Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེ་འཇགས་མི་སྣ་དང་ཉེན་རྟོག་མི་སྣ།

Posted on 2010-04-282010-04-28 By ཁ་བརྡ་ 10 Comments on བདེ་འཇགས་མི་སྣ་དང་ཉེན་རྟོག་མི་སྣ།

ཕྱི་ལོ་༢༠༠༨ལོའི་བོད་ནང་གི་ཕྱི་རྒོལ་ཆེན་མོ་དེ་བྱུང་བ་ནས་བཟུང་། བོད་ནང་དུ་རྒྱ་གཞུང་གིས་ཤེས་ཡོན་ཅན་འཛིན་བཟུང་གི་གྲངས་ཀ་དེ་འཕར་བཞིན་ཡོད།
ཤེས་ཡོན་པའི་ཁྲོད་དུ། རྩོམ་པ་པོ་དང་དགེ་རྒན། སྨན་པ། གསར་འགོད་པ། རི་མོ་བ། ཐ་ན་སློབ་མ་ཡང་ཚུད་ནས་ཡོད།
བཙན་བྱོལ་གྱི་གསར་འགོད་བརྒྱུད་ལམ་ཁག་དང་གསར་འགོད་པ་ཚོས། “ཁོང་འཇུས་ཚར་འདུག” “ཁོང་བཟུང་ནས་འཁྲིད་སོང་”། “ཁོང་བཀག་ཉར་བྱས་འདུག” “ཁོང་བཙོན་འཇུག་བྱས་སོང་”ཟེར་བ་མ་གཏོགས། འདི་དག་དབར་གྱི་ཁྱད་པར་དེ་ད་དུང་ཡག་པོ་ཞིག་ཤེས་ཀྱི་མེད་པ་འདྲ། མཚམས་རེར་ཤེས་ན་ཡང་སྣང་མེད་ཤོར་གི་ཡོད་པ་འདྲ། ཁོང་ཚོས་མཚམས་རེར་བདེ་འཇགས་མི་སྣས་འཇུས་བ་ལ་ཉེན་རྟོག་པས་བཟུང་སོང་ཟེར། མཚམས་རེར་བདེ་འཇགས་མི་སྣས་འཁྲིད་པ་ལ་ཉེན་རྟོག་པས་བཀག་ཉར་བྱས་འདུག་ཟེར། དཔེར་ན། འཇམ་དབྱངས་སྐྱིད་ལྟ་བུ་ཡིན་ན། ན་ནིང་བདེ་འཇགས་མི་སྣས་བཟུང་ནས་འཁྲིད་པ་རེད། འཁྲིད་ནས་ཕྱིན་ཏེ་དྲི་བརྩད་བྱས་བ་རེད། མཐར་མར་གློད་པ་རེད། བདེ་འཇགས་མི་སྣའི་ལག་ན་ཡོད་དུས་ཉེན་རྟོག་པའི་ལག་ལ་སླེབས་ཡོད་མ་རེད། ཉེན་ཁ་ཆེ་ཆུང་བསྡུར་བ་ཡིན་ན། སྔ་མ་དེ་ཅུང་ཉེན་ཁ་ཆུང་ཞིང་ཕྱི་མ་དེ་ཆེ་བ་ཡོད་རེད། བདེ་འཇགས་མི་སྣས། གནས་སྐབས་རིང་བཀག་ཉར་བྱས་ནས་འདྲི་བརྩད་བྱེད་གི་རེད། འདྲི་བརྩད་བྱས་ཚར་བའི་རྗེས་སུ། ཉེན་རྟོག་པའི་ལག་ལ་རྩིས་སྤྲོད་པའམ་ཡང་ན་ཕྱིར་གློད་པ་འདི་གཉིས་རེད། བདེ་འཇགས་མི་སྣའི་ལག་ན་ཡོད་དུས་བཙོན་ལ་ཕྱིན་ཡོད་པ་མ་རེད། མི་དེ་སྐྱོབ་ན་ཡང་སྐྱོབ་ས་དེ་བདེ་འཇགས་མི་སྣའི་ལག་ན་ཡོད་དུས་རེད། བདེ་འཇགས་མི་སྣའི་ལག་ན་ཡོད་དུས་སྐྱོབ་ཐུབ་ན་ཐུབ་པ་རེད། ཉེན་རྟོག་པའི་ལག་ལ་ཕྱིན་ཚར་བའི་རྗེས་ལ་དཀའ་ངལ་ཆགས་པ་རེད། ཁྲིམས་རར་འགྲོ་རྒྱུའི་སྒོ་ལ་སླེབས་ཚར་བ་རེད། ཡང་མཚམས་རེར། བདེ་འཇགས་མི་སྣའི་ལག་ནས་མི་དེ་བརླགས་འགྲོ་བའི་གནས་སྟངས་ཀྱང་འབྱུང་གིན་ཡོད་པ་རེད། གནས་སྟངས་དེ་དམིགས་བསལ་ཞིག་རེད།
གལ་སྲིད། མི་དེ་ཉེན་རྟོག་པས་འཇུས་བ་ཡིན་ན་ཉེན་རྟོག་པས་བཙོན་འཇུག་བྱེད་གི་རེད། ཁྲིམས་རེར་འཁྲིད་པ་ཙམ་རེད་མ་གཏོགས་བཙོན་འཇུག་གི་ལོ་ཐག་གཅོད་ཀྱི་ཡོད་པ་རེད། དཔེར་ན། རྩོམ་པ་པོ་བཀྲ་རྒྱལ་ལམ་(ཞོགས་དུང་)ལྟ་བུ་ཡིན་ན། ཉེན་རྟོག་པས་་ཐད་ཀར་འཇུས་བ་རེད། ཁྲིམས་རར་འགྲོ་དགོས་བའི་ཚད་ལ་བསྐྱེལ་ཚར་བ་རེད། དཔེར་ན། རྩོམ་པ་པོ་ལོ་གཞོན་བཀྲ་ཤིས་རབ་བརྟན་་(ཐེའུ་རང་།)དང་འབྲུག་ལོ་(ཞོགས་ལྗང་།)ལྟ་བུ་གཉིས་ཡིན་ན། བདེ་འཇགས་མི་སྣས་འཇུས་བ་རེད། ཉེན་རྟོག་པས་འཛིན་བཟུང་བྱས་བ་མ་རེད། བདེ་འཇགས་མི་སྣའི་ལག་ན་ཡོད་རེད། ཉེན་རྟོག་པའི་ལག་ལ་སོང་ཡོད་མ་རེད། བོད་རིགས་གསར་འགོད་པ་ཚོས། ཉེན་རྟོག་མི་སྣ་དང་བདེ་འཇགས་མི་སྣའི་དབྱེ་བ་འདི་མཁྱེན་དགོས་རྒྱུ་ཡང་མཚམས་རེར་གལ་ཆེན་དུ་མཐོང་།

སྣ་ཚོགས།

Post navigation

Previous Post: བེམ་པོ་མེར་བསྲེགས་གི་པར་རིས་དག་མཐོང་རྗེས།
Next Post: འབེལ་གཏམ་རྐང་གླིང་དམར་པོའི་ཤུར་སྒྲ།

Comments (10) on “བདེ་འཇགས་མི་སྣ་དང་ཉེན་རྟོག་མི་སྣ།”

  1. རྡོར་དབང་། says:
    2010-04-28 at 3:22 am

    གང་ལྟར། ད་ཆ་ཞོགས་དུང་གི་ཕ་ཡུལ་གཅིག་པ་ཡིན་པའི་ལས་བྱེད་རྒན་ཡོལ་བ་ཚོ་ཟི་ལིང་དུ་འཛོམས་ནས་ཞོགས་དུང་གི་ཕ་མ་ལ་སེམས་གསོ་དང་། ཐབས་ཤེས་ཅི་ཡོད་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡོད་འདུག་ནའང་། ཆབ་སྲིད་ཀྱི་ཉེས་པ་བཀལ་ཡོད་སྟབས། གྲོད་གྲོལ་གྱི་ཐབས་ཤེས་བྱེད་དཀའ་བའི་སྐོད་ཤོད་ཀྱི་ཡོད་པ་རེད་འདུག འཛིན་བཟུང་བྱེད་མཁན་ཚོས་གནམ་ས་གོ་འབྱེད་དེབ་གྲངས་ག་ཚད་བཏོན་ཡོད་མེད་དང་། ཇི་ཙམ་བཀྲམས་ཡོད་མེད་དྲིས་འདུག་པར། དེབ་གྲངས་ཆིག་སྟོང་དཔར་ཡོད། ལག་ཏུ་གཅིག་ཉར་ཡོད་པ་འདི་ཡིན་ཞེས་ཁོང་ཚོར་སྤྲད་ཡོད་འདུག
    རྩོམ་པ་པོའི་མཐུན་ཚོགས་སོགས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འགྲེལ་བརྗོད་བྱས་ཏེ། དྲང་བདེན་ལ་རྒྱལ་ཁ་ཐོབ་པའི་རྒྱབ་སྐྱོར་ཡོང་བའི་རེ་བ་བྱེད་ཀྱི་ཡོད་འདུག

  2. ལུང་རྟོགས says:
    2010-04-28 at 6:10 am

    མི་ཌྷའདི་མ་ཤེས་མདོག་གིས་མགོ་འཐོམས་ཡ་ཞིག་བྲིས་འདུག རྒྱ་གཞུང་གི་བདེ་འཇགས་མི་སྣ། ཉེན་རྟོག་པ། རྐུན་མ། ཇག་པ་ཚང་མར་ཁྱད་པར་ཆེན་པོ་མེད།

  3. ལུང་རྟོགས says:
    2010-04-28 at 6:22 am

    ཞོགས་དུང་ལགས་ཀྱིས་ཁོང་གི་ལས་དབང་སྔ་ས་ནས་ཐག་བཅད་ཟིན་འདུག ཁོང་ཚོ་བཞུད་ཤུལ་ནས་ང་ཚོས་ད་དུང་ཅི་ཞིག་བརླག་པ་ལྟར་་་་་་་

    ༼ང་ལ་ད་ལོ་ལོ་གཅིག་གི་ནང་ལ་དགའ་སྐྱོ་འཇིགས་གསུམ་གྱི་དམིགས་བསལ་ཚོར་པ་བྱུང༽
    ཅེས་ཁོང་གི་གསུང་རྩོམ་གནམ་ས་གོ་འབྱེད་ཀྱི་འགོ་བརྗོད་དུ་འཁོད་འདུག་ལ། ཀློག་པ་པོ་ཚོས་ངེས་པར་དུ་ཁོང་གི་གསུམ་རྩོམ་ལ་བལྟ་ཀློག་བྱེད་གལ་ཆེ།

  4. ཨ་རིག་འགྱུར་མེད། says:
    2010-04-28 at 7:33 am

    རེད། གཅིག་ང་ཚོས་ཉེན་རྟོག་པ་དང་བདེ་འཇགས་མི་སྣ་གཉིས་ཀྱི་དབྱེ་བ་ཤེས་དགོས་ཀྱི་འདུག དེ་གཙོ་བོ་རེད། ཡིན་ནའང་། ད་ལྟའི་ཆར་འདི་དཀའ་ངལ་མ་རེད། དཀའ་ངལ་ངོ་མ་དེ་ཕར་ཕྱོགས་གྱི་གནས་ཚུལ་ཡོང་ཁུངས་ལ་ཁ་གསལ་བོ་མི་ཡོང་བ་དེ་རེད། དཔེར་ན་ཞོགས་དུང་བཟུང་རྗེས་ང་ཚོས་རྩོམ་ཡིག་གི་ལམ་ནས་སུས་བཟུང་བ་དང་གང་དུ་ཁྲིད་པ། ག་རེ་བྱས་པ་སོགས་བཀླགས་ཐུབ་པར་གྱུར་བ་དང་གནས་ཚུལ་རྒྱུས་ཨོ་ཙམ་རེག་ཡོད།
    ཡིན་ནའང་། ས་གནས་ས་ཐོག་གི་མི་ལ་འབྲེལ་འདྲིས་བྱེད་དཀའ་བ་དང་ཕྱི་ལོགས་ནས་རྣ་ཐོས་གོ་ཐོས་བརྒྱུད་ནས་གསར་འགྱུར་བཟོ་མཁན་ཞིག་ཡིན་ན། ཉེན་རྟོག་པ་དང་བདེ་འཇགས་མི་སྣའི་དབྱེ་བ་འབྱེད་རྒྱུ་ཕར་ཞོག ཐ་ན་ཅིའི་ཕྱིར་བཟུང་བ་དང་ནག་ཉེས་ཅི་ཞིག་བཙུགས་པ་སོགས་ཀྱི་སྐོར་ཡང་ཤེས་རྟོགས་འབྱུང་རྒྱུར་དཀའ་ངལ་ཡོད། བཟུང་འདུག་ཟེར་རྒྱུ་ཙམ་རེད།
    དཔེར་ན། ཁ་སང་ཞོགས་དུང་བཟུང་བའི་སྐོར་གྱི་གསར་འགྱུར་གྱི་འབྲི་སྐབས་ངས་ཀྱང་ཆེས་ཤེས་འདོད་པ་དང་། ཀློག་པ་བོར་ངོ་སྤྲོད་འདོད་པ་འབྲེལ་ཡོད་སྡེ་ཁག་གིས་ཁོང་ལ་ནག་ཉེས་ཅི་ཞིག་བཙུགས་པ་དང་། ཁོང་འཛིན་དགོས་པའི་རྒྱུ་མཚན་གང་དག་བགྲང་བ་དེ་ཡིན། འོན་ཀྱང་། གནས་ཚུལ་ཡོང་ཁོངས་ཀྱི་རྩོམ་ཡིག་ནང་དེ་གསལ་མེད་སྟབས་བྱ་ཐབས་ཅི་ཡང་མི་འདུག
    བོད་ཕྱི་ནང་གི་ཆབ་སྲིད་ཀྱི་ཁོར་ཡུག་མི་འདྲ་བའི་དབང་གིས་འདི་ལྟ་བུའི་གནས་ཚུལ་ཡང་ཡང་འཕྲད་ཀི་འདུག ད་དུང་ཡིན་ནའང་འཕྲད་ཀི་རེད།

  5. རྒྱ་ནག་ཉམས་ཞིབ་པ། says:
    2010-04-28 at 8:45 am

    དཔལ་ལྡན་རྒྱལ་གྱིས་ཞོགས་དུང་གི་ལྷ་ལྕམ་ལ་བཅར་འདྲི་བྱས་དུས་།དེའི་སྐོར་གྱི་སྐད་ཆ་ཤིག་དྲིས་སོང་ཡང་།ལྷ་ལྕམ་གྱིས་རྒྱ་ཡིག་མི་མཁྱེན་པ་དང་།དཔལ་ལྡན་རྒྱལ་གྱིས་ཞོགས་དུང་གི་སྲས་མོ་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་་མ་སྤྲད་པས་།དོན་གནད་གལ་ཆེན་སྟེ་།ཞོགས་དུང་ལ་ཉེས་སྐྱོན་གང་འདྲ་ཞིག་བཙུགས་ཡོད་པ་ད་དུང་ཤེས་ཡོད་པ་མ་རེད་།

    འདི་ལ་རྒྱུ་མཚན་གཉིས་ཡོད།
    ༼༡༽དཔལ་ལྡན་རྒྱལ་གྱིས་ཤེས་བཞིན་དུ་།སྲས་མོ་ལའང་ཉེན་ཁ་མི་ཡོང་ངམ་སྙམ་པའི་དོགས་པས་གོ་སྐབས་དེ་མ་སྤྲད་པ་རེད་།
    ༼༢༽དཔལ་ལྡན་རྒྱལ་གྱིས་དེའི་སྐོར་གྱི་གལ་ཆེན་རང་བཞིན་ཤེས་མེད་པའི་ཚོད་དུ་མངོན་།
    ངས་གོ་ཚུལ་ལ་།རྒྱལ་ཁབ་ཁ་གྲལ་གཏོང་བའི་ཉེས་དམིགས་དང་།སྲིད་གཞུང་མགོ་རྟིང་སློག་པའི་ཉེས་དམིགས་གཉིས་རེད་ཟེར་བཞིན་འདུག་།གཉིས་ཀ་བསྡོམས་ན།མ་མཐའ་ལོ་བཅུ་དང་ཉི་ཤུ་ཙམ་གྱི་ཁྲིམས་ཐག་རེད་ཡ།
    གནད་དོན་འདི་གཉིས་རང་སོར་མ་བཞག་པར་དཔལ་ལྡན་རྒྱལ་གྱིས་ལན་གསལ་བོ་ཤིག་གསུང་རོགས་།གལ་ཆེན་པོ་རེད།

  6. རྒྱ་ནག་ཉམས་ཞིབ་པ། says:
    2010-04-28 at 8:53 am

    སྐྱོན་གང་ལ་བཙུགས་ཡོད་པ་དེ་ལ་བརྟེན་ནས་།ཞོགས་དུང་གི་དཔེ་དེབ་དེ་དབྱིན་འགྱུར་སོགས་བྱས་ཏེ་།དཔེ་དེབ་དེའི་ནང་དུ་སྐྱོན་དེ་དག་ཡོད་མེད་འཛམ་གླིང་ཡོངས་སུ་སྟོན་དགོས་།
    ༼༡༽ཞོགས་དུང་གི་དཔེ་དེབ་ནང་དུ་།བོད་རྒྱལ་ཁབ་ནས་ཁ་བྲལ་ཏུ་གཏོང་དགོས་ཞེས་གསལ་བོ་བཀོད་འདུག་གམ་།
    ༼༢༽ཞོགས་དུང་གི་དཔེ་དེབ་ནང་དུ།ཀྲུང་གོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་མགོ་རྟིང་སློང་ཞེས་བཀོད་འདུག་གམ་།
    ངས་གོ་ཚུལ་ལ་།ཞོགས་དུང་གི་དཔེ་དེབ་རྒྱ་གཞུང་གིས་ནང་ཁུལ་དུ་རྒྱ་འགྱུར་བྱས་ཚར་འདུག་ཟེར།དེའི་ཐོག་ནས་ཚིག་དང་ཚིག་དྲངས་ནས་ཞོགས་དུང་ལ་ནག་ཉེས་དེ་གཉིས་འགེལ་རྒྱུ་རེད་ཟེར།

  7. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-04-28 at 9:07 am

    ཨ་རོ། རྩོམ་ཡིག་ཞིབ་ཚགས་མ་ྐློག་པར་མཆན་བུ་འདེབས་རྒྱུའི་ན་ཚ་དེ་གང་ནས་སླེབས་པ་རེད། དཔལ་ལྡན་རྒྱལ་གྱི་བཅར་འདྲི་ཡིག་ཐོག་ལ་ཡོད་པ་དེའི་ཐོག་ན་གསལ་བོ་བྲིས་འདུག་ག།
    ཡང་ཁོང་གི་བུ་མོས། “ཉེན་རྟོག་པས་ངའི་ཨ་ཕ་འཛིན་བཟུང་གི་ཉེན་བརྡའི་ཡི་གེ་ཞིག་བསྟན་བྱུང་། དེའི་ནང་དུ། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པ།” ཞེས་བཀོད་འདུག་ཟེར།

  8. ཚངས་དབྱངས། says:
    2010-04-28 at 9:09 am

    ཁ་བརྡ་ལགས།

    རྩོམ་འདི་ཤིན་དུ་ཕན་ཐོག་ཆེན་པོ་བྱུང་། རྩོམ་པ་པོའི་མཚན་མིན་འདུག 

  9. རྒྱ་ནག་ཉམས་ཞིབ་པ། says:
    2010-04-28 at 9:34 am

    རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས་།
    ངས་རྩོམ་དེ་མཐོང་མི་འདུག་།
    རྩོམ་དེ་ཀློག་མཁན་མི་བརྒྱ་དང་ཉིས་བརྒྱ་མ་གཏོགས་ཡོད་པ་མ་རེད་།ཡིན་ནའང་དཔལ་ལྡན་རྒྱལ་གྱི་རྒྱང་བསྒྲགས་ལ་ཉན་མཁན་མི་འབུམ་ཁ་ཤས་ཡོད་པ་རེད་།

    ང་ལ་མི་ཞིག་གིས་དཔལ་ལྡན་རྒྱལ་གྱིས་ཞོགས་དུང་གི་ལྷ་ལྕམ་ལ་བཅར་འདྲི་བྱས་བ་དེ་སྐུར་ཡོང་ནས་།ཡིག་བསྒྱུར་བྱེད་རོགས་བྱ་རོགས་ཞེས་བཤད་བྱུང་བས་།དེ་ལ་ཉན་ཏེ་གོང་གི་དྲི་ཚིག་དེ་བཀོད་པ་ཡིན་།

    བཅར་འདྲི་དེའི་ནང་དུ་ཐོག་དང་པོར་དཔལ་ལྡན་རྒྱལ་གྱིས་ཡི་གེ་དེའི་ནང་དུ་ཅི་ཞིག་བཤད་འདུག་ཅེས་དྲིས་སོང་།དེ་ནས་ལྷ་ལྕམ་གྱིས་ཀློག་ཁུལ་དང་།དེ་བཞིན་སྲས་མོ་འདྲི་རྩིས་བྱ་སྐབས་།དཔལ་ལྡན་རྒྱལ་གྱིས་རྗེས་སྐྱོང་བྱས་མི་འདུག་།དེ་བས་གོང་གི་དྲི་ཚིག་དེ་གཉིས་བཀོད་པ་ཡིན་།ང་ལ་ན་ཚ་ཡོད་མེད་ཀྱི་སྐྱོན་མ་རེད་།གསར་འགྱུར་འགོད་མཁན་ཞིག་གི་ལས་ཀ་བྱེད་སྟངས་ཤིག་ལ་བཀོད་པའི་དྲི་ཚིག་ཤིག་རེད་།
    ༼༡༽སྲས་མོ་ལའང་ཉེན་ཁ་མི་ཡོང་ངམ་སྙམ་པའི་དོགས་པས་གོ་སྐབས་དེ་མ་སྤྲད་པ་ཡིན་ན།་གསར་འགྱུར་པ་ཨང་དང་པོ་ཞིག་གི་མཚོན་རྟགས་རེད་།
    ༼༢༽དཔལ་ལྡན་རྒྱལ་གྱིས་དེའི་སྐོར་གྱི་གལ་ཆེན་རང་བཞིན་ཤེས་མེད་པ་ཡིན་ན།གསར་འགྱུར་པ་བླུན་པོ་ཞིག་གི་མཚོན་རྟགས་རེད་།

    གསར་འགྱུར་གྱི་གལ་ཆེན་རང་བཞིན་ཟེར་བ་འདི་ཚོ་ཐོག་ནས་མཚོན་གིན་ཡོད་པ་རེད་ལ་།ཁོང་ཚོས་ལས་ཀ་བཟང་ངན་ཡང་འདི་ཚོ་ཐོག་ནས་ཁྱད་ཕྱེ་དགོས་ནི་རེད་།ང་གསར་འགྱུར་འགོད་མཁན་ཞིག་མིན་།ཡིན་ནའང་དེ་ལ་ཉན་མཁན་ཞིག་དང་སྐབས་རེ་བཟང་མིན་བལྟ་མཁན་ཞིག་ཀྱང་ཡིན་།དེ་བས་ན་ཚ་ཡོད་མེད་ཀྱི་སྐད་ཆ་དེ་འདྲ་ཁྱེར་མ་ཡོང་།

  10. དཔལ་ལྡན་རྒྱལ། says:
    2010-04-28 at 10:27 pm

    རྒྱ་ནག་ཉམས་ཞིབ་པ་ལགས།
    ངས་གསར་འགྱུར་བཀོད་སྐབས་བོད་ནང་ཀྱི་འབྲེལ་ཡོད་མི་སྣའི་བདེ་འཇགས་གཙོ་བོར་འཛིན་གྱིན་ཡོད། ངས་བཅར་འདྲི་འདིའི་ཐད་ཞིབ་ཚགས་བཤད་ན་མི་འོས། ཡིན་ནའང་ཁྱེད་ལ་ལན་ཞིག་བཏབ་ན་བསམ་བྱུང༌། ངས་བཅར་འདྲི་འདི་བྱེད་སྐབས་བོད་ནང་དུ་མཚན་མོའི་དུས་ཚོད་དང་པོ་རེད། དེ་གཅིག་ཡིན། གཉིས་ནས་ངའི་སེམས་སུ་ཞོགས་དུང་གི་བུ་མོ་ལོ་ན་བཅུ་གཉིས་སམ་བཅུ་གསུམ་ཅན་གྱི་བྱིས་པ་ཞིག་ཡིན་པའི་ཚོར་སྣང་ཞིག་བྱུང༌། དེ་བས་ངས་བྱིས་པ་ཞིག་ལ་ཨ་ཕ་འཛིན་བཟུང་བྱས་པའི་ཚོར་བ་རྣོ་བའི་གནས་ཚུལ་འདིའི་སྐོར་དྲིས་ན་མི་འོས་པ་ཞིག་རེད། ལྷག་པར་དུ་མཚན་གུང་གི་ཆུ་ཚོད་དང་པོ་ཙམ་དེ་བས་ཀྱང་མ་འོས་ཞིག་ཡིན་པ་ངས་བསམ་ཡོད། ཞོགས་དུང་གི་བཟའ་ཟླ་དང་མཉམ་དུ་བཀའ་མོལ་བྱས་པའི་བརྒྱུད་ལམ་ཁྲོད། ཁོང་གཉིས་ཀྱི་བུ་མོ་ལོ་ཉི་ཤུ་ལྷག་བརྒལ་ཡོད་པ་ཤེས་རྟོགས་བྱུང་འཕྲལ། བུ་མོ་དང་མཉམ་དུ་སྐད་ཆ་བཤད་རྒྱུའི་རེ་འདུན་འདོན་པ་ཡིན། དེ་ནས་ཁོང་གིས་བུ་མོས་བཤད་ན། “ཉེན་རྟོག་པས་ངའི་ཨ་ཕ་འཛིན་བཟུང་གི་ཉེན་བརྡའི་ཡི་གེ་ཞིག་བསྟན་བྱུང་། དེའི་ནང་དུ། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པ།” ཞེས་བཀོད་འདུག་ཟེར། ཞེས་རླུང་འཕྲིན་ནང་རྒྱང་བསྲིང་བྱས་ཡོད་ལ་། ཡིག་ཐོག་ཏུའང་བཀོད་ཡོད། ཁྱེས་ཀྱིས་གསུངས་པ་ལྟར་རྒྱང་བསྒྲགས་ལ་ཉན་མཁན་མི་འབུམ་ཁ་ཤས་ཡོད་ན། མི་འབུམ་ཁ་ཤས་ཀྱིས་དེ་ལྟར་གོ་ཡོད་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme