Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདག་གི་གངས་རི་དྲན་པ།

Posted on 2011-01-082011-01-08 By ཁ་བརྡ་ No Comments on བདག་གི་གངས་རི་དྲན་པ།

གཡུ་དྲུག་དཀར། རྡ་ས།
དུས་རྒྱུན་ལྟར་གཉིད་ལས་སད་པ་ཡིན་མོད། གཉིད་སྐྱོ་ད་དུང་དྭངས་མི་འདུག རྨི་ལམ་ལྟ་བུའི་དྲན་པ་རབ་རིབ་དེའི་ྐློང་ན། རླུང་གཡུག་པའི་ཤུར་སྒྲ་དང་འབྲུག་གྲགས་པའི་ལྡིར་སྒྲ། ཆར་བབས་པའི་ཤག་སྒྲ་བཅས་གཟན་སྒྲ་སྣ་ཚོགས་ཤིག་གི་སུན་སྣང་ལོང་ལོང་བྱེད་པས། མདང་དགུང་ཆར་བབས་ཏེ་གཉིད་ལ་བར་ཆད་བཏང་པ་རྟོགས་ཀྱང་། ཉིན་མཚན་དབྱེར་མེད་དུ་ཞེ་ལྷོད་ནས་འདུག་ཐབས་མེད་པའི་ས་མཐའི་སྡུག་སྣང་གིས་ཡི་ག་ལོག་བཞིན། མགོ་བོ་ཡར་དགྱེས་ཤིང་གཏད་སོ་མེད་པའི་གོམ་ཁ་ཕྱི་རོལ་ལ་བསྒྱུར་དགོས་སོང་།
ཕྱི་རོལ་གྱི་འགྱུར་བག་རྒོད་པའི་ཁོར་ཡུག་ལའང་མདང་ནུབ་ཀྱི་ཆར་རླུང་གིས་ཕོག་ཐུག་བཟོས་བདོ་བ་འདྲ་ཡང་། མདང་དགུང་གི་གནམ་གཤིས་ཀྱིས་བསྐྱེད་པའི་རྫ་སྟོད་ཀྱི་ལྷུན་ཆགས་པའི་ཁ་བ་དེ་མཐོང་དུས། གློ་རྡེག་ཏུ་བདག་སེམས་སུ་བརྩེ་ཞེན་གྱི་རྦ་རླབས་དགུང་དུ་འཕྱོ་ལ། ཡིད་ཀྱི་སྣང་བ་གངས་དཀར་གྱི་གཞི་འཛིན་དུ་གྱུར་ཅིང་། གངས་དཀར་གྱི་སྣང་བ་དེ་ཡིས་མདང་དགོང་ཆགས་པའི་ཁ་བའི་དཀར་ཞིང་འཇམ་ལ། བརྗིད་ཅིང་འོད་འཚེར་བའི་ངང་གཤིས་ཡིད་དུ་འཐད་པ་དང་།
སེམས་པ་འདི་ལྟར་རང་དབང་མེད་པར་གངས་རི་ལ་ཕྱོགས་ན། རི་མཐོན་པོའི་རྩེ་ཡི་ཁ་བ་ཡིན་ཡང་། ཅི་འདྲའི་སྐྱེན་ལ་ཅི་འདྲའི་མཐོ་བའི་སྣང་བ་དེ་རང་གི་ལ་རྒྱ་ཡི་ལྡོག་གཟུགས་སུ་འཁུམས་ལ། མིག་གོང་ལ་ལྷུང་བའི་གཟི་འོད་དང་གཟི་ཉམས་དེ་རང་གི་ཚེ་སྲོག་གི་ཉམས་སྣང་ཞིག་ལྟར་འགུལ་མོད། གཡས་གཡོན་གྱི་མི་སྐོར་ཞིག་གིས་རིའི་མགོ་ལ་འཁྱག་པ་བརྒྱབས་འདུག་ཅེས་སྐད་རྒྱག་པ་དང་། ཁོང་ཚོའི་ཁ་པར་གྱི་ཁབ་མིག་ལས་དོག་པའི་འདྲ་ལེན་ཤེལ་སྒོ་ཆུང་ཆུང་དེ་ཕར་སྐོར་ཚུར་སྐོར་གྱིས་ཡ་མཚར་མདོག་དང་ཧང་སངས་མདོག་བྱེད་ཀྱིན་གདའ་བའི་རྣམ་འགྱུར་ཡ་མ་ཟུང་དེ། སྐབས་འདིར་བདག་སེམས་སུ་བརྩེ་ཞེན་གྱི་ཟེར་མ་འཇོ་བ་ལྟ་བུའི་ཉི་ཟེར་བསྒྲིབས་པའི་ཡོལ་བ་ཡིན་སོང་ཨང་།
ཁོང་ཚོའི་ཁ་ནས་ལུད་པའི་སྐད་སྒྲ་དེའང་ད་དུང་རྣ་ལམ་ན་ཡལ་མེད་པའི་མདང་དགོང་གི་གཟན་སྒྲ་དེ་དག་ཇི་བཞིན། བདག་གི་འབྱུང་ཁམས་སྦྲིད་པར་བྱས། བདག་གི་ཤག་གསེང་རུས་གསེང་ལ་འཐིམ་ཡོང་གིན་པའི་ཉི་ཟེར་གྲང་ཤུར་ཤུར། བདག་གི་མིག་གོང་གི་གངས་དཀར་པོའི་རང་མདངས་ནག་རོག་རོག
འོན་ཀྱང་། འདང་རེ་བརྒྱབས་ན། ཕྱི་ནང་གི་གཟན་སྒྲ་གང་ཡིན་ཡང་། རྒྱུ་དང་རྐྱེན་གྱིས་མ་གྲུབ་པ་ཞིག་གཏན་མེད་པས། ཁོང་ཚོའི་སྣང་བ་འདི་ལྟར་ཧྲལ་འདུག་པའང་། ཁོང་ཚོར་གངས་རི་ཟེར་བ་ཞིག་དྲན་རྒྱུ་མེད་པས་རེད་ལ། གངས་རི་དྲན་རྒྱུ་མེད་པ་དེ་ནི་ཁོང་ཚོས་གངས་རི་ཟེར་བ་ཞིག་མ་མཐོང་བས་རེད། ཁོང་ཚོས་དེ་ལྟ་བུའི་གངས་རིའི་ངོ་བསོ་མ་མཐོང་པས། ཁོང་ཚོས་གངས་རི་ནི་དག་སྣང་གི་མི་ཡི་མདུན་དུ་ལྷ་ཡི་གསོན་ཉམས་ཀྱིས་འགྱིང་བའི་སྡོང་གྲོགས་ཀྱི་མཐུ་བོ་ཆེན་པོ་ཞིག་ཡིན་པ་དང་། གངས་དཀར་ཤེལ་གྱི་མཆོད་རྟེན་ནི། བྱིན་རླབས་ཀྱི་མཚན་ཁ་འབར་བའི་དད་པའི་ཨ་ལོང་འཁོན་ས་ཡིན་པ། གངས་རི་ནི་གངས་ལྗོངས་དང་ཁ་བའི་ལྗོངས། གངས་ཅན་པ་དང་ཁ་བ་ཅན་སོགས་ཀྱི་བསྟོད་དབྱིངས་ཀྱིས་བཏེགས་པའི་བརྩེ་སེམས་ཀྱི་གཡང་ར་ཕྱུག་མོ་ཞིག་ཡིན་པ། ཐ་ན་ད་ལྟ་ས་གྲགས་གནམ་གྲགས་སུ་འགྲོ་བཞིན་པའི་འཛམ་གླིང་གི་སྣེ་མོ་གསུམ་པ་ཟེར་བ་དེའང་ཁོང་ཚོར་མཚོན་ན་གོ་ལོ་ཐོས་ལོ་ཙམ་དུ་ཟད་པ་སོགས་མང་པོ་མང་པོ་ཞིག་མ་ཤེས་པའི་སྟོང་ཆ་མང་པོ་ཞིག་ལྷག་སོང་བ་རེད།

གང་ལྟར་དེ་རིང་། ཧ་ཅང་ཐག་ཉེ་འདྲ་ལ་ཧ་ཅང་ཐག་རིང་འདྲ་བའི་ཁ་བ་དང་། ཁོང་ཚོའི་ཁ་ནས་ལུད་ཡོང་བའི་སྐད་ཆ་གསོན་པོ་དེ་དག་གིས་བདག་ལ་ལྷག་ཏུ་བདག་གི་གངས་རི་དྲན་དུ་འཇུག་་་་་་་་་་་་་་་་་་་་་་་་་་་་་་་བདག་གི་གངས་རི།

རྩོམ་རིག

Post navigation

Previous Post: ཆང་ཕོར་གྱི་རྐུབ་ན།
Next Post: དགག་འོས་པའི་ལུགས་སྲོལ་ངན་པ་དང་འབྲེལ་བའི་རྐྱེན་ངན་ཞིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme