am

    གཞན་པ་ཅང་བཤད་རྒྱུ་མེད། གོང་དུ་དྲྭ་གྲོགས་ཤིག་གིས་བཤད་པ་བཞིན། སི་ཞྭ་གཉིས་ཀྱི་ནང་དམེ་དེ་ཀརྨ་པ་རྣམ་པ་གཉིས་ཀྱི་སྟེང་དུ་དྲུད་ནས་མ་ཡོང་རོགས་གནང་། དེ་ཙམ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme