Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཅའ་ཁྲིམས་བསྐྱར་བཅོས་ལས་དོན་གནད་འགའ་ཅུང་ཟད་གླེང་བ།

Posted on 2011-05-18 By དབང་ཕྱུག་ 19 Comments on བཅའ་ཁྲིམས་བསྐྱར་བཅོས་ལས་དོན་གནད་འགའ་ཅུང་ཟད་གླེང་བ།

ཨ་བཙན་པོ།

༡
སྔོན་གླེང་ལ་ནི་བསམ་ཚུལ་ཆེར་མེད་དེ་ཕར་ཆེར་དེ་ག་རང་གིས་འཐུས་པར་བསམ་ལ། ཚིག་སྦྱོར་གཅིག་གཉིས་ཤིག་དང་། མཇུག་གི་“༸གོང་ས་སྐྱབས་མགོན་ཆེན་པོས་བཅའ་ཁྲིམས་བསྐྱར་བཅོས་ལ་ཆོག་མཆན་བསྩལ་བའི་སྒོ་ནས” ཞེས་པ་ཅུང་ཟད་འགྱུར་བ་གཏོང་དགོས་པར་སྙམ། འགྱུར་བ་ཇི་ལྟར་གཏོང་དགོས་ཞེ་ན། ད་ཡོད་བཅའ་ཁྲིམས་ལེའུ་བཅུ་གཅིག་པ་འདི་ཉིད་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་༸གོང་ས་མཆོག་གིས་བཀའ་ནན་བསྩལ་བ་བཞིན་བཟོས་ནས་གོང་ས་མཆོག་གི་སྐུའི་འགན་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་ཁག་ལ་བསྩལ་ཏེ་དེ་དག་བོད་རིགས་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་དེ་”ཞེས་པར་བཅོས་དགོས་པར་བསམ། དེ་ལྟར་མ་བྱས་པར་རང་འཇགས་བཞག་ན་ང་ཚོའི་ངོས་ནས་༸གོང་ས་མཆོག་ལ་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་རྒྱུར་ཆོག་མཆན་ཞུས་པ་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བར་སེམས་སོ།།

༢
ལས་ཐམ་དང་ལས་རྟགས་ངོས་ཀྱི་ <<བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ>> ཞེས་པའི་ཚབ་ཏུ་ <<བདེ་པ་ཉིད་རྒྱལ་གྱུར་ཅིག>> ཞེས་བཅོས་པར་གོ་དོན་ཟབ་རྒྱས་ཡོད་ངེས་ལ། རྒྱ་གར་དང་བལ་ཡུལ་གྱི་ལས་རྟགས་སོགས་དང་མཐུན་པ་འདྲ་ཞིག་ཀྱང་ཡིན་ལས་ཆེ་མོད། དེ་ནི་གལ་མི་ཆེ་སྟེ། གཙོ་བོ་བོད་རང་གི་ངོ་བོ་མཚོན་ཐུབ་དགོས་པ་གཙོ་གནད་དུ་འཛིན་དགོས་སྙམ། ལས་རྟགས་ཀྱི་ངོས་སུ་ཡི་གེ་ཞིག་འབྲི་དགོས་མིན་ལ་བསམ་བློ་གཏོང་རྒྱུ་དང་། གལ་སྲིད་དགོས་པའི་དབང་དུ་བཏང་ན་བཀུར་འོས་བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་<<བཙན་བྱོལ་མང་གཙོའི་བོད་གཞུང་།>> ཞེས་པའམ། ཡང་ན། <<བཙན་བྱོལ་བོད་གཞུང་>> ཞེས་བཙན་བྱོལ་བོད་གཞུང་གི་མིང་རང་འཇགས་འཇོག་དགོས་པར་འདོད་དོ།།

༣
དོན་ཚན་དང་པོའི་སྐོར་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་“བཅའ་ཁྲིམས་དོན་ཚན་དང་པོ་གསར་དུ་བཅུག་དགོས་དོན་ནི་ཐབས་མཁས་པོ་ལྟ་བུ་བྱས་ནས་༸གོང་ས་མཆོག་བླ་ན་མེད་པའི་དབུ་ཁྲིད་ཀྱི་ངོ་བོ་དེ་བཟོས་ཡོད་པའི་སྐད་ཆ་རེད་” ཅེས་གསུངས་ཡོད་ཚུལ་དང་། དོན་ཚན་དང་པོའི་ནང་དུ་ “བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་ཁྲིད།”ཅེས་དང་། ཡང་“བོད་ཀྱི་རྩ་དོན་བསྒྲུབ་སླད་སྤྱིར་བཏང་དང་དམིགས་བསལ་སྐུ་ཚབ་ཁག་གཏན་འཇགས་སམ་དུས་ཡུན་རྒྱས་བཅད་ཀྱི་བསྐོ་འཛུགས་གནང་རྒྱུ་”ཞེས་སོགས་ལ་བསམ་བློ་བཏང་ཡོང་དུས་རྒྱ་ནག་གིས་༸གོང་ས་མཆོག་ཁ་ཁོག་མི་གཅིག་ཚུལ་བསྒྲགས་བཞིན་པ་དེའི་ལམ་ཁར་ང་ཚོས་ཁྲིད་བཞིན་པའི་ཚོར་སྣང་ཞིག་ངང་གིས་འཕེལ་ཡོང་ལ། ང་ཚོས་ཞིབ་དུ་བསམ་བློ་བཏང་ན་༸གོང་ས་མཆོག་ང་ཚོས་བླ་ན་མེད་པའི་དབུ་ཁྲིད་དུ་མི་འདོད་མཁན་རྒྱ་ཆ་གཅིག་གཉིས་ཙམ་མི་ཟིན་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། འོན་ཀྱང་ད་སྐབས་དེ་ཙམ་གྱིས་མ་ཡིན་པར་“ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།”པའི་ལམ་སྟོན་ལ་ཡིད་ཆེས་འཕེལ་ན་འདི་དག་མི་དགོས་པར་སེམས་སོ།།

༤
དོན་ཚན་གཉིས་པར་ <<བཙན་བྱོལ་བོད་གཞུང་>> ཞེས་པ་ <<བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་>> ཞེས་པར་བཅོས་པ་ནི་བསམ་པའི་ཡུལ་ན་འཁོར་མི་ཐུབ་པའི་དོན་གནད་ཅིག་གོ། འོན་ཀྱང་བསམ་བློ་མི་གཏོང་རང་གཏོང་ཡིན་པས་ང་ཚོས་ཞིབ་ཚགས་པོས་བསམ་བློ་བཏང་ཡོང་དུས། ང་ཚོ་གནས་ཡུལ་རྒྱ་གར་གྱི་གནོན་ཤུགས་མ་ཡིན་པ་ནི་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་ཡོད་ན། ད་ང་ཚོས་བསམ་བློ་གཏོང་ས་གཅིག་མ་གཏོགས་ལྷག་མེད་ལ། དེ་ནི་རྒྱ་ནག་གི་ཁྲིམས་དང་ལྟ་ཚུལ་ལ་མཐུན་ཐབས་བྱེད་བཞིན་ཡོད་པ་ལས་གཞན་ཅང་མིན་ནོ།། དེས་ན་འདི་ལྟར་བསམ་བློ་བཏང་ཡོང་དུས་ང་ཚོས་ལོ་ངོ་ལྔ་བཅུ་ལྷག་ཅིག་གི་རིང་ལ་མུ་ནས་མུ་མཐུད་དེ་རྒྱ་ནག་གི་ཁྲིམས་དང་ལྟ་ཚུལ་ལ་སྟུན་ཇི་ཐུབ་བྱས་ཏེ། བདེན་དོན་མང་པོ་ཞིག་བློས་གཏོང་བྱས་ཡོད་པ་མངོན་གསལ་རེད། འོན་ཀྱང་ད་སྐབས་ཕྱིར་འདང་ཞིག་བྱོས་དང་། ང་ཚོ་ལ་གྲུབ་འབྲས་ག་འདྲ་ཞིག་ཐོབ་འདུག ངའི་སྣང་ངོར་རྒྱ་གཞུང་གི་ངོས་ནས་གཅིག་ཀྱང་ཐོབ་མི་འདུག་གོ། དེས་ན་ད་དུང་འདི་ལྟར་མུ་མཐུད་དུ་སྟུན་ཅི་ཐུབ་བྱེད་བཞིན་སོང་ན་ཉི་མ་གཅིག་ལ་ད་ང་ཚོར་རང་དབང་ཡང་མི་དགོས་ཕྱིར་ཡོང་གི་ཡིན་ཟེར་རྒྱུ་ལས་ཅང་མེད་པའི་ཚད་ལ་སླེབ་པའི་དུས་ཚོད་ཡང་ཤར་མི་སྲིད་པ་མིན་པར་སེམས་སོ།། གཞན་ཐ་སྙད་འདི་གཉིས་ཀྱི་ཁྱབ་ཚད་དང་གོ་དོན་སོགས་འབྲོ་མྱི་ཟེར་བ་ཞིག་གིས་གསལ་བོར་གླེང་འདུག་པས་ང་ལ་དེ་ལས་ལྷག་ཅིག་བཤད་རྒྱུ་མེད་པས་ཡིག་ཚོགས་མང་པོ་མ་བྲིས་སོ།།

༥
དོན་ཚན་བཅུ་དགུ་པ་གཞུང་གི་འགན་འཛིན་གྱི་སྐོར་ལ་“༸གོང་ས་ཆེན་པོས་རྒྱལ་ཁབ་དབུ་འཛིན་གྱི་མཚན་ཐོག་ནས་”ཞེས་དང་“བཀའ་བློན་ཁྲི་པས་འཛིན་སྐྱོང་འགན་འཛིན་གྱི་འགན་དབང་ཐོག་ནས་”ཞེས་པ་ནི་གོང་དང་ཕྱོགས་མཚུངས་ལ་འདིར་ངེས་དགོས་པ་ཞིག་ནི་འདི་ལྟར་བསྒྱུར་བཅོས་བཏང་ན་བཀའ་བློན་ཁྲི་བ་ཞེས་པ་ཡང་འགན་འཛིན་ཞེས་པར་བཅོས་དགོས་པར་སེམས་སོ།། འདིར་འཕྲོས་དོན་ཅིག་བཤད་པར་འདོད་པ་ནི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་འགོ་ནས་བཟུང་མཇུག་བར་དུ་ཞིབ་ཏུ་ཀློག་ཡོང་དུས་བཀའ་བློན་ཁྲི་བ་མཆོག་ལ་གཞུང་གི་འགན་འཛིན་གྱི་མིང་སྐམ་པོ་ཞིག་ལས་དོན་དངོས་ཐོག་དབང་ཚད་ཅིག་མེད་པའི་ཚོར་སྣང་བྱུང་ངོ་།། དེ་ཡང་༸གོང་ས་མཆོག་གཞུང་གི་འགན་འཛིན་གྱི་མཚན་ཐོག་ནས་དོན་ཚན་བཅུ་དགུ་པར་དབང་ཚད་དོན་ཚན་དགུ་ཡོད་མོད། བསྐྱར་བཅོས་སྐབས་དེ་དག་ལས་དྲུག་ཕྱིར་བསྡུ་བྱས་ནས་བཀའ་ཁྲི་ལ་དབང་ཚད་གསུམ་མ་གཏོགས་མེད་པ་བྱས་འདུག གསུམ་པོ་དེ་ཡང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་ཟིན་པའི་ཁྲིམས་ཡིག་དང་སྒྲིག་གཞི་ཁག་གསལ་བསྒྲགས་དང་ལག་བསྟན་བྱེད་རྒྱུ་དང་། བྱས་རྗེས་གཟེངས་རྟགས་དང་། གོ་མིང་བདག་རྐྱེན་སྤྲོད་རྒྱུ་ཙམ། དེ་བཞིན་དུ་དགོས་གལ་ནམ་བྱུང་ལ་སྤྱི་ལྷན་དུ་ལས་དོན་སྙན་ཞུ་དང་གཏམ་བཤད་གནང་རྒྱུ་གོ་སྐབས་ཙམ་མོ།། བསམ་བློ་རེ་གཏོང་དུས་འདི་དག་ནི་བཀའ་ཁྲིའི་དབང་ཚད་མ་ཡིིན་ཏེ་ལས་འགན་ཙམ་དུ་ཟད་དོ།། དབང་ཚད་དངོས་ནི་ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ཡིག་དང་། བཀའ་རྩ་ཁྱབ་བསྒྲགས། དེ་བཞིན་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་འགྱངས་དང་། བར་མཚམས་འཇོག་པ། གྲོལ་བ། བསྡུ་བསྐོང་། སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་དང་། ལས་དོན་བར་མཚམས་འཇོག་པ། བཀའ་ཤག་གམ་བཀའ་བློན་གང་རུང་འཕོ་འགྱུར། ཛ་དྲག་དང་། གལ་ཆེའི་དམིགས་བསལ་ཚོགས་འདུ་བསྡུ་བསྐོང་། དོན་གནད་གལ་ཆེ་འགའ་རེའི་སྐོར་ལ་བཅའ་ཁྲིམས་གཞིར་བཟུང་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་བྱེད་འཐུས་ཀྱི་བཀའ་ཁྱབ་བསྩལ་རྒྱུ་བཅས་སོ།། འདི་དག་ཡོད་ཚད་བཀའ་ཁྲིའི་དབང་ཚད་བྱས་ན་འགྲིག་པར་བཤད་པ་མ་ཡིན་ཀྱང་། ཡོད་ཚད་ཕྱིར་བསྡུ་བྱས་པ་ནི་རང་གི་དབུ་ཁྲིད་ལ་རང་གིས་མཐོང་མ་སྤྲད་པར་ཟད་དོ།།

༦
དོན་ཚན་ཉེར་གཅིག་པའི་ནང་ནས་ཕྱིར་བསྡུ་བྱས་པ་མང་པོ་ཞིག་ཡོད་མོད། གལ་ཆེ་ཤོས་ནི་བཀའ་ཁྲིའི་འོས་ཆོས་ཀྱི་དོན་ཚན་ཇ་པ་ཕྱིར་བསྡུ་བྱས་པ་དེ་རེད། དེ་ཡང་ད་ནས་བཟུང་བཀའ་ཁྲི་ལོ་ལྔ་ནས་བཅུ་དང་། བཅུ་ནས་ཉི་ཤུ་ལ་བསྡད་ཀྱང་བཅའ་ཁྲིམས་ནང་གསལ་ལྟར་འགྲིག་པར་བཟོས་འདུག འདི་ནི་ཤིན་ཏུ་མི་འོས་ཏེ་རྒྱལ་སྤྱིའི་མང་གཙོའི་འགྲོ་སྟངས་དང་མི་མཐུན་པར་མ་ཟད། རྒྱ་ནག་གིས་ཀྱང་ཧྲུའུ་ཅི་ཞེས་པ་ལོ་ངོ་བཅུ་ལས་ལྷག་འདུག་མི་ཆོག་པའི་ཁྲིམས་ཡིག་ལག་ལྟར་བྱེད་བཞིན་ཡོད་པས་སོ།།

༧
དོན་ཚན་ཉེར་གཉིས་པར་འོས་ཐོན་བཀའ་ཁྲིས་གྲོས་ཚོགས་སུ་རང་གི་ལས་རོགས་བཀའ་བློན་དག་གི་ལོ་རྒྱུས་དང་བཀའ་བློན་འདི་དག་ལ་དོན་ཚན་ཉེར་གཅིག་པའི་ནང་གསེས་བཀའ་ཁྲིའི་འོས་ཆོས་ཁག་ཚང་བའི་གསལ་བཤད་གནང་མི་དགོས་པར་མ་ཟད། ལས་རོགས་བཀའ་བློན་དག་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་མོས་ཐོབ་མིན་དང་། སྤྱི་མོས་མ་ཐོབ་པ་དག་ལ་གསང་བའི་འོས་ཤོག་འཕངས་ནས་འོས་འདེམས་བྱ་རྒྱུ་སོགས་ཕྱིར་བསྡུ་བྱས་ཏེ་བཀའ་བློན་ཁྲི་པས་རང་གི་ལས་རོགས་བཀའ་བློན་དག་ཁོ་རང་ཉིད་ཀྱི་འདོད་འདོད་ཅིག་བསྐོ་གཞག་བྱ་དགོས་པར་བཅོས་པ་འདི་ནི་བཀའ་ཁྲི་མཆོག་ལ་དགོས་ངེས་ཀྱི་དབང་ཚད་མི་སྤྲོད་པར་བཀའ་ཁྲི་གཅིག་པུས་ཐག་མི་ཆོད་པའི་ལས་དོན་ཞིག་བཀའ་ཁྲིའི་ཕྲག་ཏུ་འཕང་བར་ཁུམས་སོ།།

༨
དོན་ཚན་ང་བདུན་པར་“རྒྱལ་ཁབ་”ཅེས་པའི་ཚབ་དུ་“མི་རིགས་”ཞེས་པར་བཅོས་འདུག་པ་འདི་ལ་ཡང་བསམ་བློ་གཞན་ཞིག་བཏང་མི་ཆོག་པ་མ་ཡིན་ཏེ། དཔེར་ན་“གཞུང་དང་། མང་ཚོགས་ཀྱི་ཁེ་ཕན་ཆེད་”ཅེས་བཅོས་ན་ཕྱོགས་གང་ལ་བསྒྱུར་ན་ཡང་བསྒྱུར་ས་ཡོད་པས་སོ།། དེ་ཡང་ཉེ་སྔོན་༸གོང་ས་མཆོག་གིས་གཞུང་ཞེས་པ་རྒྱལ་ཁབ་ལ་གོ་མི་དགོས་པའི་གསལ་བཤད་གནང་ཟིན་པ་ལྟར་ང་ཚོས་ངོས་ནས་དེ་ལ་རྩ་འཛིན་བྱས་ནས་གཞུང་ཞེས་པ་དེ་ལ་འགྱུར་བ་མ་བཏང་ན་ལེགས་པ་ལས། དེ་མིན་ང་ཚོས་ཕྱོགས་ཚང་མ་ནས་ཇེ་ཆུང་དང་ཇེ་ཆུང་དུ་བཏང་པ་ཡིན་ན་ཉིན་གཅིག་ལ་འགྱོད་པའི་རྒྱུར་འགྱུར་ངེས་སོ།།
༢༠༡༡ ༥ ༡༣ ཉིན་བྲིས།

སྣ་ཚོགས།

Post navigation

Previous Post: བྱིས་དུས་ཀྱི་ཕྱིར་དྲན།
Next Post: ཝི་སི་ཀོན་སིན་མལ་ཌི་སིན་གྲོང་ཁྱེར་དུ་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

Comments (19) on “བཅའ་ཁྲིམས་བསྐྱར་བཅོས་ལས་དོན་གནད་འགའ་ཅུང་ཟད་གླེང་བ།”

  1. མེ་ཏོག་དཀར་པོ། says:
    2011-05-18 at 8:11 am

    མུ་མཐུད་སྤེལ།

  2. བོད་པ་ཚང says:
    2011-05-18 at 3:58 pm

    བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ཞེས་པ་བཏགས་ཆོག་ན་བཙན་བྱོལ་བོད་གཞུང་ཞེས་མུ་མཐུད་བྲི་ཆོག་
    འདི་གཉིས་ལས་འོག་མ་དེ་འོས་གཞན་པ་དེ་རྒྱ་རྒན་ཞིག་གིས་བོད་སྐད་བཤད་པའི་བརྡ་ཆད་འདྲ་འདུག།
    གཅིག་བྱས་ན་བཀའ་ཁྲི་གསར་བས་ཨ་རི་དང་ནུབ་ཕྱོགས་ཀྱི་ཁྲིམས་ཐོག་ནས་བོད་གཞུང་ཞེས་པ་འདི་དེབ་
    སྐྱེལ་བྱ་ཐུབ་སྲེད་རྒྱུ་རེད་་་འདི་རྩེད་མོ་ཡིན་་ཁྲིམས་ཟེར་བ་ནམ་ཡང་འགྱུར་བཞིན་ཡོད་དོ།

  3. Rinchen Dhondup says:
    2011-05-18 at 9:34 pm

    ཨ་བཙན་པོའི་དགོངས་ཚུལ་ཁག་དངོས་གནས་རིན་ཐང་དང་དོན་སྙིང་ལྡན་པ་ཤ་སྟག་རེད། བཀའ་དྲིན་བླ་མེད་ཆེ། གནད་དོན་དེ་རིགས་དཔྱད་རིན་ཆེ་བས་ངེས་པར་བཅའ་ཁྲིམས་བསྐྱར་བཅོས་བགྲོ་གླེང་སྐབས་མཐིལ་ཕྱིན་པར་གླེང་བའི་རེ་བ་ཡོད། ཨ་བཙན་པོ་སོགས་ཤེས་ཡོན་ཅན་ཚོས་མུ་མཐུད་དེ་བོད་རྒྱལ་ཁབ་དང་མི་རིགས་ལ་ཕན་ངེས་པའི་དཔྱད་གཏམ་རིན་ཐང་ཅན་དེ་རིགས་གང་མང་སྤེལ་གནང་ཐུབ་ཚེ་ངེད་ཅག་གཞི་རིམ་རྒྱ་ཆེའི་མི་དམངས་ཀྱི་རྨོངས་མུན་གསལ་རྒྱུ་དང་བློ་རྒྱ་་འབྱེད་པར་ཕན་ཐོགས་ཤིན་ཏུ་ཆེ་བར་ཐེ་ཚོམ་མེད་དོ། ། ཁྱེད་ཅག་བསམ་བློ་བ་དང་ཤེས་ཡོན་ཅན་ཚོའི་ལྷག་བསམ་དང་ཞུམ་མེད་སྙིང་སྟོབས་ལ་རྟག་ཏུ་ཡི་རང་དང་དགའ་སྤོབས་ཆེ། །

  4. འོད་ཡུག་པའི་འཁྱམས་པོ། says:
    2011-05-19 at 3:55 am

    གང་ལྟར་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་ཚབ་ཞྀག་དགོས་པ་ལས་བཙན་བྱོལ་བོད་གཞུང་འབྲི་ཐབས་མེད་པའི་གལ་གནད་ཡང་ཤེས་ན་ལེགས་སོ། དེ་ཡང་ང་ཚོས་ཡིན་མགོག་གིས་བཙན་བྱོལ་བོད་གཞུང་ཅེས་འབྲི་བར་སླ་ཡང་དོན་དུ་རྒྱ་གར་ནང་གི་ཆབ་སྲིད་པ་ཚོས་སྔ་ཕྱིར་ཚགས་ཤོག་སོགས་སྟེང་ལབ་གླེང་གང་མང་བྱུང་བ་ཡང་མཁྱེན་དགོས་ལ་དེ་ལ་བརྟེན་ནས་ཟིན་བྲིས་ཚོགས་ཆུང་ནས་ཀྱང་བཙན་བྱོལ་བོད་གཞུང་ཅེས་འབྲི་ཐབས་མ་བྱུང་བ་ལས་མ་བྲིས་པ་དེ་འདྲ་མིན་ཡང་མཁྱེན་གལ་ཆེ། །

  5. ཨ་བཙན་པོ། says:
    2011-05-19 at 4:03 am

    དྲ་གྲོགས་རིན་ཆེན་དོན་འགྲུག་ལགས་ཀྱིས་བསྟོད་བསྔགས་བྱས་པར་དགའ་ཡོད།

  6. ཨ་བཙན་པོ། says:
    2011-05-19 at 4:08 am

    དྲ་གྲོགས་འོད་ཡུག་པའི་འཁྱམས་པོ་ལགས་ཁྱོད་ཀྱིས་བཤད་པ་ལ་གནས་ལུགས་མེད་པ་མ་རེད། འོན་ཀྱང་དཀའ་ངལ་དེའི་རིགས་ནི་ངས་བསམ་ན་ཆུང་ཆུང་རེད་འདོད་ཡོད། རྒྱུ་མཚན་ཉེ་སྔོན་གོང་ས་མཆོག་གིས་བོད་གཞུང་ཞེས་པའི་གཞུང་ལ་འབྲེལ་བཤད་ཡང་དག་པ་ཞིག་བྱས་ཟིན་པ་དེ་ལ་ང་ཚོས་རྩ་འཛིན་བྱས་ན་འཕྲལ་ཕུག་གཉིས་ཆ་ལ་དགེ་ཕན་ཆེ་བར་འདོད་དོ།།

  7. ཚེ་བསམ་ says:
    2011-05-19 at 5:43 am

    དྲ་གྲོགས་ཚོ་ད་དུང་ང་ཚོ་འགྱུར་བ་གཏོང་ཡག་གི་ཚིག་ཁ་ཤས་ལྷག་འདུག་དཔེར་ན་ང་ཚོའི་སྲོལ་རྒྱུན་འབོད་སྲོལ་ལ་རྗེ་ཡབ་སྲས་གསུམས་ལྟ་བུ་ཡིན་དེ་འགྱུར་བ་མ་བཏང་བ་ཡིན་ན་མ་འོངས་པར་ཁྲིམས་ཐོག་ནས་དཀའ་ངལ་ཞིག་འཕྲད་པའི་བཟོ་འདྲ་བོ་འདུག་ཧཧཧཧཧཧཧཧཧཧཧཧ
    ལྟ་བཟོ་བསྟན་བཟོ་མེད་པའི་ཐ་སྙད་འགའ།
    གསར་དུ་བཟོས་ནས་ལྷག་བསམ་ཡིན་མདོག་གིས།
    མ་འོངས་བོད་མིའི་མདུན་ལམ་ཆུ་ལ་གཡུག།
    དེ་དག་བསམ་ན་དབང་མེད་མིག་ཆུ་ཤོར།

  8. ཚེ་བསམ་ says:
    2011-05-19 at 6:31 am

    དྲ་གྲོགས་ཚོ་་འདས་པའི་ཉམ་མྱོང་ལ་ཞིག་ན་ང་ཚོས་ཕྱོགས་ཡོང་ནས་ལྕགས་གསེར་ལ་འསྒྱུར་བའི་འབད་བརྕོན་བྱས་པ་ལས་།གསེར་ལྕག་ལ་འསྒྱུར་བའི་ཐབས་ཤེས་བྱེད་མི་རུང།

  9. ཨ་བཙན་པོ། says:
    2011-05-19 at 8:40 am

    དྲ་གྲོགས་ཚེ་བསམ་ལགས་ཕེབས་པར་དགའ་ཡོད། ཁྱེད་ཀྱི་ལྷག་བསམ་ལ་ཡི་རང་ཞུ།

  10. ྭིརྨི་ལམ says:
    2011-05-23 at 11:34 am

    Just fuck

  11. ྭིརྨི་ལམ says:
    2011-05-23 at 12:24 pm

    I don’t no , Just fuck fuck fuck .

  12. ྭིརྨི་ལམ says:
    2011-05-23 at 12:25 pm

    I don;t no just suck suck suck suck

  13. ྭིརྨི་ལམ says:
    2011-05-23 at 12:25 pm

    I don’t no just suck suck suck

  14. ྭིརྨི་ལམ says:
    2011-05-23 at 12:25 pm

    I don’t no just suck suck suck

  15. མེ་ཏོག་དཀར་པོ། says:
    2011-05-23 at 2:42 pm

    གོང་གི་མཆན་བུ་འགའ་ཞིག་བསུབ་རོགས་གནང་། ཁ་བརྡ་ལགས།

  16. བརྩོན་རྒྱམ། says:
    2011-05-23 at 4:32 pm

    གང་ལྟར་བསམ་བློ་ཞིག་མོ་བཏང་ནས་དུས་ཚོད་ངེས་ཅན་ཞིག་ལ་གྲོས་བྱས་ནས་ཐག་གཅོད་བྱེད་རྒྱུ་ལས་ཉིན་གསུམ་བཞི་ཞིག་གི་ནང་ཐག་གཅོད་ཐུབས་པ་ཞིག་མ་རེད་བསམ་གྱི་འདུག་གང་ཡིན་ཞེ་ན་ཉིན་དང་པོར་དོན་ཚན་གཅིག་གཉིས་ཞིག་ལས་འགྲོ་ཐུབ་མེད་ཚོད་གླེང་གི་འདུག་པས་ན་དེ་ལས་སླ་བོ་ཞིག་གི་ཐག་གཅོད་མཛད་རྒྱུ་ཞིག་མ་རེད་བསམ་བྱུ་ནམ་པ་ཚོས་ལྟས་ན་དེ་འདྲ་ཞིག་འེ་རེད་དེ་ལ་བསམ་ཚུལ་ལྷུགས་པོར་གསུང་རོགས་གནང་།

  17. དམ་ཆོས་རྒྱ་མཚོ། says:
    2011-05-25 at 2:26 pm

    ༧གོངས་ས་མཆོག་ནས་སྐུ་དབང་དེ་ཡང་མ་འོངས་པའི་དམངས་གཙོའི་གཞུང་དང་དེའི་དབུ་ཁྲིད་ལ་གནང་གཏན་འཁེལ་བ་དེ། བོད་དང་བོད་མིའི་མ་འོང་པའི་མདུན་ལམ་ཐད་ཐུགས་དགོངས་རྒྱང་གཟིགས་མཛད་ནས་གནང་བ་རེད།  དེ་འདྲ་ཡིན་དུས། དེ་ལ་རྔམ་སྐྲག་བྱེད་ཡག་ཞིག་རྩ་བ་ནས་ཆག་གི་ཡོད་མ་རེད་ལ།  ཚ་གི་་ཚི་གི་ལ་ངང་ལམ་སང་དུས་ཚོད་ཐུང་ཐུང་ཞིག་ནང་ཁྲིམས་ལུགས་བསྒྱར་བཅོས་བཏང་བ་དང་། རྒྱལ་ཁབ་ཞིག་དང་མི་རིག་ཞིག་གི་ཆེད་དུ་ལ། མིང་དོན་གང་ལའང་མི་འཚམས་པའི་ཐ་སྙད་ཞིག་ཚབ་བཅུག་ནས་བཙན་བྱོལ་བོད་གཞུང་ཞེས་པ་དེས་མིང་དེ་བསྒྱུར་བཞག་ན། རྒྱ་ནག་ཙམ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོག་མདུན་ལ་ཞབས་འདྲེན་ཆེན་པོ་ཞིག་ཆག་གི་རེད། 
    དེ་ལས་༧ གོངས་ས་མཆོག་ལ་དགོངས་བསྐོར་དང་འབྲེལ། ཡང་ན་འཆར་གཞི་སྤྱན་འབུལ་ཞུ་བ་སོགས་བྱས་ན་ལུགས་དང་མཐུན་པ་ཞིག་ཆག གི་རེད།༩ གོངས་ས་མཆོག་ནས་བགྲེས་ཡོལ་གནང་རྒྱུ་ཐུགས་གཏན་འཁེལ་ན་ཡང་ད་ལྟའི་འཆར་ཕྱག་ལས་གནང་བཞིན་པ་སོང་ཙང་། མུ་མཐུད་བཀའ་བསྡར་ཞུ་ཡུལ་དེ་༧ གོངས་ས་མཆོག་ལས་ལྷག་པ་ཞིག་གཏན་ནས་མི་རག། ༧གོངས་མཆོག་བཀའ་དང་བསྟུན་ནས་ཐག་བཅད་ན་མཚམས་ཤོས་ཆག་གི་རེད། 
    ༧གོངས་མཆོག་བགྲེས་ཡོལ་གནང་ན་ཡང། དགའ་ལྡན་ཕོ་བྲང་གི་འཛིན་སྐྱོང་གནང་བའི་སྲིད་དབང་དེ་འཇུགས་བསྒྲིལ་བ་མ་གཏོག། བོད་བཙན་བྱོལ་གཞུང་གནས་བསྡད་ཡོད་རེད། 

    ༧སྤྱི་མཐུན་ཚོགས་གཙོ་གསུང་གསལ། 

    དང་པོ་༧གོངས་ས་མཆོག་བཀའ་དང་མཐུན་མིན།
    གཉིས་པ་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་མིན། 
    གསུམ་པ་རྒྱ་ནག་གནོན་ཤུག་གི་རྐྱེན་གྱི་བྱས་པ། 

    དང་པོ། ༧གོངས་ས་མཆོག་ནས་ཆོ་འཕྲུལ་དུས་ཆེན་ཉིན་གསུང་པའི་བཀའ་སློབ་ལས་དབྱིན་ཡིག་ནང་ Government ཞེས་པ་དེ་་     
    Central Tibetan Administration ཞེས་བསྒྱུར་དགོས་ཞེས་དང་། ཡང་གོངས་ས་མཆོག་ནས་མུ་མཐུད་ནས་གསུང་དོན། བོད་ཡིག་ནང་གི་བོད་གཞུང་ཞེས་པ་དེ་མུ་མཐུད་བཞག་ན་འགྲིག་གི་རེད། གང་ཡིན་ཞེ་ན། དཔེར་ན་དགོན་པ་གཞུང་དང་གྲྭ་ཚང་གཞུང་ཞེས་བཏགས་སྲོལ་ཡོད་གསུང་གནང་སོང་།  

    དེ་འདྲ་ཡིན་དུས། ང་ཚོ་བོད་ཡིག་གི། གཞུང་ཞེས་པས་ཐ་སྙད་དེ་སྒྲིགས་འཛུགས་ཆེ་ཆུང་གང་ལའང་ཁྱབ་ཐུབ་པ་ཞིག་ཡིན་དུས་། མུ་མཐུད་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་བོད་སྐད་ཐོག་རང་འཇག་བཞག་དགོས་གི་རེད། 
    བོད་གཞུང་ཞེས་པ་དེ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་གཟུང་ད་བར་མི་ལོ་སྟོང་ཕྲག་གཉིས་དང་གཅིག་བརྒྱ་སུམ་ཅུ་སོ་བརྒྱད་བར་བོད་གཞུང་ཞེས་པའི་ཐ་སྙད་འདིའི་འོག་གནས་ཡོད་པ་དང་། མ་ཟད་
    ང་ཚོ་བཙན་བྱོལ་ལ་ཆགས་ནས་མི་ལོ་ལྔ་བཅུའི་རིང་ཡང་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་མུ་མཐུད་ནས་གནས་པ་རེད། 
    དེས་བྱས་ནས་ད་ལྟའི་བར། རྒྱ་མིའི་དབང་བསྒྱུར་བྱས་མིན་ལ་མ་ལྟོས་པའི་བོད་མི་ས་ཡ་དྲུག་གི་ངོས་ནས་བོད་རྒྱལ་ཁབ་དེ་ནམ་ཡང་གསོན པོ་གནས་བསྡད་པ་ཞིག་མཚོན་ཡོད།
     བསྒྲིགས་འཛུགས་ཞེས་པ་དེ་ལས་ཀའི་ངོ་བོ་ཞིག་མ་གཏོག་ཆབ་སྲིད་དང་གཞུང་གི་ངོ་བོ་གང་ཡང་མཚོན་མི་ཐུབ་ལ། དེས་ན་བོད་མའི་གཞུང་གི་བསྒྲིགས་འཛུག་ཞེས་པས་ཐ་སྙད་ཀྱི་གསལ་ཁ་ཞིག་གཏོད་པ་ཡིན་ན། རྒྱལ་ཁབ་ཞིག་དང་མི་རིགས་ཞིག་གི་གཞུང་གི་ངོ་བོ་བརླགས་འགྲོ་བ་མ་ཟད་། ཆབ་སྲིད་དང་ཁྲིམས་ཐོག་ནས་ཀྱང་ལས་ཁུང་ཞིག་མ་གཏོག། སྲིད་གཞུང་ཞིག་མིན་པ་ལྟར་བསྒྲིགས་འཛུག་ཞེས་པའི་ཐ་སྙད་དེས། རང་བཞིན་གྱིས་ནུས་མེད་ཞིག་དུ་འགྱུར་སྲིད།

    གཉིས་པ། 

     རྒྱ་གར་གཞུང་གི་ཁྲིམས་དང་མཐུན་མིན་ཐོག་བསྒྱུར་བཅོས་བཏང་བ་ཡིན་གསུང་ན། 

    དེ་ནས་རྩ་དོན་ལ་བསམས་བློ་གཏན་ནས་མ་གཏང་བ་རང་རེད། 

    གང་ཡིན་ཞེ་ན། རྒྱ་གར་གཞུང་ངོས་ནས། འདས་པའི་ལོ་ལྔ་བཅུ་ལ་གནས་ཐུབ་པ་དེ། མང་གཙོའི་ལུང་པའི་ནང་མི་ཁ་ཤས་ཀྱི་བཤད་སྲོལ་ལ་གཏམ་བརྗོད་རང་དབང་ཐོག་གང་དྲན་བཤད་པ་ངོས་འཛིན་བྱེད་རྒྱུ་མ་གཏོགས། བཤད་ཚད་འགྱུར་བ་བཏང་དགོས་ན་བཏང་ཚོད་གང་ཡང་ཡོད་མ་རེད།  དེ་ཙམ་ཞིག་ལ་གཏན་ནས་འགྱུར་བ་བཏང་བཅུག་གི་མ་རེད། 
    ཡིནའང་། སྤྱིར་བོད་མི་སྤྱི་དང་ལྷག་པར་གནད་ཡོད་མི་སྣའི་ངོས་ནས། རྒྱ་གར་གཞུང་གི་ཁྲིམས་དང་མི་མཐུན་པས་རིགས་ལ་ཐུགས་གཟབ་མ་གནང་ན། ལམ་སང་དེས་ཐོག་འགྱུར་བ་ཞིག་འགྲོ་མི་སྲིད་པ་མ་རེད། 
    དེ་མིན་༧གོངས་ས་མཆོག་སྐུ་དབང་ཡོད་རིང་རྒྱ་གར་ནང་མི་ལོ་ལྔ་བཅུའི་རིང་གནས་ཐུབ་པ་དེ། སྐུ་དབང་ལ་འགྱུར་བ་བཏང་མིན་ལ་མ་ལྟོས་པ། གོངས་ས་མཆོག་ད་ལྟ་སྐུ་འཚོ་ཞིང་བཞུགས་བསྡད་ཡོད་རེད། དེར་བརྟེན་བཙན་བྱོལ་བོད་གཞུང་ཞེས་པས་གནས་བབས་དང་ཐ་སྙད་དེ་གནས་ཐུབ་མདོག་ཁ་པོ་རེད།

     མ་ཟད་རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཡང་འགྲན་རྩོད་དང་མི་མཐུན་པ་མི་ཉུང་བ་ཞིག་ཡོད་ཙང་། བཙན་བྱོལ་གཞུང་དེ་རྒྱ་གར་ལ་ཕན་མ་གཏོག་གནོད་པ་གཏན་ནས་མེད། གལ་སྲིད་ཐ་སྙད་དེ་མེད་པ་ཆགས་ན་རྒྱ་གར་གཞུང་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་བྱེད་དེ། ནུས་མེད་ཀྱི་ལག་ཆ་ཞིག་དང། རྒྱ་ནག་གཞུང་ངོས་ནས་དགོས་འདུན་གྱི་ཆ་རྐྱེན་དང་པོ་དེ་ཚང་གི་ཡོད། ང་ཚོ་བོད་མིའི་ངོས་ནས་རང་དབང་བསྐྱར་གསོ་བྱ྄ེད་པའི་ནུས་པ་ཆེ་ཤོས་དེ་ཉམས་ཡོད། 
    གང་ཡིན་ཞེ་ན། བོད་ཕྱི་ནང་གཉིས་རྡོག་རྩ་གཅིག་བསྒྲིལ་གནས་པ་ལ་བོད་བཙན་བྱོལ་གཞུང་ཞེས་པའི་ཐ་སྙད་མ་གཏོག་བོད་མིའི་བསྒྲིགས་འཛུགས་ཞེས་པ་དེའི་རྡོག་རྩ་གཅིག་བསྒྲིལ་གནས་པ་ཁག་པོ་ཞི་དྲག་རེད། 
    རྒྱ་ནག་གཞུང་ནས་ཡང་བོད་ནང་གི་བོད་མི་ལ་རྟག་པར་བོད་བཙན་བྱོལ་གཞུང་ཞེས་པ་དེ་ཁྲིམས་འགལ་གཞུང་ཞིག་རེད་བཤད་པ་དེ་ཡང་དོན་གནས་ལྟར་ཆག་ནས། བོད་ནང་གི་བོད་མི་དག་སེམས་ཤུགས་ཆག་གཞིའི་ཉེན་ཁ་ཞིག་ཏུ་ཡང་འགྱུར་སྲིད། 

    དེ་འདྲ་ཡིན་དུས། ༧གོངས་ས་མཆོག་བཞུགས་རིང་། བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་འདི་ཉིད་བསྒྱུར་དུ་མི་རུང་བ་མ་ཟད། མུ་མཐུད་གནས་ཡག་ཐད་བཀའ་ཤག་གསར་རྙིང་གཉིས་ནས་རྒྱ་གར་ཙམ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནང་འབད་བརྩོན་གནང་ཡག་ཧ་ཅང་གི་གལ་འགངས་ཆེན་པོ་རེད་ལ། གོ་སྐབས་ཡག་ཤོས་དེ་ཡང་༧གོངས་ས་མཆོག་སྐུ་ཚུར་བཞུགས་སྐབས་རེད་ལ་། བཀའ་སྤྱི་གཉིས་གི་ལས་འགན་ཆེ་ཤོས་དང་ཁ་ཚ་དགོས་གཏུག་ཀྱི་ཕྱག་ལས་གཙོ་བོ་དེ་རེད། 

    མ་ཟད་རྒྱ་ནག་ངོས་ནས་བོད་ལ་འཛིན་པས་ཆབ་སྲིད་ལ་འགྱུར་བ་བཏང་གི་མེད་པ་མ་ཟད།སྲིད་ཇུས་འཁྲེགས་རུ་བཏང་བ་ཡིན་ན། ང་ཚོས་ངོས་ནས་རྒྱལ་སྤྱི་ཚོགས་ལ་བཙན་བྱོལ་བོད་གཞུང་ཁས་ལེན་བྱེད་རོག་གྱིས་ཞེས་འབོད་བསྐུལ་ཞུ་བའི་དུས་སྐབས་ཞིག་ལ་སླེབས་ཡོད། འགྱུར་བ་བཏང་ན་སྐབས་དེར་མཛུབ་གུ་ཁ་ལ་བཅུག་ནས་བས྄ད་དགོས་ཆག་ཡོང་། དེར་བརྟེན་བོད་གཞུང་ཞེས་པ་དེ་བསྒྲིགས་འཛུག་ཞེས་པའི་ཐ་སྙད་ཞིག་ལ་འགྱུར་བ་སོང་ཕྱིན་སོང་ན། རིན་ཐང་ཡོད་པ་དེ་མེད་པ་ཞིག་འགྱུར་སྲིད། 

    གསུམ་པ། གལ་སྲིད་སྤྱི་ལོ་༢༠༠༨ ལོའ་རྗེས་བོད་མའི་རྩ་ཁྲིམས་ལུང་བསྒྲངས་ནས་རྒྱ་ནག་གཞུང་ནས་རྒྱལ་ཁབ་ཁ་ཤས་ལ་གནོན་ཤུགས་སྤྲད་ཤག་དེས་བྱས་ནས་འགྱུར་བ་བཏང་ཡིན་གསུང་ན། དེ་ནི་དེ་བས་ཀྱང་མ་འཚམས་པ་ཞིག་རེད། གང་ཡིན་ཞེ་ན། བོད་མི་དམངས་སྤྱི་མཐུན་ལྷན་ཁང་དེ་བོད་མི་དམངས་ཀྱི་སྐུ་ཚབ་ལྷན་ཚོགས་ཞིག་རེད་མ་གཏོག། རྒྱ་ནག་གཞུང་གི་སྐུ་ཚབ་ཞིག་མ་རེད། དེས་ན་རྒྱ་ནག་གནོན་ཤུགས་ཙམ་ལ་སྐྲག་ནས་འགྱུར་བ་བཏང་ན། རྒྱ་ནག་གི་དགོས་འདུན་བསྒྲུབས་པ་རང་རེད། 
    རྒྱ་ནག་གཞུང་ནས་ཐོག་མཐའ་བར་གསུམ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་མཚམས་བཞག་མྱོང་མེད། དེ་ལ་བརྟེན་ནས་བསྒྱུར་བཅོས་བཏང་དགོས་ན། ད་ལྟའི་བཙན་བྱོལ་བོད་གཞུང་འདི་སྔ་ས་ནས་གནས་མ་ཐུབ་པ་ཞིག་ཆགས་བསྡད་ཡོད། ༥༩ ལོའི་གོང་དུ་བོད་གཞུང་ཞེས་རྒྱ་ནག་གཞུང་ནས་ཁས་མི་ལེན་ན་ཡང། བོད་ས་གནས་སྲིད་གཞུང་ཞེས་ད་ལྟའི་བར་རྒྱ་ནག་ཁོ་རང་ཚོའི་ཡང་བཤད་བསྡད་གི་ཡོད་རེད། 
    བཙན་བྱོལ་གཞུང་ལ་ཡང་། ཡུལ་གྱར་སྲིད་གཞུང་ཞེས་རྒྱ་ནག་གཞུང་གི་སྲིད་གཞུང་ཞིག་ཡོད་པ་ངོས་འཛིན་བྱེད་བསྡད་གི་ཡོད་རེད། 

    དེར་བརྟེན་ང་ཚོས་མིང་དེ་ནུས་མེད་ཞིག་དུ་བསྒྱུར་བཞག་ན། 
    རྒྱ་ནག་བསྡད་བསྡད་པ་རེ་འདོད་དེ་ང་ཚོས་བསྒྲུབ་བ་འདྲ་བོ་ཞིག་དང་། 
    ༧་གོངས་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་དེ་ལ་ཡང་། གཞུང་ཞབས་ལས་ཚོས་མ་དགའ་ནས་རྣམ་རྟོག་ཀོ་ལོང་དང་བཅས། རྩ་དོན་བློས་བཏང་བཞག་པ་འདྲ་བོ་ཞིག་ཆག་སྲིད། 
    དེས་ན་བོད་དང་བོད་མིའི་གནས་སྐབས་ཀྱི་རྩ་དོན་དང་འཕྲལ་ཕུག་གི་དམིགས་ཡུལ་ལ་དགོངས་ནས་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་འགྱུར་བ་བཏང་མི་དགོས་པ་ཞིག་ལ་འབད་རོགས་ཞུ། གལ་སྲིད་འགྱུར་བ་བཏང་བ་ཡིན་ན་མ་འོང་པ་བདེན་དོན་རྩོད་པའི་གཞི་རྩ་དེ་མ་གནས་པ་ལྟར་ཆག་སྟབས། དེ་ནས་སྒྲིག་འཛུགས་ཞེས་པ་དེའང་མ་འོང་པ་གང་ཞིག་ལ་འགྱུར་མིན་ཐེ་ཚོམ་རེད། 
    དེས་ན་རྩ་དོན་གཞི་ལ་བཞག་པའི་ཐོག་དཔྱད་པ་བྱེད་པ་བརྒྱུད། བཙན་བྱོལ་བོད་གཞུང་ཞེས་པས་ཐ་སྙད་ངེས་པར་དུ་གནས་དགོས་པའི་དགོངས་འཇགས་ཡོང་བར་ཞུ། 

    ། ཤར་སྤྲུལ་དམ་ཆོས་རྒྱ་མཚོ་ནས་ཕུལ།

    སྤྱི་ལོ་༢༠༡༡/  ༥ /༢༡ ལ་ཕུལ། 

     

  18. མེ་ཏོག་དཀར་པོ། says:
    2011-05-25 at 2:43 pm

    ༧གོང་ས་མཆོག་དབྱིན་ཇིའི་རྒྱལ་མོ་ལྟར་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་སྐུ་དབང་དེ་གང་གི་སྐུ་ཕྲེང་རིམ་ན་རིམ་གྱིས་ཀྱང་གནང་རྒྱུ་རེད་དམ། ཡང་ན་ད་ལྟའི་༧གོང་ས་མཆོག་གཅིག་པུ་རེད། གཅིག་གསུངས་དང་།

  19. སློབ་དཔོན་ཀརྡོ་ says:
    2011-05-25 at 3:22 pm

    བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།
    བཙན་བྱོལ་བོད་གཞུང་།
    Central Tibetan Administration
    བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས། གཤམ་འོག་ཏུ། བདེན་པ་ཉིད་རྒྱལ་གྱུར་ཅིག
    གངས་ཅན་དམངས་གཙོའི་གཞུང་།
    གངས་པའི་དམངས་གཙོའི་གཞུང་།
    བོད་གངས་པའི་དམངས་གཙོའི་སྲིད་གཞུང་།

    དབུ་མའི་ལམ་གྱི་སྲིད་གཞུང་ལ།
    ཀྲུང་གོའི་བོད་གངས་ཅན་གྱི་གཞུང་།
    ཀྲུང་གོའི་གངས་ཅན་སྲིད་གཞུང་།
    ཀྲུང་གོའི་བོད་ཀྱི་སྲིད་གཞུང་།
    ཀྲུང་གོའི་བོད་མིའི་སྲིད་གཞུང་།

    བོད་རང་བཙན་གྱི་གཞུང་ལ།
    བོད་དམངས་གཙོའི་གཞུང་།
    བོད་ཀྱི་དམངས་གཙོའི་གཞུང་།
    བོད་མི་མང་གི་གཞུང་།
    བོད་སྤྱི་མཐུན་མི་དམངས་ཀྱི་གཞུང་།
    བོད་རྒྱལ་ཁབ་ཀྱི་གཞུང་།
    བོད་རིགས་མི་མང་གི་གཞུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme