Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེ་མོ་བྱོས། དྲ་གྲོགས་ཚོ། དྲ་ཁྱིམ་ལས་དགོངས་པ་ཞུ་དགོས་བྱུང་སོང་།

Posted on 2010-08-12 By དགེ་རབ་ 30 Comments on བདེ་མོ་བྱོས། དྲ་གྲོགས་ཚོ། དྲ་ཁྱིམ་ལས་དགོངས་པ་ཞུ་དགོས་བྱུང་སོང་།

ཁྲི་གཡུང་དྲུང་
——
དེ་ཡང་“རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་། བོན་ཁྲིམས་དར་གྱི་མདུད་པ།” ཞེས་གསུངས་པ་ནང་བཞིན་རྒྱལ་ཁྲིམས་གསེར་གྱི་གྲོས་ཆོད་འོག བཙན་བྱོལ་ནང་གི་གདན་ས་ཁག་དང་བཤད་སྡེ་ཁག་སྒྲུབ་སྡེ་ཁག་སློབ་གྲྭ་ཆེ་ཆུང་ཁག་སོགས་རང་རིགས་ཀྱི་སློབ་གཉེར་པའི་སྡེ་ཁག་ཐམས་ཅད་ལ་དེང་རབས་ཀྱི་འཕྲུལ་ཆས་གློག་ཀླད་དང་། ལག་འཁྱེར་ཁ་པར་སོགས་བཀག་སྡོམ་གནང་དགོས་ཞེས་གཏན་འབེབས་གནང་བ་གཞིར་བཟུང་ཐོག

ཉེ་བའི་ལོ་ཤས་སྔོན་ནས་འདིར་གདན་ས་སྨན་རིའི་གླིང་དུ་དཔལ་ལྡན་བླ་སྤྱི་ནས་བཀའ་གནང་བཞིན། “དེང་དུས་ཀྱི་འཕྲུལ་ཆས་རྣམས་བེད་སྤྱད་ལོག་པར་ནམ་ཡང་གཏོང་མི་ཆོག” ཅེས་སྒྲིག་ཁྲིམས་ཤིག་གཏན་འབེབས་གནང་ཡོད་པ་ལས། དངོས་སུ་བཀག་སྡོམ་ནན་མོ་བྱས་མེད་མོད། ད་ལན་ཁ་ཤས་ཀྱི་སྤྱོད་ལམ་ཧ་ཅང་ཀུ་ཡངས་ཆེ་དྲག་པའི་རྒྱུ་རྐྱེན་ལ་བརྟེན། དངོས་སུ་བཀག་སྡོམ་གནང་བའི་སྒྲིག་ཁྲིམས་ཕྱག་བསྟར་གནང་རྒྱུར་གཏན་འབེབས་མཛད།

དེ་བརྟེན་སྨན་རིའི་གླིང་གི་སློབ་གཉེར་བའི་ཁུལ་ཙམ་འཛིན་པ་ཁོ་བོ་ཙམ་ཡང་བོན་ཁྲིམས་དར་གྱི་མདུད་པའི་ཁུགས་སོ་འདི་ལས་ཐར་ས་ཅི་ཡང་མེད་རྐྱེན། སྒེར་གཉེར་གློག་ཀླད་འདི་ཉིན་ཤས་རྗེས་ནས་རྩ་མེད་བཟོ་དགོས་བྱུང་བས། དྲ་ཁྱིམ་འདིར་ཡང་ཡོང་ཐབས་མ་ལེགས་པས། དྲ་གྲོགས་ཚོར་བདེ་མོ་མི་འཇོག་ཐབས་མེད་བྱུང་སོང་།

དེ་བཞིན་མཁྱེན་ཡངས་དྲ་དཔོན་ལགས་ཀྱིས་ཀྱང་ད་བར་བརྩེ་གཟིགས་ཟབ་གནང་མཛད་པར་བཀའ་དྲིན་ཆེ། ད་ལན་དྲ་ཚིགས་ལས་རེ་ཞིག་དགོངས་པ་མི་ཞུ་ཐབས་མེད་བྱུང་སོང་། དྲ་དཔོན་ལགས། བཀའ་དྲིན་ཆེ། དགོངས་པ་ཞིག་གནང་རོགས་ཞུ།

སྤྱིར་མི་བུ་ཁོ་བོ་འཇིག་རྟེན་འདིར་གསོན་ནས་མི་ལོ་ཉེར་ལྔ་འདས་ཟིན་མོད། ལེགས་པའི་ཡོན་ཏན་སྣ་གཅིག་ཀྱང་མ་བདོག་པའི་ཤེས་འཇོན་གང་གིས་ཀྱང་དབེན་པ་ཞིག་ཡིན་རྐྱེན། དྲ་གྲོགས་ཚོར་བསམ་བློ་བརྗེ་རེས་ཀྱི་རིགས་པ་ཅི་ཡང་ཕུལ་ཐུབ་མེད། ཡིན་ན་ཡང་། རང་ཉིད་གཡུང་དྲུང་བོན་གྱི་གྲལ་མཐར་སྙེགས་མཁན་ཞིག་ཡིན་པའི་ཆ་ནས། མི་སུ་ཞིག་ཡིན་ཡང་རང་ཕྱོགས་དེ་རང་ཉིད་ལ་ཆ་རྒྱུས་ཡོད་པ་བཞིན། ཁོ་བོ་ཡང་རང་ཕྱོགས་ལ་ཏོག་ཙམ་རྒྱུས་མངའ་ཆེ་ཕྱིར། གང་ཐུབ་ཀྱིས་བོན་ཕྱོགས་སྐོར་གྱི་གནས་ཚུལ་ཐན་ཐུན་རེ་སྤྱན་འབུལ་ཞུ་དང་ཞུ་འཆར་གྱི་ཁུལ་ཡིན་མོད། སྟབས་མ་ལེགས་པར་དམིགས་ཡུལ་དེར་བར་ཆོད་ཅིག་ཤོར་སོང་བ་འདྲ་བས། དྲ་གྲོགས་ཚོ། དགོངས་དག བདེ་མོ་བྱོས་ཞེས་མི་ཞུ་ཐབས་མེད་བྱུང་། བདེ་མོ་བྱོས།

ངའི་སྙིང་ཉེ་བའི་དྲ་གྲོགས་ཚོ། མཐར་འདིར་ངས་ང་ལ་རྒྱུན་དུ་དྲང་ཕྱོགས་དང་བདེན་ཕྱོགས་ནས་གླེང་མོལ་གནང་མཁན་དང་། ཡང་ན་ལྡོག་ཕྱོགས་ནས་གླེང་མོལ་གནང་མཁན། མདོར་ན་ང་དང་ངའི་གྲུབ་མཐར་ཡན་ཆད་ལ་སྨད་ར་གཏོང་མཁན་གང་ཟག་སུ་ཡིན་ཡང་། དེ་རིང་འདིར་ཁོ་བོས་སྙིང་ཐག་པ་ནས་བཀའ་དྲིན་ཆེ། བདེ་མོ་བྱོས། ཞེས་ཞུ་རྒྱུ་ཡིན།
དྲ་གྲོགས་ཚོ། བདེ་མོ་བྱོས། ཁྱོད་ཚོའི་བསམ་དོན་འགྲུབ་པར་སྨོན།

རྩོམ་རིག

Post navigation

Previous Post: གསལ་བསྒྲགས། བཀའ་ཁྲིའི་སྔོན་འགྲོའི་འོས་མིའི་བགྲོ་གླེང་།
Next Post: རི་ཉིལ་གྱིས་གནོད་ཚུལ་ཕོགས་སའི་འབྲུག་ཆུ་ངོ་སྤྲོད།

Comments (30) on “བདེ་མོ་བྱོས། དྲ་གྲོགས་ཚོ། དྲ་ཁྱིམ་ལས་དགོངས་པ་ཞུ་དགོས་བྱུང་སོང་།”

  1. མེ་ཏོག་དཀར་པོ། says:
    2010-08-13 at 4:08 am

    རེད་རེད། ཁྱེད་རང་སློབ་གཉེར་བ་ཞིག་ཡིན་ན་སློབ་གཉཻར་ཁང་གི་སྒྲིག་གཞི་སྲུང་རྒྱུ་གལ་ཅེན་རེད། དེ་བས་སློབ་གཉེར་གང་ལེགས་བྱོས་ལ་སློབ་མཏར་སོན་རྗེས་ཁ་བརྡ་འདིར་ཕེབས་ཤོག ང་ཚོས་མུ་མཐུད་བགྲོ་གླེང་བྱ།
    ཁ་དྲོ།

  2. འབ྄ྲོང་ར྄ྒོད། says:
    2010-08-13 at 4:23 am

    མེ་ཏོག་དཀར་པོ་ལགས།
    ཁྱེད་རང་ཅི་ཞིག་བྱུང་བ་ཡིན་ནམ།
    ཁྱེད་དྲྭ་ཁྱིམ་ལས་དགོངས་པ་ཞུ་དགོས་རྒྱུ་མཚན་གང་ཡིན་ནམ།
    གཅིག་གསུང་གནང་ན་འགྲིག་གི་རེད་པས།
    ངོས་རང་སེམས་ཕམ་ཆེན་པོ་བྱུང༌། ང་ཡི་དྲྭ་གྲོགས་ཡག་ཞིག་དྲྭ་རྒྱ་འདི་ལས་དགོང་པ་ཟུ་གི་ཡིན་གསུངས་པར།
    ཁྱེད་ལ་དྲྭ་རྒྱའི་དགེ་བསྐོས་ནས་ཚོགས་གཏམ་འདྲ་བྱུང་བ་མིན་ནམ།
    དེ་མིན་རྒྱུ་མཚན་གང་ཡོད་དམ།

  3. མེ་ཏོག་དཀར་པོ། says:
    2010-08-13 at 4:44 am

    འབྲོང་ཁྱོད་སེམས་བདེ་པོ་ཨི་ཡིན། དྲ་ཁྱིམ་ལས་དགོངས་པ་ཞུ་མཁན་ང་མིན། ཁྲི་གཡུང་དྲུང་རེད།

  4. ཀརྡོ་རབ་འབྱམས་པ་ says:
    2010-08-13 at 10:08 am

    ང་ལ་ཀུན་སློང་ངན་པ་མེད་ནའང་། མི་ཤེས་པའི་དབང་གིས་ཁྲི་གཡང་དྲུང་སོགས་ལ་ཚིག་མཐོ་དམའ་ཤོར་ཡོད་ན་དགོངས་དག་ཞུ། དགོངས་ཞུ་ལ་བློ་ཕམ་ཡོད་ཀྱང་བྱ་ཐབས་བྲལ། བསམ་དོན་འགྲུབ་པར་ཤོག

  5. ཁྲི་གཡུང་དྲུང་། says:
    2010-08-13 at 10:46 am

    ཁོ་བོའི་རྩོམ་ཐུང་འདི་འདི་གར་བཤུས་ཡོང་མཁན་སུ་ཡིན། གསལ་བཤད་ཅིག་གནང་རོགས་ཞུ། སྐུ་མཁྱེན་དོ་བདག་ནས་དགོངས་འཁྲོལ་མེད་པར་རྩོམ་ཡིག་གང་སར་མ་བསྒྲགས་རོགས་ཞུ།
    ལུང་རིག་དང་ནམ་མཁའ་ཡང་ན་སུ་ཡིན། དགོངས་ཞུ་དེ་ཡང་དྲ་ཚིགས་ཡོད་ཚད་ལ་བསྒྲགས་དགོས་ཅི་ཡང་མེད།
    ད་ཁྱད་པར་མི་འདུག བཀའ་དྲིན་ཆེ། གསལ་བཤད་ཅིག་ཡོད་ནཡག་པོ་རེད།

  6. དགེ་འདུན་རབ་གསལ་ says:
    2010-08-13 at 11:10 am

    ཁྲི་གཡུང་དྲུང་ལགས།
    ཁྱེད་ཀྱི་རྩོམ་འདི་ ཁ་བརྡ་ལ་འགོད་རོགས་ཞེས་བསྐུར་མཁན་དེ་ནི་བྱ་འཕུར་ལྷུན་གྲུབ་མཚན་ཅན་དེ་རེད། རྩོམ་དེ་ཕྲན་གྱི་མིང་ཐོག་འབྱོར་བྱུང་། ད་དུང་བསྐུར་མཁན་གྱི་གློག་འཕྲིན་ཁ་བྱང་སོགས་དགོས་ཚེ་ཕུལ་ཆོག བསྐུར་མཁན་གྱིས་ཁྱེད་ལས་མོས་མཐུན་བླངས་ཡོད་པ་རེད་བསམས་བྱུང་། མེད་ཚེ་རྩོམ་ཡང་གསུབ་ཆོག

  7. གླག says:
    2010-08-13 at 11:29 am

    ཁྲི་གཡུང་དྲུང་ལགས། ཁྱེད་དྲ་ཚིགས་ལས་དགོངས་པ་ཞུས་པར་བློ་ཕམ་ཡོད། ཡིན་ན་ཡང་གདན་སྨན་རིའི་གླིང་གི་གཟི་བརྗིད་ཅིག་དང་ཁྱེད་ཀྱི་ཀྱང་བསོད་ནམས་ཤིག་རེད། ཁྱེད་ཀྱི་དགོངས་བཞེད་འགྲུབ་པར་སྨོན། ང་ཡང་ནམ་རྒྱུན་ཁྱོད་དང་ཁྱོད་ཀྱི་གྲུབ་མཐའ་ལ་དག་ཐེར་བྱ་མཁན་ཞིག་ཡིན་པས། མ་འགྲིག་ས་རེ་ཡོད་ན་དགོངས་འགལ་ཞུ་རྒྱུ་ཡིན།

  8. ཁྲི་གཡུང་དྲུང་། says:
    2010-08-13 at 11:35 am

    མཁྱེན་ཡངས་རྒན་རབ་གསལ་ལགས། བཀྲ་ཤིས་བདེ་ལེགས་ཞུ། ཕྲན་ནས་ཁྱེད་ལ་སུན་པོ་བཟོས་སོང་། ཁྱེད་ནས་གསལ་བཤད་གནང་བར་བཀའ་དྲིན་བླ་མེད་ཆེ་ཞུ། བསམ་ཚུལ་ཙམ་ཞུས་པ་ཡིན། བསུབ་གནང་མ་མཛད་ཀྱང་ཆོག བཀའ་དྲིན་ཆེ་བདེ་མོ་བྱོས།

  9. འབ྄ྲོང་ར྄ྒོད། says:
    2010-08-13 at 11:46 am

    མེ་ཏོག་དཀར་པོ་ལགས། དགོངས་པ་དག་པར་ཞུ།
    ང་སེམས་བདེ་ཐང་ཡིན། ཞི་དུལ་གྱི་ཁ་དཀར་རྐྱང་དང༌།འགྲོགས་ཀྱིན་རྒྱ་ཆེ་བའི་བྱང་ཐང་གི་རྩ་ཐང་ཡངས་པོར་བཞི་བདེ་བག་ཕེབས་ཀྱི་འཚོ་བ་རང་སྐྱོངས་བྱེད་དེ་སྐྱིད་ནལ་རྒྱག་བཞིན་ཡོད།
    ང་ཡི་གློག་ཀླད་ཟ་རོ་འདི་ཡི་དྲྭ་རྒྱར་ཁྱེད་ཀྱི་མཚན་ཝ་ལེར་མཐོང་བྱུང་ད་བྱེད་དུས་ཁྱེད་མ་ཡིན་པར་གོ་བས་དགོངས་འགལ་མེད་པ་ཞུ།་ དངོས་གནས་ང་ཡིས་ཁྱེད་ཀྱི་མཚན་མཐོང་བ་དེ་སྒོམ་སྡེ་ལྷ་རམ་པས་བཀོད་པའི་ཆོ་འཕྲུལ་དེ་ཡིན་ནམ། ཡང་ན་གྲོགས་མེ་ཏོག་དཀར་པོ་ང་ཡི་སེམས་ལ་གོམས་པ་ཆེ་དྲག་པས་སྐྱོན་ཡིན་ དངོས་གནས་བཤད་ཤེས་མ་སོང༌།

    སྒོམ་པའི་བླ་མའི་ཞལ་རས།
    ཡིད་ལ་འཁོར་རྒྱུ་མི་འདུག
    མ་སྒོམ་བྱམས་པའི་ཞལ་རས།
    ཡིད་ལ་ཝལ་ལེར་ཤར་བ྄ྱུང༌།

  10. གཞོན་ནུ་ཟླ་མེད། says:
    2010-08-13 at 5:55 pm

    འགྱོ་རྒྱུ་ཡིན་ན་བུད་ལ་སོང་།།
    རྔ་མ་དྲུད་ལ་བུད་ལ་སོང་།།
    འདུག་རྒྱུ་ཡིན་ན་སྡོད་ལ་ཞོག།
    པགས་གདན་སྟེང་ནས་སྡོད་ལ་ཞོག།
    ཁ་གྱགས་ནོ་འགྱོ་ལ་ཐོག་ཐོག།
    རྐུབ་ཀྱོག་ཀྱོག་རྡོ་ལ་ཐོག་ཐོག།
    རིན་ཐང་མེད་པའི་ཡི་གེ་འབྲི་ནི་ཞིག།
    ཡོད་དང་མེད་པའི་ཁྱད་པར་མི་འདུག་པས།།
    འགྱོ་ན་འདོད་ན་བཏེགས་སེ་བུད་ལ་སོང་།།
    དགོངས་པ་ཞུ་དགོས་དོན་ཞིག་ཡོད་དོན་མེད།།

  11. གཞོན་ནུ་ཟླ་མེད། says:
    2010-08-13 at 10:57 pm

    རིག་པའི་རལ་གྲི། ཕར་ཕྱོགས་ན་བན་བོན་གྱི་ལ་རྒྱ་རྩོད་ཀྱི་འདུག ངས་དེ་ལས་འདི་ཕྱོགས་སུ་བསྟན་བཤིག་འདྲ་སློང་ནས་བསྡད་ཡོད། ང་ནི་མགོ་ན་དགེ་བསྐོས་མེད། འོག་ན་ཆབ་རིས་མེད། རང་གི་དཔོན་པོ་རང་ཀ་རེད། སྐེ་ཏི་དཔོན་པོ་མགོ་ཏི་རེད། ཇི་བཤད་ན་འདོད་ན། ཇི་འབྲི་ན་འདོད་ན་རང་དབང་རེད། ཡིན་ན་ཡང་དྲ་དཔོན་གྱིས་བསུབ་སོང་ན་རང་ང་དོན་མེད་ལ་བྲིས་ནི་རེད་ཀོ

  12. གཞོན་ནུ་ཟླ་མེད། says:
    2010-08-13 at 11:04 pm

    བྱ་འཕུར་ལྷུན་འགྲུབ་རྒྱལ་མཚན།།
    བྱ་བཞིན་ཡར་འཕུར་མར་འཕུར།།
    བྱ་ཚང་ངེས་པ་མེད་པར།།
    བྱ་སྒོང་གང་ལ་གཏོང་རྒྱུ།།
    བྱ་ཏེ་ལམ་འགྲོ་རྒྱུགས་ནས།།
    བྱ་སྐད་ཐེངས་གཅིག་སྒྲོགས་དང་།།
    བྱ་གླག་གཤོག་རྩལ་ཅན་གྱིས།།
    བྱ་སྤུ་ཐར་སེ་གཏོར་ང་།།

  13. རིག་པའི་རལ་གྲི says:
    2010-08-13 at 11:11 pm

    ཀུན་ཀྱང་མེད་ན་ལེགས་ཀྱང་སྡུག
    སྐྱོན་མེད་པས་ལེགས། ཡོན་ཏན་མེད་པས་སྡུག

  14. གླག says:
    2010-08-14 at 3:37 am

    གཞོན་ནུ་ཟླ་མེད་ཟེར་བ་འདི་ཇི་འདྲའི་བསྟན་བཤིག་ཚ་བ་ལ་་་དོན་མེད་ཁ་སྟོང་ཚིག་སྟོང་
    ཟླ་མེད་ཁྲི་གཡུང་དྲུང་ཚང་ལ་འདི་ལྟར་སྐྱེལ་མ་བྱ་དོན་ཅི་

  15. བོད། ལྷ་ཀླུ་གཉན་གསུམ། says:
    2010-08-14 at 5:48 am

    ཁ་བརྡའི་འགན་འཁུར་བ་དགེ་རབ་ལགས། དེང་རྡོར་དབང་གི་གློག་འཕྲིན་སྟེང་དུ་རྩོམ་ཡིག་སྐུར་ཡང་ཁོང་ལ་གྲགས་འགུལ་གང་ཡང་མིན་འདུག ཉིད་ལ་ཁོམ་པ་འདྲ་བྱུང་བ་དང་བདག་གི་མཆན་པུ་འདི་གཟིགས་པ་ཡིན་ན། ཉིད་ཀྱི་གློག་འཕྲིན་ཁ་བྱང་ཞིག་ངའི་གློག་འཕྲིན་ཁ་བྱང་འདིའི་སྟེང་ལ་སྐུར་རོགས་ཞུ། souloflove538@gmail.com

  16. འབྲོང་རྒོད། says:
    2010-08-14 at 11:17 am

    ཨ་ཁ།
    གཞོན་ནུ་ཟླ་མེད་ལགས།
    བཀྲ་ཤིས་པའི་གསས་མཁར་བརྩེགས་ས་ལ།
    ལྟས་ངན་པ་འུག་པའི་ཐན་སྐད་སྒྲོག ཅེས་པའི་དཔེ་ལྟར། དེ་འདྲ་རང་བཤད་དགོས་དོན་གང་ཡིན་ནམ།
    ཨ་ཁ་ཡང་ངས་ཀ྄ྱང་ཚིག་ངན་གཅིག་ཤོར་སོང༌།
    ང་ཁ་བརྡ་འདིར་མ་ཡོང་སྔོན་དུ་གཞན་ལ་ཚིག་ངན་རྒྱབ་རྒྱུར་ཚེར་སྣང་ཞེ་བོ་གཅིག་ཡོད།
    ད་ཁ་བརྡ་འདིར་སླེབས་ནས་ང་ཡང་འདི་འདྲ་ཞིག་ཆགས་འདུག
    ད་ཆག་སྒོ། ལེགས་བཤད་ལས།
    ལྗོན་ཤིང་ལ་བསྟེན་དབྱི་མོང་དེ།
    དེ་ཉིད་གར་སྐྱེས་དེ་ཡིས་སླེབས།
    དེ་འདྲའི་ལེགས་བཤད་ཅིས་མ་བདེན།

  17. ཚེར་མ། says:
    2010-08-14 at 11:37 am

    ན་ཆུང་གཞོ་ནུ་ཟླ་མེད།
    ཟླ་བོ་མེད་པའི་སྡུག་གིས།
    ཕྱོགས་བཞི་མཚམས་བརྒྱད་མེད་པར།
    ཀུན་ལ་ཁྱི་བཞིན་ཟུག་སོང༌།

  18. གླག says:
    2010-08-14 at 11:47 am

    ཁྲི་གཡུང་དྲུང་ལགས། མ་གཞི་ཁོ་བོ་ཡང་གདན་ས་སྨན་རིའི་གླིང་དུ་ཡོང་བསམ་བཞིན་ཡོད། དེ་དུས་བོན་སྐོར་གྱི་བཀའ་སློབ་བཀའ་ཁྲིད་རེ་གནང་རྒྱུའི་སྐྱབས་འཇུག་ཞུ་རྒྱུ་ལགས་ན། ཐུགས་ཁོམ་མེད་གཏན་ནས་མ་གསུངས་རོགས་ཞུ དྲ་ཐོག་ནས་དགོངས་ཞུ་ཞུས་སོང་བ་དེ་ང་ལ་མཚོན་ན་གྱོང་ཞིག་རེག་སོང་བ་ཡིན། ད་དྲ་དྲི་བ་ཞུས་ཀྱང་ཁྱོད་ཀྱིས་བཀའ་ལན་གནང་མདོག་ཁ་བོ་མ་རེད། བདེ་མོ་བྱོས།

  19. རྨ་ཆུའི་རླབས་སྒྲ་ says:
    2010-08-14 at 11:54 am

    དྲ་གྲོགས་གཞོན་ཟླ་ལགས་རང་གིས་རྒན་མོ་ལ་མཉམས་ཞོག་མི་སྐྱུར་འགྲོ།
    སྔོན་ཆད་བུ་དབའ་པོའི་བཤད་རྒྱུན་ལ།
    སྤྱི་དགྲ་བརྒྱ་འདུལ་རྒྱུ་ལས།
    ནང་གིས་རྒན་མོར་འཐབ་རྒྱུ་དཀའ།
    ཞེས་བཤད་པ་མ་གོ་ནས།
    རང་འགོ་རང་རྒྱ་བྱེད་རྒྱུ་མང་ན་་་་་་་་

  20. གཡག says:
    2010-08-14 at 3:13 pm

    གཞོན་ཟླ་འདི་ཡང་དོན་མེད་སྙིང་མེད་ཚིག་ངན་རྐྱང་གླེང་གི་མི་ཞིག་ཡིན་ཐག་ཆོད་རེད། མིས་བཀྲ་ཤིས་བདེ་མོ་བཞག་ནས་རྟེན་འབྲེལ་སྒྲིག་ས་ནས་འདི་ལྟར་བཤད་སྲོལ་ཞིག་ག་ལ་ཡོད།

  21. གཞོན་ནུ་ཟླ་མེད། says:
    2010-08-14 at 4:31 pm

    དྲ་གྲོགས་ཚོ། ང་ཚོའི་བསམ་ཚུལ་ལོག་ཀ་རེད་འདུག ངས་དོན་ལ་ཁྲི་གཡུང་དྲུང་ཟེར་བ་དེར་ཅུང་ཟད་ཁ་བརྡ་ནང་དུ་བསྡད་ནས་ཁ་བརྡ་བྱོས་ཞེས་བརྟན་བཞུགས་ཕུལ་གྱི་ཡོད་པ་རེད། འདི་ནི་བརྟན་བཞུགས་ཕུལ་སྟངས་ཀྱི་རྣམ་གྲངས་གཞན་ཞིག་ཡིན། མ་གཞི་ཁྲི་གཡུང་དྲུང་ཡིན་ན་དེ་ཡང་ཚོད་ཚོད་ཅིག་རེད། ཁ་བརྡ་ནང་དུ་ཐོག་མར་ཡོང་དུས་བཀྲ་ཤིས་བདེ་ལེགས་མེད་པར། འགྲོ་དུས་བདེ་མོ་ཟེར་བ་དང་། ཡང་ཁ་བརྡ་ནང་དུ་ཁོ་རང་གིས་རྩོམ་ཡིག་བཀོད་ནས། སུས་བཀོད་པ་རེད་ཟེར་ནས་དྲ་དཔོན་ལ་ཁ་མཆུ་འཛུགས་པ། ཡང་ཁ་བརྡ་ནང་དུ་རྩོམ་ཡིག་གང་ཡང་མ་སྤེལ་བར། འགྲོ་དགོས་པའི་བདེ་མོའི་རྩོམ་ཡིག་སྤེལ་བ་བཅས་ལ་བསམ་ན། ཁོ་རང་བསྟན་བཤིག་ཚ་སེ་འདུག་པས་ངས་ཀྱང་བསྟན་བཤིག་སློང་བ་ཡིན། ད་གང་ཡིན་ན་ཡིན། སྡེ་སྨན་རི་ཚང་གི་སྒྲིག་འོག་ཁྲིམས་འོག་གི་མི་རེད། དགེ་འདུན་ཁྲིམས་ཀྱིས་འཚོ།། རྨ་བྱ་དུག་གིས་འཚོ་ཟེར་ནི་རེད་མོ། སྨན་རི་ཚང་གི་དགེ་འདུན་གྱི་ནང་ཁྲིམས་བཟོས་པར་རྗེས་སུ་ཡི་རངས་ཡོད།

  22. གྱེར་ནག་ཚང་། says:
    2010-08-15 at 12:42 am

    གཞོན་ཟླ་ལགས། ངས་ཁྱོད་ཆ་མེད་ནག་དགུ་ཅིག་ལ། ལོ་བརྒྱའི་ནང་ལ་ལན་གཅིག་ཐུག་ནས། སེམས་ལ་ནག་ཐིག་ཅིག་ཕབ་དོན་མེད་མོད། ཁྱོད་ཀྱིས་གོང་གི་མཆན་བུ་ཁག་ལ་གཟིགས་དང་རྩོམ་ཡིག་འདི་འབྲི་མཁན་ཁྲི་གཡུང་དྲུང་རེད། ཁོས་བྲིས་ནས་ཁོའི་དུས་བབས་ཟིན་བྲིས་སུ་བཀོད་ཡོད་རེད། འདིར་ཁྱེར་ཡོང་མཁན་བྱ་འཕུར་ཡིན་ན་དེ་རེད་པ། དེ་ནས་ཁྲི་གཡུང་དྲུང་གིས་འདིར་བཀོད་མཁན་སུ་རེད་ཅེས་དྲ་དཔོན་ལ་བཀའ་འདྲི་ཞིག་ཞུས་པ་རེད་མོ། དེ་ལ་ཁ་མཆུ་བཙུགས་ལབ་ན་འགྲིག་གི་ཨེ་ཡོད་ན། མ་གཞི་ཁོང་གིས་ལབ་སྟངས་ལ་ལྟོས་ན་འདིར་བཀོད་པ་འགྲིག་མེད་པའི་དོགས་སྣང་འདྲ་ཞིག་མི་འདུག་གམ མ་གཞི་ང་ལ་གོ་བ་སྐྱོ་དྲག་པས་ དེ་འདྲ་ཞིག་མ་རེད་དམ། ཨ་་་་་

  23. བཀྲ་ཤིས་དོན་འགྲུབ། says:
    2010-08-15 at 11:09 am

    གདན་ས་གསུམ་གྱི་གཙོས་སློབ་གཉེར་བའི་སྡེ་དག་ན་སྤྱི་ཚོགས་མི་མཐོང་བའི་སློབ་གཉེར་གལ་ཆེན་རེད། ད་དུང་དྲ་རྒྱ་སོགས་བགག་བསྡོམས་མ་བྱས་ན། མཚང་ལྡོལ་བའི་མེ་ལུང་ཇེ་གསལ་དུ་འགྲོ་ངེས་པས་བགག་བསྡོམས་བྱ་དགོས་པའང་ཁ་ཚ་དགོས་གཏུག་རེད། མི་ཞིག་རང་གི་ལག་འོག་ནས་ཤོར་དོགས་ཀྱི་ཕངས་སེམས་ཡོད་ན། མི་དེ་ཤེས་ཡོན་སྣ་འཛོམས་ཤིག་བཟོ་མི་རུང་། དེའི་ཕྱིར་མི་ལ་འབྲེལ་འདྲེས་བྱ་སའི་དེང་གི་དྲ་ལམ་སོགས་བགག་བསྡོམས་བྱ་དགོས། མདོར་ན་སྤྱི་ཚོགས་དང་ཁ་བྲལ་བའི་སློབ་མ་ཞིག་ཡིན་མི་རིགས་ཀྱི་མདུན་ལམ་བརྟན་པོ་ཞིག་དང་། སློབ་གཉེར་གྱི་ནུས་པ། སློབ་མའི་ཤེས་ཚད་སོགས་བླ་ན་མེད་པ་ཞིག་ཡོང་ངེས་པས། མ་འོངས་མི་རིགས་འདིའི་ཤེས་ཚད་དང་། སློབ་གཉེར་གྱི་དམིགས་འདུན་བཅས་འདི་ལས་ལྷག་ཅིག་ཡོད་མི་སྲིད་དོ།

  24. གླག says:
    2010-08-16 at 2:37 pm

    ཁ་བརྡ་ཚང་ལ་ཁག་མེད་མོད། བན་བོན་གྱི་བགྲོ་གླེངདེ་གལ་ཆེན་པོ་ཞེ་དྲག་ཅིག་རེད། རྒྱུ་མཚན་གང་ཡིན་ཟེར་ན་ཕན་ཚུན་ངོ་ཤེས་པ་དང་རྒྱུས་ལོན་ཕྱིར་རེད། བར་བར་དུ་མི་ངན་རིག་གནས་མེད་པ་ཁ་ཤས་ཚང་སྲིད་མོད། ཡུན་རིང་པོར་བརྟན་རྒྱུ་མ་རེད།
    དེ་ན་ཁོ་བོས་ལ་སྟོད་བུ་ཟེར་བ་དང་སྤོབས་པ་མཐའ་ཡས། གཞན་དམུ་ཐག་གི་བུ་རྒྱུད་སོགས་འདིར་ཕེབས་དང་བགྲོ་གླེང་གནང་སར་ཕྱད་པར་ཡོད་པ་མ་རེད། ཚུལ་མཐུན་གྱི་བགྲོ་གླེང་གནང་ན་ཁ་བརྡ་ཚང་གིས་ཀྱང་བཀག་འགོག་བྱེད་ཀྱི་མ་རེད། ཁོང་ཚང་གི་གཟི་བརྗིད་རེད།
    ཕེབས་ཤོག་གྲོགས་པོ་ཚོ། ངས་སྒུག་བསྡད་ཀི་ཡིན།

  25. ཁྱུང་སྲས། says:
    2010-08-16 at 2:44 pm

    xxxxx

  26. འབྲོང་། says:
    2010-08-16 at 2:49 pm

    xxxxx

  27. བསོད་ནམས་རྡོ་རྗེ། says:
    2010-08-16 at 6:06 pm

    ཨ་རོགས་ཚོ། ཁྱོད་ཚོས་བྱ་འཕུར་ལྷུན་གྲུབ་རྒྱ་མཚོ་ཞེས་བོན་པོའི་སྤྱི་ཚོགས་ཁྲོད་ནས་འཚར་ལོངས་བྱུང་བའི་རྩོམ་པ་པོ་དེ་མཐོང་ཨེ་སོང་། ཁོང་གིས་བྲིས་པའི་རྩོམ་བྲིས་མང་པོ་ཞིག་བཀླགས་མྱོང་། ཁོ་བོས་ཁོང་མ་ཐོས་མ་མཐོང་ནས་ལོ་རེ་གཉིས་འགོར་སོང་། གོང་དུ་ཁོང་གིས་གནས་ཚུལ་འདི་ཁ་བརྡ་དྲ་ཐོག་ལ་བཏང་ཞེས་པ་དེ་མཐོང་དུས་བོན་གྱི་རྩོམ་པ་པོ་དེ་སླར་ཡང་དྲན་སོང་། ཁོང་ཉིད་སྐུ་བདེ་བའི་ངང་བཞུགས་ཡོད་པ་འདྲ།

  28. གཡག says:
    2010-08-17 at 6:22 am

    བསོད་ནམས་རྡོ་རྗེ་ལགས།
    ཁོང་ད་ལྟ་ཨ་རི་ན་སློབ་གཉེར་གནང་བཞིན་ཡོད། སྐུ་བདེ་མོ་རེད། ཉིད་ལ་ཁོང་གི་ཁ་བྱང་དགོས་ན་ངས་ཕུལ་ཆོག
    ཁ་རྡ་ཚང་གི་གོང་གི་མཆན་འདི་གཉིས་བསུབ་དོན་གང་ཡིན།

  29. རིག་པའི་རལ་གྲི says:
    2010-08-17 at 9:07 am

    ཁ་བརྡ་ཚང་འདི། བུད་མེད་ཀྱི་གསང་གནས་དང་གཅིག་མཚུང་རེད། འགག་སྐབས་གཅིན་པ་ཡང་འགགས་ཀྱིན་འདུག་ལ། ཤུད་དུས་མི་ཡང་ཤུད་ཡོང་གིན་འདུག ངས་གོང་ལ་ནག་སྲུབས་གཏོང་དགོས་པ་གང་ཡང་བྲིས་མེད་ཀྱས་བསྲུབས་ཚར་འདུག

    འོན་ཀྱང་གད་ཡོད་མ་རེད།

  30. བསོད་ནམས་རྡོ་རྗེ། says:
    2010-08-17 at 9:59 am

    གཡག་ནས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། དམིགས་བསལ་བྱ་འཕུར་ལྷུན་གྲུབ་ལ་སྒེར་ངོས་ནས་འབྲེལ་བ་བྱེད་དགོས་དེ་འདྲ་མེད། ཉིན་ཤས་སྔོན་ཁོང་གི་སྐོར་གླེང་མོལ་བྱུང། ངའི་གྲོགས་པོ་སྐོར་ཞིག་གིས་བཤད་ན་བྱ་འཕུར་ཟེར་བ་ཞིག་དགུ་བཅུ་གོ་གྲངས་སྐབས་ནས་གྲོངས་སོང་བ་རེད་ཟེར། འོན་ཀྱང་ཁོ་ཡིས་བྲིས་པའི་གསར་རྩོམ་ཁག་ཅིག་ཚགས་པར་དང་དུས་དེབ་ཁག་ཏུ་མཐོང་རྒྱུ་བྱུང་བས་ད་ལྟའི་ཆར་ཡོད་འདུག་ཅེས་བཤད་པ་ཡིན། གང་ལྟར་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme