Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེན་པའི་མེ་ལྕེ།

Posted on 2012-10-202012-10-20 By འབྲོང་བུ་ཟླ་བ་ཚེ་རིང་ 2 Comments on བདེན་པའི་མེ་ལྕེ།

གཅན་ཡེ་རྒྱམ། ༢༠༡༢ལོའི་ཟླ་ ༡༠ བའི་ཚེས་ ༢༠ ཉིན།


བྱང་ཨ་རིའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་ཝེ་སི་ཀོན་སིན་གྱི་གྲོང་ཁྱེར་མེ་ཌེ་སིན་དུ་འབྱོར་ནས་༢༠༡༢ལོའི་ཕྱི་ཟླ་༡༠བའི་ཚེས་༢༠ཉིན་ UWགཙུག་ལག་སློབ་གྲྭའི་དཔེ་མཛོད་ཆེན་མོའི་མདུན་ཐང་དུ་གྲོང་ཁྱེར་སྤྱི་ཁྱབ་ཇོ་ཕུ་རི་སི་མཆོག་དང་། ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཁམས་ལུང་སྤྲུལ་སྐུ་མཆོག་གིས་གཙོ་བའི་འཐུས་མི་ལྷན་རྒྱས་དང་། དགེ་འདུན་པ། སློབ་ཕྲུག་དང་མི་མང་ཁྱོན་བསྡོམས་མི་གྲངས་ཉིས་བརྒྱ་ལྔ་བཅུ་ལྷག་གིས་ཕྱོགས་གཉིས་སུ་གྲལ་བསྟར་བའི་དཀྱིལ་ནས་ཕེབས་བསུས་ཀྱིས་གྲོང་ཁྱེར་སྤྱི་ཁྱབ་ཇོ་ཕུ་རི་སི་མཆོག་གི་ཕྱག་ཏུ་ཕུལ་ནས་མཛད་རིམ་གྱི་མགོ་ཚུགས།
བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་ཨ་རིའི་རྒྱལ་གླུ བདེན་ཚིག་སྨོན་ལམ་སོགས་བཏང་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་ཀྱིས་སྐར་མ་གཅིག་རིང་མྱ་ངན་ཞུས།
རིམ་པར་ཚོགས་གཙོ་མཆོག་གིས་བདེན་པའི་མེ་ལྕེའི་སྐོར་སྐྱོད་འདི་བོད་མི་མང་གྲོས་ཚོགས་ཀྱིས་སྣེ་འཁྲིད་དེ་འཛམ་གླིང་ཤར་ནུབ་ཀུན་ཏུ་སྐོར་སྐྱོད་བྱེད་བཞིན་ཡོད་ལ། བདེན་པའི་མེ་ལྕེ་འདི་རང་ལུས་མེ་རུ་བསྒྲོན་པའི་དཔའ་བོ་དཔའ་མོ་དེ་དག་གི་མཚོན་དོད་ཡིན། འདི་དཔའ་བོ་དཔའ་མོ་དེ་དག་གི་མངོན་འདོད་སྒྲུབ་བྱེད་ཀྱང་ཡིན་པས་ང་ཚོས་ཀྱང་མེ་ལྕེ་འདི་དང་མཉམ་དུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། མཚན་རྟགས་བསྡུ་རུབ་ཤུགས་ཆེན་བྱས་ནས་ཕྱི་ཟླ་བཅུ་གཉིས་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་མངོན་འདོད་དང་བོད་མི་མང་གི་མངོན་འདོད་སོགས་འབུལ་རྒྱུ་ཡིན་པའི་བཀའ་སློབ་གནང་བ་དང་།
དེས་རྗེས་གྲོང་ཁྱེར་སྤྱི་ཁྱབ་ཇོ་ཕུ་རི་སི་མཆོག་གིས་དེ་རིང་བདེན་པའི་མེ་ལྕེ་འདི་དང་མཉམ་དུ་ཡང་བསྐྱར་བོད་རིགས་གྲོགས་པོ་ཚོ་དང་ཐུགས་བྱུང་བས་དགའ་སྤྲོ་ཚད་མེད་བྱུང་སོགས་དང་། ད་ལྟའི་བར་ཡ་ང་སྙིང་རྗེ་མེད་པར་སྡུག་སྦྱོང་ཚད་མེད་བའི་འོག་བོད་མི་ས་ཡ་གཅིག་ལྷག་འདས་གྲོངས་སུ་ཕྱིན་པ་དང་། ད་དུང་ཡང་སྡུག་སྦྱོང་ཚད་མེད་འོག་རང་ལུས་མེ་རུ་བསྒྲོན་ནས་དཔའ་བོ་ང་ཅུ་ང་གྲངས་ཕྱིན་པ་འདི་བསམ་ན་སེམས་ནས་བཟོད་གླགས་དཀའ་བས་ན་གང་མགྱོགས་འདི་མཚམས་འཇོག་ཡོང་བའི་རེ་འབོད་ཡོད་སོགས་གསུངས་སོང་།
དེའི་རྗེས་གཞོན་ནུ་ཚོགས་གཙོ་མཆོག་གི་བཀའ་སློབ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་ལོཡེ་སི་མ་ཊེ་ནོ་མཆོག་གིས་བཀའ་སློབ་གྲུབ་མཚམས་
བདེན་པའི་མེ་ལྕེ་དང་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོས་མདུན་བསུས། རང་ལུས་མེ་རུ་བསྒྲོན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་ལག་ཏུ་བཟུང་ནས་གྲལ་བསྟར་ཏེ་ཁྲོམ་གཞུང་རྒྱུད་གོམ་བགྲོད་མགོ་ཚུགས་ཤིང་ ཁྲོམ་གཞུང་གི་མི་མང་བརྒྱ་ཕྲག་མང་པོར་བོད་ནང་གི་ཛ་དྲག་པའི་གནས་སྟངས་ཡིག་ཆ་ཁག་འགྲེམ་སྤེལ་དང་བོད་དོན་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་བྱེད་བཞིན་གྲོས་ཚོགས་ཀྱི་ཚོགས་ཁང་མདུན་དུ་འབྱོར། གྲོས་ཚོགས་ཀྱི་ཚོགས་ཁང་ལ་བསྐོར་བ་གཅིག་བྱས་ཏེ་མི་མང་གི་འདོད་མོས་ལྟར་བདེན་པའི་མེ་ལྕེ་མཉམ་དུ་སྐུ་པར་བསྒྲོན་ཟིན་པ་དང་དེ་རིང་གི་མཛད་རིམ་ལེགས་པར་གྲོལ།

གསར་འགྱུར།

Post navigation

Previous Post: རླུང་ཁའི་འཕུར་སྟངས།
Next Post: རྗེ་བླ་མའི་རྩོམ་གྱི་ཆེ་བ་མདོ་ཙམ་གླེང་བ།

Comments (2) on “བདེན་པའི་མེ་ལྕེ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-10-21 at 1:44 pm

    སང་ཉིན་༢༠༡༢།༡ཨ།༢༢ཚེས་ཉིན་ཅེག་རྒྱལ་ཁབ་ནས། ཧང་གྷ་རིའི་རྒྱལ་ས་བུ་རྡ་པེས་ཊེ་ལ་བོད་མིའི་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སོགས་ཀྱིས་བདེན་པའི་མེ་ལྕེ་དེ་འདིར་འཁོད་མི་མངས་འཐུས་མི་ཅིག་ལ་རྩིས་སྤྲོད་ལ་ཕེབས་གཏན་འཁེལ་བ་ལྟར་ང་ཚོ་བོད་རིགས་ཡོད་ཚད་དང་བོད་ཀྱི་གྲོགས་པོ་ཚོས་ཀྱང་ཕེབས་བསུ་དགའ་སྤོབས་ཆེན་པོའི་ངང་ནས་སྒུག་ནས་བསྡད་ཡོད་ལགས། གསར་འགྱུར་གྱི་ཚུལ་དུ་ཀརྡོས་ཕུལ། །

  2. ཀརྡོ་གཉེར་ཕྱག་པ་ says:
    2012-10-23 at 9:20 am

    མདང་སྤྱི་ཚེས་༢༢གཅིག་དང་ཕྱེད་ཀའི་ཐོག ཡུ་རོབ་བདེན་པའི་མེ་ལྕེ་དེ་ཡུ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དང་། ཁོང་གི་ཕྱག་རོགས་མོ་ཊའི་བདག་པོ་སི་པེན་གྱི་མི་རིགས་ཡིན་པ་སྐུ་ཞབས་ཅ་བིའམ་ཁ་ཡར་བེ་ལགས་རྣམ་གཉིས་ནས། ཅེག་རྒྱལ་ཁབ་ནས་བདེན་པའི་མེ་ལྕེ་གདན་དྲངས་པས་ན།
    ང་ཚོ་རང་རིགས་བོད་རིགས་དང་ཧང་གྷ་རི་པ། སོག་པོ་དང་རྒྱ་གར་སོགས་མི་སྣ་ཉི་ཤུར་ཉེ་བས་དགའ་སྤོབས་ཆེན་པོས་ཕེབས་བསུ་དང་། རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་དང་། ལྷན་ཚོགས་ཀུན་ལ་རིས་མེད་ཆོས་ཚོགས་ནས་གསོལ་ཇ་ཞལ་ལག་འབུལ་བཞེས་དང་།
    དེ་རིང་ཞོགས་པ་ཚུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ཕེབས་བསྐྱལ་གང་གཟབ་དང་སྦྲག་ཁྱིམ་མཚེས་རྒྱལ་ཁབ་ཨས་ཊོ་རི་ཡའི་རྒྱལ་ས་ཝེ་ནའི་ཕྱོགས་སུ་་ཆིབས་འཁོར་བསྒྱུར་གནང་བའི་གནས་ཚུལ་རག་བསྡུས་ཙམ་དུ་ཀརྡོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme