Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<< གློའུ་མོ >> བཀླགས་པའི་མྱོང་ཚོར།

Posted on 2025-11-132025-11-13 By ཁ་བརྡ་ No Comments on << གློའུ་མོ >> བཀླགས་པའི་མྱོང་ཚོར།

རྔ་བ་ཀུན་བཟང་།
བུད་མེད་ཞིག་ལ་མཚོན་ན། ས་མཐའ་འཁྱམས་ནས་མི་ལོ་༢༡འགོར་བ་དུས་ཡུུན་ཐུང་ཐུང་མིན། རེད་དེ། འདས་ཟིན་པའི་ལོ་ཟླ་ནི་ནམ་ཡང་རིན་ཐང་ལྡན་པའི་དཔེ་ཀློག་གི་འཚོ་བ་རྐྱང་བ་ཞིག་ཡིན་ཟེར་ན་ཆོག། དེ་བས་ཀྱང་བསྐྱར་དུ་གླེང་འདོད་པ་ནི་བོད་ནང་གི་རྩོམ་པ་པོ་དང་སྙན་ངག་པ། གླུ་བ། སྒྱུ་རྩལ་པ་དག་ནི་ངའི་བསམ་གཞིགས་ཀྱི་རྒྱབ་རི་ཡིན་ཟེར་ན་འུར་གཏམ་མིན།
དེའི་ནང་ནས་ང་ལྟར་འཚོ་བ་ལ་མགོ་རྔ་དང་མི་ཚེ་ལ་དེ་ཙམ་སྤྲོ་སྣང་མེད་མཁན་གྱི་ཡུལ་འཁྱམས་པ་ཞིག་ཡོད་པ་ནི་འབྲོག་སྐྱ་བོ་རེད། ངེད་གཉིས་བར་ན་ཆེས་འདྲ་བའི་ཆ་ཞིག་ཡོད་པ་དེ་དཔེ་ཆ་མ་གཏོགས་གང་ཡང་མེད། ཆེས་མི་འདྲ་ས་ཞིག་ཡོད་པ་ཁོང་ནི་ཕ་ཡུལ་གྱི་ཟོག་ར་ནང་བླ་འཁྱམས་པ་དང་ང་ནི་གཞན་ཡུལ་གྱི་ཁང་སྟོང་ནང་བླ་འཁྱམས་ནས་ཡོད།

དེ་རིང་ངས་འདི་ནས་རྩོམ་པ་པོ་འབྲོག་སྐྱ་བོ་གྱི་གློའུ་མོ་ཞེས་པའི་དཔེ་ཆ་འདིའི་སྐོར་གྱི་དཔེ་ཀློག་གི་མྱོང་ཚོར་འགའ་བཤད་འདོད། འོན་ཀྱང་། ངས་གསར་རྩོམ་གྱི་ལོ་ཏོག་ལོ་མང་རིང་ཟད་སོང་བས། ཀློག་པ་པོ་དག་ལ་ཡ་མཚན་ཞིག་གང་ཡང་བཤད་རྒྱུ་མེད། གཙོ་བོ་དེབ་འདི་ཀློག་པའི་བསམ་བློའི་རྙོག་འཛིང་འགའ་བཤད་ཨེ་ཐུབ་ལྟ།
སྤྱིར་གློའུ་མོ་ཞེས་པའི་དཔེ་ཆ་འདི་ནི་བརྩམས་སྒྲུང་ཐུང་ཐུང་ཞིག་རེད། སྒྲུང་གི་འབྲི་ཐབས་དང་། ཐ་སྙད། བྱུང་རིམ་གྱི་ཆ་ནས་དཔེ་ཆ་གཞན་དང་ཅུང་མི་འདྲ་བའི་རྣམ་པ་མཐོང་བས། མ་བཤད་ཐབས་མེད་ཀྱི་ཚོར་སྣང་ཡ་མཚན་ཞིག་བྱུང་།

གློའུ་མོ་ཞེས་བརྗོད་ན། འདིའི་རྩོམ་པ་པོ་མ་ཤེས་ཐབས་མེད་རེད། དངོས་མིང་ལ་གྲུབ་པོ་ཞེས་འབོད། མིང་འདི་ཁོང་གི་ཨ་མས་བཏགས་པའི་གཅེས་མིང་ཡིན། སྨྱུག་མིང་ལ་འབྲོག་སྐྱ་བོ་དང་ཡང་ན་སྨུག་པ་ཟེར། ཕ་ཡུལ་རྨ་ཆུ་དང་སྔ་ཕྱིར་སློབ་ཆེན་ལ་འགྲོ་བ་དང་།ཞོར་ལ་ཇ་ཁང་དང་ཆང་ཁང་སོགས་ལ་ཞབས་ཞུ་བྱས་མྱོང་འདུག ལྷག་པར་དུ་རྩོམ་ཡིག་འབྲི་ཞོར་ལ་མདོ་དབུས་ཁམས་གསུམ་ལ་འཁྱམས་སྐྱོད་དུ་སོང་ནས་ད་བར་དེབ་འགའ་བརྩམས་ཡོད། དཔེར་ན། <<གློའུ་མོ>>དང་<<སེ་ལེན>>ལྟ་བུ།

ངས་སྐབས་འདིར་གླེང་བྱར་གྱུར་བའི་<<གློའུ་མོ>> དུས་ཚོད་ནམ་ཞིག་བརྩམས་པ་དང་འབྲི་ཐབས་ཀྱི་ཕྱོགས་ནས་རྣམ་པ་གང་ཡིན་མིན་ངས་མི་ཤེས།དཔེར་ན། བོད་ཀྱི་སྒྲུང་<<ང་ཡི་ཨ་ཕ་གཉིས>> དང་། <<རྩྭ་ཐང་གི་ཉིན་ཐོ>> << ར་ལོ>> སོགས་གང་ལ་བལྟས་ན་སྒྲུང་གི་བྱུང་བ་དང་། ནང་དོན། རྣམ་པ་བཅས་ཁ་གསལ། འོན་ཀྱང་། <<གློའུ་མོ>> ནི་དེ་ལྟར་མིན་པར་“དྲན་་་་ནམ” ཞེས་པའི་དྲི་ཚིག་ཞིག་གི་ཁྲོད་ནས་སྒྲུང་ཧྲིལ་བོ་མགོ་ཚུགས་པས་ཀློག་པ་པོ་ཞིག་ལ་མཚོན་ན། དཔེ་ཆའི་ཤོག་བུ་དང་པོ་ནས་བཟུང་ཧ་ཅང་སྐྱོ་གར་དང་རབ་རིབ་གྱི་སྣང་བ་ཞིག་གོ། ཡང་མིན་ན་འབྲོག་སྐྱ་བོ་དངོས་ཡོད་རིང་ལུགས་ལས་འདས་པའི་འཆར་སྣང་རིང་ལུགས་པ་དང་།སྣང་བརྙན་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་ཡོད་པས། གསལ་ཐག་ཚོད་པའི་བསམ་བློ་ཞིག་དང་གོ་རིམ་ལྡན་པའི་རྣམ་པ་ཞིག་བཤད་མ་འདོད་པ་ཡང་ཡིན་སྲིད།

བརྩམས་སྒྲུང་དངོས་ལ་ཞུགས་ན། ཆུང་དུས་འུ་ཁ་གཉིས་ཁྱིམ་མཚེས་ཡིན་པ་དྲན་ནམ། དོ་ཞག་གི་འཚོ་བ་གང་འདྲ་རེད། སྐད་ཆ་འདི་གཉིས་སྒྲུང་གི་མགོ་དང་འཇུག་གཉིས་རེད། གཅིག་<<ང་>> རེད། གཞན་དེ་<<གློའུ་མོ>> རེད། བརྩམས་སྒྲུང་འདིའི་ནང་ལ་<<ང་>>ཡི་གོ་ས་ཆེན་པོ་ཞིག་བཟུང་ཡོད་དེ། རེད་དེ། <<ང་>>་ནི་ནམ་ཡང་ལྐོག་གྱུར་དང་རབ་རིབ་གྱི་སྨུག་པ་བཞིན། སུ་དང་གང་ཞིག་ཡིན་མིན་མི་གསལ། དེ་བས་ང་འདི་གཞན་དང་མི་འདྲ་བས་ཁྱིམ་ཚང་དང་། སློབ་གྲྭ། སྡེ་བ། ཐ་ན་རང་གི་སྲོག་དང་འདྲེས་པའི་དགའ་རོགས་ཡིན་ཡང་སྐྱུར།

རྣམ་པ་གཞན་ཞིག་ཡོད་པ་ནི<<གློའུ་མོ>> རེད། ཚིག་འདིའི་མཐའ་ན་”མོ”ཞིག་ཡོད་པས། ཧ་ལམ་ཞི་མོ་ཞིག་ཡིན་པར་སྨོན། གང་ལྟར་ཐོག་མའི་བྱིས་དུས་དང་། བར་མའི་གཞོན་དུས། མཐའ་མ་ནར་སོན་དུས་བར་ལ་གླེན་རྟགས་བསྟན་པའི་རྣམ་པ་མང་ཡང་། གློའུ་བོང་བུ་ལྟ་བུ་ཤེས་རྨོངས་བ་ཞིག་མིན་པས། <<གློའུ་མོ>> ཞེས་པའི་མིང་བཏགས་དོན་ལ་ཡང་མྱོང་སྟོབས་ཀྱིས་རྟོགས་མི་ནུས་ཤིང་རྟགས་སྟོབས་ཀྱིས་རྟོགས་ནུས་པའི་ཆ་ཡ་མཚན་ཞིག་མཐོང་། ཡང་མིན་ན་ངས་བརྩམས་སྒྲུང་ནང་གི་ཞི་མོའི་སེམས་ཁམས་དང་། གཤིས་ཀ། ལྟ་བ་སོགས་མ་མཐོང་ནས་ཚོར་སྣང་རྐྱང་བར་སོང་ནས་མོས་ཀུན་སྤྱོད་ལ་བསམ་གཞིག་བྱེད་མ་ཐུབ་པ་ཡང་ཡིན་སྲིད་དེ། “ང་ཤི་ཡང་གཞན་ལ་ཆུང་མ་མི་འགྲོ”་ཞེས་བཤད་དུས།ཀློག་པ་པོ་སུ་ཡིན་ཡང་བརྩམས་ཆོས་རང་ཉིད་ལ་གཏིང་ཟབ་པའི་བརྩེ་བ་ཞིག་སླེབས་སྲིད་དེ། རྒྱུ་མཚན། ཐོགས་རེག་མེད་པའི་ཚོར་བ་འདི་འཚོ་བ་དངོས་སུ་རྙོག་འཛིང་ཅན་ལས་གསོན་ཉམས་དང་མཛེས་སྡུག་ཅན་མིན་པས། གོང་གི་ཚིག་དེ་བྱེ་ཐང་གི་རི་མོར་ལྟར་གྱུར་སོང་ལབ་ན་མི་འགྲིག་པ་མེད།

དེ་ནས་བརྩམས་སྒྲུང་འདིའི་ནང་དུ། “གློའུ་མོ་” “དཔའ་མོ” ལ་གྱུར་ནས། རང་ཉིད་ཀྱི་ཆེས་བཟང་བའི་གྲོགས་མོའི་དགའ་རོགས་མཉམ་དུ་སོང་ནས་”ང” ཞེས་པའི་མི་དེ་སྐྱུར་སོང་བའི་རྣམ་འགྱུར་ནི་བརྩམས་སྒྲུང་གི་རྣམ་པ་ཡིན་ན་འདྲ། རྩོམ་གྱི་བརྗོད་དོན་ཡིན་ན་འདྲ། མི་སྣའི་གཤིས་ཀ་ཡིན་ན་འདྲ། སྒྱུ་རྩལ་གྱི་མཚོན་ཐབས་ཡིན་ན་འདྲ། གསོན་ཉམས་ལྡན་ལ་དེ་བས་སྡིག་རྩུབ་ཆེ།
རྒྱུ་མཚན། གཏམ་རྒྱུད་ནང་དུ་“གློའུ་མོ་” དང་“ང་” ཞེས་པའི་མི་གཉིས་བྱིས་དུས་ནས་བཟུང་ཁྱིམ་མཚེས་ཡིན། འོན་ཀྱང་། མི་སྣ་འདི་གཉིས་ཀྱི་བསམ་བློ་དང་། སེམས་ཁམས། འདུ་ཤེས། འཚོ་བ་སོགས་ལ་གཅིག་མཐུན་གྱི་ཁ་ཕྱོགས་ཞིག་མེད་ལ།འཚོ་གནས་ཀྱི་ཆ་ནས་ཧ་ཅང་རབ་རིབ་དང་ཟང་ཟིང་ཡིན། རྣམ་པ་འདི་ཕྱོགས་གཞན་ནས་བལྟས་ན། བོད་ཕྱི་ནང་གཉིས་ཀྱི་ན་གཞོན་དང་དེའི་གཤིས་ཀ་དང་འཚོ་གནས་སོགས་འགྱུར་ལྡོག་མང་བའི་ཕམ་ཁའི་གྲུ་ཟུར་ཞིག་མཚོན།

ཡང་ཅིག་བཤད་ན། བརྩམས་སྒྲུང་འདིའི་ནང་གི་མི་སྣ་དེ་ལ་བསམ་བློའི་རང་དབང་མེད་པའི་སྡུག་བསྔལ་རེད། གོང་ནས་བཤད་པ་བཞིན་དང་པོ་རྭ་རྒྱ་ཚང་གི་ལྟ་ལོག་པའི་མིང་བྱང་གསར་བ་ཞིག་བཏགས། རྩོམ་པ་པོས་དེང་སང་གི་སྤྱི་ཚོགས་ལ་མི་ཆོས་སློབ་གསོ་དགོས་པའི་འབོད་སྐུལ་ཞུས་ཡང་། སུ་ཡང་གོ་མཁན་མེད། དེ་ལས་ལྡོག་ཁོང་གིས་སྐད་ཆ་ལ་འབྲི་རིན་དང་འདང་རྒྱག་རིན་མེད་ཅེས་རང་ཡུལ་དང་ཁ་མ་བྲལ་ཐབས་མེད་གྱུར། ལྷག་པར་དུ་མིའི་བསམ་བློ་དང་ལྟ་བ་ཅི་ཞིག་ཡིན་པར་འཚོ་བ་དངོས་སུ་དང་ལེན་མེད་ན། མི་འདི་ལ་ངོས་འཛིན་དང་ཤེས་རྟོགས་བྱེད་དཀའ་བས། མཐར་མི་བསམ་བློ་བ་དེ་གང་ཡང་མེད་པའི་ཆང་འཐུང་ཞིག་ལ་གྱུར།
མདོར་ན། “གློའུ་མོ་”ནི་མི་གཅིག་ཙམ་མིན་པར་མི་རིགས་སྤྱི་ལ་གོ་ན་ཆོག ད་དུང་སད་རྟོགས་ཀྱི་ཤེས་ཚད་དང་། རྩོད་གླེང་གི་རིགས་སྟོབས་མེད་པར། ཚོོར་སྣང་རྐྱང་བའི་རྗེས་འབྲང་བ་ང་ལྟ་བུར་ནི་གློའུ་མོ་ངོ་མ་དེ་རེད་འདོད་ལ ། ལོ་མའི་ཐོག་གི་ཆུ་ཐིགས་བཞིན་ལྷུང་སླ་བའི་སེམས་པ་ཞིག་མིན་ན། དེབ་འདི་ཐེངས་གཅིག་ཀློག་ཨང་།
༢༠༢༥།༡༠།༣༡།

བསམ་ཚུལ།

Post navigation

Previous Post: མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
Next Post: ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme