Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེན་པ་གླེང་བ།

Posted on 2015-09-192015-09-19 By ཁ་བརྡ 4 Comments on བདེན་པ་གླེང་བ།

ཧྥན་སེ་སི་བྷེ་ཀུན་(Francis Bacon)གྱི་《ལྷུག་རྩོམ་ཕྱོགས་བསྡུས་》ལས།
ཚེ་རིང་ཆོས་སྒྲོན་ནས་བསྒྱུར།

གནའ་བོའི་རོ་མན་ལྗོ་དེ་མངའ་སྡེའི་སྤྱི་ཁྱབ་༡པེ་ལེ་ཏྲེ་ཡིས་”བདེན་པའི་དོན་ཅི་ཞིག་རེད་”ཅེས་བཞད་གད་ཀྱིས་ཉམས་དང་སྦྲགས་ནས་བཏོན་ཞིང་དྲི་ལན་ལ་རེ་བ་བྱས་མེད། དེའི་ཁོས་བདེན་པའི་དོན་ནི་ཕྱོགས་ལྷུང་བྲལ་བ་ཞིག་ཡིན་པར་མཚོན། བྷེ་ཀུན་གྱིས་བརྗོད་ན་མཚན་ཉིད་པ་ལ་རེའི་བསམ་བློར་འགྱུར་བ་གཏོང་རྒྱུར་རྒྱུན་དུ་དགའ་བོ་བྱེད་ལ་དེ་ཚོས་ཡིད་ཆེས་བརྟན་པོ་ནི་སེམས་ཀྱི་བྲན་གཡོག་གི་ཚུལ་དུ་འཛིན། དེ་ཚོས་མཐར་ཐུག་གི་དམིགས་པ་ནི་བསམ་སྤྱོད་གཉིས་རང་དབང་གི་བཀག་རྒྱ་ལས་གྲོལ་བའོ།།

སྔ་མོའི་གྷི་རེ་སི་རྟོག་གེ་བ་དང་ལོག་ལྟ་སྨྲ་བ་དེ་ཚོས་སྣང་ཚུལ་ལྟར་ན་བདེན་པ་ནི་མི་ཞིག་གིས་ཚོར་བ་མྱོང་བར་འདོད་པའི་ཡིད་ཆེས་དེར་བྱ། དེ་ལྟ་བུའི་ལྟ་གྲུབ་སྨྲ་བ་ཚོ་དེང་གི་ཆར་འཛམ་གླིང་འདིར་ལྷག་མེད། འདིར་ལྷག་ཡོད་པ་ཚོ་ནི་དུས་རབས་ཀྱི་འགྱུར་ལྡོག་སྣ་ཚོགས་ལ་བརྟེན་ནས་ཡིད་ཆེས་ཀྱི་བསམ་བློ་སྣ་མང་འཁོར་བཞིན་བདའ། དོགས་ཟོན་རིང་ལུགས་སམ་ལོག་ལྟ་རིང་ལུགས་ཆོས་འཆད་མཁན་ཚོ་སྔོན་གྱི་ལྟ་གྲུབ་སྨྲ་བ་དག་དང་འདྲ་བར་སྣང་ཡང་ཁོ་ཚོ་ལྟ་གྲུབ་དེར་ཉམས་སུ་ལེན་རྒྱུ་ལྟ་ཞོག་དགག་པ་ཤུགས་ཆེན་རྒྱག་མཁན་གྱི་གྲས་ཡིན།

བདེན་པ་གསར་རྟོགས་བྱེད་པ་ལ་དུས་དང་རྩོལ་བ་མང་པོ་ཞིག་བརྟེན་དགོས། ཕྱོགས་གཞན་ཞིག་ནས་བདེན་པ་གསར་རྟོགས་ཐུབ་པའི་དབང་དུ་སྟངས་ན་དེས་མིའི་སེམས་ཁམས་ལ་བཀག་འགོག་གི་རྣམ་པ་ཞིག་སྤེལ་ངེས་རེད། རྒྱུ་མཚན་ནི་མི་དེ་ཚོས་བློའི་འགྱུར་ལྡོག་བརྒྱུད་ཡིད་ཆེས་ལ་འགྱུར་བ་གཏོང་ཐུབ་ཀྱི་མེད། འཁྲུལ་བ་དེ་བསམ་བློ་གཏོང་ཕྱོགས་ཤིག་རེད་མ་གཏོགས་གོང་གི་རྒྱུ་རྐྱེན་དེ་གཉིས་ལ་བརྟེན་ནས་བྱུང་བ་ཞིག་མིན། གང་ལྟར་འཁྲུལ་བ་དེས་འགྲོ་བ་མིའི་རིགས་ཀྱི་ཡིད་དབང་འཕྲོག་པར་བྱེད་ཀྱི་ཡོད།

གྷི་རེ་སེ་ཟུར་ཟའི་སྙན་རྩོམ་མཁན་ ༢ལོས་ཞུན་ཀྱིས་བརྗོད་དོན་ ”མི་རྣམས་ཅིའི་ཕྱིར་རྫུན་པ་ལས་གྲོལ་བའི་བསམ་བློ་ཞིག་གཏོང་མ་ཐུབ་པ་རེད། དེ་ནི་སྙན་ངག་པས་སྙན་རྩོམ་མཛེས་པར་བྱེད་པ་ཞིག་མིན་ལ། ཚོང་པས་རྒྱུ་ནོར་འཕེལ་བར་བྱེད་པ་ཞིག་ཀྱང་མིན། འོན་ཀྱང་མི་རྣམས་འཁྲུལ་བའི་སྙིགས་རོ་དེ་འདོར་བར་མི་བྱེད་པའི་རྐྱེན་ཅི་ཡིན་རྟོགས་དཀའ་ཟེར།”
དོན་དམ་པར་བདེན་པའི་དོན་ཅི་ཞིག་ཡིན་པ་ངས་ཀྱང་མི་ཤེས། ཅིག་བྱས་ན་དེ་ནི་སྒྲིབ་ཡོལ་བྲལ་བའི་ཉིན་མོའི་འོད་ཟེར་དང་འདྲ་བར་གར་སྟེགས་སྟེང་གི་འབག་འཆམ་སོགས་གསལ་བར་མངོན་ལ། རྫུན་པ་ནི་ལཱ་སྒྲོན་གྱི་བཅོས་མའི་འོད་ཟེར་བཞིན་དུ་ཐམས་ཅད་གསལ་བར་བྱེད་མི་ཐུབ། ཕྱོགས་གཞན་ཞིག་ནས་ཞུས་ན། བདེན་པ་ནི་རྫུན་པ་ལྟར་བསླུ་བྲིད་ཀྱི་བྱེད་ལས་ཅན་ཞིག་ཀྱང་མིན།

བདེན་པ་ནི་ཉི་ཟེར་འོག་གི་མུ་ཏིག་རྡོག་པོ་ཞིག་དང་འདྲ། འོན་ཀྱང་བདེན་པ་ནི་ནམ་ཡང་བཅོས་མའི་ལཱ་སྒྲོན་འོག་གི་རྡོ་རྗེ་ཕ་ལམ་དང་པདྨ་རཱ་ག་ལ་འགྲན་མི་ཐུབ། རྒྱུ་མཚན་ནི་དེ་ལ་རྫུན་པ་ལྟར་གྱི་བསླུ་སེམས་ཀྱིས་ཆོས་ཉིད་མི་ལྡན་ཕྱིར། གང་ལྟར་བདེན་རྫུན་གཉིས་བསྲེས་པ་ན་དེས་ལར་མིར་སྤྲོ་བ་འཕེལ་བར་བྱེད།
གལ་ཏེ་མི་སེམས་དེ་རང་སྣང་རང་མཐོང་ཅན་དང་། ཁ་ལག་ངོ་བསྟོད་ལ་རེ་བ་དང་། སྟོང་བསམ་གྱི་རྣམ་དཔྱོད་ལ་རིན་ཐང་འཇོག་པ་སོགས་ལས་ཕྱི་རུ་བསལ་རྗེས། མི་མང་པོ་ཞིག་གི་སེམས་ཉམ་ཐག་འཁོས་ཆུང་དུ་འགྱུར་བ་དང་། ཁམས་མི་བདེ་བ་དང་ཡིད་གདུང་བ་དྲག་པོས་མནར་བ་དང་། ཐ་ན་སོ་སོ་རང་ཉིད་ལ་ཡང་ཡི་མུག་པར་གྱུར། འདི་ལ་ད་དུང་དོགས་པ་བྱེད་དགོས་པ་ཞིག་འདུག་གམ།

སྔོན་གྱི་ཡི་ཤུའི་སྙན་ངག་པ་འགའ་རེས་སྙན་ངག་ནི་ ”གདོན་འདྲེའི་རྒུན་ཆང་འདྲ་” ”poesy vinum daemonum ” ཞེས་སྡིགས་མོ་བྱེད་ལ་རྒྱུ་མཚན་ནི་དེ་ནི་རྟོག་བཟོས་ཁེངས་པར་མ་ཟད་འཁྲུལ་བའི་གྲིབ་ནག་དང་འདྲེས་ནས་ཡོད་སྐད་བཤད། ཡིན་ན་ཡང་སྙན་ངག་གི་རང་བཞིན་ནི་དེ་ལྟར་འཁྲུལ་བ་དང་གནོད་པའི་ངོ་བོ་ཅན་ཞིག་ག་ལ་ཡིན། དེ་ནི་མི་ཚོས་སེམས་གཏིང་ལ་ཉར་ཞིང་རྩ་བ་སྦོམ་པའི་འཁྲུལ་བའི་ལྟ་བ་རེད།

གང་ལྟར་སུས་བདེན་པ་འཚོལ་རྟོགས་ཐུབ་ན་དེས་བདེན་པར་རིན་ཐང་མཐོང་ལ། བདེན་པ་འཚོལ་ཞིབ་བྱེད་པས་དེ་ལ་དུང་སེམས་སྟོན།། བདེན་པར་རྒྱུས་མངའ་བྱེད་པས་དེ་དང་ངོ་ཤེས་ཆགས།། བདེན་པར་ཡིད་ཆེས་བྱེད་པས་དེ་ཡི་བདེ་བ་མྱོང་།། འགྲོ་བ་མི་རིགས་ཀྱི་ཕྱིར་དུ་བདེན་པ་ནི་ཆེས་མཆོག་གྱུར་ཅིག་ཡིན། འཇིག་རྟེན་བྱེད་པོ་དཀོན་མཆོག་གིས་ཆེས་ཐོག་མར་སྐྲུན་པ་དེ་འོད་རེད། ཐ་མར་སྩོལ་བ་དེ་རྟོག་དཔྱོད་ཀྱི་ནུས་པ་རེད། བྱ་དངོས་ཐམས་ཅད་བསྐྲུན་ཚར་རྗེས་འགྲོ་བ་མི་རིགས་ཀྱི་མུན་པ་སེལ་ཞིང་འོད་སྣང་སྦྱིན། ཐོག་མར་རབ་རིབ་ཀྱི་དངོས་པོའི་འཇིག་རྟེན་ལ་འོད་ཟེར་སྦྱིན་ཞིང་། དེ་ནས་མིའི་ནང་སེམས་ཀྱི་འཇིག་རྟེན་འོད་ཀྱིས་སྣང་བར་བྱས་པ་མ་ཟད། མིའི་རིགས་ཀྱི་མིག་འོད་ལས་ཀྱང་ལྷའི་འོད་སྣང་འགྱེད་པར་བྱས་སོ།

གྲུབ་མཐའ་ཞིག་ཡིན་ན་དེ་གཞན་དེ་ལས་དམན་པ་ཡིན་དགོས་པའི་ངེས་པ་མེད། འོན་ཀྱང་སྙན་ངག་པ་༣ ལོས་ཁུ་རེ་ཏྲེའུ་སུ་ཁྱད་འཕགས་ཀྱིས་སྐད་ཆ་འདི་འདྲ་ཞིག་བརྗོད་ཡོད་དེ། ”མཚོ་འགྲམ་དུ་ལངས་ནས་རྒྱ་མཚོའི་སྟེང་གི་གྲུ་གཟིངས་བརྡབ་པར་ལྟ་བར་སྤྲོ་ལ། མཁར་རྫོང་གི་སྒེའུ་ཁུང་འགྲམ་དུ་ལངས་ནས་གཡུལ་སའི་དྲག་འཐབ་དང་བློ་སྐྱེད་ཀྱི་ནུས་པ་སྤེལ་བར་ཡང་སྤྲོ་བ་ཆེ་ཟེར།”
ཡིན་ཡང་བདེན་ལུགས་ཀྱི་སྤྲོ་བ་དང་། རི་ཀློང་དུ་ཐུར་ལ་གཡུག་པའི་རླུང་འཚུབ། ན་བུན། འཁྱམ་ཉུལ། སྐྱོན་སོགས་ལ་ལྟ་བ་དང་བསྡུར་ཐབས་མེད་དེ། དེ་བས་ན་མི་དེ་སེམས་སྙིང་རྗེ་ཡིས་གཏམས་ཤིང་ང་རྒྱལ་གྱིས་སྤྲངས་པ་ལས་དབེན་པ་དེ་ལས་ཀྱང་སྤྲོ་བའོ། དེར་བརྟེན། དེ་ལྟ་བུའི་བདེན་པའི་གནས་ལུགས་རྟོགས་པའི་མི་དེ་ལྷོ་བྱང་གླིང་གང་དུ་བསྡད་ཀྱང་ལྷ་ཡུལ་ནས་བསྡད་པ་དང་གཉིས་སུ་མ་མཆིས་སོ།

གོང་ནས་བྷེ་ཀུན་གྱིས་ཆོས་དང་རིགས་པའི་གཞུང་ལུགས་ཀྱི་བདེན་པ་གླེང་ཞིང་། འོག་ནས་སྤྱིར་བཏང་གི་བདེན་པ་དང་ཉིན་རེའི་འཚོ་བའི་བར་གྱི་འབྲེལ་བ། ཐ་ན་བདེན་པ་ཉམས་ལེན་མེད་མཁན་ཚོས་ཡང་བཅོས་མ་མིན་པའི་མིའི་རང་གཤིས་ལ་ཆེ་མཐོང་དང་གུས་བཀུར་བྱེད་ལ། བཅོས་མའི་རང་གཤིས་དེ་ནི་གསེར་དངུལ་གཉིས་བསྲེས་པ་ལྟར་མཉེན་པོར་སྣང་ཡང་ཐ་མར་ཕོངས་པའི་གཞི་ཡིན། དེ་བས་བྷེ་ཀུན་གྱིས་གཡོ་སྒྱུ་ཚུལ་འཆོས་ཅན་སྤྲུལ་གྱི་དཔེ་རུ་བཀོད་པ་དང་། དེ་དག་ལྟོ་བར་བརྟེན་ནས་འགྲོ་བ་མ་གཏོགས་རྐང་པར་བརྟེན་ནས་འགྲོ་མི་ཐུབ་གསུངས།

དེ་ལྟར་གཡོ་སྒྱུ་དང་མགོ་བདེ་དྲན་འཁྲུལ་གྱིས་གཞན་མགོ་སྐོར་བ་ལས་སྡིག་པ་ཆེ་བ་ཞིག་དང་ངོ་ཚ་ཞིག་ག་ལ་ཡོད། དེ་བས་ ༤མོན་ཏྲེ་ནེས་མི་རྣམས་ཀྱིས་རྫུན་བཤད་པ་ནི་དེ་ལྟར་ཞབས་འདྲེན་ཞིག་དང་སྡང་སེམས་ཅན་ཞིག་ཅིའི་ཕྱིར་ཡིན་པར་ཞིབ་འཇུག་བྱས་རྗེས་ཤ་ཚ་བའི་གཏམ་འདི་འདྲ་ཞིག་བཤད་ཡོད་དེ། ”རྫུན་བཤད་མཁན་ནི་དཀོན་མཆོག་མདུན་གྱི་ཁེངས་རློམ་ཅན་དང་། མི་སེར་མདུན་གྱི་སྡར་མ་རེད་ཟེར། རྒྱུ་མཚན་ནི་རྫུན་བཤད་པ་དེ་དཀོན་མཆོག་དང་གདོང་གཏད་ཡོད་ལ་མི་སེར་ལ་བྱོལ་བའོ། ཡི་ཤུའི་དམ་པའི་གསུང་རབ་ལས་ལུང་བསྟན་དོན། ཡི་ཤུ་མི་ཡུལ་ལ་ཕྱིར་ལོག་པའི་དུས་དེ་ནི་འཇིག་རྟེན་འདིར་མི་དྲང་པོ་མི་རྙེད་པའི་དུས་ཡིན་ཅེས་བྱའོ། དེ་བས་རྫུན་བཤད་པ་ནི་ཆེས་གདུག་རྩུབ་ཅན་དང་དད་པ་ལ་གཏོར་བཤིག་ཉག་ཅིག་གོ།

ཞབས་མཆན།
༡ སྤོན་ཏྲེ་སུ་པེ་ལེ་ཏྲི་(Pontius Pilate) ནི་རོ་མན་ལྗོ་དེ་མངའ་སྡེའི་སྤྱི་ཁྱབ་དང་ཁོས་ཡི་ཤུ་ཡིས་དྲང་བདེན་མིན་པའི་གནས་ལུགས་ལ་དཔྱད་ཞིབ་བྱེད་རྒྱུའི་གཙོ་འགན་ཁུར་བས་མཐར་ངོ་ལོག་པའི་ཉེས་མིང་འོག་བཀྲོངས་བ་རེད།

༢ ལོས་ཞུན(Lucian) ནི་སྤྱི་ལོ་མ་བྱུང་སྔོན་གྱི་ལོ་རབས་༡༢༥(125A.D)འཁྲུངས་པ་དང་ཁོ་ནི་གྷི་རེ་སེ་ཟུར་ཟའི་སྙན་རྩོམ་མཁན་ཞིག་ཡིན་ལ་ཁོང་གི་ཟུར་ཟའི་སྙན་རྩོམ་ནི་Lover of Lie_(རྫུན་པའི་མཛའ་གྲོགས།)

༣ ལོས་ཁུ་རེ་ཏྲེའུ་སུ་(Lucretius)ནི་དུས་རབས་མ་བྱུང་སྔོན་གྱི་ལོ་༩༥་(95B.C)ཙམ་གྱི་སྙན་ངག་པ་ཞིག་ཡིན།

༤ མོན་ཏྲེ་ནེ་Montaigne ནི་དུས་རབས་བཅུ་དྲུག་པའི་ཧྥ་རན་སའི་རྩོམ་རིག་གི་སྒྲོམ་གཞི་གསར་གཏོད་བྱེད་མཁན་གྱི་རྩོམ་པ་པོ་ཞིག་ཡིན། ཁོང་གི་བརྩམས་ཆོས་Essais –(རྩོམ་ཡིག་གཅེས་བསྡུས། )

འགྱུར་རྩོམ།

Post navigation

Previous Post: ཆོས་བརྒྱུད་སྤྱི་འཐུས་མི་དགོས་དོན་འདི་ཡིན།
Next Post: དགུ་བའི་བཅུ་བདུན་ལ་གསལ་བཤད།

Comments (4) on “བདེན་པ་གླེང་བ།”

  1. ཀརྨ་བློ་གསལ་ says:
    2015-09-19 at 9:07 am

    དཔྱད་རྩོམ་ཡག་པོ་ཞེ་དྲག་འདུག དགག་པ་རྒྱག་མཁན་དང་དགག་ལན་སྤྲོད་མཁན་ཚོས་ངེས་པར་དུ་ཀློག་དགོས་པ་ཞིག་རེད།

  2. ཀླུ་སྨྱོན། says:
    2015-09-19 at 11:43 pm

    བཀླགས་ཟིན། ད་རུང་དབྱིན་རྩོམ་གྲགས་ཅན་རེ་སྒྱུར་རོགས། རྒྱ་རྩོམ་རེ་ཡང་ཡིན་ད།

  3. རྒྱང་མིག says:
    2015-09-20 at 12:48 am

    གོ་དོན་ཟབ་པའི་རྩོམ་ཡིག་ལེགས་པོ་ཞིག་བོད་སྒྱུར་གནང་འདུག་པར་བསྔགས་བརྗོད་ཡོད། དགའ་འོས་པ་ཞིག་ལ། དེང་སྐབས་བོད་ཀྱི་བུད་མེད་ཚོའི་ཁྲོད་ན་བོད་རང་གི་སྐད་ཡིག་ཐོག་ནས་རྩོམ་པ་པོ་མང་ཙམ་མངོན་རྒྱུ་ཡོད་པ་དེ་ཡིན།

  4. རྒྱ་ཞིང་མྱི་དཀར། says:
    2015-09-22 at 3:35 pm

    རྩོམ་ཡིག་མི་ཆོག་རྒྱུ་མེད་ཁུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme