Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདག་གི་མེས་པོ་དགེ་འདུན་ཆོས་འཕེལ།

Posted on 2013-06-072013-06-07 By ཁ་བརྡ་ No Comments on བདག་གི་མེས་པོ་དགེ་འདུན་ཆོས་འཕེལ།

—བོད་ཀྱི་དེང་རབས་མི་ཚུལ་རིག་པའི་ཕ་ཡབ་ཏུ་འབོད་པའི་མདོ་སྨད་པ་དགེ་འདུན་ཆོས་འཕེལ་མཆོག་ལ་རྗེས་དྲན་གྱི་ཚུལ་དུ་ཕུལ།
བཀྲ་ཤིས་དོན་འགྲུབ།

ཡོད་ཚད་གཉིད་དུ་ཡུར་བའི་མཚན་མོ་དེར
ཁོར་ཡག་དེ་ཧ་ཅང་སོས་དལ་ཞིང་ཁུ་སིམ
སྐབས་དེ་དུས་ཁྭ་ཏ་ལྟ་བུའི་ཁྱོད་ཀྱིས
རྟོགས་སད་ཀྱི་གཤོག་ཟུང་སྨག་ལ་འབྲབ་བཞིན
ཆེས་མི་སྙན་པའི་ཐན་སྐད་ལྟ་བུའི་ཀི་སྒྲ་གཟན་པོ་དེས
སང་ཉིན་གྱི་གོད་ཆག་གདངས་སུ་གྱེར་ཏེ
ཛ་དྲག་པའི་སྔོན་བརྡ་ཡང་ཡང་བྱས་པས
གདོད་མའི་སྤྱི་ཚོགས་འདིའི་ལྷིང་འཇགས་རྦ་རླབས་བཞིན་དཀྲུགས
ཆེས་ཁུ་སིམ་པའི་མཚན་མོ་དེ
ཧ་ཅང་ཟང་ཟིང་དུ་བཏང་ཞིང ཧ་ཅང་དངངས་འཚབ་ཏུ་གྱུར
བྱ་གླག་ལྟ་བུའི་ཁོ་ཚོ་དང་ནེ་ཙོ་ལྟ་བུའི་ཁོ་ཚོ
བག་ཕེབས་ཀྱི་རྨི་ལམ་དཀྲོགས་པའི་འཁོན་སྡང་དང
རྟོགས་སད་ཀྱི་གཤོག་རླབས་རྒོད་པར་མིག་སེར་ལྡང་དྲགས་པས
ཁྭ་ཏ་ལྟ་བུའི་ཁྱོད་ལ
དབང་ཤེད་ཀྱིས་རྒོལ་གཏམ་བཏང་ཞིང
བསླུ་བྲིད་ཀྱི་ཟུར་མིག་འཕངས
དེ་ལྟ་ནའང ཁྭ་ཏ་ལྟ་བུའི་ཁྱོད་ཀྱིས
རྒྱལ་ཁམས་ཀྱི་མཁའ་ནས
ལོ་རྒྱུས་ཀྱི་སྨུག་སྤྲིན་འཐིབ་པ་མིག་གིས་མཐོང་ཞིང
སྲན་མི་ཚུགས་པའི་དུས་རབས་ཀྱི་རྨ་ཁ་རེ་རེ་ལུས་ཀྱིས་མྱངས་དྲགས་པས
ཁོ་ཚོ་དང་ཁོ་ཚོའི་རྒོལ་གཏམ་ལ་འཛེམས་མ་ཐུབ
ཁོ་ཚོ་དང་ཁོ་ཚོའི་གཡོ་འོག་ཏུ་འཛུལ་མ་ཕོད
སྨག་རུམ་གྱི་ཁྲོད་ན་དར་ལྕོག་བཞིན་འདར་བའི་མཚན་མོ་དེར
ཟང་ཟིང་དང་དངངས་འཚབ་ཀྱི་གསེང་ནས
བྱ་གླག་དང་ནེ་ཙོ་ལྟ་བུའི་ཁོ་ཚོས
ཁྭ་ཏ་ལྟ་བུའི་ཁྱོད་ལ
གཡུལ་ངོ་སྤྲད་ཅིང་གདུང་ཁ་གཏད
དེ་དུས་ཁྱོད་རང་ཁེར་རྐྱང་ཡིན་ལ་རྨས་མ་ཡིན་ཨང
ཁྱོད་རང་ཁོ་ཚོའི་གདུང་ཁ་ནས་མཐར་ག་ལ་སྲིད་དེ
ཞོགས་པའི་སྐྱ་མདའ་མ་བཏང་བའི་སྔོན་དུ
ཁྱོད་ཀྱི་ཆེས་མཇུག་མཐའི་དབུགས་རྒྱུན་དེ་ཁོ་ཚོས་བཅད་ཟིན་ལ
ཁྱོད་རང་འཇིག་རྟེན་འདི་དང་གཏན་དུ་གྱེས་དགོས་བྱུང་བས
གླེང་གཞི་ཟབ་པའི་མཚན་མོའི་གཏམ་རྒྱུད་དེར
རྫོགས་ཚིག་དང་བཞི་ཤད་ཀྱི་ཐམ་རྟགས་ཕོག
དུས་དེ་ནས་བཟུང ཁྭ་ཏ་ལྟ་བུའི་ཁྱོད་རང
ལོ་རྒྱུས་གསར་པའི་དབུ་ཁྱུད་དུ་གྱུར་ཅིང
གླེང་མི་ཚར་བའི་རྡོ་རིང་ཞིག་ཡིན་སྟབས
བདག་གི་མེས་པོ་དགེ་འདུན་ཆོས་འཕེལ
རླབས་ཆེན་ཀྱི་སྐྱེས་བུའི་དབུ་འཁྲིད་ཡིན

(རྩོམ་ཡིག་འདི་ནི་མེ་ལྕེས་བརྩམས་པའི་《དགེ་འདུན་ཆོས་འཕེལ་དང་ངོ་ལོག་པའི་མཛད་སྤྱོད》ཅེས་པའི་བརྩམས་ཆོས་ཀྱི་ལྟ་ཚུལ་གཞིར་བཞག་ནས་བྲིས་པ་ཡིན།)

སྙན་ངག

Post navigation

Previous Post: དོལ་རྒྱལ་རྗེས་འབྲང་པ་བསོད་ནམས་རིན་ཆེན་གྱི་སྣོག་གཏམ་ལ་གསལ་བཤད།
Next Post: ཨ་རིའི་རླུང་འཕྲིན་གྱིས་བཟོས་པའི་ “གངས་ལྗོངས་མེ་ལྕེ། བོད་ནང་གི་མེར་སྲེག”ཅེས་པའི་གློག་བརྙན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme