Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་པོ་བློ་བཟང་སེང་གེ་ལགས།

Posted on 2012-07-15 By ཁ་བརྡ་ 36 Comments on བཙན་པོ་བློ་བཟང་སེང་གེ་ལགས།

ཁ་བའི་རྡུལ་བརྩེགས་ནས།

བཙན་པོ་བློ་བཟང་སེང་གེ་ལགས།
ལྟེ་ཁྲག་བྱེས་ནས་འཐོར་ཀྱང་།།
དུང་བ་བོད་ལ་ཟབ་ནས་ཡོད།།
ཡབ་མེས་བདེ་དོན་སྙིང་ལ་སྐྱོང་།།

བཙན་པོ་བློ་བཟང་སེང་གེ་ལགས།།
གདོང་དམར་ཁྱིམ་གཞིར་མ་བསྐྱོད་ཀྱང་།།
མཚན་སྙན་ཆོལ་གསུམ་གནས་ལ་འདྲེན།།
གཞིས་ལུས་སྙིང་གི་ནོར་བུ་ཁྱོད།།

བཙན་པོ་བློ་བཟང་སེང་གེ་ལགས།།
འཚར་ལོངས་དཀྱུས་མའི་ཁྱིམ་བརྒྱུད་ཡིན།།
ཤེས་ཡོན་ནོར་གྱི་སྙིང་སྟོབས་རྒྱས།།
བཙན་པོའི་བླ་སྲོག་སླད་མེད་ཁྱོད།།

བཙན་པོ་བློ་བཟང་སེང་གེ་ལགས།།
གངས་རིའི་བསིལ་རླུང་མ་རེག་ཀྱང་།།
གངས་དཀར་འོད་མདངས་ཁྱོད་ལ་ཡོད།།
གངས་རིའི་བཙན་པོ་ཁྱོད་ཀྱི་མཚན།།

བཙན་པོ་བློ་བཟང་སེང་གེ་ལགས།།
སྦྲ་ནག་དྲོད་ཀྱི་མ་རྙེད་ཀྱང་།།
སྦྲ་ནག་བརྒྱུད་པའི་དང་བ་ཡོད།།
གདོང་དམར་བོད་ཀྱི་བཙན་པོ་ཡིན།།

བཙན་པོ་བློ་བཟང་སེང་གེ་ལགས།།
གདོང་དམར་ནོར་ལུག་མ་འགྲོགས་ཀྱང་།།
གདོང་དམར་མུ་ཐག་འདྲེན་ནས་ཡོད།།
གདོང་དམར་བོད་པས་བཙན་པོ་བརྗོད།།

བཙན་པོ་བློ་བཟང་སེང་གེ་ལགས།།
གཞིས་ལུས་ཡོངས་ཀྱིས་བཙན་པོ་ཞེས།།
ཁྱོད་ཀྱི་མཚན་སྙན་གངས་རིར་བཞག།
ཡབ་མེས་གངས་རིའི་བཙན་པོ་བརྗོད།།

སྙན་ངག

Post navigation

Previous Post: སྤེལ་རྗམ་བོད་རིགས་ཚོགས་པའི་རྩིས་ཁྲ་རྩིས་ལེན།
Next Post: འཁྲུངས་སྐར་ལ་སྨོན་འདུན་ཞུ།

Comments (36) on “བཙན་པོ་བློ་བཟང་སེང་གེ་ལགས།”

  1. མགོན་པོ་བཀྲ་ཤིས says:
    2012-07-15 at 2:32 pm

    བཙན་པོ་བློ་བཟང་སེང་གེ་ལ་བཀྲ་ཤིས་བདེ་ལེགས་སྔོན་ནས་ཞུ་འདོད་སྙིང་ཁོངས་ནས་ཡོད་ཀྱང་ད་ལྟ་བར་དུ་ལུས་སོང་འོན་ཀྱང་བཙན་པོ་ཁྱེད་རང་བཀའ་བློན་གྱི་གོ་གནས་ལ་སླེབ་པ་དེ་ངས་ན་ནིང་བོད་དབུས་ཀྱི་ས་གནས་བསམ་ཡས་ལ་གནས་བསྐོར་འགྲོ་དུས་གོ་སོང་བས་རྫོང་སྐུ་འབུམ་ལ་འགྲོ་དུས་ལམ་བར་ལ་བསངས་ཞིག་བཏངས་ནས་ཁྱེད་ཀྱི་འབྱུང་འགྱུར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་བཏབ་པ་ཡིན་ཁྱེད་ལ་གཞིས་ལུས་རྒྱ་ཆེ་མི་མང་གི་རེ་བ་ནི་ཚད་མེད་པ་ཞིག་དངོས་གནས་རེད་ཞག

  2. རྟ་མགྲིན་དབང་ཆེན། says:
    2012-07-15 at 4:42 pm

    ཡག་ཀི

  3. གཉན་གཡག་ཕྲུག says:
    2012-07-15 at 6:03 pm

    ད་དང་མ་ཡིག་ཟུང་གི་རྣ་ཟིན་སྤུ་ཟིན་བཞུགས་སོ།།
    ༄༅།། ཆེ་དང་མ་ཆེ་༧རྒྱལ་བའི་ཐུགས་རྗེ་ཆེ། ཁྱབ་དང་མ་ཁྱབ་གང་གིས་མཛད་པས་ཁྱབ།
    འཐོབ་དང་མ་འཐོབ་བློ་བཟང་སེངྒེར་འཐོབ། ཕམ་དང་མ་ཕམ་བཀྲས་མཐོང་བསྟན་རྣམ་ཕམ།
    ལྷོད་དང་མ་ལྷོད་བཀའ་ཟུར་བཀྲས་དབང་ལྷོད། ངན་དང་མ་ངན་ཨ་ལགས་འཇིགས་མེད་ངན།
    གྲུང་དང་མ་གྲུང་རྒྱ་རི་བློ་གྲོས་གྲུང་། བཙན་དང་མ་བཙན་ཟམ་གདོང་བླ་མ་བཙན།
    བརྟན་དང་མ་བརྟན་ཚོགས་གཙོ་སྤེན་ཚེ་བརྟན། རྒོད་དང་མ་རྒོད་ཟླ་བ་ཚེ་རིང་རྒོད།
    འཕར་དང་མ་འཕར་བདེ་སྐྱིད་ཆོས་དབྱངས་འཕར། སྐྱིད་དང་མ་སྐྱིད་སྐལ་བཟང་ཨོ་གར་སྐྱིད།
    ངུས་དང་མ་ངུས་རྒྱ་རི་སྒྲོལ་མས་ངུས། བཏོན་དང་མ་བཏོན་བུད་མེད་ཚོགས་པས་བཏོན།
    གུད་དང་མ་གུད་སྒྲོལ་དཀར་ལྷ་མོ་གུད། ཐོར་དང་མ་ཐོར་ཆུ་བཞི་སྒང་དྲུག་ཐོར།
    འཐོམ་དང་མ་འཐོམ་ཁྲི་ཟུར་ལུང་རིག་འཐོམ། ཕྱུག་དང་མ་ཕྱུག་ཀརྨ་པ་རང་ཕྱུག །
    བྲིས་དང་མ་བྲིས་འཇམ་དབྱངས་ནོར་བུས་བྲིས། ངར་དང་མ་ངར་ལྷ་དར་ཚེ་རིང་ངར།
    བསྐོར་དང་མ་བསྐོར་བསྟན་འཛིན་བརྩོན་འགྲུས་བསྐོར། བཤད་དང་མ་བཤད་ལྷ་མོ་མཚོ་ཡིས་བཤད།
    ཕྱིན་དང་མ་ཕྱིན་གླིང་ཚང་ནང་མིས་ཕྱིན། ཕན་དང་མ་ཕན་ཟས་བཅད་གསུམ་པོས་ཕན།
    སྡུག་དང་མ་སྡུག་ལོ་གསར་མེད་པས་སྡུག །མྱང་དང་མ་མྱང་བོད་ནང་བོད་མིས་མྱང་།
    ཉལ་དང་མ་ཉལ་འཛམ་གླིང་རྒྱལ་སྤྱི་ཉལ། །

  4. ལོང་བ། says:
    2012-07-15 at 10:05 pm

    ངར་དང་མ་ངར་གྲྭ་བ་དེ་ཚོས་ངར།།
    ཞུས་དང་མ་ཞུས་ཞབས་འདྲེན་དེ་ཚོས་ཞུས།།

  5. གནམ says:
    2012-07-15 at 10:22 pm

    ཁོང་ག་འདྲ་ཟེ་བཙན་པོ་ཆོག་བ་རེད། བཙན་པོ་མིང་འདི་ཕར་ལ་སྦྱར་ཡ་ཞིག་མ་རེད། སོ་སོས་བརྩད་ནས་ཐོབ་ཡ་ཞིག་རེད། ཁོང་གིས་ད་དུང་རྒྱ་བོད་སོགས་སུ་ལ་ཡང་ཁབ་བཙུགས་ཙམ་ཡང་བྱས་མེད་པར་ཁོང་བཙན་པོར་ཆོག་པ་འདི་ཡ་མཚན་རེད། ཁོང་གིས་རང་ཁ་རང་གསོ་དང་གསར་སྟོད་སོགས་འཇིག་རྟེན་པ་སྤྱི་ལ་སྨྲོས་མེད་ཀྱི་དགོས་བ་ཞིག་ལས་བཙན་གཏམ་ཞིག་གང་ན་བཤད་འདུག

    དེ་མིན་ཁོང་རང་གི་ཁུར་དུ་བབ་པའི་དུས་ཡིན་འདི་ལ་བདེན་པ་རྩོད་པའི་རྩོད་ལུགས། རྒྱལ་ཁ་ཡོད་པའི་ཡོད་ཚུལ། བོད་བདེན་མཐའ་གསལ་བའི་གསལ་སྟངས་སོགས་གང་ཡང་གསུངས་མེད། ད་སྔ་བར་དུ་དབུ་ན་བཞུགས་ཡོད་པ་ཙམ་ལས་དབུ་ཁྲིད་མེད། ང་ཚོ་ལ་རང་ས་ནས་འཚོ་བ་སྲ་བརྟན་ཞིག་ལ་འབད་ཟེར་ནས་ཚང་མའི་དགོས་འདོད་ལ་སྟུན་ཙམ་བྱས་བ་ལས་གཞན་བོད་རྒྱ་ཁབ་ཆེན་མོ་ལ་ཕན་པའི་ལམ་ཞིག་གོ་ཡོད་པ་མ་རེད། ཁོང་སྤྱང་པོ་གསུང་ཡ་ལ་དགའ་པོ་འདུག། གནང་ཡ་ལ་དེ་འདྲའི་ཞེ་ཐག་ཆོད་པོ་ཞིག་མ་རེད་ཟེར་རྒྱུ་ཡིན། ཁོང་གིས་ཁོང་མི་མང་ལ་བསྟུན་དགོས་རབས་ཅིག་གསུངས་སོང། དེ་འདྲ་ཡིན་རྒྱུ་མ་རེད། ཁྱེད་ཀྱིས་Harward གཙུག་ལག་སློབ་ཆེན་ནས་ཁྱེར་ཡོང་བའི་རྣམ་དཔྱོད་ཀྱི་རྩལ་འདྲ་ཡོད་ན་ང་ཚོ་ཁྱོད་ལ་སྟུན་དགོས་བ་རེད། སྦྲང་མ་མེ་ཏོག་ལ་འཁོར་བ་ལས་མེ་ཏོག་སྦྲང་མ་ལ་ནམ་ཡང་མི་འཁོར་བའི་དཔེ་རེད། དེ་ཡི་མིང་ལ་ཁྱེད་ཀྱི་དབང་ཐང་ཟེར་བ་རེད། ཁྱེད་ལ་རྣམ་དཔྱོད་ཀྱི་དབང་ཐང་མེད་ན་ང་ཚོས་ཁྱེད་ལ་འོས་བླུག་པ་དེ་གོ་མ་ཆོད་པ་རེད། བོད་འདི་ད་དུང་རེ་སྒུག་གི་ངང་ལྷག་ཚར་བ་རེད། ཁྱེད་ཆོས་གོས་བ་ཞིག་མ་རེད། སྐྱ་གོས་བ་ཞིག་རེད། བོད་ལ་ཕན་བསམ་འདྲ་ཡོད་ན་ག་རེ་གནང་གནངདང་གསུང་གསུང་རེད། བོད་ལ་དགོས་འི་ཡོད་པའི་བུ་ཡིན། བུ་རིག་ཡག་པོ། ཤི་རེ་བྱོས་ཞུ་ཡ་ཡིན། བསྟོད་པ་རྗེས་ཡིན་ཐལ་ཨ་རོགས་ཆ་བོ།

  6. གནམ says:
    2012-07-15 at 10:25 pm

    གསར་གཏོད་ལ་བཅོས། གསར་སྟོད་མ་རེད།

  7. ཚངས་པ། says:
    2012-07-15 at 11:18 pm

    བཙན་པོ་བློ་བཟང་སེངྒེ་ལགས།།
    བོད་ཡིག་བསྐྱར་སྦྱོང་ཏོག་ཙམ་བྱོས།།

  8. འདྲེ་རྐང་ཐོ། says:
    2012-07-16 at 12:35 am

    དེ་རིང་བསྟོད་ནས་གནམ་ལ་དེད། །
    སང་ཉིན་སྡིག་ནས་ས་ལ་འདྲུད། །
    ང་ཚོའི་བོད་མིའི་གཤིས་ཀ་ལ། །
    འདྲེ་ང་ཨ་ཐང་སྔ་ནས་ཆད། །

  9. བོད་ལ་ཞེན། says:
    2012-07-16 at 12:56 am

    ལོང་བ་ནི་ངོ་མ་ལོང་བ་རེད་བཞག གྲྭ་པས་ཚོས་རིག་གཞུང་མི་ཉམས་འཛིན་པ་དེ་ཞབས་འདྲེན་ཡིན་རྒྱུ་རེད། གྲྭ་པས་བོད་དོན་དུ་རང་སྲོག་བཏང་བ་ཞབས་འདྲེན་ཡིན་རྒྱུ་རེད།

  10. བོད་ལ་ཞེན། says:
    2012-07-16 at 1:02 am

    བཀའ་ཁྲིའི་བོད་ཡིག་དགེ་འདུན་པ་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་མཁན་རྣམས་དང་བསྡུར་ན་དེ་ཙམ་ཡིན་ཀྱང་། དེ་དུས་ཀྱི་སྐྱ་སེར་ཕལ་ཆེ་བའི་བོད་ཡིག་ཤེས་ཚད་ལ་བསམ་ན་ཡག་པོའི་གྲས་རེད། ཡང་བཀའ་ཁྲི་ལ་བཙན་པོ་ཟེར་ན་མི་རིགས་ཏེ་བཙན་པོ་ནི་བོད་ཡོངས་ཀྱི་རྒྱལ་རབས་རྣམས་ཡིན་ལ། ད་ལྟའི་བཀའ་ཁྲི་ནི་རྒྱལ་རབས་ཤིག་མིན་པར་མང་གཙོའི་ལམ་ནས་བྱུང་བའི་དབུ་ཁྲིད་ཅིག་རེད།

  11. རི་རྒྱལ་ཏི་སེ། says:
    2012-07-16 at 1:23 am

    ད་ལྟའི་སྲིད་སྐྱོང་བ་ཁོང་ལ་བསྟོད་རྒྱུ་ནི་སྔ་དྲག་པ་རེད། ད་རེས་ཀྱིས་ལས་མཚམས་གྲུབ་ནས། མ་འོངས་པར་ཞབས་སྟེགས་དེའི་སྟེང་སླེབ་ཐུབ་པ་ཞིག་བྱུང་ན་གཞི་ནས་བསྟོད་ནའང་ཕྱི་དྲག་རྒྱུ་མ་རེད་པཱ།

  12. གངས་ལྗོངས་རྒྱལ་སྲས says:
    2012-07-16 at 2:09 am

    ཁ་བའི་རྡུལ་བརྩེགས་ཀྱི་བསྟོད་པ་ནི་ཡིན་སམ་སམ་བྲིས་འདུག་དཱ་་་་ཡང་བསྟོད་འཚམས་མང་ན་ཉེན་ཁ་ཆེ་ཡཱ།

  13. བློ་བཟང་ཆོས་གྲགས། says:
    2012-07-16 at 2:54 am

    བཙན་པོའི་སྐད་ཡིག་མི་ཤེས་བཙན་པོ་ཞིག་མཐོང་བྱུང་།།
    བཙན་པོའི་ཆོས་རིག་མི་ཤེས་བཙན་པོ་ཞིག་རིག་བྱུང་།།
    བཙན་པོ་བཙན་པོ་ཟེར་ནས་བསྟོད་རྒྱུ་དེ་མང་ན།།
    བཙན་པོ་གླང་དར་སྐྱེ་བ་བློ་སེང་དེ་ཡིན་འགྲོ།།

  14. རི་རྒྱལ་ཏི་སེ། says:
    2012-07-16 at 3:11 am

    ལྟེ་ཁྲག་བྱེས་སུ་འཐོར་གྱུར་ཀྱང༌།།
    དུང་བ་བོད་ལ་ཟབ་ནས་ཡོད།།
    ཡབ་མེས་བདེ་དོན་སྙིང་ལ་བཅང༌།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    གདོང་དམར་ཁྱིམ་གཞིར་མ་བསྐྱོད་ཀྱང༌།།
    མཚན་སྙན་ཆོལ་གསུམ་གནས་ལ་འདྲེན།།
    གཞིས་ལུས་སྙིང་གི་ནོར་བུ་ནི།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    འཚར་ལོངས་དཀྱུས་མའི་ཁྱིམ་བརྒྱུད་ནས།།
    ཤེས་ཡོན་ནོར་གྱི་སྙིང་སྟོབས་རྒྱས།།
    བཙན་པོའི་བླ་སྲོག་ལྷད་མེད་དངོས།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    གངས་རིའི་བསིལ་རླུང་མ་རེག་ཀྱང༌།།
    གངས་དཀར་འོད་མདངས་ཁྱོད་ལ་ཡོད།།
    གངས་རིའི་དམངས་གཙོའི་སྲིད་སྐྱོང་ནི།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    སྦྲ་ནག་ཁྱིམ་དུ་མ་འཚར་ཡང༌།།
    སྦྲ་ནག་བརྒྱུད་པའི་བག་ཆགས་ཡོད།།
    གདོང་དམར་བོད་པའི་བློ་གཏད་ནི།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    རྭ་ཅན་ནོར་ལུག་མ་འགྲོགས་ཀྱང༌།།
    གདུང་ཞེན་མུ་ཐག་འདྲེན་ནས་ཡོད།།
    རྩྭ་ཆུ་འདྲེན་པའི་བདག་པོ་ནི།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    གཞིས་ལུས་ཡོངས་ཀྱིས་སྲིད་སྐྱོང་ཞེས།།
    ཁྱོད་ཀྱི་མཚན་སྙན་གངས་རིར་བཞག།
    ཡབ་མེས་གངས་རིའི་མངའ་བདག་ནི།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    ཁ་བའི་རྡུལ་བརྩེགས་ནས་བཀོད་པ་དེར་ཅུང་ཟད་ཁ་སྒྱུར་ཏེ་མཆན་བུ་བཏབ་པའོ།།

  15. རི་རྒྱལ་ཏི་སེ། says:
    2012-07-16 at 3:12 am

    ལྟེ་ཁྲག་བྱེས་སུ་འཐོར་གྱུར་ཀྱང༌།།
    དུང་བ་བོད་ལ་ཟབ་ནས་ཡོད།།
    ཡབ་མེས་བདེ་དོན་སྙིང་ལ་བཅང༌།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    གདོང་དམར་ཁྱིམ་གཞིར་མ་བསྐྱོད་ཀྱང༌།།
    མཚན་སྙན་ཆོལ་གསུམ་གནས་ལ་འདྲེན།།
    གཞིས་ལུས་སྙིང་གི་ནོར་བུ་ནི།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    འཚར་ལོངས་དཀྱུས་མའི་ཁྱིམ་བརྒྱུད་ནས།།
    ཤེས་ཡོན་ནོར་གྱི་སྙིང་སྟོབས་རྒྱས།།
    བཙན་པོའི་བླ་སྲོག་ལྷད་མེད་དངོས།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    གངས་རིའི་བསིལ་རླུང་མ་རེག་ཀྱང༌།།
    གངས་དཀར་འོད་མདངས་ཁྱོད་ལ་ཡོད།།
    གངས་རིའི་དམངས་གཙོའི་སྲིད་སྐྱོང་ནི།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    སྦྲ་ནག་ཁྱིམ་དུ་མ་འཚར་ཡང༌།།
    སྦྲ་ནག་བརྒྱུད་པའི་བག་ཆགས་ཡོད།།
    གདོང་དམར་བོད་པའི་བློ་གཏད་ནི།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    རྭ་ཅན་ནོར་ལུག་མ་འགྲོགས་ཀྱང༌།།
    གདུང་ཞེན་མུ་ཐག་འདྲེན་ནས་ཡོད།།
    རྩྭ་ཆུ་འདྲེན་པའི་བདག་པོ་ནི།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    གཞིས་ལུས་ཡོངས་ཀྱིས་སྲིད་སྐྱོང་ཞེས།།
    ཁྱོད་ཀྱི་མཚན་སྙན་གངས་རིར་བཞག།
    ཡབ་མེས་གངས་རིའི་མངའ་བདག་ནི།།
    སྲིད་སྐྱོང་བློ་བཟང་སེང་གེ་ལགས།།

    ཁ་བའི་རྡུལ་བརྩེགས་ནས་བཀོད་པ་དེར་ཅུང་ཟད་ཁ་སྒྱུར་ཏེ་མཆན་བུར་བཏབ་པའོ།།

  16. ཨ་རོགས་ཉི་མ། says:
    2012-07-16 at 3:13 am

    བཙན་པོའི་མིང་ལས་བཙན་ཐབས་བཀའ་ཁྲི་ལེགས།།
    བཙན་པོ་ལས་ཀྱང་བཙན་བསྐུལ་བཀའ་ཁྲི་ལེགས།།
    བཙན་པོ་མི་ཤེས་བཙན་འཛུལ་བཀའ་ཁྲི་ལེགས།།
    བཙན་བཟུང་ཕོ་བྲང་ནང་ནས་བཙན་ཤུགས་ངོམས།།

  17. ཀ་དག་ཆོས་དབྱིངས། says:
    2012-07-16 at 5:58 am

    སྲིད་སྐྱོང་བློ་བཟང་སེང་གེས། །
    གངས་རིའི་ལས་དབང་གཉེར་ཀྱང་། །
    བློ་ངག་ལག་འགྲོ་འགའ་རེས། །
    ཕ་གསོད་རྒྱལ་རྔ་རྡུང་གིན། །

    མི་དབང་བློ་བཟང་སེང་གེས། །
    བོད་དོན་འཐབ་རྩོད་གཉེར་ཀྱང་། །
    མི་ངན་ཀུ་ཏའི་རིགས་འགས། །
    ཁྭ་བུས་མ་མིག་འདྲུ་གིན། །

  18. སྣྲོན་ངག་ཁྲི། says:
    2012-07-16 at 9:03 am

    གསུངས་དང་མ་གསུངས་མཁས་དབང་སེངྒེས་གསུངས།།

    ཉན་དང་མ་ཉན་སློབ་ཕྲུག་གྲྭ་བས་ཉན།།

    བདམས་དང་མ་གདམས་བློ་སེང་བཀའ་ཁྲིར་བདམས།།

    ཐོབ་དང་མ་ཐོབ་སྲིད་སྐྱོང་གོ་གནས་ཐོབ།།

    བསྟོད་དང་མ་བསྟོད་ཅོལ་ཆུང་རྣམས་ཀྱིས་བསྟོད།།

    བཀོད་དང་མ་བཀོད་བཙན་བྱོལ་བཙན་པོར་བཀོད།།

    རག་དང་མ་རག་ས་མེད་བཙན་པོ་རག །

    བཅོས་དང་མ་བཅོས་གངས་དཀར་ཏི་སིས་བཅོས།།

    བཙན་དང་མ་བཙན་བཙན་པོ་སྲིད་སྐྱོང་འགྱུར།།

    སྨོད་དང་མ་སྨོད་ཀ་དག་ཆོས་དབྱིངས་སྨོད།།

    གནས་དང་མི་གནས་དོན་གྱི་རི་མོར་གནས།།

    གསལ་དང་མ་གསལ་གུང་བྲན་མདོག་ལ་གཟིགས།།

  19. གངས་སེང་དཀར་མོ། says:
    2012-07-16 at 9:49 am

    དེང་རབས་དུས་ཀྱི་རིག་གནས་ཁྱེད་ལ་ཡོད།།
    བསྟན་སྲིད་ལས་དོན་གཉེར་བའི་ལྷག་བསམ་ཡོད།།
    གོམ་ཁ་མདུན་དུ་བསྐྱོད་པའི་སྤོབས་པ་ཡོད།།
    ཡོད་པ་གསུམ་གྱི་བདག་པོ་སྲིད་སྐྱོང་ལགས།།

    རྒྱལ་བས་བསྔགས་པ་ཐོབ་པའི་སྐྱེས་བུ་ཡིན།།
    དམངས་ཀྱིས་འོས་པར་བཀུར་བའི་དབུ་ཁྲིད་ཡིན།།
    རྒྱལ་སྤྱིའི་སྡིངས་ཆར་བསླེབས་པའི་མཁས་དབང་ཡིན།
    ཡིན་པ་གསུམ་གྱི་བདག་པོ་སྲིད་སྐྱོང་ལགས།།

    སྐུ་ལ་འཇམ་ཞིང་བཞད་པའི་རྣམ་པ་ལྡན།།
    ངག་ལ་སྙན་ཞིང་འཇེབས་པའི་སྒྱུ་རྩལ་ལྡན།།
    ཐུགས་ལ་ཞི་བདེའི་དཔལ་ཡོན་ལྷག་ཏུ་ལྡན།།
    ལྡན་པ་གསུམ་གྱི་བདག་པོ་སྲིད་སྐྱོང་ལགས།།

  20. སྣྲོན་ངག་ཁྲི། says:
    2012-07-16 at 10:31 am

    རྒྱལ་སྤྱིའི་མཁས་དབང་མཚན་ལྡན་བཙན་པོ་ཁྱེད།།

    མྱུར་དུ་མཁས་དབང་ཆེད་རྩོམ་སྟོང་ཆ་སུབ།།

    འཇོན་ཚོད་གསུངས་ནས་ཕྱག་ལེན་གནང་མཛོད་ཀྱེ།།

    དོན་གྱི་བཙན་པོའི་མཚན་དང་ཡུལ་ཡང་དབང་།།

  21. གངས་སེང་དཀར་མོ། says:
    2012-07-16 at 12:20 pm

    སྨད་ཀྱང་བསྟོད་ཀྱང་བོད་པའི་མཁས་དབང་རེད།།
    བཟང་ཀྱང་ངན་ཀྱང་བོད་པའི་དབུ་ཁྲིད་རེད།།
    མདོར་ན་སྲིད་སྐྱོང་བློ་བཟང་སེང་གེ་ལགས། །
    བཙན་བྱོལ་བོད་མིས་དཔེ་ལྟོས་བྱེད་ས་རེད།།

  22. འདྲེ་རྐང་ཐོ། says:
    2012-07-16 at 4:58 pm

    སློབ་ཆེན་ཐོན་པའི་འབྲས་རྟགས་སུ། །
    ལག་འཁྱེར་ཤོག་རྐྱང་བླངས་ཙམ་གྱིས། །
    ཁྱོད་ཚོས་མཁས་དབང་སྙམ་པ་འདིས། །
    འདྲེ་ངའི་སྨྱུག་རྩལ་འགྲན་ནུས་མིན། །

    རང་ཡིག་འཛིན་གྲྭ་དང་བོ་ལས། །
    སྐྱོ་བའི་བློ་བཟང་སེང་གེ་ལ། །
    བཙན་པོའི་མིང་གིས་བཏགས་བྱས་པར། །
    འདྲེ་ང་གད་མོ་རྐུབ་ནས་ཤོར། །

  23. གསེར་འབྲུག་སྡེར་ལྔ་ says:
    2012-07-16 at 5:32 pm

    འཁྲུངས་དང་མ་འཁྲུངས་བཙན་བྱོལ་དཀྱུས་མར་འཁྲུངས།
    ཞུགས་དང་མི་ཞུགས་བཙན་བྱོལ་སློབ་གྲྭར་ཞུགས།
    ཕྱིན་དང་མ་ཕྱིན་ཨ་རིའི་ཡུལ་དུ་ཕྱིན།
    སྦྱངས་དང་མི་སྦྱངས་དེང་དུས་ཤེས་ཡོན་སྦྱངས།
    ཐོན་དང་མི་ཐོན་ཧཱ་ཝརཌི་སློབ་ཆེན་ཐོན།
    མཁས་དང་མི་མཁས་རྒྱལ་སྤྱིའི་ཁྲིམས་ལ་མཁས།
    ཐོབ་དང་མི་ཐོབ་ཚད་ལྡན་ཕྱག་འཁྱེར་ཐོབ།
    ལོག་དང་མ་ལོག་རྡ་རམ་ས་ལར་ལོག།
    འདམས་དང་མ་འདམས་དམངས་གཙོའི་ལམ་ནས་འདམས།
    བཀོད་དང་མི་བཀོད་སྲིད་སྐྱོང་གསར་པར་བཀོད།
    གནང་དང་མ་གནང་༧རྒྱལ་བའི་སྐུ་དབང་གནང་།
    བསྔགས་དང་མ་བསྔགས་༧རྒྱལ་བས་ཡང་ཡང་བསྔགས།
    བསྡུས་དང་མ་བསྡུས་དགའ་ལྡན་ཕོ་བྲང་བསྡུས།
    བསྒྱུར་དང་མ་བསྒྱུར་སྒྲིག་འཛུགས་གཅིག་ལ་བསྒྱུར།
    བཏགས་དང་མི་བཏགས་བདེན་ཉིད་རྒྱལ་གྱུར་བཏགས།
    ཆད་དང་མི་ཆད་རྒྱ་བོད་འབྲེལ་མོལ་ཆད།
    ཞུས་དང་མ་ཞུས་སྐུ་ཚབ་དགོངས་པ་ཞུས།
    ལྷག་དང་མི་ལྷག་དམ་བཅའ་གསུམ་པོ་ལྷག།
    བཙན་དང་མི་བཙན་བོད་ཀྱི་རྩ་དོན་བཙན།
    བསྲེག་དང་མི་བསྲེག་བཅུ་ཕྲག་བཞི་ལྷག་བསྲེག།
    ཚུད་དང་མི་ཚུད་ཚེ་རྡོར་བཙོན་དུ་ཚུད།
    ཕྲད་དང་མི་ཕྲད་གཞིས་བཞུགས་དཀའ་སྡུག་ཕྲད།
    འཇོན་དང་མ་འཇོན་ག་ལེར་ག་ལེར་བལྟོས།

  24. གསེར་འབྲུག་སྡེར་ལྔ་ says:
    2012-07-16 at 5:48 pm

    ལོང་བ་དང་བོད་ཞེན་ལགས།

    ངར་དང་མི་ངར་བླར་རྒན་དེ་ཚོས་ངར།
    བླུགས་དང་མི་བླུགས་ཨིན་ཆུང་རྐུབ་ལ་བླུགས།
    བཏང་དང་མི་བཏང་འཇིང་པར་ཁ་ཆུ་བཏང་།
    ཤོར་དང་མི་ཤོར་སྡོམ་པ་སྔར་ནས་ཤོར།
    ཧ་ཧ་ཧ་ཧ།

  25. གངས་ལྗོངས་རྒྱལ་སྲས says:
    2012-07-17 at 1:04 am

    ཨ་རོ་་་་་་གསེར་སྡེར་ལགས་་་ཁྱེད་ཀྱི་བྲིས་ནོ་དུ་ཏཱ་་་་ངོ་མ་ཅིག་བཙོག་གི་ཡ་་་ཨ་ཁཱ་ཁཱ ལོང་བ་ངོ་མ་ལོང་སོངས་འདྲ། བོད་ཞེན་བོད་ལ་ཞན་སོངས་བ་འདྲ་ཧཧཧཧཧཧཧཧཧཧཧ

  26. གསེར་འབྲུག་སྡེར་ལྔ་ says:
    2012-07-17 at 2:43 am

    བཙན་པོ་བཙན་པོ།
    མིང་འདི་ཐོག་དང་པོ་ལོ་སྒྱུས་བཞེད་ཚུལ་མི་འདྲ་ཡང་ལོ་སྒྱུས་འགར་རྒྱ་གར་རྒྱལ་ཕྲུག་ཤའི་རལ་པ་ལ་སོགས་པའི་ཡ་མཚན་ཅན་ཞིག་སྐྱེས་པ་དེ་གཞན་ལ་བསྟོན་དུ་མི་ནུས་པར་ཡུལ་མཐར་བཅུགས་པར་བཤད། དེ་ཡུལ་ཡར་རླུང་དུ་སླེབས་པས་བོན་རྣམས་ཀྱིས་ཁྱོད་གང་ནས་འོང་བྱས་པས། དེས་བོད་སྐད་མི་ཤེས་པས་གནམ་ལ་མཛུབ་མོ་བསྟན་པས་བོན་རྣམས་གནམ་ལ་དགའ་བར་རྟེན་གནམ་གྱི་རྨུ་ཐག་ལས་བརྒྱུད་ནས་འོང་བར་བཤད་དེ་གཉའ་བར་བསྟེགས་ཏེས་གཉའ་ཁྲི་བཙན་པོར་བཏགས།
    བྱས་ན་གཉའ་ཁྲི་བཙན་པོ་དེ་ཡང་བོད་ཡིག་ཕར་ཟད་བོད་སྐད་ཡང་མི་ཤེས་པ་ཞིག་ལ་བཙན་པོའི་མིང་ཆེན་དེ་བཏགས་འདུག།
    དུས་དེ་ནས་བཟུང་བཙན་པོ་ཞེས་པའི་མིང་ཆེན་དེ་རུས་མིང་ཆགས་ནས་བོད་ཡུལ་དེ་གླང་དར་མའི་སྲས་འོད་བསྲུངས་དང་ཡུམ་བརྟན་བར་བཙན་པོའི་རྒྱལ་རབས་དུ་མས་དབང་བསྒྱུར་བྱས།
    དེས་ན་བོད་མི་རིགས་འདི་བཙན་པོའི་གདུང་བརྒྱུད་ཡིན་ཟེར་ན་ཆོག། བཙན་པོའི་སྙིང་སྟོབས་ཡོད་ཟེར་ན་ཆོག། ད་ལྟའི་བོད་ཀྱི་རྩ་དོན་མུག་ཤི་ཐེབས་གྲབས་ཀྱི་སྐབས་འདིར་བྱོན་པའི་མི་རྗེ་སེང་གེ་འདི་མི་རབས་གསར་པ་དང་དུས་རབས་གསར་པའི་བཙན་པོ་ཟེར་ན་ཆོག། མ་གཞི་ནས་བོད་དང་བོད་མི་རིགས་འདི་དཀའ་སྡུག་གི་གཡང་སར་ལྷུངས་བ་དེ་དེང་དུས་ཤེས་ཡོན་གྱིས་ཕོངས་བ་ལས་སྲོལ་རྒྱུན་རིག་གནས་ཀྱིས་ཕོངས་བ་ཞིག་མིན་པ་༧རྒྱལ་བས་ཀྱང་ཡང་ཡང་གསུངས་པས་ཕྱིར། དེས་ན་དེང་དུས་ཤེས་ཡོན་ལ་དགའ་ཞེན་དང་བརྩོན་པ་རྣམས་ཀྱིས་དེང་དུས་ཤེས་ཡོན་ལ་མཁས་པར་སྦྱོངས། སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་དང་བརྩོན་པ་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་ལ་མཁས་པར་སྦྱོངས། མ་ཟད་ཇིའུ་མི་རིགས་དང་ཉི་ཧོང་མི་རིགས་ལ་དཔེ་བལྟོས། དམག་ཆེན་གཉིས་པའི་རྗེས་ནས་སོ་སོའི་རྒྱལ་ཁབ་དེ་ཡར་ཐོན་ཅན་དང་དྲོ་སྐྱིད་ལྡན་པ་ཞིག་བསྐྲུན་པས་མ་རྩ་ཅི་ཞིག་བཏང་འདུག་ངེས་པར་བལྟོས།

  27. ཀ་དག་ཆོས་དབྱིངས། says:
    2012-07-17 at 2:49 am

    གངས་སེང་ངར་སྐད་སྒྲོག་པའི་དུས། །
    ཁྱི་སྤྱང་སྡུག་བསྔལ་འཁང་ངུ་སྒྲོག །
    མི་དབང་སྲིད་དཔལ་ཟེར་སྤྲོས་དུས། །
    དམུ་ལོང་སྡུག་སྔལ་འོ་འདོད་སྒྲོག །

    རྟོགས་ལྡན་དྲག་སྔགས་གྱེར་བའི་དུས། །
    འདྲེ་སྲིན་འཁུ་བའི་སྡུག་སྐད་གྱེར། །
    སྲིད་སྐྱོང་འཕྲིན་ལས་དཔལ་འབར་དུས། །
    བློ་ངན་ཕྲག་དོག་དམོད་པ་གྱེར། །

    རྣམ་མཁྱེན་མངོན་བྱང་ཆུབ་པའི་དུས། །
    ལྷན་བྱིན་འགལ་རྐྱེན་སྒྱོག་རྡོ་འཕེན། །
    མི་རྗེས་འཛམ་གླིང་གྲོགས་སྦྲན་དུས། །
    ཁྲེལ་མེད་མི་བཟོད་ཆོ་ངེ་འདེབས། །

  28. ཀ་དག་ཆོས་དབྱིངས། says:
    2012-07-17 at 2:52 am

    གསེར་འབྲུག་ལགས། ངར་དང་མི་ངར་བླར་རྒན་དེ་ཚོས་ངར། བླུགས་དང་མི་བླུགས་ཨིན་ཆུང་རྐུབ་ལ་བླུགས། ཧཧཧཧཧཧཧཧཧཧ

  29. གངས་ལྗོངས་རྒྱལ་སྲས says:
    2012-07-17 at 4:02 am

    འཱ་གསེར་སྡེར་ཡ་་་གསེར་སྡེར ཡབ་མེས་གོང་རྒྱལ་གཉའ་ཁྲི་བཙན་པོའི་བོད་སྐད་མི་ཤེས་པ་གང་དུ་གསལ་འདུག་ངོ་མ་ཡ་མཚན་རེད་ ཡབ་མེས་གོང་མ་ཚོའི་བོད་སྐད་བོད་ཡིག་མི་མཁྱེན་ན་ད་ཡང་ཚར་ཚར་མ་རེ་བཱེ་་་་་་་་ཨ་་་་་་ཁཱ་ཁཱ

  30. ཁ་བའི་སྒྲོན་མེ། says:
    2012-07-17 at 6:06 am

    དེང་སྐབས་སྨྱུག་ཐོག་པ་ཚང་མས་བློ་རྩེ་བཀའ་ཁྲི་ལ་གཏན་ནས་རང་ཉིན་ཀྱི་རྒྱབ་སྐྱོར་མཚན་ཕྱིར་ཟིན་བྲིས་སྤེལ་བ་དང་མཆན་འདེབས་པ་སོགས་ཕྱོགས་ཡོངས་ནས་བཀའ་ཁྲི་འདི་ལ་རྒྱབ་སྐྱོར་ཚད་མེད་གནང་བ་མཐོང་།

  31. གསེར་འབྲུག་སྡེར་ལྔ་ says:
    2012-07-17 at 6:38 am

    གངས་རྒྱལ་ལགས།
    ཡབ་མེས་གོང་རྒྱལ་དང་པོ་གཉའ་ཁྲི་བཙན་པོ་ཤཱཀྱ་མུ་ནེའི་གདུང་རྒྱུད་ནས་བྱུང་བ་དང་རྒྱ་གར་ནས་བོད་མཐའ་མཚམས་སུ་བྲོས་བྱོལ་དུ་ཡོང་བའི་རྒྱལ་པོ་རུ་པ་ཏི་ཟེར་བ་དེ་རྗེས་སུ་གཉའ་ཁྲི་བཙན་པོར་བཏགས་པ་ཡིན་ཟེར་བ་བདེན་ན། ཁོང་དང་ཐོག་བོད་སྐད་མི་ཤེས་པ་རིག་པས་བསྒྲུབ་ཐུབ་ཀྱང་དེ་ནི་བོད་ཀྱི་ལོ་རྒྱུས་རྒྱ་གར་ལ་ཁུངས་སུ་བཅོལ་བའི་ལམ་ལུགས་དང་བཤད་ཚུལ་ཞིག་ཡིན་པ་ལས་དོན་དངོས་ཡིན་པ་ངས་ངོས་འཛིན་མེད།
    ངས་ཡབ་མེས་གོང་མ་དང་པོ་གཉའ་ཁྲི་བཙན་པོ་བོད་སྐད་གཙང་མ་ཤེས་པའི་བོད་མི་རྣལ་མ་ཞིག་ཡིན་པ་ངོས་འཛིན་ཡོད།
    གཉའ་ཁྲི་བཙན་པོའི་སྐོར་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་མཛད་པའི་ཆེད་རྩོམ་ཞེས་པ་ཞིག་(བོད་རིག་པའི་ཆེད་རྩོམ་གཅེས་བསྡུས་)ཞེས་པའི་ནང་གཟིགས་དང་གསལ་པོ་བཀོད་འདུག།
    འོན་ཀྱང་དེང་སང་མི་མང་པོས་ཡབ་མེས་གོང་མ་བཙན་པོ་ཚོའི་ལོ་རྒྱུས་དང་བདག་དབང་བསྐོར་བཤད་ན་ཧ་ལམ་མ་བྱུང་བ་འདྲ་ཞིག་དང་དེའི་བསྐོར་ཐོབ་ཐང་རྩོད་གཞི་དང་གླེང་གཞི་མེད་པ་འདྲ་ཞིག་སྟོང་སེམས་ཡིན་རབས་བཤད་ནས་བོད་རང་གི་གདོད་མའི་ས་ཐོག་གི་ལོ་རྒྱུས་དངོས་གཞིར་མི་འཇོག་པར། ཁ་སྟོང་ནང་གི་དོན་སྟོང་གི་རྒྱལ་སྤྱིའི་ངོས་ལེན་མེད་རབས་གླེང་ནས་མན་ཇུས་བོད་ལ་བཙན་འཛུལ་བྱས་པའི་རྗེས་ཀྱི་བདག་དབང་དང་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་བདག་དབང་དང་འཁྱབ་ཁོངས་ཆུང་ཆུང་ཡིན་རབས་གླེང་ནས་ཅི་ཡང་མི་རྩོད་པར་འགོ་འབུལ་ལུས་འབུལ་གྱིས་རྒྱ་ནག་ལ་སློང་མོ་བརྒྱག་བཞིན་པའི་ངང་ཚུལ་འདི་ཅི་འདྲའི་ཡིད་སྐྱོ་བ་མ་རེད་པས།

  32. གསེར་འབྲུག་སྡེར་ལྔ་ says:
    2012-07-17 at 6:44 am

    དགོངས་དག།
    མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་མཛད་པའི་(གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་ཡིན་)ཞེས་པའི་ཆེད་རྩོམ་(བོད་རིག་པའི་ཆེད་རྩོམ་གཅེས་བསྡུས་)ཅེས་པའི་ནང་ཞེས་བཅོས་རོགས།

  33. ནུབ་ཕྱོགས་གངས་ཕྲུག་ says:
    2012-07-17 at 2:09 pm

    བློ་བཟང་སེངྒེ་ཁོ་རང་སོ་སོེར་བསྟོད་ར་བཏང་མཁན་གྱི་མི་ཞིག་རེད། དེ་ལ་བོད་པའི་གཏམ་དཔེར་རྐྱག་པས་རྐུབ་བརྐྱག་ཟེར་བ་དེ་རེད། ཁོས་རང་བཙན་་ལག་དེབ་དཔྱ་འཕྲལ་ཆ་ཚང་བ་ཕུལ་མེད་སྐད་འདུག བཅའ་ཁྲིམས་རིན་པོ་ཆེ་དང་འགལ་བ་རེད།

  34. ཁ་བའི་རྡུལ་བརྩེགས། says:
    2012-07-17 at 5:54 pm

    དྲ་གྲོགས་རྣམས་བསམ་ཚུལ་འདྲ་མིན་གནང་བར་བཀའ་དྲིན་ཆེ། བཙན་པོ་བློ་བཟང་སེང་གེ་ཞེས་པ་གཞིས་ལུས་བོད་པའི་འགས་འབོད་ཀྱིན་འདུག་པས། དེའི་ཕྱིར་ནས་བྲིས་པ་ཞིག་ཡིན།

  35. ཇོ་ཇོ། says:
    2012-07-18 at 1:13 am

    དྲྭ་གྲོགས་རྣམས་ཀྱིས་གཉན་གཡག་ཕྲུག་གི་མཆན་འདེབས་ལ་དོ་སྣང་གནང་དགོས། གཉན་གཡག་ཕྲུག་གིས། ༸གོང་ས་མཆོག་གིས་སྐུ་དབང་མི་མང་ལ་གསོལ་རས་སྩལ་བའི་སྐབས་ནས་ད་ལྟ་བར་གྱི་བཙན་བྱོལ་བའི་རྒྱལ་རབས་སྙིང་བསྡུས་ཤིག་བྲིས་འདུག འོན་ཀྱང་། ཚིག་རྐང་གཉིས་ཁ་སྐོང་དགོས་པར་སྣང་སྟེ། ཐོབ་དང་མ་ཐོབ་བློ་བཟང་སེང་གེ་ཐོབ། ཅེས་པའི་མཇུག འཁྱམས་དང་མ་འཁྱམས་བློ་བཟང་སེང་གེས་འཁྱམས།། ཞེས་དང་། ལྷོད་དང་མ་ལྷོད་བཀའ་ཟུར་བཀྲས་དབང་ལྷོད། ཅེས་པའི་ཚབ། བསླུས་དང་མ་བསླུས་བཀའ་ཟུར་བཀྲས་དབང་བསླུས།། ཞེས་ཁ་སྣོན་དགོས།

  36. རང་དབང་ཨ་རྡུ་མན་ says:
    2012-07-18 at 9:55 am

    ཁ་ཤུགས་ཆེ་བའི་བློ་སེང་། །ལག་ལེན་དབེན་པའི་བཀའ་ཁྲི། །བོད་མི་བསྲེགས་པའི་གཤན་པ། །རྩ་དོན་བཙོང་བའི་ཚོང་པ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme