Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདག་གི་མཐོང་སྣང་དུ་འགྱིངས་པའི་མི་བོ་ཆེ་ཞིག་གི་རྟོགས་བརྗོད།

Posted on 2013-05-062013-05-06 By ཁ་བརྡ་ 3 Comments on བདག་གི་མཐོང་སྣང་དུ་འགྱིངས་པའི་མི་བོ་ཆེ་ཞིག་གི་རྟོགས་བརྗོད།

གྲིབ་གཟུགས།

བདག་པོ་མེད་པའི་ཆོས་གོས་དང་སྣམ་སྦྱར་དེ་ནམ་ཡང་ཁྱོད་ཀྱིས་ཁུར་ནས་འདུག།
ཕྱག་དར་གོས་ལྭ་དེའི་གསེང་ནས་ཚུལ་ལྡན་དགེ་སློང་གི་གཟི་མདངས་འབར་བཞིན་འདུག།
ནམ་ཟླའི་ལ་མོ་དག་ནས་གསེར་གྱི་དོང་ཙེ་ལག་པས་འཐུ་བཞིན་ཡོང་བའི་ཁྱོད།།
བྲག་ལ་ཨི་ཁུང་རྟོལ་བའི་བརྩོན་འགྲུས་ཀྱི་རྣོ་ལྕགས་དེ་ནམ་ཡང་རུམ་ནས་འདུག།

དཔུང་ཤ་གཡའ་མདོག་ཏུ་ལྷུང་ལ་རན་ནའང་ལག་ངར་དེ་ཇེ་སྦོམ་ཇེ་སྦོམ་རེད།།
བྲོད་ཁོག་རྩམ་ཁུག་བཞིན་ཟག་ལ་རན་ཡང་བྲང་ཤ་དེ་ཇེ་ཟླུམ་ཇེ་ཟླུམ་རེད།།
ཡ་ཐོད་གཉེར་རིས་ཀྱིས་འགེབས་པར་ཉེ་ཡང་བཞིན་གྱི་དམར་མདངས་དེ་ཇེ་ཆེ་ཇེ་ཆེ་རེད།།
འཛིན་གྲྭའི་ཆོས་ཁྲི་དེའི་སྟེང་ནས་ཁྱོད་རང་ནམ་ཡང་ཇེ་ངར་ཇེ་ངར་རེད།།

མཁས་པའི་གྲགས་སྐམ་དེ་མེད་ཀྱང་རིག་པའི་མེ་སྟག་དེ་འོད་ཆེམ་ཆེམ།།
ཕོ་གསར་རྒོད་པོ་ཞིག་མིན་ཀྱང་དཔུང་པའི་ཤ་རྒོད་དེ་གྲིམ་ཧྲིལ་ཧྲིལ།།
དབང་ཆ་ལག་མཐིལ་ན་ལོན་ཀྱང་ཁྱོད་རང་ནམ་ཡང་ཉམ་ཆུང་ཆུང་།།
མཁན་པོའི་མཚན་སྙན་གྱིས་བརྗིད་ཀྱང་ཁྱོད་རང་ནམ་ཡང་གྲྭ་རྐྱང་ཞིག།

ཤེས་དགོས་མཁན་ང་ཚོ་ཡིན་ཡང་རྟགས་བསལ་གཏོང་མཁན་ནི་ནམ་ཡང་ཁྱོད་རང་རེད།།
ཉན་དགོས་མཁན་ང་ཚོ་ཡིན་ཡང་དུས་ཐོག་ལ་འབྱོར་མཁན་ནི་ནམ་ཡང་ཁྱོད་རང་རེད།།
འཛིན་གྲྭ་འབུད་མཁན་དེ་ང་ཚོ་ཡིན་ཡང་སེམས་ངལ་ཁུར་མཁན་དེ་ནམ་ཡང་ཁྱོད་རང་རེད།།
ལུང་མ་བསྟན་གྱི་སྤྱི་ཚོགས་འདི་ནས་ལུང་དུ་བསྟན་པ་གཅིག་ཡོད་པ་ནི་ཁྱོད་རང་རེད།།

མི་ལོ་བརྒྱད་ལ་རྣ་བ་བླགས་ནའང་ཁྱོད་ཀྱི་བྱས་ཉེས་ཤིག་བདག་གིས་གོ་མ་མྱོང་།།
ལས་བྱེད་ཆེ་ས་དང་གོ་ས་མཐོ་ས་དག་རྡོག་པས་བརྒྱུད་ནས་ཡོང་བའི་ཁྱོད།།
བགྲང་བྱ་བཅུ་ཕྲག་ལྷག་ལ་དགོན་པ་འདིར་ལྷག་བསམ་གྱི་མཆོད་པ་ཕུལ་མཁན་ཁྱོད།།
ཁྱོད་ཀྱི་ངོ་གདོང་ན་ང་རྒྱལ་གྱི་འབུ་སྲིན་དག་ནམ་ཡང་འཆི་དབུགས་ལེན་བཞིན་འདུག།

ཚིག་རྩུབ་དང་ཟུར་ཟའི་རོ་འཛིན་ཁྱོད་ལ་ཡོད་པ་གཅིག།
ཁ་དོག་ནག་པོར་འགྲན་པའི་ལག་ལེན་ཁྱོད་ལ་མེད་པ་གཅིག།
ལམ་ཐག་ཇི་ཙམ་རིང་ཡང་ཁྱོད་ཀྱི་དབུགས་ཐག་དེ་ཙམ་རིང་།།
མི་ཆོས་ལྷ་ཆོས་གཉིས་ཀར་ཁྱོད་ལ་རྒྱུས་ལོན་ཟབ་མོ་ཡོད།།

ཉལ་ཁྲི་དང་ཕྱག་གདན་ཅ་ནེ་དང་དཔེ་ཆ་འགའ་དང་།།
གྲྭ་ཆས་ཆ་གཉིས་ཙམ་ལྷན་དཀྱུས་མའི་ཁ་པར་དེ་ལས།།
ཡོད་མ་མྱོང་བའི་ཁྱོད་ནི་གྲྭ་ཤག་གྲུ་བཞི་དེའི་ནང་ནས།།
ཚ་གདུག་གི་དུས་ཚོད་འདི་འཕུལ་ཐབས་ཀྱི་མན་ངག་ཅི་ཞིག་ཡོད།།

མ་ཤེས་ན་མ་ཤེས་པའི་སྒྲ་ཞིག་ཁྱོད་ཀྱི་ངག་ནས་ཐོས་རྒྱུ་འདུག།
མ་བཅོས་པའི་རྣམ་འགྱུར་ཞིག་སྟོད་འགག་རྫིག་པོ་དེའི་ནང་ནས་མཐོང་རྒྱུ་འདུག།
ཆོས་ཁྲི་འདིའི་སྟེང་ནས་ཁྱོད་རང་ལྷམ་མེར་ནམ་བཞུགས་ཀྱི་བར་དུ།།
བདག་གི་སྒོ་གསུམ་གྱི་གུས་ཕྱག་དེ་ཕངས་མེད་དུ་བཤེས་གཉེན་ཁྱོད་ལ་འབུལ།།

6/5/2013

རྩོམ་རིག

Post navigation

Previous Post: སངས་རྒྱས་སྤྱོད་པ།
Next Post: ཨིན་བོད་ཀྱི་འགྱུར་ལས་ཁྱད་པར་ཡོད་པ་འགའ་ཞིག་ཁོལ་དུ་ཕྱུངས་པ།

Comments (3) on “བདག་གི་མཐོང་སྣང་དུ་འགྱིངས་པའི་མི་བོ་ཆེ་ཞིག་གི་རྟོགས་བརྗོད།”

  1. མེ་ཏོག་དཀར་པོ says:
    2013-05-07 at 5:25 am

    རྒན་གྲྭ་པ་ཤེས་ཡོན་ཡག་པོ་ཡོད་པ་མཚོན་ཐབས་བྱས་འདུག ཡིན་ནའང་ཕྱག་དར་གོས་ལྭ་ཟེར་བའི་གོས་དེ་འདྲ་གྱོན་པ་ཡིན་ན་འཕྲོད་རྟེན་སོགས་དང་མིག་ལམ་ཡང་མི་མཛེས། མ་གཞི་ནས་ཕྱག་དར་འཕྲོད་པ་གྱོན་ན་དགེ་ཕན་ག་རེ་ཡོད་དམ། སྐྱོ་དྲག་ནས་གསར་པ་ཉོ་རྒྱུ་མ་ཐོབ་པ་ཡིན་ན་གྲིབ་གཟུགས་ཁྱོད་རང་གིས་ཉོས་ནས་ཕུལ་ན་འགྲིག་རྒྱུ།

  2. གྲིབ་གཟུགས། says:
    2013-05-07 at 1:09 pm

    མེ་ཏོག་དཀར་པོ་ཁྱོད་ཀྱིས་མུག་བཤད་རྒྱག་རྒྱུ་མ་གཏོགས་ཅི་ཤེས། སྟོན་པ་བཅོམ་ལྡན་འདས་ཀྱིས་གཞན་གྱིས་མཛེས་པོ་མཐོང་བྱེད་དུ་བཟོས་པ་མ་རེད། ལྡོག་སྟེ་གཞན་གྱིས་མི་སྡུག་པ་མཐོང་ཆེད་བཟོས་གནང་བ་དེ་ཁྱོད་ཀྱིས་སྐྱེ་བ་ཕྱི་མ་ཤེས་ན་མ་གཏོགས། ཚེ་འདིར་ཁྱོད་ལ་རེ་བ་འཆང་ཐབས་མི་འདུག གལ་སྲིད་ཁྱོད་ཀྱིས་ཕྱག་དར་ཁྲོད་ཀྱི་གོས་དེའི་དགོས་པ་ཅིས་ཀྱང་ཤེས་འདོད་ན། དེ་ནི་འཁོར་བའི་དངོས་པོ་ལ་ངེས་པར་འབྱུང་ཕྱིར་རེད། ཤེས་སོང་ན་ཁྱོད་ལ་འདི་ལས་ལྷག་པའི་བློ་སྐྱེད་རག་ཐབས་མེད། མ་ཤེས་སོང་ན། བོང་བུའི་ཨམ་ཅོག་ལ་གསེར་གྱི་ལོ་རྒྱུས་དེ་ངས་སྔ་མོ་ནས་ཤེས་ཏེ་ཡོད།

  3. བཀྲ་ཤིས་དོན་འགྲུབ། says:
    2013-05-07 at 1:18 pm

    མེ་ཏོག་དཀར་པོ་ཟེར་བ་དེ་ལས་ལྷག་པའི་ཅོལ་ཆུང་དང་། ཧོལ་རྒྱུག་ཅན་ཞིག་ཉི་མ་དེ་རིང་བར་དུ་མཐོང་མྱོང་མེད། ཁོས་མི་ཤེས་ཤེས་མདོག་གིས་ག་ས་ག་ནས་ཤི་ལབ་བརྒྱབས་ནས་འཚོ་བ་སྐྱེལ་ཐབས་བྱས་པར་བལྟས་ན། སྙིང་རྗེ་ཁོ་རང་རྡ་རམ་ས་ལའི་ཟ་ལེ་རྒྱལ་ཟེར་བའི་ལས་མེད་ཁྱི་འཁྱམ་སྐོར་ཞིག་ཡོད་རབས་ཐོས་མྱོང་བ་དེ་གྲས་ཡིན་བཟོ་འདུག ཁྱོད་ལ་ལས་ཀ་རྩ་བ་ནས་རག་གི་མི་འདུག་ན་ངའི་སར་ཤོག་དང་། ང་ལ་ལྷམ་འབྱིད་རྒྱུ་དང་སྤྱོད་ཁང་གཙང་བཟོ་བྱ་རྒྱུ་སོགས་ལས་ཀ་མང་པོ་ཡོད། ཞར་དང་ཞོར་ལ་བློ་སྦྱོང་ཕྲན་བུ་རེ་ཡང་རིན་མེད་ཐོག་སྤྲད་ཆོག
    འབྲེལ་གཏུགས་བྱ་ཡུལ་ཁ་པར་ཨང་། ༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩
    ཁྱོད་ཨང་གྲངས་འདི་ལ་འཐོམ་མདོག་ཁ་པོ་རེད་དེ། འདི་ནི་ཁྱོད་ཀྱི་རྣ་བའི་ཟུར་དུའང་ཐོས་མ་མྱོང་བའི་ཨ་རི་ཟེར་བའི་ཡུལ་གྲུ་དེའི་ཁ་པར་ཨང་གྲངས་རེད། ཤེས་སོང་ངམ། སྐྱག་པ་དཀར་པོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme