Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཅའ་སྡོད་སློབ་གྲྭ།

Posted on 2021-04-16 By ཁ་བརྡ No Comments on བཅའ་སྡོད་སློབ་གྲྭ།

ཆང་སྐྱེས། 

ང་རང་ཉིད་ལ་མཚོན་ན་ལོ་བཅུ་ལ་བུད་པའི་ལོ་དེར་ཨ་མ་ཚེ་ལས་འདས་སོང་བ་དང་།  ལོ་བཅོ་བརྒྱད་ལ་སོན་པའི་སྐབས་དེར་ཨ་ཕ་ཡང་གློ་བུར་ཏུ་ཚེ་ལས་འདས་སོང་བའི་དྭ་ཕྲུག་ལས་ངན་ཞིག་ཡིན།

ངས་བཤད་འདོད་པ་ནི་སོ་སོའི་ཕ་མའི་དྲུང་དང་ལྷག་པར་ཏུ་ཨ་མའི་བྱམས་བརྩེ་དྲོན་མོའི་ཐུ་འོག་ན་ནར་སོན་མ་ཐུབ་པའི་བྱིས་པ་ཞིག་ལ་མཚོན་ན་ལུས་སེམས་གཉི་གའི་སྟེང་ན་ཅི་འདྲའི་སྐྱི་གཡའ་བའི་སྡུག་བསྔལ་ཞིག་དང་སྲོན་མི་ཐུབ་པའི་ན་ཟུག་ཅིག་ཡོད་པ་སྐད་ཆའི་ལམ་ནས་བཤད་མི་ཤེས་པ་ཞིག་དང་ངག་གི་སྒོ་ནས་བརྗོད་མི་ནུས་པ་ཞིག་རེད།  དེ་བས་ཁོ་བོས་རྩོམ་ཐུང་འདི་བརྒྱུད་ནས་ཉེ་བའི་ལོ་ངོ་བཅུ་ཡར་མར་ཞིག་གི་སྔོན་ནས་བྱིས་པ་ལོ་དྲུག་བདུན་་ཙམ་ལ་བུད་པ་ནས་བཟུང་ཕ་མ་དང་ཁ་བཀར་ཏེ་བཅའ་སྡོད་གྲྭ་ནས་ཞག་སྡོད་བྱེད་དུ་འཇུག་གི་ཡོད་པ་འདིའི་སྐོར་བསམ་ཚུལ་ལམ་ཡང་ན་ལྟ་ཚུང་ཐུང་ཐུང་ཞིག་བཤད་འདོད་བྱུང་།   

བྱིས་པ་ཞིག་ལ་མཚོན་ན་ལོ་བཅུ་གཉིས་ལ་མ་བུད་པའི་བར་ཏུ་ཨ་ཕའི་བསླབ་བྱ་དང་ཨ་མའི་བྱམས་སྐྱོང་གཉིས་ནི་ངེས་པར་ཏུ་མེད་དུ་མི་རུང་བའི་ཆེས་ཐོག་མའི་སློབ་གསོ་དང་ཆེས་ཐོག་མའི་བརྩེ་བ་དེ་ཡིན་པ་དང་།  གལ་ཏེ་ཕ་མ་དང་ཁ་བྲལ་ནས་འདུག་དགོས་པ་བྱུང་ཚེ་བྱིས་པ་ཚོས་ལུས་ཀྱི་དཀའ་ངལ་མང་པོ་ཞིག་མྱང་དགོས་མ་ཟད།  སེམས་ཀྱིས་ཀྱང་བརྗོད་ཐབས་མེད་པ་དང་བཟོད་ཐབས་དཀའ་བའི་སྡུག་བསྔལ་ཅིག་མྱང་དགོས་པ་རེད།  དེ་བཞིན་དུ་བྱིས་པ་ཚོའི་སེམས་ཁམས་ཀྱི་བདེ་ཐང་ལ་ཡང་ཧ་ཅང་གིས་གནོད་པ་ཕོག་སྟེ་མ་འོངས་པའི་མདུན་ལམ་ལ་དེ་བས་ཀྱང་ཤུགས་རྐྱེན་ངན་པ་དྲག་པོ་ཐེབས་སྲིད་པ་རེད།   ཁ་སང་དེ་རིང་གི་སློབ་གསོའི་ལམ་ལུགས་འདིས་བྱིས་པ་ལོ་ཆུང་ཐ་ན་སོ་སོའི་ལྷམ་སྒྲོག་ཀྱང་བཅིངས་མི་ཤེས་མཁན་ཏག་ཏག་ཕ་མའི་རྩིབ་ན་སྡོད་དུ་མ་བཅུག་པར་མང་པོ་ཞིག་ཉལ་ཁང་གཅིག་གི་ནང་དུ་བསྡུས་ནས་བརྙས་བཅོས་དང་གཅར་རྡུང་མྱང་དུ་འཇུག་པ་ནི་ཅི་འདྲའི་སློབ་གསོའི་ཐབས་ལམ་ཡ་མཚན་ཞིག་མ་རེད་དམ།  ད་དུང་བྱིས་པ་ཚོར་རང་གི་ས་ཕྱོགས་ཡུལ་ཕྱོགས་དང་ཕ་མ་ཚོའི་རྩིབ་ནས་ཡ་རབས་སྤྱོད་བཟང་དང་།  འགྲོ་ཤེས་འདུག་ཤེས།  སྐད་དང་ཡུལ་སྲོལ་སོགས་ཀྱི་བསླབ་བྱ་ཁ་ཏའི་ཕྱོགས་ལ་དུས་ཚོད་དང་དབང་ཆ་ཅུང་ཙམ་ཡང་སྤྲོད་དབང་དང་བཤད་ཁོམ་མི་སྟེར ་བར་རུབ་རུབ་བྱས་ནས་གཅིག་ཏུ་བསྡུས་ཏེ་རྒྱ་ཡིག་རྒྱ་སྐད་འདྲ་བཙན་གྱིས་སྦྱང་གི་འཇུག་གི་ཡོད་པ་འདི་ཅི་རེད།  རང་ས་རང་ཡུལ་ནས་གཞན་གྱི་སྐད་དང་ཡི་གེ  གཞན་གྱི་སྤྱོད་ལུགས་འགྲོ་སྟངས་ཐ་ན་བསམ་བློ་གཏོང་སྟངས་སོགས་ཀྱང་ནན་གྱིས་སློབ་ཏུ་བཅུག་སྟེ་ ཡིན་གཅིིག་མིན་གཉིས་ངོ་བོ་གཞན་ཞིག་ལ་སྦྱོར་དགོས་དོན་ཨ་ཡོད་དམ།  ཡོད་ཚད་བཙན་དང་ནན་གྱིས་བྱེད་ཀྱི་མང་ན་ནི་བྱིས་པ་ཚོས་སེམས་ཁམས་ཐང་ཐང་མེད་པར་ཆགས་ནས་བྱིས་པའི་མི་ཚེ་གང་བོ་བརླག་རྒྱུར་ཉེན་ཁ་ཆེན་པོ་་ཡོད་པ་རེད་།  བྱིས་པ་ཚོ་ལོ་ན་ཆུང་དུས་ཕ་མའི་སློབ་གསོ་དང་བྱམས་སྐྱོང་འདི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པས་ཚང་མས་ཐུགས་འཁུརརེ་བྱེད་རྒྱུ་ནི་ཤིན་ཏུ་ནས་བཀའ་དྲིན་ཆེ །  བཅའ་སྡོད་སློབ་གྲྭའི་སྐོར་ལ་ཁོ་བོས་དུས་རྒྱུན་གྲོགས་པོ་ཚོ་དང་མཉམ་དུ་གླེང་སློང་བྱེད་ཀྱིན་ཡོད་ལ། ད་དུང་ཡིན་ན་ཡང་མུ་མཐུད་དུ་གླེང་ངེས་ཡིན།

                        ༢༠༢༡ ༠༤  ༡༥  མཚན་མོ།

བསམ་ཚུལ།

Post navigation

Previous Post: རྒྱ་རི་སྒྲོལ་མས་གསལ་བཤད་ཅིག་གནང་དགོས་ཀྱི་འདུག
Next Post: གཉིད་མ་སད་ཀྱི་ཉིན་ཐོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme