Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེ་མོ་བྱོས། སླར་ཡང་མཇལ་ཡོང། ༼ཚན་པ་གཉིས༽

Posted on 2012-07-132012-07-13 By ཁ་བརྡ་ 6 Comments on བདེ་མོ་བྱོས། སླར་ཡང་མཇལ་ཡོང། ༼ཚན་པ་གཉིས༽

གཅན་འོད་འབར།

བདེ་མོ་བྱོས། སླར་ཡང་མཇལ་ཡོང།

ཆེས་མཐའ་མའི་འབབ་ཚིགས་འདི་ནས།
ཆར་བས་བརླན་པའི་ངོ་གདོང་ལ་བྱིལ་བྱིལ་བྱས་ཤིང།
མཆི་མས་གཤེར་བའི་མིག་ཟུང་ལ་འོ་ཞིག་བྱས།
འགྲོ་ལ་ཉེ་བའི་སེམས་མེད་ཀྱི་རླངས་འཁོར་དེ་དང།
ཀེ་རེར་ལངས་བའི་ལམ་འགྲམ་གྱི་གློག་སྡོང་དེ་དག་ནི།
སྡུག་གིས་གཙེས་པའི་སེམས་ཀྱི་ཨི་ཁུང་དག་ལ་འཛུལ་ཞིང།
སྐྱོ་བས་བསྡམས་པའི་ཤ་གསེབ་རུས་གསེང་ལ་ཟུག་དུས།
ཆར་ཐིགས་ཟགས་པའི་རླངས་འཁོར་གྱི་སྒེའུ་ཁུང་འགྲམ་ན།
ཕྱིར་མིག་འཇོག་པའི་ཡིད་འོང་གི་ངོ་རིས་དེར་བལྟས་ནས།
མི་འདོད་པའི་ལག་པས་བཙན་གྱིས་གཡབ་མོ་བྱས་ཤིང་།
མི་གསལ་བའི་ངག་གིས་ཤུགས་ཀྱིས་ཁ་གཡང་འབོད་པ་དེ་ནི།
ཉིན་མོ་ཞིག་གི་ཆེས་ཐོག་མའི་བརྗེད་དཀའ་བའི་དྲན་རྟེན་འཇོག་སྟངས་དང།
ལོ་ཟླ་ཞིག་གི་ཆེས་མཐའ་མའི་དྲན་སླ་བའི་རྨ་ཁ་བརྐོ་ཚུལ་ཡིན་ངེས་ན།
བདེ་མོ་བྱོས། སླར་ཡང་མཇལ་ཡོང།

ཐག་རིང་ལ་བལྟ་བ།

སྨུག་ཞགས་འཁྱིལ་བའི་ལམ་སྣེ་འདི་ནས།
མགྲིན་པ་འགགས་པའི་འཇོལ་མོ་ཁེར་རྐྱང་འདིས།
མིག་ཆུ་དབྱངས་སུ་འགུགས་པའི་ངང་ཚུལ་ལ་བལྟ་ཞོར།
སྡོང་ལོ་ཤག་སེ་ལྷུང་བའི་སྒྲ་ལ་ཉན་ན།
དམར་པོ་ཆགས་པའི་ཐག་རིང་གི་མཚམས་སྤྲིན་དེའི་ངོགས་དང།
རྡུལ་གྱིས་བཏུམས་པའི་རྒྱང་རིང་གི་རི་བོ་དེའི་རྒྱབ་ན།
ལྡེམ་མེར་འཁྱིལ་བའི་ལྷིང་འཇགས་ཀྱི་རྒྱ་མཚོ་ཞིག་ཡོད་ན།
མུ་མཐའ་བྲལ་བའི་སྔོ་ལྗང་གི་རྩྭ་ཐང་ཞིག་ཡོད་དམ།
ཡང་ན་ཁ་ཕྱོགས་དེ་ནས་འཛུམ་མདངས་བསྣམས་པའི་སུ་དང་གང་ཞིག་འོང་ངེས་སམ།
ཁུ་སིམ་མེར།
རེ་སྒུག་གི་ཐ་མག་ཅིག་མེ་རུ་སྤར་ནས།
གསལ་ལ་མི་གསལ་བའི་རྒྱང་རིང་གི་གནམ་མཐར་ཡང་ཡང་ཅེར་ཞིང།
རིག་ལ་མི་རིག་པའི་ཐག་རིང་གི་རི་བོར་ཡང་ཡང་བལྟས།
འདི་ལྟར། ཅི་ཡང་མི་མངོན་པའི་ཐག་རིང་ལ་ཅེར་ཞིང་སྒུག་པ་ནི།
ང་དང་འཇོལ་མོའི་ལས་དབང་གཞན་ཞིག་ཡིན་སྲིད།
༢༠༡༢།༥།༢༡

སྙན་ངག

Post navigation

Previous Post: རྒྱོ་བཤད་རྟ་ཐོག་མ།
Next Post: བར་དོའི་ཕོ་ཉ།

Comments (6) on “བདེ་མོ་བྱོས། སླར་ཡང་མཇལ་ཡོང། ༼ཚན་པ་གཉིས༽”

  1. དོལ་སྨྱོན། says:
    2012-07-13 at 9:51 am

    ཐག་རིང་ནས་རྒྱང་རིང་ལ་འཆས་པ་ནི། ཐག་ཉེ་ནས་ཉེ་འགྲམ་དུ་བཅར་བའི་སྔ་ལྟས་ཡིན་ལ།
    དྲན་གདུང་གི་མནར་བའི་སྡུག་བསྔལ་ནི། བདེ་སྐྱིད་ལ་ཕྱོགས་པའི་མངོན་རྟགས་ཡིན།

  2. མེ་ཏོག་དཀར་པོ། says:
    2012-07-13 at 10:04 am

    དོལ་སྨྱོན་ཞེས་པའི་སྐུ་ཞབས་ལགས། །
    ཁྱུག་ཙམ་ཁྱུག་ཙམ་མ་ཡིན་པར། །
    ཁ་བརྡའི་དྲྭ་བའི་ལྡུམ་ར་འདིར། །
    མཛེས་ཤིང་བརྟན་པར་བཞུགས་སུ་གསོལ། །

  3. དོལ་སྨྱོན། says:
    2012-07-13 at 10:14 am

    མེ་དཀར་ལགས།
    ཁ་བརྡ་ང་ཡི་སྙིང་སྡུག་ཡིན།།
    ཁྱེད་ཚོ་ང་ཡི་མཛའ་གྲོགས་ཡིན།།
    ཁ་བརྡའི་ལྡུམ་ར་མཛེས་པོ་དེར།།
    བརྩེ་བའི་མིག་ཟུང་ཅེར་ནས་ཡོད།།

    སྣ་ཚོགས་བྱ་བའི་ཡོ་ལང་དང་།།
    བློ་འཛིན་ཡིག་ཚད་འཛིན་གྲྭ་སོགས།།
    སྐབས་བབ་བྱ་བའི་བྲེལ་ཟིང་གིས།།
    རེ་ཞིག་ཁོམ་པ་དཀའ་ཙམ་འདུག།

  4. གཅན་འོད་འབར། says:
    2012-07-13 at 10:27 am

    རྣམ་པ་གཉིས་ཕེབས་པར་དགའ་བསུ་ཞུ།

  5. ཁྱི་ཕྲུག says:
    2012-07-13 at 10:53 am

    མུ་མཐུད་ནས་རྩོམ་ཡིག་མང་པོ་འབྲི་རོགས།་ཁྱེད་ཀྱི་རྩོམ་ཡིག་ག་དུས་ཡིན་ཡང་ཀློག་གི་ཡོད།

  6. གཅན་འོད་འབར། says:
    2012-07-13 at 11:58 am

    ཁྱི་ཕྲུག་ལགས་ཕེབས་པར་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme