Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཅའ་ཁྲིམས་རྩིས་མེད་ཀྱི་དམ་འབུལ་ནི་ཞྭ་དཔེ་ལྷམ་འགེབ་ཡིན།

Posted on 2021-06-15 By ཁ་བརྡ 2 Comments on བཅའ་ཁྲིམས་རྩིས་མེད་ཀྱི་དམ་འབུལ་ནི་ཞྭ་དཔེ་ལྷམ་འགེབ་ཡིན།

ཨོ་གླིང་ནས་དགེ་བཤེས་བློ་བཟང་དཔལ་ལྡན་གྱིས།

བཅའ་ཁྲིམས་ནང་ཁ་གསལ་གོ་བདེ་བའི་ཐོག་གདམས་ཐོན་སྤྱི་འཐུས་ཀྱིས་དམ་འབུལ་གནང་སྟངས་ཡོད་བཞིན་དུ།  ཐབས་ལམ་གཞན་ཞིག་འཚོལ་བ་ནི། བཅའ་ཁྲིམས་སྣང་མེད་དུ་བཏང་བ་དང། སྤྱི་ཚོགས་ལ་འཁྲུགས་རྐྱེན་བཟོས་པ། ༧གོང་ས་མཆོག་གཙོས་པའི་འགན་ཡོད་དབུ་ཁྲིད་རྣམས་ལ་བསམ་བཞིན་མཛད་དཀའ་བཟོས་པ་ཞིག་ཡིན།

རྒྱུ་མཚན་ནི། བཅའ་ཁྲིམས་ཀྱི་དོན་ཚན་༤༧ རྩིས་མེད་རྡོག་རོལ་དུ་བཏང་ནས་དམ་འབུལ་བྱེད་པ་ནི། བཅའ་ཁྲིམས་ཀྱི་གོང་དུ་བསྡད་ནས་ལས་ཀ་བྱས་པ་ཞིག་དང་། ཁ་སང་དེ་རིང་གདམས་ཐོན་སྤྱི་འཐུས་ཁ་ཤས་ཀྱིས། ཁྲིམས་ཞིབ་པས་བཅའ་ཁྲིམས་ནང་མི་གསལ་བའི་ཕྱག་ལས་གནང་བ་དང་བཅའ་ཁྲིམས་དང་འགལ་བའི་ལས་དོན་སྒྲུབ་ཀྱིན་འདུག་ཟེར་ནས་སྐད་རྒྱག་ཞོར་ལ། རང་ཉིད་ཀྱིས་བཅའ་ཁྲིམས་རིན་པོ་ཆེ་སྦོ་ལུག་རྒྱུའི་ལས་དོན་གཉེར་བཞིན་པ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་། གཞན་སྐྱོན་ཁབ་ཀྱིས་འཚོལ་ཞིང་རང་སྐྱོན་རི་འདྲ་

མི་མཐོང་བ་ནི་ཕྱོགས་ཞེན་གྱིས་མིག་སྒྲིབ་པ་མིན་ན་ཅི་ཡིན། འཇིག་རྟེན་གྱི་ཁ་དཔེར་གཞན་ལ་ལྟ་བའི་མིག་ཡོད་ན། རང་ལ་ལྟ་བའི་མེ་ལོང་དགོས། ཟེར་སྲོལ་ཡོད་པ་ཙམ་ཡང་མི་ཤེས་པའི་གླེན་པ་ཞིག་ཡིན་སྲིད་རྒྱུ་མ་རེད། དེས་ན་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་འགལ་མེད་ཐོག་རང་དོན་ཕྱོགས་ལྷུང་དང་འཇིགས་ཞུམ་ཆགས་སྡང་མེད་པར་ཞེས་སོགས་ཟེར་ནས་བཅའ་ཁྲིམས་དང་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་ནས་དཀོན་མཆོག་དཔང་བཙུགས་ནས་སྤྱི་འཐུས་ཀྱི་དམ་བཅའ་ལེན་པ་ནི། བཅའ་ཁྲིམས་ཀྱི་དོན་ཚན་༤༧ ནང་ཁ་གསལ་གོ་བདེ་འདི་འདྲ་ཟུར་དུ་བཞག་ནས། བཅའ་ཁྲིམས་ཀྱི་ལྡོག་ཕྱོགས་སུ་བསྐྱོད་པའི་སྲོལ་ངན་འདི་འདྲ་རྒྱུན་འཇགས་སུ་སོང་ན་བཅའ་ཁྲིམས་ལ་ནུས་པ་མེད་པ་ཆགས་ངེས། དཔེར་ན་ལས་དོན་དེ་རང་གི་འདོད་མོས་དང་མཐུན་ན་བཅའ་ཁྲིམས་ཁ་ལ་འཁྱེར་རྒྱུ་དང་། རང་གི་འདོད་མོས་དང་མི་མཐུན་ཚེ་བཅའ་ཁྲིམས་ནང་དུ་ཁ་གསལ་ཡོད་ནའང་། སྔར་གྱི་ལམ་ལུགས་ལ་ཁག་དཀྲིས་ནས་གང་འདོད་འདོད་བྱེད་པ་འདི་ཆུ་ངན་ལམ་ཤོར་གྱི་དཔེ་ལྟར། ཁྲིམས་དང་སྒྲིག་ལམ་ནུས་མེད་དུ་གྱུར་ཏེ། གང་ཟག་གི་དབང་སྒྱུར་དང་། ཕྱོགས་ཞེན་འཐེན་འཁྱེར་གྱིས་སྤྱི་ཚོགས་ཁ་ལོ་བསྒྱུར་ཏེ། དམངས་གཙོའི་ལམ་སྲོལ་གཏོར་བཤིག་དང་། དགྲ་དགའ་གཉེན་སྡུག་ཟེར་ན་དེ་ལས་ལྷག་ཅིག་ཡོད་མི་སྲིད་པ་ཡིན། བཅའ་ཁྲིམས་ཀྱི་༼དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་། གྲོས་བསྡུར་བྱེད་མི་ཆོག༽ ཞེས་གསལ་བོར་བཀོད་ཡོད་བཞིན་དུ་རྩིས་མེད་རྡོག་རོལ་དུ་བཏང་ནས་འཇིག་རྟེན་གྱི་ཁ་དཔེར་གཡག་ཞར་གྱི་རྩ་ཟོས་པ་ལྟར་ཕྱོགས་གཅིག་ཁོ་ན་སྟེ་རང་གི་འདོད་མོས་ཡོད་ན་མ་གཏོགས་གཞན་སྣང་མེད་དུ་བཏང་ནས་བཅའ་ཁྲིམས་ཀྱི་ཚིག་འདི་ཁོང་ཚོས་ཁ་ནས་འདོན་མི་ཐུབ་པ་ཅི་ཡིན་ནམ།

དེ་ཙམ་མ་ཟད་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོར་དང་སྤྱི་འཐུས་རྒྱུན་ལས་སྐོར་ཀྱི་བཅའ་ཁྲིམས་ཀྱི་ཚིག་རྣམས་མཉམ་བསྲེ་བྱས་ནས་སྤྱི་ཚོགས་ཀྱི་མགོ་བོ་རྨོངས་པར་བྱེད་པའི་ངན་ཇུས་ཀྱི་བྱ་སྤྱོད་ཐབས་སྡུག་བེད་སྤྱོད་བཏང་ཡོད།  ཁྲིམས་འགལ་གྱི་ཐོག་ནས་ཐབས་ཤེས་ཡོངས་རྫོགས་བེད་སྤྱོད་བཏང་ནས་མཐར་རྩིས་མེད་ཆགས་ནའང་གྲོས་ཚོགས་རྒྱུན་ལས་ཀྱིས་༼ཡིག་ཆ་ཨང་༣༩ དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག༽ཞེས་སྡུག་སྐད་ཤོར་དོན་ཅི་ཡིན།

༧གོང་ས་ཡིད་བཞིན་ནོར་བུས་དབུ་ཁྲིད་ནས་དཀའ་བ་བརྒྱ་ཕྲག་གི་ངལ་བ་ལྷུར་བླངས་ནས་མི་ལོ་དྲུག་ཅུ་ལྷག་ལ་བསྐྱངས་པའི་སྒྲིག་འཛུགས་ཀྱི་གཞུང་འདི་རྒྱ་དམར་ནག་གཉིས་ཀྱི་ངན་བྱུས་སྣ་དགུས་གཙེས་པས་མ་གནོད་ཀྱང་། སྐབས་བཅུ་དྲུག་པའི་སྤྱི་འཐུས་སོ་གཅིག་དང་སྐབས་བཅུ་བདུན་པའི་གདམས་ཐོན་སྤྱི་འཐུས་ཉེར་གཉིས་ཀྱིས་དགྲ་དགའ་གཉེན་སྡུག་གི་ལས་དོན་ཧང་སངས་པ་འདི་ལོ་རྒྱུས་ནང་ལྷག་ངེས་ཡིན།
བཙན་བྱོལ་སྒྲིག་འཛུགས་ཀྱི་གཞུང་འཛིན་དང་སྤྱི་འཐུས་གསར་རྙིང་བརྗེ་སྤོར་གནང་སྐབས་བཅའ་ཁྲིམས་དང་ལུགས་སྲོལ་གཏོར་བཤིགས་གཏོང་མཁན་ཆོས་བརྒྱུད་ཁག་དང་ཆོལ་ཁོངས་ཀྱི་གདམས་ཐོན་སྤྱི་འཐུས་ཡིན་པས་ཁོང་ཚོར་འོས་བླུགས་མཁན་གྱི་མི་མང་རྣམས་དངོས་དང་བརྒྱུད་ནས་བཅའ་ཁྲིམས་གཏོར་མཁན་ཆགས་ཡོད་པ་ངེས་ཤེས་རྙེད་དགོས།

བཅའ་ཁྲིམས་སྦོ་ལུག་པའི་སྐབས་འདིར་གཞུང་ཞབས་ལས་བྱེད་པའི་སྣེ་ཁྲིད་དེ་གནས་སྐབས་རིང་ལ་སྔོན་བརྩིས་དང་ལས་དོན་བྱེད་ཕྱོགས་གང་མང་གཏན་འབེབས་བྱས་ན་ཆོག་པའི་སྣང་ཚུལ་ཞིག་མཐོང་གི་འདུག གང་ཡིན་ཟེར་ན་བཅའ་ཁྲིམས་ནང་དུ་བཅའ་ཁྲིམས་དང་སྤྱི་འཐུས་ཡང་སྦོ་ལུག་པའི་སྐབས་ལ་འདི་ལྟར་བྱེད་མི་ཆོག་ཞེས་བཅའ་ཁྲིམས་ནང་གསལ་མི་འདུག རིགས་ལམ་འདི་ཉེར་ཆར་བཅའ་ཁྲིམས་རྩིས་མེད་དུ་བཏང་ནས་བཅའ་ཁྲིམས་མདུན་ནས་དམ་འབུལ་གནང་མཁན་ཚོའི་སྐད་ཆ་ལས་རྙེད་སོང་། ཁོ་ཚོའི་རང་སྣང་ཆེན་པོས་ང་ཚོ་འཚོགས་ནས་ཐག་གཅོག་བྱས་ཚུལ་བཤད་བཞིན་འདུག་མོད་དེ་ནི་དགོད་བྲོ་བ་ཞིག་ཅི་ལ་མིན། གདམས་ཐོན་སྤྱི་འཐུས་ལ་ཁྲིམས་བཟོ་རྒྱུའི་དབང་ཚད་གང་དུ་གསལ་ཡོད། གལ་སྲིད་ཁྱོད་ཚོ་ཚོགས་ནས་ཐག་བཅད་པ་ཁྲིམས་སུ་ངོས་ལེན་མེད་ན། བྱ་རིམས་དེའི་མིང་ལ་ཁྲིམས་མེད་ལུགས་མེད་ཟེར་ན་འོས་མཚམས་རེད།

བཅའ་ཁྲིམས་ནང་གསལ་ལྟར་དམ་འབུལ་མི་གནང་ཟེར་བ་ཙམ་གྱིས་བཅའ་ཁྲིམས་ལ་ཡིད་ཆོས་བློ་གཏད་མེད་པར་གསལ་བོར་སོང་བོད་མིའི་སྤྱི་འཐུས་ཀྱི་ཆ་རྐྱེན་མི་ཚང་བས་སྒུག་ཐོའི་ནང་ནས་བང་རིམས་བཞིན་བརྡ་ཐོ་བཏང་ནས་དམ་འབུལ་གནང་དགོས་པ་སྨྲོས་མེད་དུ་མཐོང་ཞིང་། དེས་ན་དབུས་འོས་བསྡུ་ལྷན་ཚོགས་ཀྱིས་བརྡ་ཐོ་གཏོང་བའི་དུས་ལ་སླེབས་འདུག་པས་དུས་འགྱངས་སུ་མ་སོང་བ་གནང་གལ།

བསམ་ཚུལ།

Post navigation

Previous Post: རྒྱུན་ལས་ཚོས་དུར་ཁྲོད་དུ་སྐྱེལ་ཚར་བའི་ཡིག་ཆ་ཨང་ ༣༩ པ་ཨེ།
Next Post: གཞོན་སྐྱེས་སྤྱི་འཐུས་གསར་པ་རྣམས་ཀྱིས་བར་བརྒལ་གྱི་གཞུང་གསར་པ་ཞིག་འཛུགས་དགོས་པའི་རེ་ཞུ་སྙིང་ཁྲག་དམར་མཆོད་མ།

Comments (2) on “བཅའ་ཁྲིམས་རྩིས་མེད་ཀྱི་དམ་འབུལ་ནི་ཞྭ་དཔེ་ལྷམ་འགེབ་ཡིན།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2021-06-22 at 8:49 pm

    དོན་སྙིང་ལྡན་པ་། གནས་ལུགས་དང་མཐུན་པ་། བཅའ་ཁྲིམས་རིན་པོ་ཆེའི་ནང་དོན་ཆ་ཚང་རྒྱུས་ལོན་གྱི་ཐོག་ནས་དཔྱད་རྩོམ་གནང་བ་ལ་རྗེས་སུ་ཡིད་རངས་དང་རྒྱབ་སྐྱོར་ཡོད་། བཅའ་ཁྲིམས་ནང་མ་གསལ་བའི་༸གོང་ས་མཆོག་གི་སྐུ་པར་མདུན་སྤྱི་འཐུས་ཀྱིས་ལས་འཁུར་དམ་འབུལ་ཞུ་རྒྱུ་དེ་ཁྲིམས་མཐུན་དང་བཟང་སྤྱོད་ཡོངས་སུ་འགལ་བར་ངོས་འཛིན་ཞུ་གི་ཡོད་། ༸གོང་མཆོག་སྐུ་འཚོ་ཞུགས་ཡོད་བཞིན་དུ་སྐུ་པར་མདུན་དམ་འབུལ་ཟེར་བ་དེ་ག་འདྲ་ཆགས་འདུག་བསམ་ཡོད་བོད་མི་ཚང་མས་དཔྱད་ཞིབ་གནང་དང་། སྤྱི་འཐུས་དམ་འབུལ་ཞུས་ནས་སྤྱི་འཐུས་ཆགས་དགོས་པ་ལས་དམ་འབུལ་མ་ཞུས་སྔོན་དུ་སྐུ་པར་མདུན་དམ་འབུལ་ཞུ་རྒྱུའི་ཐག་གཅོད་གནང་རྒྱུའི་སྤྱི་འཐུས་ཀྱིས་སྐུ་དབང་དེ་སུའི་སྤྲད་པ་ཡིན་དེ་ཡང་ཤེས་མ་སོང་། བཅའ་ཁྲིམས་དོན་ ༤༧ ནང་སྤྱི་འཐུས་ཀྱི་དམ་འབུལ་གསལ་བ་ལ་སྤྱི་འཐུས་ ༤༥ ཚང་མས་དམ་འབུལ་ཞུ་དགོས་པ་དེ་སྤྱི་འཐུས་ཀྱིས་ལས་འཁུར་དམ་འབུལ་གྱི་ཚིག་བརྗོད་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བརྩི་བཀུར་ཟེར་ལ་འགན་འཁུར་ནས་སྤྱི་འཐུས་ཚོ་ཞབས་བྲོ་མཉམ་དུ་རྒྱབ་ནས་རྐེད་ཟེར་ལོགས་སུ་ནམ་ཡང་བཅོ་མི་ཉན་པའི་འབོད་བསྐུལ་ཞུ་གི་ཡོད་།

  2. གཞུང་པ་ཚེ་དབང་བསོད་ནམས says:
    2021-07-01 at 8:45 am

    ངའི་རེ་བ་ལ་སྤྱི་འཐུས་ ༢༢ ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་བཅའ་ཁྲིམས་དོན་ཚན་ ༤༧ འོག་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུ་དགོས་པའི་འབོད་བསྐུལ་དང་རེ་བ་ཡིད་ཆེས་ཡོད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme