Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་བཅའ་ཕུལ་བ།

Posted on 2016-05-302016-05-30 By ཁ་བརྡ 33 Comments on བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་བཅའ་ཕུལ་བ།

IMG_0505

བར་བརྒལ་སྤྱི་འཐུས་ཚོགས་གཙོ་མཆོག་གི་དྲུང་ནས་བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་བཅའ་ཕུལ་བ།

༄༅། །ཕྱི་ལོ་༢༠༡༦ ཟླ་༥ ཚེས་༣༠ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་ཀྱིས་བར་བརྒལ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་མདུན་དུ་ལས་ཁུར་དམ་བཅའ་ཕུལ་ཡོད། དེ་ཡངགོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་སྐབས་བཅུ་དྲུག་པའི་སྤྱི་འཐུས་སུ་བདམས་ཐོན་བྱུང་བའི་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་བར་བརྒལ་སྤྱི་འཐུས་ཚོགས་གཙོའི་དམ་འབུལ་ཞུས་གྲུབ་རྗེས།IMG_0651

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་གྲོས་ཚོགས་ཀྱི་ཚོགས་ཁང་དུ་སྐབས་བཅུ་དྲུག་པའི་བོད་མི་མང་གི་སྤྱི་འཐུས་སུ་འོས་འདེམས་བྱུང་བའི་སྤྱི་འཐུས་རྣམས་ནས་རེ་རེ་བཞིན་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་ཕྱག་ཕུལ་རྗེས་མཇལ་དར་སྒྲོན་འབུལ་དང་སྦྲགས། བར་བརྒལ་སྤྱི་འཐུས་ཚོགས་གཙོ་མཆོག་གི་མདུན་དུ་དམ་འབུལ་ཞུས་གྲུབ་མཚམས། རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་བར་བརྒལ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་དོན། དེ་རིང་ང་ཚོས་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཀྱིས་ཕྱག་ལས་གནང་གི་ཡིན་ཞེས་དམ་བཅའ་ཕུལ་བ་རེད།

IMG_0718དེར་བརྟེན་བཅའ་ཁྲིམས་ནང་གང་ཡོད་པ་དེ་དག་ང་ཚོ་ཚང་མས་ཡག་པོ་བྱས་ནས་རྟོགས་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། དེ་རིང་ནས་བཟུང་ལོ་ལྔའི་རིང་ང་ཚོ་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཆགས་པ་རེད།

ཐོག་མ་དེར་རྣམ་པ་ཚོ་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱ་ཆེའི་མང་ཚོགས་ཀྱི་ང་ཚོར་རེ་བ་བཅོལ་བ་ལྟར། ཆོལ་གསུམ་ཆོས་ལུགས་དང་བཅས་པ་དམ་ཚིག་ཟོང་ཁ་ཆིག་སྒྲིལ་གྱི་ཐོག་ནས་ཕྱག་ལས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཞེས་གསུང་བཤད་གནང་བསྟུན་དམ་འབུལ་མཛད་སྒོ་གྲུབ་པའི་གསལ་བསྒྲགས་གནང་སྟེ་དམ་འབུལ་མཛད་སྒོ་ལེགས་པར་མཇུག་སྒྲིལ།

༼གནས་ཚུལ་ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ༽

གསར་འགྱུར།

Post navigation

Previous Post: ཚོར་བ་ཚིག་གསུམ་མ།
Next Post: དྲ་ལམ་དུ་བཏབ་པའི་ཙོང་སྒོག་ཚ་གསུམ།

Comments (33) on “བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་བཅའ་ཕུལ་བ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-30 at 10:07 am

    སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྣམ་པར་དགའ་བསུའི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་།

  2. བཀྲ་ཤིས། says:
    2016-05-30 at 11:10 am

    དེ་རིང་ཚོགས་གཙོ་ཐེངས་ལྔ་དྲུག་ལ་འདེམས་དགོས་བྱུང་རྗེས་ཨ་དྲུག་ཚེ་བརྟན་སོགས་གྲྭ་བ་ཁག་གཅིག་གིས་འོས་བསྡུས་འགན་འཛིན་ལ་བཤད་རེས་བརྒྱབ་བཞིན་འདུག་ཟེར། ཆོས་བརྒྱུད་སྤྱི་འཐུས་ཚོས་སླར་ཡང་རང་མདོག་བསྟན་སོང་།

  3. ཀ་བ་ཚེ་རིང་ says:
    2016-05-30 at 11:17 am

    གཅེས་དཔའ་བོ་རོང་རྒྱལ་ཨ་དྲགས་ལགས་ཀྱི་ཚ་བོ་དགེ་ལུགས་སྤྱི་འཐུས་ཨ་དྲུག་ཚེ་བརྟན་ཟེར་བའི་ཕ་ཡུལ་དང་ལུས་ཞེན་ཆེ་བས་མང་ཚོགས་ཚང་མས་གཟབ་ནན་ཐོག་དོ་སྣང་བྱ་ཡུལ་ཞིག་འགྱུར་འདུག་།

    གྲྭ་བ་ཞིག་ཡིན་པའི་ཆ་ནས་བཟང་སྤྱོད་དང་དགེ་བ་བཅུའི་ཚུལ་ཁྲིམས་སྲུང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-05-30 at 11:20 am

    སྤྱི་གཙོ་ཐེངས་གསུམ་ལས་འདེམས་མི་འདུག་གདའ། མིག་གིས་བརྙན་པར་ཡག་པོ་གཟིགས་ནས་གསུངས་ན་ལེགས། ཡང་མིན་ན་བཀྲིས་གཉིད་དྭངས་མེད་འདྲ།

  5. བཀྲ་ཤིས། says:
    2016-05-30 at 11:42 am

    ཨ་ཀྲུག་ཇེ་སྡུག་རེད།
    ཨ་ཀྲུག་ཚེ་བརྟན་སྤྱི་དཀྲུགས་རེད། །
    བཙན་བྱོལ་སྤྱི་ཚོགས་དཀྲུགས་མཁན་རེད། །
    གྲྭ་སའི་བླ་རྒན་བརྒྱགས་པ་ཁོ། །
    སྤྱི་ཚོགས་དཀྲུགས་མཁན་གཙོ་བོ་རེད། །

  6. ཡ་མ་ཚེ་རིང says:
    2016-05-30 at 1:47 pm

    ཚོགས་གཞོན་སུ་རེད་ཤེས་མཁན་ཡོད་ན་གསུང་རོགས།

  7. ཀ་བ་ཚེ་རིང་ says:
    2016-05-30 at 3:02 pm

    ཁྱེད་ཀྱི་སྨོན་ལམ་རྒྱབ་ས་དེ་རེད་མིན་འདུག་།

  8. རྒྱང་མིག says:
    2016-05-30 at 3:45 pm

    ཚོགས་གཞོན་ནི་ཨཅརྱ་ཡེ་ཤེས་ཕུན་ཚོགས་རེད་ཟེར། གྲོས་ཚོགས་གཅིག་ལ་ཚོགས་གཙོ་གཉིས། ཚོགས་གཙོ་གཉིས་ལ་ཚོགས་གཞོན་གཅིག ཚོགས་གཙོ་གཞོན་གཉིས་དེ་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་མཁན་གཉིས། རབ་བྱུང་དེ་གཉིས་ཀྱང་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་གཉིས། ཚེ་འདིའི་ཕུན་ཚོགས་བློས་བཏང་ཏེ་ཚེ་ཕྱི་མ་གཙོ་བོར་དོན་དུ་གཉེར་མཁན་གཉིས། ཉེ་རིང་ཆགས་སྡང་མེད་པ་གཉིས་སོགས་་་་་་་་་ཧཧཧཧཧ

  9. དཀར་མེ། says:
    2016-05-30 at 3:45 pm

    ᫄ᨕᨵ᫥་ᨵ᪽ᨕ་ᨵᫍᨕ᪄་᫥ུ་ཡིན་ན་ཡིན་དུ་བཅུག གཙོ་བོ་ཤ་ཁྲག་རུས་གསུམ་གཅིག་ཅིང་། རང་བྱུང་གི་ས་བབ་དང་། ཆོས་དང་སྐད་ཡིག་སོགས་གང་ཐད་ནས་བོད་མི་རིགས་གཅིག་པོ་འདི་ལ་མིག་རྒྱང་ཐུང་ངུས་རིས་གཅོད་མི་བྱེད་པར། ༸རྒྱལ་བ་དོན་གྱི་བདག་པོའི་ཐུགས་རེ་སྒྲུབ་རྒྱུ་བྱུང་ན་དེ་གས་འགྲིག

  10. བོན་ཚང says:
    2016-05-30 at 4:02 pm

    མངོན་ལྐོག་མེད་པས་བྱ་ལས་བསྒྲུབ་མཁན་ཏེ།།
    བླ་སྤྲུལ་སྐྱ་སེར་ཕོ་མོ་སུ་ཡིན་ཡང་།།
    ཐུགས་རྗེ་ཆེ་དང་རྗེས་སུ་ཡི་རང་ཡོད།།
    དེ་ལྡོག་ངོ་ཚ་མེད་པས་ཁྱི་དང་མཚུངས

  11. བྱམས་པ། says:
    2016-05-30 at 5:16 pm

    དམངས་གཙོ་ནི་མཚམས་རེར་ཉེན་ཁ་ཅན་ཞིག་ཡིན་པའི་ལོ་རྒྱུས་མང་པོ་ཡོད་པ་རེད། མང་གཙོའི་ནུས་པའི་ཆ་ཤས་གཅིག་དེ་རེད། ད་རེས་སྤྱི་འཐུས་ཁ་ཤས་ནས་འོས་བསྡུའི་འགན་འཛིན་ལ་ཁ་རྩོད་དང་བཙན་པོ་དབང་ཡོད་བཤད་པ་འདྲ་ཞིག་གྲག་གིན་འདུག་ནའང་། ཞེ་སྡང་དང་ཞེན་ཁོག་གི་དབང་དུ་སོང་དྲགས་ནས་འོས་བསྡུའི་འགན་འཛིན་ལ་རྡུང་རྡེག་བཏང་མ་བཏང་བ་འདི་ལ་ཚང་མས་དགའ་བ་སྒོམ་དགོས་པ་རེད། ཚང་མས་དགའ་བ་སྒོམ་རོགས།

  12. ཀརྨ་བློ་གསལ་ says:
    2016-05-30 at 9:48 pm

    ད་ཚར་ཤག གྲོས་ཚོགས་ལ་མགོ་གཉིས། ཚོགས་གཞོན་ནི་སྤྱི་རྒྱུ་སྒེར་བདག་བྱེད་མཁན་གྱི་དཔུང་རོགས། ད་དུང་གུང་ཁྲན་ཏང་གི་རྣ་ཅོག་བློ་བཟང་ཆོས་འབྱོར། ལྟད་མོ་ག་ལེར་ཡོང་ངེས་རེད།

  13. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-30 at 10:15 pm

    སྤྱི་འཐུས་ཚོགས་གཙོ་གཉིས་རེ་མོས་བྱ་རྒྱུའི་ལམ་ལུགས་་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་སྤྱི་འཐུས་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ཁྲིམས་སྒྲིག་གང་གི་ཆ་རྐྱེན་འོག་འགན་ཁུར་ནས་ཚོགས་གཙོ་གཉིས་རེ་མོས་བྱ་རྒྱུ་བཟོས་ཡིན་མང་ཚོགས་ལ་གསལ་བཤད་གནང་དགོས་པ་དེ་ཁྲིམས་བཟོའི་ཐུགས་འགན་ཞིག་མ་རེད་།

  14. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-30 at 10:17 pm

    ནོར་བཅོས་( ཁྲིམས་བཟོའི་ཐུགས་འགན་ཞིག་མ་རེད་དམ་?)

  15. ཨ་འབར་འཇིགས་དབང་། says:
    2016-05-31 at 12:26 am

    ༅༅། རྩ་བའི་སྐབས་བཅུ་དྲུག་པའི་བོད་མི་མང་གི་སྤྱི་འཐུས་རྣམས་ལ་བཀྲིས་བདེ་ལེགས་ཡོད།
    སྤྱི་དོན་ལེགས་འགྲུབ་ཡོང་བའི་དཀོན་མཆོག་ལ་མ་བཅོས་སྙིང་ནས་གསོལ་འདེབས་ཞུ་གི་ཡོད།

    ཁྱེད་རྣམས་ཀྱི་ཡང་བསྐྱར་ཡ་རབས་བཟང་སྤྱོད་བརྗེད་འགྲོ་གི་ཡོད་ས་རེད།
    ནམ་ཡང་རྒྱལ་བ་དོན་གྱི་བདག་པོའི་བཀའ་སློབ་རྣམས་མ་བརྗེད་པ་གནང་དགོས་པ་
    ཐུགས་ལ་འཛིན་པ་ཞུ།།
    ༅༅། མ་བརྗེད་མ་བརྗེད་བཟང་སྤྱོད་མ་བརྗེད།།
    བཟང་སྤྱོད་བོད་མིའི་བླ་སྲོག་རེད།།
    ཡ་རབས་ཀུན་སྤྱོད་མི་ལ་མེད་ན་མི་དེ་ཁྱི་ལས་ཞན་ཅིང་ཞན།།
    ལྟ་སྤྱོད་མེད་ན་མི་དེ་དུད་འགྲོ་དང་ནི་ཁྱེད་པར་ཅི།།
    ལྟ་བ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་མཐུན་པ་གྱིས།།

  16. ནུབ་ཕྱོགས་གངས་ཕྲུག says:
    2016-05-31 at 1:10 am

    ཀརྨ་བློ་གསལ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་སུ་རེད། རེ་རེ་བྱས་ནས་བཤད་བཞོག

  17. ཁ་བ་རི་བ་ says:
    2016-05-31 at 2:29 am

    ཡ་ཡ་ མི་ལ་ལྟ་བའི་མིག་ཡོད་ཀྱང། རང་ཉིད་བལྟ་ན་མེ་ལོང་དགོས་།

  18. མེ་ཏོག་བཀྲ says:
    2016-05-31 at 3:15 am

    སྤྱི་འཐུས་རྣམས་ནི་བོད་མི་མང་གི་སྐུ་ཚབ་ཡིན་པས། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐུས་ཚབ་མིན། དེར་བརྟེན་ཁྱེད་རྣམས་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེན་དཀྲུག་དེ་གནང་དགོས་པའི་རྒྱུ་མཚན་ཅི་ཡང་མེད། དེ་མིན་ལས་རྒྱུ་འབྲས་ཀྱིས་འཕྱུགས་མི་ཡོང་བས་བསམ་བློ་ཐོངས། བོད་ལྗོངས་ཆོས་སྐྱོང་རྣམས་ཀྱིས་གཟིགས་བཞིན་ཡོད་པས། དུས་ཚོས་མ་ཟིན་སྔོན་དུ་ཨ་ཞང་ཆོས་རྒྱལ་གྱི་གམ་དུ་འགྲོ་དགོས་ཆགས་ཡོང་ངོ་།།

  19. བསྟན་འཛིན says:
    2016-05-31 at 3:48 am

    བརྒྱད་ཅུ་གྱ་གྲངས་ལ་ཕྱིར་ནུར་རྒྱབ་པ་རེད།སྐབས་དེར་གཙོ་གཞོན་གཉིས་ཀ་གྲྭ་བ་རེད

  20. སྤོབས་པ་མཐའ་ཡས། says:
    2016-05-31 at 4:09 am

    བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀ་གྲྭ་བ་རེ་ཡིན་པའི་རེ་བ་ཡོད། གྲྭ་བ་མེད་དུས་བོད་པའི་སྤྱི་ཚོགས་འདི་ཚར་སོང་བ་རེད། གྲྭ་བ་མེད་ཉིན་བོད་པའི་སྤྱི་ཚོགས་འདི་འཁྲུགས་སོང་བ་རེད། གྲྭ་བ་མེད་ཉིན་བོད་པའི་སྤྱི་ཚོགས་འདི་བརླགས་སོང་བ་རེད། རྒྱལ་ཁབ་སྐྱོང་སྟངས་ཀྱི་ཐད་ནས་བཤད་ན་ཡིན་དང་ཡིན། ང་སྒེར་ངོས་ནས་བཤད་ན་རང་གི་ཉེ་འབྲེལ་ཚོའི་ཁྲོད་ན་ཡང་ངོ་མ་ཡིད་ཆེས་བློས་འགེལ་བྱ་ས་དེ་གྲྭ་བ་ཚོ་ཡིན་མ་གཏོགས་མི་སྐྱ་ཚོ་མིན། ཕ་ཡུལ་ལ་དངུལ་ཞིག་བསྐུར་དགོས་ན་ཡང་གྲྭ་བ་ཚོ་བརྒྱུད་ནས་བསྐུར་གྱིན་ཡོད་མ་གཏོགས་མི་སྐྱ་ཚོ་བརྒྱུད་ནས་སྐུར་གྱིན་མེད། ང་རང་གི་ཉམས་མྱོང་གི་སྟེང་ནས་བཤད་པ་ཡིན།

  21. གཡུ་ཐོག says:
    2016-05-31 at 5:28 am

    སྤྱི་མཐུས་ཚོགས་གཙོ་གཞོན་ལྷན་གཉིས་མགོ་རིལ་ཆོས་པ་ཞིག་ཡིན་ཕྱིར་བོད་པའི་ཐབ་རྩོད་དང་ལྷག་པར་སྤྱི་མཐུས་ལྷན་རྒྱས་ཀྱི་ལྷག་བསམ་དང་། ཡ་རབས་བཟང་སྤྱོད། མི་རིགས་ཀྱི་ལ་རྒྱ་སོགས་ལ་ཉུར་མཐར་ཕན་པའི་རེ་སྨོན་ཡོད།

  22. བསྟན་འཛིན says:
    2016-05-31 at 6:26 am

    ཡིད་ཆེས་དང་རེ་བ་བོད་པར་ཆེ་དྲག་མེད་ན་ཆུང་མེད་དོ།གང་ལྟར་གཞན་གྱིས་གཟིགས་ན་རང་གིས་བསམ་ན་ཡག་རྟགས་ཤིག་མ་རེད།
    འདི་བྱེད་མཁན་ཚང་མ་ཕྱོགས་གཅིག་རེད།

  23. ཀ་བ་ཚེ་རིང་ says:
    2016-05-31 at 6:59 am

    དབྱིན་ཡིག་ནང་Hope is not a policy ཞེས་པའི་བཤད་སྲོལ་ཞིག་ཡོད་། དེའི་གོ་དོན་ནི་རེ་བ་ནི་སྲིད་བྱུས་མ་རེད་ཅེས་པ་དེ་རེད་། བོད་ཡིག་གི་དྲྭ་ལམ་ལས་དབྱིན་ཇིའི་དྲྭ་རྒྱ་ཁག་གི་ཐོག་གནས་ཚུལ་ཁ་གསལ་བ་འདུག་།
    བློ་བཟང་དབང་རྒྱལ་གྱི་Tibet Sunགི་ཐོག་མདོ་སྨད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ཟེར་བ་ཕེབས་མེད་པ་བཀོད་ཡོད་པ་རེད་། གལ་ཏེ་ཁོང་ལ་ཟློག་ཏུ་མེད་པའི་དཀའ་ངལ་ཞིག་འགྲེལ་བརྗོད་གནང་རྒྱུ་མེད་ཚེ་དེ་ནི་ཁོང་གིས་ལས་དོན་འགན་འཁུར་མ་གནང་བའི་མཚོན་དོན་རེད་། འོས་ཤོག་གཅིག་གི་ཀྱང་དོན་རྐྱེན་དེ་ལྟ་བུ་མི་ཡོང་བ་བྱས་ཐུབ་།

  24. ཅང་ཤེས་རྟ་མཆོག says:
    2016-05-31 at 7:32 am

    ་མདོ་སྨད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་དགོངས་པ་ཞུས་ན་ཡག་ཤོས་རེད

  25. བསྟན་འཛིན says:
    2016-05-31 at 8:06 am

    མདོ་སྨད་སྤྱི་འཐུས་མེད་ན་བཟང་ནི་མིན་ན་པདྨ་འབྱུང་གནས་བཀའ་བློན་ལ་འགྲོ་ཡ་རེད་ཟེར།ཚོགསགཙོ་་མི་གཅིག་ལོ་ཡུན་ཆ་ཚང་རེད་དོ

  26. རི་རྒྱལ་ཏི་སེ says:
    2016-05-31 at 8:32 am

    སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཆོས་སྲིད་གང་གི་ཐད་ལ་ཡང༌། གྲྭ་བའི་ས་མ་ཟིན་པ་ཞིག་མེད་ཚོད་རེད། གྲྭ་བ་ཟེར་མཁན་དེ་ཚོ་མེད་ན། བོད་ཀྱི་ཆོས་དང་རིག་གཞུང་ཐམས་ཅད་སྔ་ས་ནས་རྩ་མེད་ཕྱིན་ཚར་བ་རེད། དེ་ཡིན་དུས་མ་འོངས་པའི་སྲིད་སྐྱོང་དེ་སེར་མོ་བ་ཞིག་ཡོང་གཏན་འཁེལ་རེད།

  27. བསྟན་འཛིན says:
    2016-05-31 at 8:59 am

    སྔོན་གྱི་སྐྱེས་བུ་དམ་པ་དང་མཁས་པའི་མཛད་རྗེས་གྲོས་ཚོགས་ནང་གི་སེར་མོ་བ་དེ་ཚོའི་རྒྱབ་སྐྱོར་དུ་འགྲོ་གི་མ་རེད་འདོད།དེ་ཚོས་བྱེད་སྟངས་ལ་བློ་ཕམ་ཡོད།མི་དགེ་བཅུ་ཙམ་ཡང་ཡག་པོ་སྲུང་གི་ཨེ་ཡོད་བསམ་བསམ་དེ་འདྲ་ཡོད་པ་མིག་མཐོང་རེད།དེའི་ནང་གི་ཁ་ཤས་ཁྱིམ་པ་ལས་སྐྱོ་བ་མི་འདུག་གས

  28. བཀྲ་ཤིས། says:
    2016-05-31 at 9:09 pm

    ད་ཐེངས་ཀྱི་ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་དབྱིན་རྒྱ་གཉིས་ཀྱིས་གཙོས་ཕྱི་རྒྱལ་གྱི་སྐད་ཡིག་ཚིག་གཅིག་ཀྱང་ཤེས་ཀི་མེད། ཕྱི་རྒྱལ་གྱི་སྐད་ཡིག་ཚིག་གཅིག་མི་ཤེས་པའི་བླ་རྒན་ཞེན་ཁོག་སྐམ་པོ་ཅན་ཞིག་སྤྱི་འཐུས་ཚོགས་གཙོ་ཆགས་པ་རེད།
    ད་ནས་ང་ཚོའི་ཚོགས་གཙོ་བླ་རྒན་དེ་ཕྱི་རྒྱལ་སོགས་ཀྱི་ཚོགས་འདུ་ལ་ཕྱིན་སྐབས་ཁོང་ལ་བོད་དོན་ཆེད་སྐར་མ་ལྔ་རིང་སྐད་ཆ་ཤོད་ཟེར་དུས་ཁོང་རང་གིས་སྐར་མ་གཉིས་དང་ཕྱེད་ལ་གཏམ་བཤད་སྤེལ། འཕྲོས་སྐར་མ་གཉིས་དང་ཕྱེད་དེ་སྐད་བསྒྱུར་ལ་སྤྲད་དགོས་པ་རེད། ཧཧཧཧཧཧཧཧཧ། ད་ང་ཚོ་ཚར་བཞག དབྱིན་སྐད་ཚིག་གཅིག་ཀྱང་མི་ཤེས་པའི་སྤྱི་འཐུས་ཚོགས་གཙོ་ཞིག
    ལོ་གཉིས་དང་ཕྱེད་རིང་ཚོགས་གཙོ་བླ་རྒན་དེས་མ་ཎི་བཏོན་ནས་མཚམས་ལ་བསྡད་ན་དེ་ཡག་ཤོས་རེད། ཧཧཧཧཧཧཧཧ། ད་ང་ཚོར་རེ་བ་གཅིག་ཀྱང་མེད་པ་རེད། ཧཧཧཧཧཧཧཧ།

  29. བཀྲ་ཤིས། says:
    2016-05-31 at 9:11 pm

    ད་ཚོགས་གཙོས་གྲྭ་ཆས་གྱོན་ཡོད་པར་བརྟེན་ང་ཚོས་ཁོང་ལ་སྐྱབས་སུ་མཆི་ཟེར་ནས་ལག་གཉིས་ཐལ་མོ་སྦྱར་ནས་འདུག་རྒྱུ་ལས་གཞན་ཅང་མེད། དེ་རང་ཡིན།

  30. ཨ་འབར་འཇིགས་དབང་། says:
    2016-05-31 at 10:10 pm

    ༅༅། ད་ཐེངས་ཀྱི་སྤྱི་འཐུས་དམ་འབུལ་དང་ཚོགས་གཙོ་གཉིས། ཚོགས་གཞོན་ལ་འོས་གྲངས་གཅིག་གཉིས་
    ལས་མེད་པ་སོགས་ཀྱི་མཛད་སྒོ་འདྲ་བོ་ག་འདྲ་ཞིག་གནང་ཡང་བྲོ་བ་མེད་བསྡད་མཁན་ཞིག་འདུག།
    གང་ཡིན་འགྲོ། ལོ་ལྔ་བཅུ་བརྒལ་ཡང་ད་དུང་བཤད་རྒྱུ་གཅིག་ བྱེད་རྒྱུ་གཅིག་ ལབ་རྒྱུ་གཅིག་ ལྗིད་ཁོག་གཅིག་ཀྱང་མི་འདུག་ རྩ་བ་ནས་སྤྱི་འཐུས་ཁ་ཤས་མི་ཚེ་སྤྱི་འཐུས་ཀྱི་རྐུབ་བཀྱག་བཟུང་ནས་མི་གཞན་ལ་བསམ་བློ་རྕ་བ་ནས་གཏོང་གི་མི་འདུག་པས་ནམ་ཞིག་མང་ཚོགས་ནས་ཡིད་ཆེ་བརྕི་བཀུར་བརླག་རྒྱུ་རེད་འདུག་ བཟང་སྤྱོད་ཀུན་སྤྱོད་ཉམས་ནས་འགྲོ། མ་རབས་རྒྱས་ནས་ཡ་རབས་ཉམས།
    རྒྱལ་བའི་བཀའ་ལ་སྣང་ཆུང་བཏང། རང་གི་རང་བཀྱགས་སྐྱག་པས་རྐུབ་ཡང་བཀྱགས།

  31. སྤོབས་པ་མཐའ་ཡས། says:
    2016-05-31 at 10:39 pm

    སྤྱི་འཐུས་ཚོགས་གཙོ་ལ་གྲྭ་བ་ཞིག་འདེམས་ཐོན་བྱུང་བ་དེ་ང་ཚོས་བསོད་ནམས་གཞལ་དུ་མེད་པ་བསགས་པའི་འབྲས་བུ་རེད། མི་སྐྱ་མི་ངན་ཞིག་ཚོགས་གཙོར་སླེབས་ན་མཐོ་སྲིད་སྐྱོང་མན་ཆད་ལ་འགྲན་པའི་ཟླ་དང་། དོ་བརྡོ་ཕོད་འཛུགས་བྱས་ནས་བོད་མི་མང་ཆག་ཆེ་ཉམ་ངའི་གནས་སུ་བསྐྱལ་རྒྱུ་ཡིན་པ་ང་ཚོའི་ཉམས་མྱོང་ལས་ཤེས་སོང་ང་།

  32. གཡུ་ཐོག says:
    2016-06-01 at 1:30 am

    ད་མ་འོངས་པ་ཆོས་རིག་ལྷན་ཁང་གི་ཞབས་རིམ་བྱེད་སྒོ་དང་ཁ་འདོན་གསོག་སྒྲུབ་ཇི་ཡོད་རུང་སྤྱི་མཐུས་ལྷན་ཚོགས་ནས་གང་ལེགས་སྒྲུབ་ཐུབ་པའི་སྣང་བ་འདུག ཚོགས་གཙོ་བགྲེས་གཞོན་གཉིས་ནི་བླ་རྒན་མགོ་རིལ་ཆོས་པ་རེད་འདུག ཕལ་ཆེར་སྤྱི་མཐུས་ནང་བལྟ་བཟོ་ཡོད་པ་ཁོང་གཉིས་ལས་ལྷག་མེད་པ་འདྲ། ཡ་མཚན་རེད། ཚང་མར་མིང་དགོས་འདུག ལས་ཀ་བྱེད་འདོད་སུ་ལ་ཡང་མེད་པ་འདྲ། བླ་རྒན་གཉིས་ལས་ལྷག་པའི་ཤེས་འཇོན་ལྷག་བསམ་ལྡན་པའི་སྤྱི་མཐུས་ཕལ་ཆེར་མེད་པ་འདྲ།

  33. ཡ་མ་ཚེ་རིང says:
    2016-06-01 at 5:04 am

    དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཐོག་སྲིད་སྐྱོང་མཆོག་ནས་ཕྱག་རོགས་བཀའ་བློན་རྣམ་པ་མཚན་འདོན་གནང་བ་ལྟར་ཚང་མ་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་མང་མོས་བདམས་ཐོན་བྱུང་།
    དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་དང་པོའི་སྔ་དྲོར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་ལྟར་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་རྣམ་པ་དྲུག་མཚན་འདོན་གནང་སོང་ལ། བཀའ་བློན་ཚང་མར་དགག་བྱ་རྒྱག་མཁན་བྱུང་སྟབས། ཚོགས་གཙོ་ཚུད་པའི་ངོ་ཡོད་སྤྱི་འཐུས་ ༤༣ ནས་འོས་ཤོག་འཕངས་སོང་བ་དང་། བཀའ་བློན་དུ་བདམས་ཐོན་བྱུང་བར་ཉུང་མཐར་ངོ་ཡོད་སྤྱི་འཐུས་ ༢༢ ཡི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པ་ལྟར། མཚན་འདོན་བཀའ་བློན་ཚང་མ་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་མང་མོས་འོས་འདེམས་གནང་སོང་།
    ཤེས་རིག་བཀའ་བློན་ཟུར་པ་དངོས་གྲུབ་ཚེ་རིང་མཆོག་ལ་འོས་གྲངས་ ༢༩ ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང།
    བཀའ་ཤག་སྐབས་བཅུ་བཞི་པའི་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་འོས་གྲངས་ ༣༧ ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་།
    ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལ་འོས་གྲངས་ ༣༨ ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་།
    བདེ་སྲུང་འཛིན་སྐྱོང་དྲུང་ཆེ་འཕགས་པ་ཚེ་རིང་མཆོག་ལ་འོས་གྲངས་ ༣༡ ཐོབ་ནས་བཀའ་བློན་དུ་བདམས་ཐོན་བྱུང་།
    སྤྱི་འཐུས་ཟུར་པ་ཀརྨ་ཡེ་ཤེས་མཆོག་ལ་འོས་གྲངས་ ༢༧ ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་།
    སྐབས་བཅུ་བཞི་དང་བཅོ་ལྔ་པའི་སྤྱི་འཐུས་ཟུར་པ་ཆོས་སྐྱོང་དབང་ཕྱུག་མཆོག་ལ་འོས་གྲངས་ ༢༤ ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་།
    སྤྱི་འཐུས་ཤར་གླིང་ཟླ་སྒྲོན་མཆོག་ལ་འོས་གྲངས་ ༢༥ ཐོབ་ནས་བཀའ་བློན་དུ་བདམས་ཐོན་བྱུང་།
    སྲིད་སྐྱོང་མཆོག་ནས་བཀའ་བློན་རྣམ་པ་མཚན་འདོན་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་བཀའ་བློན་རྣམ་པའི་ལོ་རྒྱུས་དང་རྒྱབ་ལྗོངས་བཅས་སྤྱི་འཐུས་རྣམ་པར་ཡིག་ཐོག་ནས་འབུལ་དགོས་པ་དང་། དེ་ལྟར་མ་བྱུང་ན། སྤྱི་ཚོགས་ཁྲོད་སྤྱི་འཐུས་རྣམ་པས་དཔྱད་ཞིབ་དང་རྒྱུས་མངའ་ཡོད་མེད་ལ་མ་ལྟོས་པར་མཚན་འདོན་བཀའ་བློན་རྣམས་ལ་མོས་མཐུན་གནང་བ་དེ། འགན་མ་འཁུར་བའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་ཞུ་མཁན་མང་པོ་ཡོད་སྟབས། སྔར་ལྟར་ཁོང་རྣམ་པའི་ལོ་རྒྱུས་ཡིག་ཆ་བཀྲམ་དགོས་སྐོར་དང་། བཀའ་བློན་འོས་མིར་དཔྱ་ཁྲལ་ལག་དེབ་ཡོད་མེད་དང་མཚན་འདོན་གནང་བའི་བཀའ་བློན་ནང་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དབུ་མའི་ལམ་དང་མི་མཐུན་པའི་འོས་མི་བསླེབས་ཡོད་སྐོར་སོགས་ཀྱི་དོགས་གཞི་དགོངས་འཆར་བཏོན་ཡོད་སྟབས། སྲིད་སྐྱོང་མཆོག་ནས་ཚོགས་དྲུང་ལས་ཁུངས་ཀྱི་ལམ་སྟོན་ལྟར་མཚན་འདོན་གནང་ཡོད་པ་དང་། མཚན་འདོན་བཀའ་བློན་ཚང་མར་དཔྱ་ཁྲལ་ལག་དེབ་ཡོད་ལ། ། ཚང་མས་དབུ་མའི་ལམ་གྱི་ཐོག་ཕེབས་པར་དམ་བཅའ་གཙང་མ་ཕུལ་ཟིན་ཡོད་སྐོར་སོགས་གསལ་བཤད་གནང་བ་དང་འབྲེལ། མཚན་འདོན་བཀའ་བློན་རྣམ་པའི་ལོ་རྒྱུས་རྒྱབ་ལྗོངས་ཀྱི་ཡིག་ཆ་གྲོས་ཚོགས་ནང་བཀྲམ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme