Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་མཇུག་འབྲས་གསལ་བའི་མེ་ལོང་།

Posted on 2018-03-192018-03-19 By ཁ་བརྡ 1 Comment on བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་མཇུག་འབྲས་གསལ་བའི་མེ་ལོང་།

གུར་མགོན་སྐྱབས་ཀྱིས་བསྒྱུར།
 
མེ་གླིང་བྱང་མ་དང་རྒྱ་མཚོ་ཆེན་པོའི་གླིང་དུ།

བཅའ་སྡོད་ལུགས་ཀྱི་སློབ་གསོས་བྱིས་པ་བཙན་ཐབས་སུ་ཁྱིམ་དང་ཕྲལ་བར་བྱས་ཤིང་། ཡུན་ངེས་ཅན་ཞིག་ལ་རང་སྐྱེས་སའི་ལེགས་བྱང་མཐའ་དག་དང་རིས་སུ་བཅད། བྱིས་པ་མང་ཤོས་ཀྱིས་ཕ་སྐད་ཁོ་ན་ལས་སྐད་རིགས་གཞན་མི་ཤེས་ཀྱང་སྐད་ཆར་བཀག་སྡོམ་བགྱིས་སོ།།

སྤྱི་ལོ1819ལོར་ཨ་རིས་བཀའ་རྒྱCuvilization Fundལ་བརྟེན་ནས་ཨིན་ཌེན་བཅའ་སྡོད་ལུགས་ཀྱི་སློབ་གྲྭའི་ཚ་རླབས་བྱུང་། 1824ལོར་ཨིན་ཌེན་ལས་དོན་གཞུང་ལས་ཁང་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི་སློབ་གྲྭ་འདི་དག་ལ་དོ་དམ་བྱ་རྒྱུ་དེ་ཡིན། ཁཱ་ན་ཊས་ཆེད་དུ་གཉུག་གནས་བྱིས་པའི་བཅའ་སྡོད་སློབ་གསོར་ཁ་གཏད་པའི་ལམ་ལུགས་དེ་སྤྱི་ལོ1880ལོ་ནས་འགོ་བརྩམས་ཏེ་དུས་རབས20པའི་མཇུག་ལ་ཐུག།

སྤྱི་ལོ1879ལོར་གསར་འགོད་པ་དང་ཆབ་སྲིད་པNicholas Flood Davinལགས་ཁཱ་ན་ཊའི་སྲིད་སྐྱོང་རྗོན་ཨེ་ལག་སན་ཊར་མེ་ཁི་ཐང་ནཱས་གཉུག་གནས་པའི་བྱིས་པའི་སློབ་གསོར་ཞིབ་འཇུག་མངག་བཅོལ་གྱི་རྣམ་པས་ཕྱིན་ལ། ཁོའི་སྡོམ་ཚིག་ནི“་གལ་སྲིད་ཨིན་ཌེན་པའི་ལུས་སྟེང་ནས་འབྲས་བུ་གང་ལོན་དགོས་ཀྱང་། ང་ཚོས་ངེས་པར་ལོ་ན་ཆུང་ངུ་ནས་འགོ་རྩོམ་དགོས། བྱིས་པ་རྣམས་ངེས་པར་དཔལ་ཡོན་ལྡན་པའི་ཁོར་ཡུག་ཅིག་ནས་ཡུན་གཏན་དུ་འདུག་དགོས།”ཞེས་པ་དེའོ།།

སྤྱི་ལོ1880ལོར་ཁཱ་ན་ཊ་སྲིད་གཞུང་གིས་བཅའ་སྡོད་ལུགས་ཀྱིས་སློབ་གསོ་ལག་བསྟར་བྱས་ཤིང་། ཨིན་ཌེན་པའི་བྱིས་པ་རྣམས་རང་གི་རིགས་ཁྱུ་དང་རྒྱང་དུ་བྱེས་ཤིང་། ཁོ་རང་ཚོའི་ཕ་སའི་འཚོ་བ་ནི་གདོན་གཟུགས་སུ་བསྒྱུར།

སྤྱི་ལོ1920ལོར་ཁཱ་ན་ཊ་སྲིད་གཞུང་གིས་ཨིན་ཌེན་ཁྲིམས་ལ་བསྐྱར་བཅོས་བགྱིས་ཤིང་། གཉུག་གནས་པའི་བྱིས་པ་རྣམས་ངེས་པར་བཅའ་སྡོད་སློབ་གྲྭར་འགྲོ་དགོས་པ་བཙན་ཐབས་སུ་བྱས། སློབ་གསོའི་ལས་ཁུངས་གཞན་དག་གང་ལ་ཕྱིན་ཀྱང་ཁྲིམས་འགལ་ཡིན་པར་བསྒྲགས། བཅའ་སྡོད་སློབ་གྲྭའི་བྱེད་ཐབས་མཐའ་དག་གཉུག་གནས་པའི་རིག་གནས་དབྱི་བའི་ཐབས་ཤེས་ཡིན་ཏེ། སློབ་མས་ངེས་པར་སྐྲ་ལོ་ཐུང་ངུར་འཇོག་པ། གཅིག་མཐུན་གྱི་སློབ་ལྭ་གྱོན་པ། ཉིན་རེའི་ལས་ཀ་དང་ངལ་གསོའི་དུས་ཚོད་དམ་ནན་ཡིན་པ། བྱིས་པ་ཕོ་མོ་ཕྱོགས་སོ་སོར་ཕྲལ་བ། མིང་སྲིང་ཡིན་ཀྱང་ཐུག་འཕྲད་མི་རུང་བ་སོགས་ཀྱིས་ཁྱིམ་ཚང་གི་འདུ་ཤེས་གོམ་གང་མདུན་སྤོས་ཀྱིས་བསྣུབས་པ་སོགས་སོ།། Bobby Josepheལགས་ཀྱི་ཕྱིར་དྲན་དུ“བུ་མོ་ཚོར་ཇི་ལྟར་འབྲེལ་འདྲིས་བྱེད་པ་རྩ་བ་ནས་མི་ཤེས་ལ། རང་གི་སྲིང་མོ་དང་ཁ་ལག་བཟའ་སར་རྒྱང་ནས་ལག་བརྡ་རེ་གཏོང་བ་ཙམ་ལས་མི་ནུས”ཞེས་བཤད་དོ།།

གཉུག་གནས་པའི་ཕ་མ་དག་རང་གི་བུ་ཕྲུག་དང་ཕྲལ་བར་མི་འདོད་ཀྱང་། སློབ་གྲྭས་སྲིད་གཞུང་གི་ས་ནས་རོགས་དངུལ་འཐོབ་ཆེད། དགེ་བཟོ་བ་མང་པོ་ཚོ་བའི་ནང་ལ་ཕྱིན་ནས་སློབ་མ་འཛིན་ཅིང་ཐ་ན་དྲག་ལས་ཀྱང་སྤྱད་མྱོང་། རང་མོས་ཀྱིས་བྱིས་པ་སློབ་གྲྭར་བསྐྱལ་ཟེར་བ་རྣམས་ཀྱང་དོན་ལ་ཨིན་ཌེན་ལས་དོན་སྡེ་ཁག་གམ་ཆོས་དགེས་འཇིགས་སྐུལ་མ་བཟོད་པར་ཁ་ལེན་དགོས་བྱུང་བ་ཡིན།

སྤྱི་ལོ1950ལོའི་ལོ་རབས་ནང་ལ་རིག་གནས་གཙང་ཕྱགས་ལས་འགུལ་འདི་ཕམ་པར་གྱུར་པ་ཤིན་ཏུ་གསལ་བར་སོང་ལ། གཏོར་བརླག་རང་བཞིན་གྱི་རྡུང་རྡེག་འདི་ཉིད་ཀྱིས་ཀྱང་གཉུག་གནས་པའི་རིག་གནས་ཡོངས་སུ་བསྣུབས་མ་ནུས། རིམ་གྱིས་མི་མང་པོས་བཅའ་སློབ་གྲྭས་བྱིན་པའི་གཏོར་བརླག་གི་ཆ་དང་ལྡན་པའི་མཇུག་འབྲས་ངོས་ཟིན་ཅིང་། གཉུག་གནས་པའི་བྱིས་པར་རང་གི་ཕ་སའི་འཚོ་བའི་མྱོང་གོམས་དགོས་པར་སྙམ།

1951ལོར་བཟོ་ལས་ཕྱེད་མ་དང་སློབ་སྦྱོང་ཕྱེད་མའི་ལམ་ལུགས་འདི་དོར་བ་ཡིན་ལ། གཉུག་གནས་པའི་བྱིས་པ་རྣམས་རང་གི་བཟའ་མི་དང་ལྷན་དུ་འདུ་རུང་བར་བྱས། སློབ་གྲྭས་ཀྱང་དགེ་རྒན་གྱི་ཐོབ་ཐང་ཡོད་པ་རྣམས་གདན་དྲངས། དེ་དང་ལྷན་ཅིག་ཏུ་སྲིད་གཞུང་གིས་ཀྱང་གཉུག་གནས་བྱིས་པ་རྣམས་སྤྱི་པའི་སློབ་གྲྭར་འགྲོ་བར་སྐུལ་འགོ་བརྩམས།

བཅའ་སྡོད་སློབ་གྲྭའི་ལམ་ལུགས་འཇིག་པ་ནི་དོན་དུ་དེས་བསྐྱེད་པའི་ཤན་གྱིས་བཟོས་པ་ཞིག་ཀྱང་ཡིན། 1960ལོ་རབས་ནང་ལ་ལོ་རབས་སྔ་མ་གཉིས་ཀྱི་ནང་ལ་བཅའ་སྡོད་སློབ་གྲྭར་འགྲིམ་མྱོང་བ་རྣམས་གཉེན་བསྒྲིག་པའི་དུས་ལ་བབས། འོན་ཀྱང་། བཅའ་སྡོད་སློབ་གྲྭས་ཁོ་ཚོའི་བསམ་བློར་གཏོར་བརླག་ཚབས་ཆེན་བཟོས་ཤིང་། གཉུག་གནས་པར་མཚོན་ན་ཆེས་གལ་ཆེན་དུ་འཛིན་པའི་ཁྱིམ་ཚང་གི་སྦྲེལ་ཐག་དེ་བཅད། དེ་དག་རང་གི་ཉེ་ཚན་དང་རྒྱང་དུ་ཆད་པས། ཐ་ན་ཁྱིམ་མི་ཟེར་བ་མི་ཤེས་ལ་ཁྱིམ་ཚང་གི་འདུ་ཤེས་ཀྱང་སྟོངས། ཁྱིམ་ཚང་ཇི་ལྟར་སྐྱོང་བ་ཡང་མི་ཤེས། དེ་དག་གི་བྱིས་དུས་སུ་བྱམས་བརྩེ་ཟེར་བ་མེད་ཅིང་དྲག་ཤུལ་དང་མནར་གཅོད་ལས་ནར་སོན་པས། ལག་ཆགས་པའི་ཚེ་ནའང་རྒྱུན་པར་དྲག་ཤུལ་གྱི་ཕྱོགས་ལ་འཆེལ། ཕྱི་ཚུལ་ནས་བལྟས་ན་གཉུག་གནས་པ་འདི་དག་གིས་ཁྱིམ་ཚང་ཞིག་སྐྱོང་དཀའ་བ་ལྟ་བུར་སྣང་ནའང་། དོན་དུ་གཉན་འཕྲང་དུ་ལུས་པའི་གཉུག་གནས་པའི་རིག་གནས་ནུབ་པར་མ་གྱུར། ཁོ་ཚོའི་སྲ་མཁྲེགས་ཀྱི་ཚེ་སྲོག་གི་སྟོབས་དང་གཞི་རྒྱ་ཆེ་བའི་ཁྱིམ་རྒྱུད་ཀྱིས་ཕན་ཚུན་སྐྱོར་བ་ལ་བརྟེན་ནས་རྒྱུན་འཁྱོངས་པར་གྱུར། འོན་ཀྱང་། བྱིས་པའི་སྒྲིག་འཛུགས་གཞུང་ལས་པ་དེའི་ནང་ལ་བསྲེས་ནས་སྤྱི་ལོ1960ལོ་རབས་ནང་ལ་མེ་གླིང་བྱང་མར་གཉུག་གནས་བྱིས་པ་ཁྲི་སྟོང་མང་པོ་སྒྲིག་འཛུགས་གཞུང་ལས་པས“འཛིན་བཟུང”བྱས་ཏེ་བཙན་གྱིས་མི་དཀར་གྱི་ཁྱིམ་ཚང་ལ་བཅོལ། དེ་ལ་ཁཱ་ན་ཊར“སྟོངས་འབུད་ལས་འགུལ”ཟེར། ལས་འགུལ་འདི་ནི་ཁཱ་ན་ཊའི་རྒྱལ་ཁམས་སུ་བཅའ་སྡོད་སློབ་གྲྭ་སྒོ་རྒྱག་པའི་རྒྱུ་རྐྱེན་གཅིག་ཀྱང་ཡིན། དེས་མ་གཞི་ནས་སློབ་མའི་འབྱུང་ཁུངས་ཟད་པའི་སློབ་གྲྭ་དག་གི་སྒོ་སྤྱི་ལོ1986ཡོངས་རྫོགས་རྒྱག་དགོས་པ་བྱུང་།

ཨ་རིར་ཨིན་ཌེན་བཅའ་སྡོད་སློབ་གྲྭ་ཆེ་ཁག་མང་ཤོས་ཀྱི་སྒོ་ཡང་སྤྱི་ལོ1980ལོ་རབས་ནང་ལ་རྒྱག་དགོས་པ་བྱུང་མོད། སྤྱི་ལོ2007ལོར་ད་དུང་གནས་འགོལ་བོའི་ཡུལ་གྲུ་ཁག་ཅིག་ན་སློབ་མ9500བཅའ་སྡོད་སློབ་གྲྭར་བསྡད་ཡོད།
 
ཨོ་སི་ཐྲི་ལེ་ཡ་དང་ནེའུ་ཙི་ལན་དུ།

ཨོ་སི་ཐྲི་ལེ་ཡ་དང་ཐོ་རེ་སིའི་མཚོ་འགག་གི་གཉུག་གནས་པའི་བཅའ་སྡོད་སློབ་གྲྭ་ནི་སྤྱི་ལོ1800ལོ་རབས་ནང་ལ་གསར་དུ་བཙུགས་ཤིང་། སྤྱི་ལོ1969ལོར་ཡོངས་སུ་མཇུག་རྫོགས། ཨོ་སི་ཐྲི་ལེ་ཡའི་རིགས་བསྒྱུར་གྱི་སྲིད་ཇུས་འདིས“གཉུག་གནས་པ་དང་ལེན”གྱི་ཕྱི་གོས་གྱོན་ཞིང་ལྷག་པར་དུ“ཤ་མདངས་ཅུང་ཟད་འགྱུར་བའི”རིགས་ཁྱུ་དང་ལེན་གྱི་ཕྱི་གོས་གྱོན་པ་ཡིན་ནོ།།

སྲིད་གཞུང་དང་། ཆོས་ཚོགས། ཕན་བདེ་ལས་ཁུངས་ཡོངས་རྫོགས་ལས་དོན་འདི་ལ་ཞུགས་ཤིང་། སྤྱི་ལོ1909ལོར་ཨོ་སི་ཐྲི་ལེ་ཡའི་སྲིད་གཞུང་གིསAborigines Protection Actཞེས་པའི་ཁྲིམས་བཙུགས་ནས“གཉུག་གནས་པ་སྲུང་སྐྱོབ་ལས་ཁུངས”ལ་གཉུག་གནས་བྱིས་པ་སློབ་གྲྭར་འཁྲིད་པའི་དབང་ཆ་ཡོད་པར་བྱས། ལས་ཁུངས་དེ་ཡང་ལོ་དེར་བཙུགས། 1915ལོར་བཀའ་ཁྲིམས་ལ་བསྐྱར་བཅོས་ཀྱིས་ཕ་མ་མ་འཐད་ཀྱང་ཆོག་ལ་ཁྲིམས་ཁང་གི་བཀའ་ཁྲོལ་ཡང་མེད་པར་གཉུག་གནས་བྱིས་པ་འཁྲིད་ཆོག་པར་བགྱིས། མི་མང་པོས་གཉུག་གནས་པའི་འཚོ་བའི་ཆུ་ཚད་ཞན་དྲགས་པའི་དབང་གིས་བྱིས་པ་མི་དཀར་གྱི་ཁྱིམ་དང་གཞུང་བཙུགས་སློབ་གྲྭར་བཅོལ་བ་ནི་ཁོ་ཚོའི་མ་འོངས་པའི་མཐུན་རྐྱེན་ལེགས་པོ་སྦྱར་བར་སྙམ། ཨོ་སི་ཐྲི་ལེ་ཡར་རྣམ་པ་གསུམ་གྱི་སྒོ་ནས་ཏེ། གཉུག་གནས་བྱིས་པ་བཙན་ཐབས་ཀྱིས་གཞུང་བཙུགས་སློབ་གྲྭར་འཁྲིད་པ་དང་། མི་དཀར་ཁྱིམ་ཚང་གིས་གཉོར་བ། གནས་སྐབས་ཙམ་དུ་མི་དཀར་ཁྱིམ་ཚང་གིས་གཉོར་བ་བཅས་ཡིན། ཕྱི་མ་གཉིས་ནི་ཤ་མདོག་དཀར་ཤས་ཆེ་བའི་མི་རྒྱུད་འདྲེས་མའི་སྐོར་ཡིན།

བཀའ་ཁྲིམས་ཀྱི་དུས་ཆད་ནི་སྤྱི་ལོ1909-1969ལོའི་བར་ཡིན་ཀྱང་། བྱེད་ལུགས་འདི་ཉིད་ཀྱི་ཡུན་ངོ་མ་དེ་ལས་རིང་ངོ་།། བསྡོམས་པས་བྱིས་པ་ཁྲི་གཉིས་ལྷག་མེ་གླིང་བྱང་མ་དང་ཡོ་རོབ་གླིང་གི་མི་དཀར་གྱི་ཁྱིམ་ལ་བཅོལ། དེར“རྐུན་ལ་ཤོར་ལ་བའི་རབས”ཞེས་ཟེར་ཞིང་། རྐུན་ལ་ཤོར་བ་མང་ཤོས་ཕྱིར་རང་ཁྱིམ་ལ་ལོག་རྒྱུ་མ་བྱུང་།

ནེའུ་ཙི་ལན(新西兰)་དུ་མོོ་ལི་རིགས་ལ་ཁ་གཏད་པའི་བཅའ་སྡོད་སློབ་གྲྭ་དང་པོ་ནི་སྤྱི་ལོ1847ལོར་བཙུགས་ཤིང་། སྤྱི་ལོ1950ལོར་བཅའ་སྡོད་སློབ་གྲྭ150ལ་སླེབས།

སྤྱི་ལོ1858ལོར་ནེའུ་ཙི་ལན་དུ་གཉུག་གནས་པའི་སློབ་གྲྭའི་ཁྲིམས་ཟེར་བ་བཀྲམས་ཏེ། སྲིད་གཞུང་གིས་དངོས་སུ་བཅའ་སྡོད་སློབ་གྲྭར་རོགས་དངུལ་སྦྱར། སྲིད་གཞུང་སྡེ་ཁག་ནས་རོགས་དངུལ་འཐོབ་ཆེད། སློབ་གྲྭ་ཡོངས་རྫོགས་ནས་དབྱིན་ཡིག་དབྱིན་སྐད་ཀྱིས་སློབ་ཁྲིད་བྱས་ཤིང་། སྤྱི་ལོ1867ལོར་མོོ་ལི་རིགས་ལ“རོགས་རམ”བྱ་ཆེད། སྲིད་གཞུང་གིས་མ་དངུལ་དང་དགེ་རྒན། བསླབ་དེབ་སྦྱར་བ་དང་། མོོ་ལི་རིགས་ཀྱིས་ས་ཁོད་སྦྱར།ནེའུ་ཙི་ལན་གྱི་བཅའ་སྡོད་སློབ་གྲྭ་ཆེས་མཐའ་མ་ནི་སྤྱི་ལོ1980ལོར་སྒོ་གཏན་པ་ཡིན་ནོ།།

རྩོམ་ཡིག་འདི་ནི【他者Others】ཟེར་བའི་གཉུག་གནས་པའི་རིག་གནས་སྟོན་པའི་སྤྱི་སྟེགས་ཀྱི2017ལོའི་ལོ་མཇུག་གི་སྤྱི་སྡོམ་ཆེད་རྩོམ《ཤེས་ལྡན་མིའི་ཀླ་ཀློའི་སྤྱོད་ལུགས》ལས་བཏུས་པ་ཡིན་ལ། མ་རྩོམ་ཅུང་རིང་པོ་ཞིག་ཡོད་པ་ལས་གནད་འགག་གི་ཚན་པ་གཉིས་ཆེད་དུ་བསྒྱུར་པ་ཡིན། བོད་ཡིག་གི་ཁ་བྱང་ནི་སྒྱུར་པ་པོས་བཀོད་པ་ཡིན།

རྩོམ་ཁུངས། བཙན་པོ་ཚང་།

འགྱུར་རྩོམ།

Post navigation

Previous Post: ཁེར་རྐྱང་གི་མཚན་མོ
Next Post: བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༥ པའི་ཉིན་གསུམ་པ།

Comments (1) on “བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་མཇུག་འབྲས་གསལ་བའི་མེ་ལོང་།”

  1. ཇ་མ་ says:
    2018-04-01 at 4:59 pm

    ཀློག་ཚར་བ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme