Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེ་སྐྱིད་དང་བསྟན་ཆོས་ཀྱི་གླེང་མོལ།

Posted on 2012-02-04 By ཁ་བརྡ་ 11 Comments on བདེ་སྐྱིད་དང་བསྟན་ཆོས་ཀྱི་གླེང་མོལ།

བོད་ཀྱི་བུ།

“ཨོ་ཝེ། བསྟན་བདེ་སྐྱིད། long time no see. ག་དུས་སླེབས་པ་ཡིན”
“Monday ལ་སླེབས་པ་ཡིན”
“Baby ག་བ”
“Husband རྩ་ལ་བཞག་ཡོད”
“འོ་ན། ཚོང་ཁང་ལ་སུ་བསྡད་ཡོད”
“Husband བསྡད་ཡོད”
“Husband གིས་ཚོང་ཁང་དང་baby གཉིས་ཀ་གླགས་འཁེལ་གྱི་རེད་པས་”
“Monday ཚོང་ཁང་close རེད། Sunday ལ husband གི་ sister གིས་རོགས་པ་བྱེད་དགོས་ཟེར”
“Monday full day close རེད་པས”
“རེད”
“སྔོན་མ་ཁྱེད་ཚོས་Monday morning ཏོག་ཙམ་ close བྱས་ནས་ after lunch ནས་སྒོ་ཕྱེ་གི་འདུག་ག”
“དེང་སང་ rule དེ་ཡོད་མ་རེད”
“ཨ་ལེ། change ཆགས་པ་ཡིན་པ་རེད”
“འང་ཨང་། བསྟན་ཆོས་རང་དེང་སང་slim ཞེ་བོ་ཞིག་ཆགས་འདུག་ག Dieting མང་པོ་བྱེད་ཀྱི་ཡོད་ས་རེད་ད”
“ག་བ་ག་བ། full day, continue ཅིག་ཟ་ཟ་བསྡད་ཡོད”
“གང་ཤེས། ཡང་ darling ཞིག་འགུག་དགོས་བསམ་གྱི་ཡོད་མ་རེད་པ”
“ག་བ་ག་བ། ད་སྨོ་ཆགས་ནས་ tension ཐོལ་བ་ལེན་ནས་ག་རེ་བྱེད་དགོས་རེད”
“ཧ་ཧ་ཧ་ཧ་་་་་་
རང་ office རང་འཇགས་ཡིན་པ”
“Yes”
“གཞན་པ་དེང་སང་ News ག་རེ་འདུག”
“Miss Tibet སྐོར་མ་གཏོགས་གེ་མི་འདུག”
“གཞན་པ་ function འདྲ་མི་འདུག་གས”
“TIPA ལ་ concert འདྲ་ཚུགས་ཀྱི་འདུག”
“Dance party འདྲ་ཡོད་མ་རེད་པས”
“གང་ཤེས། ཚེས་བཟང་དུས་བཟང་ལ་ night ཡོད་རེད་ལབ་ཀྱི་འདུག”
“ཡ་ཡ།
རང་ lunch ཟ་མེད་པ། ང་གཉིས་ lunch ཞིག་ཟ་ག་འགྲོ་གས”
“རེད། Restaurant ག་བར་འགྲོ་ག”
“Hotel Tibet ལ་འགྲོ་གས”
“ཨོ་རེད། lets go”
“་་་་་་་་་་་་་་་་་་་”
“Table སྟོང་པ་འདུག་གས”
“ཕ་ཀིའི་ corner ལ་གཅིག་འདུག”
“ཡ་ འགྲོ་གདའ”
“་་་་་་་་་་་་ ”
“Menu ཁྱེར་ཡོང་ཡག་མི་འདུག་ག”
“ཏོག་ཙམ་སྒུགས་དང་ཡོང་གི་རེད། རང་ལ་ time ཡོད་པཱ”
“ཡོད་ཡོད། དེ་རིང་ང་ off ཡིན”
“བྱས་ན་འགྲིག་འདུག་གཱ དེ་ནས་བསྟན་བདེ་སྐྱིད་རང་གི་ ex B.F. ཡོད་པཱ། ཁོ་དང་ཚེ་སྒྲོལ་མ་གཉིས་འཁྲུགས་འདུག་གཱ”
“ཨ་མ་་་་། ཤི་སོང་། ཚེ་སྒྲོལ་མ་ནི་ཀྲབ་ཀྲབ་(སྲབ་སྲབ་)ཅིག་ལས་མེད་པཱ། ཁོ་ནི་འཇིགས་ཏེ་ཚ་བོ་ཞིག་ཡོད་རེད། ཁོང་གཉིས་ཁྱོན་ནས་ match བྱེད་ཀྱི་མ་རེད། ཧ་ཧ་ཧ། ཁོང་གཉིས་ག་འདྲས་ཁ་ཐུག་པ་ཡིན་ན”
“ཧ་མ་སོང་གདའ། རྟག་པར་མཉམ་དུ་འགྲོ་ཡི་འདུག ཕལ་ཆེར་མོ་ pregnant ཡིན་པ་འདྲ་བོ་འདུག”
“ཨ་་་་། མགྱོགས་པ་ལ། ཡིད་བཞིན། super fast ཡིན་རྒྱུ་ཨེ་འདྲས། ཧ་ཧ་ཧ་་”
“ཁྱོད་རང་གཉིས་ག་རེ་བྱས་ནས་ break ཆགས་པ་རེད།”
“དེ་ལ་ story རིང་པོ་ཞིག་ཡོད་རེད། ཀས”
“ག་རེ་རེད། ལབ་གདའ”
“Last summer ལ་ང་གཉིས་གུང་གསེང་ཁོ་རང་གི་ནང་། ལ་དྭགས་ཟངས་དཀར་ལ་ཕྱིན་པ་ཡིན། ཡིད་བཞིན། གནམ་གཤིས་གྲང་ང་ཅིག་འདུག ལམ་ཁ་ནི་སྡུག་ག་ཅིག་འདུག ཡིན་ན་ཡང་ལམ་ཁ་ཕར་རྒྱགས་ཙི་ཡོད་ན་འགྲིག་གི་འདུག་གཱ། དེ་ཡང་ཀྲབ་(སྲབ་)བ་ཅིག་འདུག Bus ནང་ལ་ shake བྱས་བྱས་ནས་གྲོད་ཁོག་ནང་གི་བཅའ་ལག་ཚང་མ་ཡང་དཀྲུག་དཀྲུག་བཏང་སོང་། མོ། Last དེ་ལ་ཁོ་ཚོའི་ནང་ལ་སླེབས་སོང་གདའ། ག་འདྲས་འདུག་ལབ་དགོས་བས། ཁོ་རང་གི་ family སྡོད་ས་ནི་གཡག་གི་སྐྲ་ཡིས་བཟོས་པའི་གུར་ཅིག་རེད་འདུག་ར། Gas དང་གློག phone ཟེར་ཡག་དེ་ཚོ་ད་མཐོང་ཡག་ཁོ་རང་མི་འདུག ཁ་ལག་ནི་གཡག་གི་བཙོག་པ་མེ་བཏང་ནས་བཟོ་ཡི་འདུག་ར། ཇ་དང་ཁ་ལག་ཚང་མར་མེ་ཡི་དྲི་མ་ཁ་ནས་ཟ་ཐུབ་ཡག་ཁོ་རང་མི་འདུག ད་དུང་ཉིན་གུང་ནི་ཉི་མ་ heat ཚ་ཞིག་འདུག Direct གདོང་པ་ལ་ཤར་ཡོང་གི་འདུག sun’s cream ད་ use བྱས་མ་བྱས་མི་འདུག མི་དེ་ཚོ་ནི་གདོང་པ་ brown brown ཚེ་སྔོན་མའི་མི་འདྲ་བོ་རྐྱང་རྐྱང་འདུག Toilet དང་ bathroom ཟེར་བ་དེ་ཚོ་ད་རྨི་ལམ་ལ་ཡང་བཏང་མྱོང་མེད་པ་འདྲ་བོ་འདུག གལ་སྲིད་གྲོད་ཁོག་ན་ནས་ emergency ཆགས་ན་ད་མྱངས་འདུག་འོ། ད་དུང་ཁྱི་དེ་ཚོ་ནི་དེ་ག་ཞིག་སྐད་བརྒྱབ་ནས་ attack བྱེད་ཀི་ཡོང་གི་འདུག ཡ་ཡོད་ཞེད་སྣང་ཚ་བོ། ང་ནི་ཧབ་དྷ་གཅིག་ལ་བསྡད་པ་དེ་ཡང་ཉོབ་ནས་སྨྱོ་སོང་། ཨ་མ་མ་་་་ ལ་དྭགས་ད་ནཧེ་ལབ་ཡག་རེད་གཤའ། ཡ་ཡོད་ boring. Life ཁོ་རང་མི་འདུག་འོ།
བྱས་ཙང་ངས་ཁོ་ལ་ཁྱེད་ཚའི་ས་ཆ་འདི་སེམས་ཅན་སྡོད་ས་ཡིན་ན་མ་གཏོགས་མི་སྡོད་ས་ཞིག་ད་མ་རེད། ང་ནི་འདི་ནས་འདུག་དགོས་ན། ཡིད་བཞིན། ད་ལྟ་རང་ལྡི་མག་ཁ་རབ་ཆགས་ས་རེད་ལབ་པ་ཡིན། བྱས་ཙང་། ཁོ་རླུང་ལངས་ནས་ང་ལ། “ཁྱོས་རྫིག་མདོག་མ་བྱེད། ཁྱོད་ཚོའི་གཞིས་ཆགས་ན་ཡང་གེ་མེད་པཱ། བུ་དེ་ཚོ་ནི་སློབ་གྲྭ་ཁོངས་མ་འཁྱོལ་མཁན་སྦང་རྐྱལ་རྐྱང་ཡིན་པཱ། ད་དུང་བུ་མོ་དེ་ཚོ་ནི་དཔེ་ཤག་ཡོད་ན་སྤོ་དང་སྐུ་ཞོགས་ཡིན་ཡང་རྐུབ་ལ་རྒྱུགས་འགྲོ་མཁན་རྐྱང་ཡིན་པཱ” ལབ་སོང་། དེ་ནས་ང་གཉིས་འཁྲུག་པ་ཞེད་སྣང་ཚ་བོ་དཔེ་ཤོར་སོང་།
མར་ཡོང་དུས། ཀླས་ནས་ངས་གནམ་གྲུའི་ticket བཏོག་ནས་འགྲོ་ཡི་ཡིན་ལབ་ཡིན། ཁོ་རང་ road ནས་འགྲོ་ཡིན་ལབ་སོང་། དེ་ནས་མར་སླེབས་ནས་ཚུར་ཞེ་དྲག་ care བྱེད་ཀྱི་མི་འདུག ངས་ཡས་ཡ་མེད་བཏང་ཡིན། མ་གཞི་ནས་ཁོ་ jealous ཚ་བོ་དཔེ་ཡོད་རེད། བུ་ཞིག་ལ་ hi འདྲ་བོ་ལབ་ན་ཡང་ལམ་སེང་གདོང་པ་ change ཆགས་ཀྱི་རེད།”
“ཨ་ལེ། ང་ནི་ཁོ་ཡག་དྲགས་པའི་སྐྱོན་འདུག་བསམ་སོང་། མ་གཞི་ནས་ life དེ་འདྲ་རེད་བ། ང་ཡང་ཨེ་འདྲས་སོ་སོའི་ class teacher མཉམ་དུ་ཆགས་འགྲོ་སུས་བསམ་གི་རེད།”

སྣ་ཚོགས།

Post navigation

Previous Post: ཨ་རིའི་མངའ་སྡེའི་མིང་བོད་ཡིག་ལ་འགོད་པ།
Next Post: བོད་མི་ག་ཚོད་ཅིག་བསྲེག་རྗེས་སུ། བོད་མི་དག་གཉིད་ལས་སད་དམ།

Comments (11) on “བདེ་སྐྱིད་དང་བསྟན་ཆོས་ཀྱི་གླེང་མོལ།”

  1. སྟོབས་ says:
    2012-02-04 at 9:25 pm

    ངོ་མ་ཡིན་ས་རེད་
    ཁ་བརྡ་བྱེད་སྟངས་དེ་འདྲ་ངས་ཀྱང་ཐོས་མྱོངས་ཡོད་

  2. སོག་མདའ་བཅུ་ says:
    2012-02-04 at 9:28 pm

    བོད་ཕྱི་ལོག་ནས་འཚར་ལོངས་བྱུང་བ་གཉིས་ཡིན་ས་རེད།ངའི་ཀྱང།ཁ་བརྡ་བྱེད་སྟངས་དེ་འདྲ་ངས་ཀྱང་ཐོས་མྱོངས་ཡོད་

  3. ཉི་མ་མེ་ཏོག། says:
    2012-02-05 at 12:34 am

    དེ་འདྲ་མང་ཙམ་བྲི་ཐུབ་ན་ཡག་པོ་ཡོང་ས་རེད། གང་ལ་ཞེས་ན་རང་གཞན་ཚང་མས་རང་སྐྱོན་ངོས་འཛིན་ཐུབ་ཀྱི་རེད། མ་ཚད་འདི་རིགས་དགོད་དྲོའི་བཏམ་གླེང་དུ་འགྱུར་ནས་མང་ཚོགས་ཁྲོད་འཁྲབ་བསྟོན་བྱེད་ཐུབ་པ་ཡིན་ན་ཕན་ཐོག་ཧ་ཅང་ཆེན་པོ་ཡོང་ངེས་རེད།

  4. yeshe says:
    2012-02-05 at 2:38 am

    ཨ་མ། ཞེད་སྣང་ལ། སྐད་ཆ་དེ་འདྲ་ཇོག་ཚ་བོ་ལབ་མཁན་ཡང་ཡོད་རེད་པས།

  5. འདོད་ལྷ་ཁམས་པ། says:
    2012-02-05 at 4:42 am

    ངོ་ནས་རེད་ད།
    དེ་སང་སློབ་གྲྭ་པུ་གུ་ཕལ་ཆེ་བ་སྐད་ཆ་ཨེ་འདྲའི་ལབ་ཀི་རེད།
    ད་དུང་། ཁྲོམ་ལ་གློག་བརྙན་བལྟ་རུ་ཕྱིན་པ་ཡིན་ན། ཨེ་ནེ། ཉན་རྒྱུ་ཡོག་རེད།

  6. ཁཱ་ཏ་ཁ་ཏ་བ། says:
    2012-02-05 at 5:47 am

    དཔེ་ཡག་པོ་སྤེལ་འདུག འདི་རྒྱ་གར་ནང་སྐྱེས་པའི་གཞིས་ཕྲུག་ཚོའི་སྐད་ཆ་བཤད་སྟངས་ལྷ་མེད་རེད། ང་རང་གསར་འབྱོར་བ་ཡིན་ཀྱང་ད་ལྟ་གཞིས་ཆགས་ཞིག་གི་ནང་སྡ་ཀྱི་ཡོད་། ཁོ་ཚོའི་སྤྱི་ཚོགས་ནང་བོད་སྐད་གཙང་མ་། བོད་སྐད་རྐྱང་པས་ཁ་བརྡ་བྱེད་ན་ལྟ་སྟངས་མ་འདྲ་བ་བྱེད་ཀྱི་འདུག རྣམ་འགྱུར་དེ་ལམ་སངས་མཐོང་གི་རེད་། ཁོང་མཚོ་ལ་མཚོན་ན་དེ་ཁ་ལག་ནང་ཚ་མེད་པ་གཅིག་མཚུངས་ཡིན་ས་རེད། སློབ་མཐའ་མ་བུད་པའི་གཞིས་ཕྲུག་ཚོས་ཀྱང་ གང་ཐུབ་ཐུབ་ཀྱིས་རྒྱ་གར་དང་དབྱིན་ཇིའི་ཚིག་ཁྲག་པོ་དེ་འདྲ་སླུག་ཨེ་ཐུབ་གི་འདུག གང་ལྟར་་་་་་་་དེ་རྐྱེན་གི་ང་ཡང་གོམ་གཤིས་ངན་པ་དེ་གམ་ཡོང་གི་འདུག ད་་་གཡུག་ཤོག

    ཨོ་་་གོང་གི་སྒྲུང་ནང་་་་་་་་ལ་དག་བ་དེ་་འཛིན་གྲཱའི་རྒན་ལགས་དང་བུ་མོ་དེ་སློབ་ཕྲུག་རེད་འདུག་་ག་་་་ཧཧཧཧ

  7. ཀརྡོ་གཉེར་ཕྱག་པ་ says:
    2012-02-05 at 7:02 am

    གཞན་སྐྱོན་བརྗོད་པ་ཙམ་གྱིས་ཡར་རྒྱས་མི་འགྲོ བོད་ཀྱི་བུས་བུས་རང་སྐད་གཙང་མར་བཅོས་ནས་འབྲི་ཤོག་དང་། དེ་ནས་རང་མདོག་ཀྱང་ཐོན་ཡོང་ངེས་རེད། ལགས། མ་རེད་པེ། ལགས་མིན་ན། ཕྲིས་དང་། ཐུགས་རྗེས་གཟིགས།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-02-05 at 7:42 am

    བྱས་ཙང་ངས་ཁོ་ལ་ཁྱེད་ཚའི་ས་ཆ་འདི་སེམས་ཅན་སྡོད་ས་ཡིན་ན་མ་གཏོགས་མི་སྡོད་ས་ཞིག་ད་མ་རེད། ང་ནི་འདི་ནས་འདུག་དགོས་ན། ཡིད་བཞིན། ད་ལྟ་རང་ལྡི་མག་ཁ་རབ་ཆགས་ས་རེད་ལབ་པ་ཡིན། བྱས་ཙང་། ཁོ་རླུང་ལངས་ནས་ང་ལ། “ཁྱོས་རྫིག་མདོག་མ་བྱེད། ཁྱོད་ཚོའི་གཞིས་ཆགས་ན་ཡང་གེ་མེད་པཱ། བུ་དེ་ཚོ་ནི་སློབ་གྲྭ་ཁོངས་མ་འཁྱོལ་མཁན་སྦང་རྐྱལ་རྐྱང་ཡིན་པཱ། ད་དུང་བུ་མོ་དེ་ཚོ་ནི་དཔེ་ཤག་ཡོད་ན་སྤོ་དང་སྐུ་ཞོགས་ཡིན་ཡང་རྐུབ་ལ་རྒྱུགས་འགྲོ་མཁན་རྐྱང་ཡིན་པཱ” ལབ་སོང་། ་་་་་་་་་་་

    འདི་ལ་ངས་ནི།
    བྱས་ཙང་ ངས་ ཁོ་ལ། ཁྱེད་ཚའི་ ས་ཆ་ འདི་ སེམས་ཅན་སྡོད་ས་རེད་པེ། དུད་འགྲོ་ སྡོད་ས་ མ་གཏོགས་ མི་ སྡོད་ས་ཞིག་ མ་རེད། ང་ནི་ འདི་ནང་ བསྡ་ དགོས་ན། ༼ཡིད་བཞིན། ད་ལྟ་རང་ལྡི་མག་ཁ་རབ་ཆགས་ས་རེད་ལབ་པ་ཡིན། བྱས་ཙང་།༽”འདིའི་དོན་ཤེས་མ་སོང་” ཁོ་ རླུང་ལངས་ནས་ ང་ལ། “ཁྱོད་ རྫིག་མདོག་ ཁ་པོ་ མ་བྱེད། ཁྱོད་ཚོའི་ གཞིས་ཆགས་ ནང་ལ་ ཡོད་མ་རེད། བུ་ དེ་ཚོ་ནི་ སློ སྤོ་དང་ གྲྭ་པ་ ཡིན་ན་ ཡང་ ཁོ་ཚོའི་ རྐུབ་ལ་ རྒྱུགས་འགྲོ་རྐྱང་ བྱེད་མཁན་ རེད།” ལབ་སོང་། ་་་་་་་་
    ངས་མཆན་བུ་འདི་ལ་བོད་སྐྱི་སྐད་ལ་བསམས་ནས་སྐྱོན་བརྗོད་ཡོ་སྲང་གནང་ན་གའ་བསུ་ཡོད་ལགས།

  9. ཇ་མ་ says:
    2012-02-05 at 2:51 pm

    གཞིས་ཆགས་ཀྱི་གསུང་དྲི་མ་དེ་རང་རེད་འདུག ཁོ་རེ།

  10. ཀརྡོ་གཉེར་ཕྱག་པ་ says:
    2012-02-05 at 5:11 pm

    ད་ ཁ་བསྒྲགས་ ནུས་མཁན་ མེད་པ་ ངས་ སྔོན་མ་ ནས་ཤེས། ཡ་ཡ། ལགས། ལགས་སོ། །

  11. སད་ན་ལེགས says:
    2012-02-06 at 7:15 am

    ཡ། དྲ་གྲོགས་ཚོ།
    ༼ཤེས་ཡོན་ལམ་སྟོན་ཕྱོགས་བསྒྲིགས་ཀྱི་དེབ༽དེའི་ནང་དུ་རྒྱལ་བ་རིན་པོ་ཆེས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་མགོ་སྟོད་ཙམ་ནས། བོད་མི་ཚོ་ཨ་གསར་ཆེ་ནས་སྐད་རིགས་གཞན་གྱི་མིང་བརྡ་རྣམས་བོད་སྐད་དུ་བསྲེས་ན། བོད་སྐད་ར་མ་ལུག་ཏུ་གྱུར་ནས་མི་རིགས་ཀྱི་སྲོག་རྩ་ཆད་སྲིད་པའི་ལུང་གཏན་ཁ་ཚ་དགོས་གཏུག་མ་གནང་ཟིན་འདུག
    མ་འོངས་པར་རྒྱལ་བ་རིན་པོ་ཆེས།

    བོད་མི་རེ་རེ་ངོས་ནས་མ་འཇོན་ན།།
    བོད་དོན་གཞན་ལ་རེ་བ་ལས་ཀྱི་ཐ།།
    བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ།
    ང་ནི་མི་སྡོད་ཞིང་ཁམས་གཞན་དུ་འགྲོ།།

    ཞེས་བཙན་བྱོལ་བོད་མི་ཚོ་ལ་གསུངས་མི་སྲིད་པ་ག་ལ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme