Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བགེགས་བར་ཆད་གཅིག

Posted on 2008-10-11 By དགེ་རབ་ 2 Comments on བགེགས་བར་ཆད་གཅིག

Lhaomodhondup Yutsang
མགོ་ནག་མི་ལ་ཁྱད་མཚར་གྱི་དགེ་མཚན་ཞིག་ལྡན་པ་ནི་རང་གི་མདུན་དུ་ལྷག་པའི་གནད་དོན་ལ་བསམ་ཤེས་པའི་རྣམ་རིག་གི་ས་བོན་ཞིག་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོའི་གཤིན་ས་འདིར་བཏབ་ཡོད་པར་འཁུམས་ལ། མི་ཞིག་ཏུ་སྐྱེས་པའི་འོས་འགན་ལྕི་ཤོས་ཀྱང་རྙོག་འཛིང་ཆེ་བའི་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་ཁོངས་སྣེ་གང་མང་བརྒྱུད་ནས་རང་གི་རྣམ་ཤེས་ཀྱི་རྣོ་དབལ་དར་ཞིང་རྒྱས་པར་བྱས་ཏེ། རང་གི་ཚེ་སྲོག་ལ་ནམ་ཡང་ནུབ་མི་སྲིད་པའི་འོད་མདངས་ཤིག་བསྐྲུན་རྒྱུ་འདི་རེད། དེས་རྐྱེན་པས་མིའི་རིགས་འཕེལ་ནས་ད་བར་མི་བུ་རེ་རེས་རང་གི་རྐང་རྗེས་ས་ལ་བསླན་ཕྱིར་སྡུག་ས་ན་ཡོད་པ་ཐམས་ཅད་ཕྲག་ཏུ་བླངས་ནས་ཕྱིར་རང་བྱུང་ཁམས་དང་སྤྱི་ཚོགས་འཚོ་བར་འཐབ་འཛིང་བྱེད་པའི་དམག་ཐབས་སྣ་ཚོགས་བཏོན་ནས། ལྟ་བ་དང་གྲུབ་མཐའ་ཅི་རིགས་ཀྱི་ཟུང་ཁྲག་ལ་བརྟེན་ནས་འཁོར་བསྐྱོད་བགྱི་བའི་ང་ཚོའི་མིག་ལམ་གྱི་བདེ་ཞིང་སྐྱིད་པའི་དག་ཞིང་འདི་གྲུབ་པ་རེད།
དེ་བས། ང་ཚོས་ཀྱང་རང་ཉེན་ཁ་ལས་སྐྱོབས་ཆེད་ཆོས་ཉིད་ཀྱི་ལམ་ཐིགས་འདི་བསྙེག་དགོས་པ་བསྙོན་མེད་རེད་ལ། དེ་ནི་ང་ཚོས་རང་གི་རྣམ་རིག་ལ་རྒྱ་ཆེ་ཞིང་གཏིང་ཚུགས་པའི་རྒྱུད་ལམ་ཞིག་བཟོ་དགོས་པ་སྟེ། དུས་ལ་རན་པའི་ལག་ལེན་སློབ་གསོའི་རིམ་པ་ཡང་དག་སྒོས་གཅིག་བརྩེགས་གཉིས་བརྩེགས་བྱ་རྒྱུ་འབའ་ཞིག་རེད། དེའང་མཁས་པའི་ཞལ་ལས་མི་ནི་སློབ་གསོའི་ཐོན་འབྲས་ཡིན་པའི་གཏན་ཚིགས་ཀྱི་མེ་ཏོག་འཁྲུངས་འདུག་པ་བཞིན། མི་ཡག་གཙོག་དང་མཁས་བླུན། མིའི་བདེ་སྡུག་སོགས་སློབ་གསོ་རིམ་པའི་ཚད་གཞི་ཡིས་ཐག་བཅད་པ་རང་གི་གཡས་གཡོན་གྱི་མིག་གིས་མཐོང་སར་བལྟས་ཚེ་ཁྲིགས་ཁྲིགས་རེད་ལ། བཙན་བྱོལ་ཁྲོད་ཀྱི་བོད་སྐད་ཡིག་གི་སྐྱ་ཤུར་ཤུར་གྱི་ནམ་ཟླ་འདིས་ང་ཚོ་ལ་གནས་ལུགས་འདི་ནམ་ལངས་ཉི་ཤར་གྱི་ཚད་དུ་དཀྲལ་འདུག་སེམས། ང་ཚོ་ས་འདིར་བྲོས་ཡོང་དོན་ཡང་རང་གི་ངོ་གདོང་མི་འབོར་བ་དང་རང་གི་སྐད་གདངས་མི་བརླག་པར་བདག་ཉར་བྱེད་རྒྱུའི་ཆེད་རེད་དེ། དམིགས་རྣམ་འདིའི་གྲུབ་དོན་ལ་བསམ་ཚེ་ད་ལྟ་མིག་ཆུ་དབང་མེད་དུ་གདོལ་ཚོད་རེད།
འོན་ཏེ། ད་ནི་ང་ཚོས་བསམ་དོན་མ་འགྲུབ་པའི་རྒྱུ་མཚན་གྱིས་ཕན་ཚུན་ལ་ཁོང་ཁྲོ་དང་ལས་བདའ་བྱེད་པ་ནི་སླར་ཡང་རང་གི་མགོ་རྡོ་ལ་རྡེབ་པ་ལས་མ་འདས་ན། ང་ཚོས་གནད་ཀྱི་ཐུག་ས་དེ་འཚོལ་དགོས་པ་བཤད་ཅི་དགོས། སྤྱིར་བཙན་བྱོལ་ཁྲོད་ཀྱི་བུ་ཕྲུག་ཚོའི་ལས་གཙོག་ནས་འཇམ་དབྱངས་རྣམ་སྤྲུལ་ཐོན་མིས་མཛད་པའི་བོད་སྐད་ཡིག་སློབ་པའི་རིག་རྩལ་གཏན་ནས་མེད་པ་མི་སྲིད་པས། ང་ཚོས་བུ་ཕྲུག་ཚོར་རང་གི་ངོ་གདོང་གི་རྣམ་པ་ཡག་པོ་ཞིག་དང་རང་གི་རྣམ་ཤེས་ཀྱི་སྐད་གདངས་སྙན་པོ་ཞིག་བཟོ་མ་བཏུབ་པ་ནི་ཁོང་ཚོ་ལས་སྣོན་བགྱི་སའི་བཟོ་གྲྭ་དང་བཟོ་རིག་གིས་རྔོ་མ་ཐོགས་པ་སྟེ།
ང་ཚོའི་མི་འགྲིག་ས་དེ་སློབ་གསོའི་སྟེང་ན་ཡོད་པ་དང་ནོར་འཁྲུལ་གྱི་རྩ་བ་སློབ་གསོ་རིམ་པའི་སྟེང་ནས་བྱུང་བ་རེད། སློབ་གསོའི་ཁ་དབུགས་གཙོག་དྲགས་པས་རྐྱེན་གྱིས་ཁོར་ཡུག་འདིའི་ལྗང་མྱུག་དག་ལ་རང་གི་ཤ་ཁྲག་གི་བཅུད་མ འཛོམས་པ་དང་རང་གི་བླ་སྲོག་གི་མདངས་མ་ཐོན་པ་ལོས་ཡིན།
དེ་ཡང་སློབ་གསོའི་མི་འགྲིག་ས་དང་མི་འདང་ས་བཤད་དགོས་ན་ཇི་འདྲའི་བོངས་ཆེན་པོ་ཞིག་འཆད་རྒྱུ་ཡོད་མོད། ང་ལྟ་བུ་ཞིག་གིས་རྔོ་ཐོགས་པའི་ལས་སུ་མ་འཁུམས་ལ། སྐབས་དོན་བོད་སྐད་ཡིག་སློབ་གསོའི་མ་ལག་གཙོ་བོར་གྱུར་བའི་སློབ་དེབ་དག་གི་སྐོར་ལ་རང་གི་རྨོང་འཆར་ཙམ་གླེང་འདོད་པ་ལགས། སློབ་དེབ་ནི་ཤེས་རིག་གི་མཚོན་བྱེད་དང་སློབ་གྲྭའི་སློབ་གསོ་ཡི་གྲུབ་ཆ་གལ་ཆེན་ཞིག་སྟེ། སློབ་དེབ་ནི་ཕྲུ་གུ་ཚོས་ཡངས་བའི་ཤེས་བྱའི་མཁའ་དབྱིངས་འཕྲེད་དུ་གཅོད་བྱེད་ཀྱི་གཤོག་སྒྲོ་རེད། སློབ་ཕྲུག་ཅིག་ལ་སློབ་དེབ་མེད་པའམ་སློབ་དེབ་སྤུས་དག་ཅིག་མེད་ཚེ། ཁོས་ནམ་ཡང་ཤེས་རིག་གི་ཐང་ཆེན་དུ་གོ་རིམ་ཡོད་པ་དང༌། གཏིང་ཚུགས་པ། རྒྱ་ཆེ་བ་བཅས་ཀྱི་འཛོམ་གསུམ་འཛོམ་པའི་གོམ་པ་ཞིག་སྤོ་མི་བཏུབ། ཡང་གཅིག་བཤད་ན་སློབ་དེབ་ནི་ཤེས་རིག་གི་འཇིག་རྟེན་དུ་བགྲོད་པའི་སྒོ་མོ་སྟེ། ཕྲུ་གུ་ཚོས་ཆེས་ཐོག་མར་མཐོང་བའི་ཤེས་རིག་གི་སྣང་བརྙན་དང་ཁོང་ཚོའི་སེམས་བསམ་པའི་གཏིང་གི་ཆེས་ཐོག་མའི་བག་ཆགས་ཀྱང་འདི་ལགས་ན། སློབ་དེབ་ཀྱིས་ཆེས་ཐོག་མར་ཕྲུ་གུ་ཚོའི་ཡིད་དབང་འགུག་ཐུབ་དགོས་པ་དང་སེམས་ལ་དང་བ་འདྲེན་ཐུབ་དགོས་ལ། ཕྲུ་གུ་ཚོའི་རྩེད་འཇོའི་བསླུ་བྲིད་ཀྱི་རྒྱ་རུ་ཚུད་པའི་རྣམ་རིག་ལ་ཤེས་རིག་གི་ངར་ལྡུད་ཐུབ་པ་ཞིག་དགོས་ན།
ཤེས་རིག་གི་སྒོ་མོ་འདི་ནི་ནང་གི་དམིགས་གཏད་དང་ཐབས་ཤེས་ཀྱི་ཚགས་དམ་ཞིང་ཕྱིའི་མཛེས་སྡུག་དང་གཟི་དཔལ་གྱི་ཡོན་ཏན་ཀུན་ནས་འབར་བའི་ཁྱད་ཆོས་ལྡན་པའི་ཕྲུ་གུ་ཚོའི་རྣམ་ཤེས་ཀྱི་རྟེན་ཤིང་ཞིག་ཅེས་ཀྱང་ཡིན་དགོས་མོད།
བཙན་བྱོལ་སློབ་གྲྭ་ཁག་གི་དམའ་འབྲིང་མཐོ་གསུམ་གྱི་སློབ་དེབ་ཁག་གི་ཕྱི་ནང་གསང་གསུམ་ལ་ང་ཚོ་ཚང་མར་རྒྱུས་མངའ་ཡོད་པ་ལྟར་རེད། སློབ་དེབ་འདི་དག་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་བླ་སྤྲུལ་སྐོར་ཞིག་གཙོར་བྱས་ཏེ་བསྒྲིགས་ཤིང༌། ཕྱིས་སུ་མིང་བཏགས་པ་འགའ་ཤས་ཀྱིས་བསྐྱར་ཞིབ་དང་བསྐྱར་བཅོས་ཐེངས་འགའ་ལ་བྱས་ཀྱང༌། ཁོང་ཚོའི་ཕྱག་ལ་འོ་མ་དཀྲོག་ནས་མར་འདོན་པའི་ངར་ཤུགས་ཡེ་ནས་བྲལ་བས། ང་ཚོའི་འོ་གསར་རྒྱ་མཚོ་ལྟ་བུ་ཞིག་འོ་ཟོ་ལས་རུལ་སོང་བ་བཞིན། ཐོག་མར་ང་ཚོས་རུལ་སུང་གི་རྩ་བ་འདི་བསྔོག་ནས་མི་འདི་ཚོར་ཚང་རྩིས་ཡག་པོ་ཞིག་བརྒྱག་དགོས། དེའང་སློབ་དེབ་རྩོམ་སྒྲིག་མཁན་ལ་བླ་སྤྲུལ་གྱི་ཐོབ་ཐང་ཡོད་མེད་དང་བྱ་བའི་ཐོབ་ཐང་ཡོད་མེད།
ལག་འཁྱེར་རྫིག་པོ་སྟོན་རྒྱུ་ཡོད་མེད་གནད་འགག་མིན་པར། གཙོ་བོ་ལག་ལེན་སློབ་གསོའི་སྟེང་གི་ཡོན་ཏན་དང་ཉམས་མྱོང་འཛོམ་མིན་ལ་ལྟ་དགོས་པས། ང་ཚོས་གནའ་ནས་ད་ལྟའི་བར་གྱི་རྩོམ་སྒྲིག་པ་དང་བསྐྱར་བཅོས་ཚོགས་པའི་མི་ངོ་རེ་རེ་བཞིན་ཚད་གཞི་འདིའི་རྒྱ་ཐོག་ལ་བཞག་ཚེ་སྲང་ཅི་ཙམ་ལོང་མིན་ཁོང་ཚོའི་བློ་རིག་གི་ཐོན་རྫས་སུ་གྱུར་བའི་སློབ་དེབ་དང་ད་ལྟའི་བོད་སྐད་ཡིག་གི་གནས་སྟངས་བཅས་ཀྱིས་ཁ་གྲགས་འདུག་པས་མང་པོ་བཤད་དགོས་ཚོད་མ་རེད།
གཉིས་པ་སློབ་དེབ་རང་གི་ཐད་ནས་བསམ་ནའང་སྐྱོན་དང་ནོར་འཁྲུལ་ཅི་རིགས་ཤིག་ཤོག་ངོས་རེ་རེའི་ཉིན་སྲིབ་མེད་པར་ཐང་མར་བརྡལ་ཡོད་ཚོད་འདུག རང་གིས་ཀྱང་ལོ་སྔོན་མར་དམའ་རིམ་སློབ་དེབ་ལོ་འདིར་འབྲིང་རིམ་སློབ་དེབ་ལག་ཏུ་བླངས་ནས་གཞན་ལ་སློབ་པའི་ཁུལ་ཡིན་ཏེ། སློབ་དེབ་འདི་དག་ཇི་ལྟར་སློབ་དགོས་པའང་ཆ་མི་འཚལ་བ་ལྟ་བུར་སྣང༌། སྤྱིར་དམའ་རིམ་སློབ་དེབ་ལ་མཚོན་ན་དེའི་དམའ་མཐའི་ཆ་རྐྱེན་ནི་ཕྲུ་གུ་ཚོར་སྐད་ཡིག་གི་གཤིས་ལུགས་ངོ་འཕྲོད་པར་བྱེད་པ་དང༌། ཕྲུ་གུ་ཚོའི་ཁ་དང་ལག་པ་གཉིས་ལ་སྐད་ཡིག་གི་རྐང་ཚུགས་ནས་གོམ་པ་སྤོ་ཐུབ་པ་བྱ་རྒྱུ་རེད་མོད། ང་ཚོའི་སློབ་དེབ་དག་ལ་སྐད་ཡིག་གི་རྐང་འཛུག་པའི་གདེང་མི་འདུག་ལ། ཕྲུ་གུ་ཚོའི་བློ་རིག་དེའང་ཐབས་ཤེས་འདྲ་མིན་ལ་བརྟེན་ནས་སྒུལ་བསྐྱོད་གཏོང་དགོས་པ་ཞིག་ཅེས་ཀྱང་ཡིན་མོད། ང་ཚོའི་སློབ་དེབ་ལ་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཨུ་ཚུགས་ཀྱི་གཤིས་རྒྱུད་དེ་ལས་རོལ་རྩེད་ཀྱི་སྲོག་དབང་བྲལ་ཞིང༌། སྣ་མང་རིག་རྩལ་གྱི་ས་ཁྱོན་མི་ལྡན། ཐ་ན་སློབ་ཚན་རེ་རེའི་མཇུག་གི་སྦྱོང་ཚན་དུའང་དྲི་བ་དྲིས་ལན་དང༌། བར་སྟོང་འགེང་བ། འགྲིག་མིན་གྱི་རྟགས་འཐེན་པ། ནོར་བཅོས་བྱེད་པ་བཅས་མགོ་ནས་མཇུག་བར་བསྐྱར་ཟློས་ཡང་ཟློས་བྱས་པ་ལས། སློབ་ཚན་རེ་རེའི་མཇུག་ཏུ་དམིགས་གཏད་ཅིག་གི་དགོས་མཁོ་དང་ཁེ་ཕན་ལ་གཞིགས་ནས་སྦྱོང་ཚན་འགོད་པའི་མིག་ཕྱེ་ཐུབ་མི་འདུག་པས། སྦྱོང་ཚན་རྣམས་ལམ་ཀ་གཅིག་ལྟ་བུར་གྱུར་ནས་སློབ་ཕྲུག་ཚོས་སྦྱོང་ཚན་ཅི་ཙམ་བྲིས་ཀྱང་རིག་ལམ་དང་རྣམ་དཔྱོད་གསར་བ་འཕེལ་བའི་རེ་བ་བྲལ་ལ། འདི་ལྟ་བུའི་སློབ་དེབ་ཅིག་ལ་ཁ་སང་དེ་རིང་མིག་གིས་རིག་ས་ན་ཡོད་པའི་བོད་ཡིག་སློབ་པའི་ཉོབ་སྣང་འདི་ལས་སློབ་མའི་ཡིད་དབང་འགུག་པའི་མཛེས་སྡུག་ཅིག་བཙལ་ཡང་རྙེད་ཚོད་མི་འདུག གཞན་ཚིག་དོན་གོ་དཀའ་ལོད་ཀྱི་ཚད་བླངས་པ་མི་འདང་བ་དང་ཐ་སྙད་ལ་གཙང་གཙོག་མེད་པར་སྙིགས་རོའི་བསྲེ་སླད་ཞུགས་པ། ལོ་ཚོད་དང་འཛིན་གྲྭ་མཐོ་དམན་ལྟར་སློབ་ཚན་གྱི་སྔ་ཕྱིའི་གོ་རིམ་སྒྲིག་སྟངས་མི་འགྲིག་པ། སྔར་ནས་མཁས་པའམ་སློབ་གསོ་བས་བྱིས་པ་དག་ཡིག་ཅེས་གདམས་པའི་ཕྲུ་གུ་ཚོས་མ་བསླབ་ཚད་མེད་ཀྱི་དག་ཡིག་ཁ་སྐོང་འོས་འཚམས་མ་བགྱིས་པ་བཅས་ཀྱི་འགལ་འཛོལ་སྣ་ཚོགས་མཆིས་པ་མ་ཟད། ད་བར་ཀྱི་སློབ་དེབ་རྩོམ་སྒྲིག་དང་བསྐྱར་ཞིབ་ཀྱི་ལས་ཀའི་ཁྲོད་ཀྱི་མི་སྣ་མང་ཤོས་བླ་སྤྲུལ་དང་སེར་མོ་བ། ཆོས་དགེ་དག་གི་ངན་རྟགས་ལོས་ཡིན་བསམ་པ་ཞིག་ལ། ཕྲུ་གུ་ཚོར་སྐད་ཡིག་གི་འགྲོ་སྟངས་མ་ཆགས་པར་ཆོས་ཕྱོགས་ཀྱི་གོ་བ་འཇོག་རྒྱུར་ཤུགས་སྣོན་བྱས་འདུག་པ་ནི། མུན་པའི་ཁྲོད་ཀྱི་ལས་ཀ་དངོས་ལགས་ན། ང་ཚོར་ཕྲུ་གུ་དག་ལ་བོད་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འཇོག་བཏུབ་པའི་དམའ་རིམ་སློབ་དེབ་ཅིག་མི་འདུག་ཅེས་ཀྱང་སྨྲ་སྤོབས་ལ། འབྲིང་རིམ་སློབ་དེབ་ལ་མཚོན་ནའང་མིའི་བབ་ཚོད་དང་བསྟུན་པའི་ལེགས་སྐྱེས་ཤིག་འབུལ་བཏུབ་མེད་པར། ཉ་ཉོག་མཉམ་བསྲེས་བྱས་དྲགས་པས་མགོ་རྙོག་ཐེབས་པའི་ལན་ཆགས་ཤིག་དང༌། བསླབ་བྱའི་གོ་རིམ་སྒྲིག་སྟངས་དང་སྙིང་བཅུད་སྡུད་སྟངས་ཐད་ཀྱི་ལེགས་ཉེས་བློ་མིག་ལྡོངས་བའི་ལོང་བ་ཞིག་ཏུ་འཁུམས་པ་དང༌། མཐོ་སློབ་ཁག་གི་སློབ་དེབ་དེ་ཚོར་ཡང་གཙང་སྦྲ་འཕྲོད་བསྟེན་ཟེར་རྒྱུ་ཞིག་མེད་པས། ལམ་ཁ་འདི་བརྒྱུད་མྱོང་མཁན་ཚོས་མགོ་ཅི་ཙམ་ན་བ་མ་བཤད་ཀྱང་མཁྱེན་གསལ་ལྟར་རེད།
དེས་ན་འདིར་ཁོ་བོའི་བརྒྱ་བཤད་ཚིག་གི་རྩ་བ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་བོད་སྐད་ཡིག་གི་ལས་དབང་འདི་འདྲའི་ཉག་ཕྲ་བར་གྱུར་བའི་བགེགས་བར་ཆད་གཅིག་ནི་སློབ་དེབ་རེད་ཅེས་བརྗོད་འདོད་པ་འདིའོ།།

རྩོམ་རིག

Post navigation

Previous Post: བོད་པ་སློབ་ཆེན་པ་ཞིག་གིས་རྒྱལ་སྤྱིའི་མི་དམངས་ལ་སྤྲིངས་བའི་འཕྲིན།
Next Post: གསང་བ་ལྐོག་གྱུར་གྱི་བཀའ་གདམས་སྤྲུལ་བའི་གླེགས་བམ།

Comments (2) on “བགེགས་བར་ཆད་གཅིག”

  1. ཀླུ་སྨྱོན། says:
    2008-10-11 at 4:16 pm

    སློབ་དེབ་བཟོ་མཁན་ལ་ཉམས་མྱོང་མེད་པ་དང་ཡོད་ཀྱང་འགན་མ་ཁུར་བ་ཡིན་གྱི་རེད། དེ་ལས་གཞན་སློབ་དེབ་ཀྱིས་ཁ་གྲགས་ཤེས་ཀྱི་མ་རེད། ཕྱོགས་གཅིག་ནས་སློབ་མས་རང་སྐད་རང་ཡིག་ལ་གདེང་འཇོག་མི་བྱེད་པ་དེ་གནད་འགག་ཆེ་ཤོས་ཤིག་རེད།

  2. ÇtôzÅ-q- says:
    2008-10-11 at 6:28 pm

    མི་རིགས་དང་སྐད་ཡིག་གི་གནས་སྟངས་འདི་ལ་ཕྱོགས་གང་ཐད་ནས་བལྟས་ཀྱང་མུན་རུབ་ཚར་བ་མི་འདུག་གམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme