Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་།

Posted on 2011-02-142011-02-15 By ཁ་བརྡ་ 40 Comments on བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་།

བོད་རིགས་མཐོ་སློབ་གཞོན་སྐྱེས་ཁག་ཅིག་གིས།

གསར་འགྱུར།

Post navigation

Previous Post: བརྩེ་དུང་གི་སྐོར་གླེང་བ།
Next Post: རྒྱང་རིང་ཆུང་མ།

Comments (40) on “བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་།”

  1. Gonpo says:
    2011-02-14 at 2:08 am

    བོད་སྐད་དང་བོད་ཡིག་ཀྱི་ངོ་བོ་དང་དགོས་པ་ཙམ་མ་ཤེས་པའི་ར་མ་ལུག་འདི་ཚོ་ལ་སྙིང་རྗེ།

    རེ་བ་ལ་ཕྱི་རྒྱལ་ཞིག་མགྲོན་ཤོག་ལམ་སྟོན་ཙམ་སྙིང་དབུས་ལ་འཆང་བའི་བོང་བུ་འདི་ཚོ་ལ་བོད་རྒྱལ་ཁབ་དང་མི་རིག་ག་འདྲ་ཞིག་ངོས་འཛི་དགོས་སམ།

    ཞེས་དྲི་ན།

    ཨ་མ་ཡེ་ཤེས་རྒྱལ་བ་་་་་་་་་ཡ་མས་མ་སློང་་་་་་་་་་་བོད་གཞུང་༧གོང་ས་མཆོག་རེད།་་་་་་ok

  2. BBC says:
    2011-02-14 at 2:16 am

    འདི་ན་སུ་དང་གང་གིས་མི་ཤེས་པའི། །
    རང་གི་རིགས་ལ་བྱས་པ་ཅན་གྱི་མི། །
    ཡང་དག་སྒྲུབ་ལ་ལྷག་པའི་བསམ་པ་འདི། །
    བླུན་རྨོངས་ཕྱོགས་རིས་ཅན་ལ་དགོས་པ་མེད། །

  3. གཞོགས་རླུང་། says:
    2011-02-14 at 3:20 am

    ནང་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མེད་གྱུར་ན།།
    ཀ་ཁའི་དབྱངས་སྙན་འགྲོགས་ཀྱང་བླུན་པའི་རྟགས།།
    འཇིག་རྟེན་མི་ཡི་ལས་དང་འགྲོ་ལུགས་མི་ཤེས་པའི།།
    རྒྱལ་ཞེན་ཆེན་བའི་ཨ་ཕོ་དམར་པོ་དགྲ་ལས་སྡུག།།

  4. ལྷག་བསམ། says:
    2011-02-14 at 4:08 am

    དེང་འདིར་ར་མ་ལུག་གི་གཞོན་སྐྱེས་མང་། །
    དེ་ལས་མང་བ་མུན་འཐོམས་བོད་དམངས་རེད། །
    དེ་ལས་ཆེས་མང་ཕྱོགས་ལྷུངས་རིས་གཅོད་རེད། །
    ཤོག་སྒྲིལ་སེར་གཟུགས་གོང་བུ་གང་དུ་གཏོགས། །

  5. Gonpo says:
    2011-02-14 at 4:36 am

    ༢༽ BBC ནས།

    འདི་ན་སུ་དང་གང་གིས་ཤེས་དགོས་པ།
    རང་གི་རིགས་ལ་འདི་ལྟར་འབྱུང་བའི་རྒྱུ།
    དཔོན་ངན་སྐུ་དྲག་རིང་ལུགས་ཐུགས་རྗེ་ལས།
    འབྱུང་བ་ལོ་རྒྱུས་བྱུང་བ་གཟིགས་ན་གསལ།

  6. Gonpo says:
    2011-02-14 at 4:48 am

    རང་འདོད་ཅན་ལ་ལྷག་བསམ་ཡོད་བ་འགལ།
    ལྷག་བསམ་ཅན་ནི་འཕགས་པའི་དགེ་འདུན་ལགས།
    ཕྱོགས་རི་མེད་པར་གཞོན་སྐྱེས་གོ་སྐབ་གནང།
    དེ་ལས་མང་བའི་མི་དམངས་ཁྲི་ཚོ་གཉིས།
    རང་དབང་ལོངས་སུ་སྤྱོད་པའི་འོས་ཤོག་འཕང།

  7. Gonpo says:
    2011-02-14 at 4:48 am

    རང་འདོད་ཅན་ལ་ལྷག་བསམ་ཡོད་བ་འགལ།
    ལྷག་བསམ་ཅན་ནི་འཕགས་པའི་དགེ་འདུན་ལགས།
    ཕྱོགས་རི་མེད་པར་གཞོན་སྐྱེས་གོ་སྐབ་གནང།
    དེ་ལས་མང་བའི་མི་དམངས་ཁྲི་ཚོ་གཉིས།
    རང་དབང་ལོངས་སུ་སྤྱོད་པའི་འོས་ཤོག་འཕང།

  8. BBC says:
    2011-02-14 at 6:28 am

    དགོན་པོ་གང་དེར། དང་པོ་ཁྱེདརང་རྒན་འཁོགས་སློབ་གྲྭར་ལོ་ཤས་ཕྱིན་ཏེ་དེ་ནས་མཆན་འབྲི་བར་ཤོག ད་ལྟ་མཆན་བྲི་བའི་ཆུ་ཚད་མི་འདུག་པས་འདི་བོད་ཀྱི་རིག་གཞུང་ལ་གཏོར་བཤིགས་རེད། ལྟོས་དང་། མིའི་ཚིགས་བཅད་བརྐུ་བཞུ་བྱས་ཏེ་བཅོས་པ་དང་། ཡི་ཕྲེང་ཁ་ཤས་ལས་མེད་ཀྱྲང་དག་ཆ་ཤིན་ཏུ་མང་པོ་ནོར་བ། སྡེབ་སྦྱོར་མི་ཤེས་པ་སོགས་སྐྱུག་བྲོ་བའི་རང་བཞིན་མ་ཡིན་ནམ།

  9. BBC says:
    2011-02-14 at 6:30 am

    ༧༽ BBC ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༤ གི་ཆུ་ཚོད་ ༦ སྐར་མ་ ༢༨

    དགོན་པོ་གང་དེར། དང་པོ་ཁྱེདརང་རྒན་འཁོགས་སློབ་གྲྭར་ལོ་ཤས་ཕྱིན་ཏེ་དེ་ནས་མཆན་འབྲི་བར་ཤོག ད་ལྟ་མཆན་བྲི་བའི་ཆུ་ཚད་མི་འདུག་པས་འདི་བོད་ཀྱི་རིག་གཞུང་ལ་གཏོར་བཤིགས་རེད། ལྟོས་དང་། མིའི་ཚིགས་བཅད་བརྐུ་བཤུ་བྱས་ཏེ་བཅོས་པ་དང་། ཡིག་ཕྲེང་ཁ་ཤས་ལས་མེད་ཀྱྲང་དག་ཆ་ཤིན་ཏུ་མང་པོ་ནོར་བ། སྡེབ་སྦྱོར་མི་ཤེས་པ་སོགས་སྐྱུག་བྲོ་བའི་རང་བཞིན་མ་ཡིན་ནམ།

  10. BBC says:
    2011-02-14 at 6:31 am

    དགོན་པོ་གང་དེར། དང་པོ་ཁྱེདརང་རྒན་འཁོགས་སློབ་གྲྭར་ལོ་ཤས་ཕྱིན་ཏེ་དེ་ནས་མཆན་འབྲི་བར་ཤོག ད་ལྟ་མཆན་བྲི་བའི་ཆུ་ཚད་མི་འདུག་པས་འདི་བོད་ཀྱི་རིག་གཞུང་ལ་གཏོར་བཤིགས་རེད། ལྟོས་དང་། མིའི་ཚིགས་བཅད་བརྐུ་བཤུ་བྱས་ཏེ་བཅོས་པ་དང་། ཡིག་ཕྲེང་ཁ་ཤས་ལས་མེད་ཀྱྲང་དག་ཆ་ཤིན་ཏུ་མང་པོ་ནོར་བ། སྡེབ་སྦྱོར་མི་ཤེས་པ་སོགས་སྐྱུག་བྲོ་བའི་རང་བཞིན་མ་ཡིན་ནམ།

  11. གངས་ཕྲུག says:
    2011-02-14 at 7:27 am

    པཎ་ཆེན་པོ་ཆེ་སྐུ་ཕྲེང་བཅུ་པས།

    ཁྱོད་ཚོད་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག་ལ། བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གོན་ན་ཆོག་མོད། འོན་ཀྱང་ཁྱོད་ཚོའི་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན་ནམ། ཁྱོད་ཚོའི་སྐྱེས་ཡུལ་བོད་རིགས་ཀྱི་ཁྱིམ་ཡིན་པ་ནི་ཇི་ལྟར་བྱས་ཀྱང་བསྒྱུར་ཐབས་མེད། ཁྱོད་ཚོའི་ཕ་མེས་ཡང་མེས་རྣམས་བོད་རིགས་ཡིན། གལ་སྲིད་ཁྱོད་ཚོའི་བྱེད་ཚུལ་དེར་བལྟས་ན། ཁྱོད་ཚོས་མི་རིགས་བསྒྱུར་རྒྱུ་རེད།

  12. མི་ says:
    2011-02-14 at 8:48 am

    གཞོན་སྐྱེས་མང་པོས་བཀྲ་མཐོང་ལ་རྒྱབ་སྐྱོར་ཅི་ཕྱིར་བྱས་པ་རེད། དེ་དྲི་བ་གཅིག་རེད། མང་ཆེ་བ་ཨ་རི་ནང་ཡོད་མཁན་ཡིན་པ་འདྲ། ཨ་རི་ནང་གིས་བོད་མི་མང་ཆེ་བས་ཡང་བཀྲས་མཐོང་ལ་རྒྱབ་སྐྱོར་འདུག མཐའ་ན་བློ་སེང་གི་ས་གནས་བྷོ་སི་ཊིན་གི་བོད་མི་མང་ཆེ་བས་བཀྲས་མཐོང་ལ་རྒྱབ་སྐྱོར་འདུག དེ་ཡང་དྲི་བ་ཆེན་པོ་ཞིག་རེད།

  13. བོད་པ་ says:
    2011-02-14 at 9:05 am

    བརྙན་ཐུང་འདིའི་བཟོ་བཀོད་དང་དྲིལ་བསྒྲགས་བྱེད་སྟངས་། ད་དུང་ཁོ་གཞོན་སྐྱེས་རེད་ངས་རྒྱབ་སྐྱོར་བྱེད་ཡིན་ཟེར་བ་ཙམ་མ་ཡིན་པར་རྒྱུ་མཚན་མང་པོ་གསུངས་གི་འདུག གཞོན་སྐྱེས་འདི་ཚོ་ཚང་མ་ཨ་རིའི་མཐོ་སློབ་ཁག་གི་ནང་གི་སློབ་གྲ་ཆེན་མོ་བ་ཡིན་པ་འདྲ། ཁོ་ཚོའི་རྒྱབ་གི་རྒྱལ་དར་དང་ཐང་ཀ མང་ཆེ་བའི་བོད་ལྭ་གོན་ཡོད་པས་སེམས་འགུལ་ཐེབས་སཽང། བོད་སྐད་མ་གསུངས་བ་ནི་འཁོར་ཡུག་དང་། ཡང་ན་རྒྱུ་མཚན་གཞན་པ་ཞིག་ཡོད་སྲིད། བོད་སྐད་མ་ཤེས་ནི་ཡིན་རྒྱུ་མ་རེད།

  14. ཨོ་བྷ་མ། says:
    2011-02-14 at 9:08 am

    རྒྱབ་སྐྱོར་བ་ཚོ་བོད་སྐད་དང་བོད་ཡིག་ཤེས་མཁན་དགོས་པ་ལས་ར་མ་ལུག་ལྟ་བུ་འགྲིག་གི་མེད་ན་བློ་བཟང་སངས་རྒྱས་ལྟ་བུ་བོད་ཡིག་ཡག་པོ་མི་ཤེས་མཁན་ཞིག་ལ་བཀའ་ཁྲིའི་འོས་མ་སྤྲོད་རོགས་བྱོས་ལྭོ།

  15. ཀརྡོ་རབ་འབྱམས་པ་ says:
    2011-02-14 at 10:42 am

    བསྟན་འཛིན་རྣམ་རྒྱལ་ལགས་ལ་རྒྱབ་སྐྱོར་མེད། གང་ཡིན་ཟེར་ན། རྒྱབ་སྐྱོར་བྱེད་མཁན་ཚང་མ་བོད་སྐད་མ་བརྒྱབ་མཁན་རྐྱང་རྐྱང་རེད་འདུག བཀྲ་ཤིས་དབང་འདུས་ལགས་རྒྱལ་འགྱུར་ཅིག

  16. ལྷག་བསམ། says:
    2011-02-14 at 10:53 am

    ངས་ནི་དུས་རྟག་ཏུ་བྱས་རྗེས་ལ་གཞིགས་པའི་འོད་སྣང་སྤྲོད་དགོས་ཟེར་གྱི་ཡོད། ཁ་ནས་རྫིག་པོ་དང་སྙན་པོ་སུས་ཀྱང་ཤོད་ཤེས། ཁ་ནས་གང་ཐོན་བཤད་དེ་ལག་ལེན་ལ་འགེལ་མི་ཐུབ་མཁན་འདི་ཚོ་མི་དམངས་ལ་མགོ་བསྐོར་བ་མ་རེད་དམ། མི་སོ་སོར་འཇོན་ཐང་ཡོད་ན་བཀའ་ཁྲིའི་གནས་བབ་འདི་དགོས་ཡས་ཡོད་པ་མ་རེད། འཇོན་ཐང་སྟོན་དང། སུས་ཀྱང་བཀག་འགོག་མེད། གཞིས་ཆགས་ནང་གི་མི་ཚང་སྐྱོ་པོ་བརྒྱ་ཐམ་པ་ཨ་རིར་འཐེན་དང་། ང་ཚོས་བལྟས་ཆོག ཁག་པོ་རེད། ཁ་སྦར་མོ་གང་མ་གཏོགས་ཡོད་པ་མ་རེད། སོ་སོ་ལ་དཔལ་འབྱོར་དགོས་པ་བཞིན་མི་གཞན་ལའང་དགོས་ཀྱི་ཡོད་པ་རེད་དོ། །མི་མང་པོས་དངུལ་འབུམ་མང་པོ་སྤྲད་དེ་ཁྲིམས་འགལ་སྒོ་ནས་ཕྱི་རྒྱལ་ལ་འགྲོ་བ་འདི་གང་གི་དོན་དུ་རས། ལེགས་པར་སོམས།

  17. ལི་ཐང་རྒྱ་མཚོ། says:
    2011-02-14 at 11:38 am

    ཁྱད་མཚར་མི་དེ་ཚོ་ནི་བུང་བུའི་རྣ་བར་གསེར་བླུག་པ་དང་གཅིག་ཀྱང་རེད་འདུག

    སྤྱིར་སྟངས་ངས་དང་ཐོག་མ་བརྟག་པར་ཧམ་རྒྱུག་གིས་སྔོན་འགྲོའི་འོས་དེ་བློ་སེང་ལ་བླུག་པ་ཡིན། འོན་ཀྱང་གནས་འདི་ནས་དྲ་གྲོགས་རིག་ལྡན་རྣམས་ཀྱི་དྲང་བདེན་དང་ལྷག་བསམ། ཤེས་ཡོན་གྱི་གོང་བུ་ཆིག་སྒྲིལ་གྱི་ལམ་སྟོན་དང་། རང་ཉིད་ཀྱིས་དངོས་ཡོད་དང་མཐུན་པའི་གནས་ཚུལ་ཁག་ལ་ཞིག་བརྟག་སྐབས་བློ་སེང་ལ་འོས་བླུག་པ་འབད་དེ་ནོར་བར་ཁས་ལེན་བྱེད་དང་བྱེད། འགྱོད་པ་སྐྱེས་མི་དགོས་པ་དང་དགའ་བ་སྐྱེ་དགོས་པ་ཞིག་ནི་ངས་རང་ཉིད་ཀྱི་ནོར་འཁྲུལ་ལ་ཡོ་སྲང་བྱེད་རྒྱུའི་གོ་སྐབས་ཡོད་པ་མ་ཟད་ང་འདྲ་བའི་ལམ་ནོར་དུ་བསྐྱོད་བཞིན་མགོ་རྨོངས་པ་དག་ཀྱང་རྨོངས་ཉིད་ལས་བསད་དེ་རང་ཉིད་ཀྱི་ནོར་འཁྲུལ་ཤེས་ཐོག་དངོས་གཞིའི་འོས་དེ་ལྷག་བསམ་དང་། དྲང་བདེན། ཤེས་ཡོན། ཉམས་མྱོང་། མཛད་རྗེས་ཅན་གྱི་མི་སྣ་ཁོང་ལྟ་བུར་བླུག་རྒྱུའི་རེ་བ་ཡོད། བཀྲས་མཐོང་རྒྱལ་ལོ། ཁོང་རྒྱལ་ན་བོད་རྒྱལ་རྒྱལ་བ་རེད། བརྒྱ་ཆ་བརྒྱ་རེད།

  18. འོད་ཡུག་པའི་འཁྱམས་པོ། says:
    2011-02-14 at 11:39 am

    ཁྱད་མཚར་མི་དེ་ཚོ་ནི་བུང་བུའི་རྣ་བར་གསེར་བླུག་པ་དང་གཅིག་ཀྱང་རེད་འདུག

    སྤྱིར་སྟངས་ངས་དང་ཐོག་མ་བརྟག་པར་ཧམ་རྒྱུག་གིས་སྔོན་འགྲོའི་འོས་དེ་བློ་སེང་ལ་བླུག་པ་ཡིན། འོན་ཀྱང་གནས་འདི་ནས་དྲ་གྲོགས་རིག་ལྡན་རྣམས་ཀྱི་དྲང་བདེན་དང་ལྷག་བསམ། ཤེས་ཡོན་གྱི་གོང་བུ་ཆིག་སྒྲིལ་གྱི་ལམ་སྟོན་དང་། རང་ཉིད་ཀྱིས་དངོས་ཡོད་དང་མཐུན་པའི་གནས་ཚུལ་ཁག་ལ་ཞིག་བརྟག་སྐབས་བློ་སེང་ལ་འོས་བླུག་པ་འབད་དེ་ནོར་བར་ཁས་ལེན་བྱེད་དང་བྱེད། འགྱོད་པ་སྐྱེས་མི་དགོས་པ་དང་དགའ་བ་སྐྱེ་དགོས་པ་ཞིག་ནི་ངས་རང་ཉིད་ཀྱི་ནོར་འཁྲུལ་ལ་ཡོ་སྲང་བྱེད་རྒྱུའི་གོ་སྐབས་ཡོད་པ་མ་ཟད་ང་འདྲ་བའི་ལམ་ནོར་དུ་བསྐྱོད་བཞིན་མགོ་རྨོངས་པ་དག་ཀྱང་རྨོངས་ཉིད་ལས་བསད་དེ་རང་ཉིད་ཀྱི་ནོར་འཁྲུལ་ཤེས་ཐོག་དངོས་གཞིའི་འོས་དེ་ལྷག་བསམ་དང་། དྲང་བདེན། ཤེས་ཡོན། ཉམས་མྱོང་། མཛད་རྗེས་ཅན་གྱི་མི་སྣ་ཁོང་ལྟ་བུར་བླུག་རྒྱུའི་རེ་བ་ཡོད། བཀྲས་མཐོང་རྒྱལ་ལོ། ཁོང་རྒྱལ་ན་བོད་རྒྱལ་རྒྱལ་བ་རེད། བརྒྱ་ཆ་བརྒྱ་རེད

  19. ten zin pema says:
    2011-02-14 at 11:41 am

    ཨ་རིའི་མཐོ་སློབ་གཞོན་སྐྱེས་ཁག་ཅིག་གིས་བསྟན་འཛིན་རྣམ་རྒྱལ་ལགས་ལ་རྒྱབ་སྐྱོར་བྱེད་པ་ཡག་པོ་རེད། ཡིན་ན་ཡང་བོད་སྐད་གཙང་མ་བཤད་ནས་རྒྱབ་སྐྱོར་བྱེད་པ་ལུགས་ཐུན་ཡིན་པ་ལས། མི་རིགས་གཞན་གྱི་སྐད་་དང་ཡི་གེ་བེད་སྤྱོད་བྱས་ནས་རྒྱབ་སྐྱོར་བྱེད་པ་སྟེ་སོ་སོར་རང་གི་ཞབས་འདྲེན་རེད །

  20. དཔོན་སྟེང་འཕྲིན་ཅན།། says:
    2011-02-14 at 11:42 am

    རང་བཙན་ཤོར་ནས་མོ་ལོ་ལྔ་བཅུ་འདས། མི་རབས་གསུམ་པས་ད་དུང་འགན་མ་ལེན་པར་མི་རབས་གཉིས་པ་ལ་རེ་བ་རྒྱབ་བསྡད་པ་ངོ་ཚ། ད་སོ་སོའི་འཇིང་པའི་སྒང་ལ་སླེབས་པ་མགོ་ཚོས་པ་བྱེད། དེ་ནས་བཤད་དགོས་པ་ཞིག་ལ་ར་མ་ལུག་བརྒྱབ་ནས་ང་ཚོ་གཞོན་སྐྱེས་ཀྱི་མིང་འཁྱེར་ཏེ་ཞབས་འདྲེན་མ་ཞུ། སྔོན་ལ་ཕ་སྐད་གཙང་མ་སྦྱོང་བར་ཕེབས་ད་ལྟ་སྤོབས་པ་དེ་མིན་འདུག།།།། ༢༠༠༨་ནས་བཟུང་མི་རབས་གསུམ་པའི་གཞོན་སྐྱེས་ཀྱིས་བོད་ནང་སྐད་སྒྲ་དང་བཅས་དུས་བབས་པའི་སྔོན་རྟགས་ཀྱིས་རྒྱ་དམར་སྐད་ཤོར་བླ་འདར་བཟོས་ཟིན། ད་ང་ཚོ་བཙན་བྱོལ་ནང་ནས་ལངས་ཀྱི་ཡིན། ང་ཚོ་གཞོན་སྐྱེས་ཀྱི་སྔོན་མཆོངས་བ་མཁས་དབང་བློ་བཟང་སེང་གེ་རྒྱལ་གྱུར་ཅིག།།།།། དུས་ཀྱི་འགྲོས་དང་བསྟུན་ནས་འགྱུར་བ་ཐེངས་གཅིག་གཏོང་དང་དེ་ལ་ང་ཚོར་ཐོབ་དགོས་པ་དེ་ཡོད་རེད། སོ་སོས་སོ་སོར་སྤོབས་པ་སྐྱེ་སོ་སོས་སོ་སོར་བསྐུལ་མ་གཏོང་སོ་སོས་སོ་སོར་སེམས་ཤུགས་སྤར་ང་ཚོ་ནི་རྟག་ཏུ་གངས་ལྗོངས་ཀྱི་སེང་ཕྲུག་ཁྱུ་ཅིག་ཁ་བའི་ལྗོངས་ལ་ལོག་འགྲོ་ཨ་རོགས་ཚོ།།།།

  21. འོད་ཡུག་པའི་འཁྱམས་པོ། says:
    2011-02-14 at 11:43 am

    ཀརྡོ་རབ་འབྱམས་པ་ལགས་ལྕགས་ལ་སོ་རྒྱབ་ན་སོ་འཕྲོ་བརླག་འགྲོ་ཡི་རེད་ལོ། སོ་ཆགས་ན་ཤ་ཟ་ཐུབ་ཀྱི་མ་རེད་ད། གཟབ་གཟབ་གྱིས། ཁྱེད་ཡང་ད་ལྟ་རང་ས་དོང་མཐོན་པ་འདྲ་པོ་འདུག བཀྲས་མཐོང་གི་རྒྱབ་སྐྱོར་བ་བོད་སྐད་རྒྱབ་ཀྱི་མིན་འདུག་བཀྲས་མཐོང་རྒྱབ་སྐྱོར་མེད་ཟེར་ན་སེམས་པ་གནད་ལ་འཁེལ་བའི་མི་ཞིག་གི་སྐད་ཆ་མ་རེད།

  22. འོད་ཡུག་པའི་འཁྱམས་པོ། says:
    2011-02-14 at 11:47 am

    ས་དོང་ནས་ ནས་ཆད་འདུག་པས་བཅོས་རྒྱུ།

  23. གཟི་མིག་གསུམ་པས་ says:
    2011-02-14 at 12:15 pm

    མགོན་པོ་ཟེར་བའི་མིང་འཛིན་པས་ད་བར་བཙན་བྱོལ་ནངབོད་མི་སུས་་དཀའ་ལས་མང་ཤོས་དང་གདོང་ལེན་མང་ཤོས་་བྱས་ཡོད་མེད་ཕལ་ཆེར་ཤེས་ཀྱི་མེད་པ་འདྲ་་་་་་་དེ་སྔ་བོད་ཤོར་བ་ནི་སྐུ་དྲག་ཡོངས་ལ་ཞ་མོ་ནག་པོ་གཡོག་ན་དེ་བས་མི་བསྒྲིགས་་་་་་་འོ་ན་བཙན་བྱོལ་ནང་ལ་ད་བར་མི་སྣ་ཕལ་ཆེ་བ་དང་འགན་གཙོའོ་འཁྱེར་མཁན་ནི་སྐུ་དྲག་ཡིན་པསཁྱེད་ཀྱིས་དེ་ལ་ཅི་བརྗོད་རྩིས་ཡོད་་གང་བྱུང་མ་བྲིས་ན་ལེགས་གྲོགས་པོ་ལགས་་་་་་སྤྱིར་བློ་སེང་གི་་ཤེས་ཚད་་ཟུར་དུ་ཞོག་བཀའ་བློན་མཚན་གཞུང་གཞན་གཉིས་ལས་སྐྱོ་བ་རྨོས་མེད་རེད་་་་་་་གཅིག་བཙན་བྱོལ་ཆབ་སྲིད་ཀྱི་གོམས་མྱོང་མེད་ལ་་་་་་གཉིས་བཀའ་ཁྲིའི་ཞབས་སྟེག་ནི་བརྩེད་མོ་རྩེད་ཡག་མིན་་་་་་གསུམ་བཀའ་ཁྲི་བྱ་དགོས་ན་ངེས་པར་དུ་བོད་ཀྱི་རིག་གཞུང་ཟེངས་སུ་མཐོན་པ་ངེས་པས་དགོས་་་་་་་བཞི་ད་བར་་བོད་མི་ཡོངས་ལ་ཕན་ཐོགས་པ་གང་བྱས་ཡོད་་་་ལྔ་མ་འོངས་པར་ད་ལྟ་བརྗོད་བཞིན་པ་ལྟར་གང་དྲན་དྲན་ག་པར་བྱ་རྒྱུ་ཡོད་འདི་ནི་རྒྱལ་ཁབ་གཅིག་གི་ལས་དོན་ཡིན་པ་ལས་ཚོགས་པ་ཆུང་ཆུང་འདི་འདྲ་རྩ་བ་ནས་མིོན་སྤྱི་ཚོགས་ནང་གང་དྲན་དྲན་མང་པོ་བརྗོད་བཞིན་པ་ནི་བསམ་བློ་ཡག་པོ་གཏང་ན་ཉམས་མྱོང་མེད་པའི་སྐྱོན་ཁོ་ན་ལས་མ་ཆིས་སོ་

  24. བོད་ཀྱི་ཕོ་གསར། says:
    2011-02-14 at 12:23 pm

    ཚིག་གཅིག་གཉིས་ཤིག་མ་བཤད། གཞན་གྱིས་ཉོས་པ་འདྲ་བོ་མ་བྱེད། དེ་ལྟར་བྱས་ན་རྒྱབ་སྐྱོར་བྱེད་རྒྱུ་ལས་བརླག་གི་རེད། དེ་བས་རྒྱུ་མཚན་ཅུང་སྙིང་བསྡུས་ཤིག་བོད་སྐད་དུ་ཤོད། དེ་མི་ཐུབ་ན་འབྲེལ་བ་བྱས་ནས་བོད་ཡིག་ཏུ་བསྒྱུར། ཡག་པོ་ཞིག་བྱེད་དགོས་པ་རེད། གཙོ་བོ་ཁྱེད་རང་ཚོས་ཨ་རིའི་ནང་གི་བཀྲས་མཐོང་གི་མཐོང་དང་ཕྱག་ལས་གནང་སྟངས་ཤོད། ཨ་རིའི་བོད་མི་ཚོས་བཀྲས་མཐོང་ལ་གཟིགས་སྟངས་བཤད་ན་འགྲིག་གི་རེད། གཞན་ཉ་ཉོག་མང་པོ་བཤད་དགོ་མ་རེད། ཨེ་ཤ་ཡ་ནས་འབུམ་རམས་པ་ཞིག་གིས།

  25. ལི་ཐང་རྒྱ་མཚོ། says:
    2011-02-14 at 12:26 pm

    ཡ་རབས་ལུགས་ཀྱིས་མ་གོས་མགོན་པོ་ལགས།
    ལྷག་བསམ་ཤེས་ཡོན་དབེན་པའི་ཆོལ་གཏམ་ལ།
    བཀུར་བར་མི་འོས་ངོ་ཚའི་གནས་ཡིན་པས།
    ཕྱིན་ཆད་འདི་ན་མ་ཡོང་སློབ་གྲྭར་ཕེབས།

  26. Gonpo says:
    2011-02-14 at 12:28 pm

    BBC
    ཁྱོད་འདོད་པ་ལྟར་ན་ཡི་གེའི་དག་ཆ་ལ་ནོར་འཁྲུལ་བྱུང་ན་རིག་གཞུང་གཏོར་མཁན་ཡིན་ན།
    དང་པོ་ནས་མཁས་པ་ཡིན་པ་ནི་སུ་ཡང་མེད་ལ།  ལས་དང་པོ་བ་ཚང་མ་བོད་པའི་རིག་གཞུང་གཏོར་མཁན་ཡིན་པར་འགྱུར་ལ།ནོར་འཁྲུལ་ཕྲན་བུ་ལ་ངན་སྨོད་དང་འབུར་འཇོམ་གནང་བ་ནི་མིག་རྒྱང་ཐུང་བའི་རང་མཚང་ངོམ་པ་དང་
    ཡར་རྒྱས་འགྲོ་བའི་རྟེན་འབྲེལ་ལ་རྨོང་བའི་ངང་ཚུལ་ཡིན་པ་མཁྱེན་པར་བྱོས།     རང་གི་ཕ་སྐད་དང་ཡི་གེ་ལ་ལོངས་སྤྱོད་འདོད་པའི་རིགས་ཀྱི་བུ་དང་བུ་མོ་ལས་དང་པོ་རྣམས་ཀྱི་སེམས་ཁམས་ལ་རྨ་འབྱིན་ནས་སྤོབས་པ་ཞུམ་དགོས་བའི་ཚིག་མཚོན་གནང་ན་རིག་གཞུངས་ཡར་རྒྱས་ལ་འབུར་འཇོམས་དང་།  ལྷག་བསམ་དང་རྣམ་དཔྱོད་ཀྱི་གོས་རྒྱན་མེད་བའི་གཅེར་བུའི་གཟུགས་བརྙན་མངོན་པ་མ་ཡིན་ནམ་BBC

  27. འོད་ཡུག་པའི་འཁྱམས་པོ། says:
    2011-02-14 at 12:32 pm

    ཡ་རབས་ལུགས་ཀྱིས་མ་གོས་མགོན་པོ་ལགས།
    ལྷག་བསམ་ཤེས་ཡོན་དབེན་པའི་ཆོལ་གཏམ་ལ།
    བཀུར་བར་མི་འོས་ངོ་ཚའི་གནས་ཡིན་པས།
    ཕྱིན་ཆད་འདི་ན་མ་ཡོང་སློབ་གྲྭར་ཕེབས།

  28. འོད་ཡུག་པའི་འཁྱམས་པོ། says:
    2011-02-14 at 12:45 pm

    མགོན་པོ་དེ་གང་འདྲ། འབྲི་མི་ཤེས། ཀློག་མ་ཤེས། བསམ་མི་ཤེས་མི་ཤེས་པ་གསུམ་འཛོམས་པའི་མགོན་པོ།
    འདི་སློབ་གྲྭ་མ་རེད་པ། བོད་ཡིག་ལས་དང་པོ་བ་རྣམས་སློབ་གྲྭར་བསྐྱོད་རྒྱུ་ལས་བོད་ཡིག་སྦྱང་བར་དྲ་རྒྱར་ཡོང་ན་བློ་བཟང་སེང་གེ་ལགས་ཀྱིས་བཀའ་ཁྲིའི་ཞབས་བཀྱག་ཉམས་མྱོང་གསོག་སར་གཟིགས་པ་འདྲ་པོ་མ་རེད་པས།
    ཧ་ཧ། ད་བལྟོས་ད། མགོན་པོ་ཟེར་བ་དེའི་མཆན་ལ་བལྟོས་དང་། བླ་མ་མཁྱེན་ནོ།

    BBC ལ་ཆོལ་གཏམ་མ་ཤོད་ལོ། BBC ནི་དྲ་སྟེང་འདི་ན་དྲ་གྲོགས་རྣམས་ཀྱི་གདེང་འཇོག་ཡོད་པའི་དྲང་བདེན་ལ་དགའ་ཞིང་། ལྷག་བསམ་ཡོད་པ། ཤེས་ཡོན་ཡོད་པ་ཡོད་པ་གསུམ་འཛོམས་ལས་ཁྱེད་ལྟབུའི་མེད་པ་གསུམ་འཛོམས་དེ་འདྲ་མ་རེད།

  29. འོད་ཡུག་པའི་འཁྱམས་པོ། says:
    2011-02-14 at 1:31 pm

    བསྟན་འཛིན་འཕགས་པ་ལགས་ཁྱེད་ཀྱི་སྙིང་རྗེ་གོ་ལོག་འཐེབ་བཞག། ཆང་རག་མ་འཐུང་སྔོན་ནས་མཆན་འདེབས་རྒྱུར་བརྩོན་དེ་རྗེས་ར་བཟི་ག་བ་བཤད་ན་ཤོད། དེ་མིན་ཆོལ་གཏམ་ཀྱང་ཀྱང་བཤད་ན་ངོ་མ་ང་ཚོ་བསུན་གི། བཀྲས་མཐོང་གིས་རྐུན་མ་བྱས་པའི་བདེན་དཔང་ཡི་གེ་མ་མཐོང་ཡང་ཁོང་རྐུན་ཇག་མིན་པ་བཀའ་དྲུང་ཡིག་ཚང་གི་ཕྱག་བྲིས་ཡོད་པ་ཚང་མས་ཤེས་གསལ་རེད། དོན་མེད་རླབ་ཆེན་གྱི་མཛད་རྗེས་ཡོད་ལ། མི་རིགས་ལ་ཞེན་ཅིང་དུང་བ། དྲང་བདེན། སྣ་མང་ཤེས་བྱའི་གནས་ལ་མཁས་པ། ཁོང་ལྟ་བུར་མཚན་སྨོད་བྱེད་པ་ནི་ཁྱེད་དྲང་བདེན་ལ་བདེན་ཁ་སྦྱིན་མི་འདོད་ལ། དྲང་བདེན་ལ་རྒྱལ་ཁ་འབུལ་མི་ཐུབ་མཁན་གྱི་ཀླད་མེད་ཞིག་ཡིན་པ་མ་ཟད་ཤེས་ཡོན་སོགས་གང་གིས་ཀྱང་ཕུངས་པའི་ལུས་སེམས་ཡོངས་རྫོགས་ང་རྒྱལ་གྱི་གོང་བུ་གཅིག་ཏུ་བསྒྲིལ་བའི་མི་ཐ་ཤལ་ཞིག་རེད། གོ་སོང་ང། བསམ་ཤེས་པ་གྱིས། ཉན་ཤེས་པ་གྱིས། ག་ལེར་ཡ་རབས་ལྡན་པའི་མི་ཞིག་ཆགས་ཀྱི་རེད།

  30. Gonpo says:
    2011-02-14 at 2:16 pm

    རྒྱ་དམར་ནས་སྐྱབས་བཅོལ་གཞུང་འདི་སྐུ་དྲག་མི་ཚང་ཁ་ཤས་ཞིག་གི་གོ་སྐབས་ཟུང་ནས་སྡད་བ་ཞིག་དང་།

    ཆོས་ལུགས་ལ་རྟེན་ནས་རྨོང་དད།  ལྷ་གསོལ་འདྲེ་གསོལ་ཞབས་རིམ་འདྲ་བྱེད་སྤྱན་རས་གཟིགས་དང་

    འོད་དཔག་མེད་གུ་རུ་རིན་པོ་ཆེའི་སྤྲུལ་བའི་འཛིན་སྐྱོང་གནང་གི་རེད་བསམ་པ་དང་།

    ཏཱ་ལའི་བླ་མ་འདི་མེད་བ་ཡིན་ན་སྐྱབས་བཅོལ་གཞུངས་འཇུག་རྫོགས་བའི་ངོས་འཛིན་དང་ཚོད་དཔག་བྱེད་གི་ཡོད་པ་

    གསལ་པོ་རེད།

    དེ་འདྲ་སོང་ཙང་ད་ལྟ་ང་ཚོས་ཨ་བྲ་ཆུང་ཡང་ལྷུ་ལག་ཚང་བའི་ཁྱད་ཆོས་སྟོན་དགོས།

    འདས་བའི་མི་ལོ་ལྔ་བཅུའི་ནང་གི་ཡར་རྒྱས་མཚོན་བྱེད།.  གཞོན་སྐྱེས་ཡིན་པ།.   འཛམ་གླིང་ནང་གི་མཁས་དབང་དང་

    སྲིད་འཛིན་ཞི་བདེའི་དེད་དཔོན་མང་པོའི་འབྱུང་གནས་ཧ་བར་དྲི་ཆེས་མཐོའི

    སློབ་གཉེར་ཁང་ལས་ཕེབས་པའི་ཁྲིམས་ལུགས་འབུམ་རམ་བ་ཞིག་བཀའ་བློན་ཁྲི་བ་

    ལ་ཕེབས་ན་ཤེས་ལྡན་དང་ལྷག་བསམ་ཡོད་ན་དེ་ལས་དགའ་བ་ག་ལ་ཡོད།.   

    རྒྱ་དམར་ལ་མི་མང་ཉུང་དང་དངུལ་དཔལ་འབྱོར་དམག་དོན་བཅས་ལ་ང་ཚོའི་འགྲན་མི་ཐུབ་པ་ནི་

    དངོས་སུམ་ཚད་མས་གྲུབ་ལ།

    ད་གང་དང་གང་གིས་ལན་འདེབ་ན།   མངས་གཙོ་དང་འཚེ་མེད་ཞི་བ་རེད།

    ད་ལན་བློ་སེང་བཀའ་ཁྲི་ལ་ཕེབས་ཐུབ་ན་དོན་དམ་པའི་མངས་གཙོ་ཡིན་པའི་བརྡ་ལན་སྤྲད་པ་རེད།

    ད་ལྟ་ང་ཚོས་རྒྱ་དམར་ལ་ལན་ཞིག་འཕྲོད་ཐུབ་པ་དགོས།   བླ་མ་ཞིག་དང་སྐུ་དྲག་ཞིག་

    བཀའ་ཁྲི་ལ་སླེབ་པའི་དུས་དེར་རྒྱ་དམར་ལ་ལན་དུ།  ང་ཚོ་ལ་ཡར་རྒྱས་མེད་པའི་ངོས་ལེན་བྱས་ཟིན་པ་

    ཤེས་དགོས།   དྭགས་པོ་རིན་པོ་ཆེས།  ཆོས་ཆོས་བཞིན་མ་བྱས་ན།.  སླར་ངན་སོང་འགྲོ་བའི་རྒྱུ་བྱེད། གསུངས

    དེ་ང་ཚོ་བོད་པ་ཚང་ལ་བྱུང་བཞིན་པ་འདི་རེད།.      རིགས་གཞུང་དང་དྲང་བདེན་ཡོད་ན་སྐུ་དྲག་ངོ་མ་ཡིན་པ་དང་།    

    ཆོལ་གསུམ་གོང་བུ་གཅིག་སྒྲིལ་གྱི་ལྟ་བ་ཡོད་ན་བོད་མི།.

    ལུངས་དང་རྟོགས་པའི་བསྟན་པ་རང་ཕྱག་དཔེའི་ནང་མ་ལུས་པར་རང་རྒྱུད་ལ་ཡོད་ན་སྤྲུལ་བའི་སྐུ་

    ཡིན་པ་ཤེས་དགོས་བར་སྣང་དེ་མ་ཤེས་ན།     སྐུ་དྲགས་རིང་ལུགས།.    ཆོལ་ཁ་རིངས་ལུགས།.    

    སྤྲུལ་རྫུན་རིངས་ལུགས་ཀྱིབསྟན་པ་རྒྱས་བཞིན་པ་འདི་རེ་འཇིགས།

  31. Gonpo says:
    2011-02-14 at 3:15 pm

    ངན་པ་དགུ་འཛོམ་འཁྱམས་པོ་ཁྱོད།

    ཕལ་ཆེར་མིང་དོན་དཔྱད་པ་ན།

    འོ་ཡུག་ཕྱོགས་ནས་དོལ་ལ་འཁྱམས།

    བསྟན་དང་འགྲོ་བར་འཚེ་བ་ཅན།

    ཁ་ནག་ཞིག་དེ་ཡིན་པ་འདྲ།

    ཁྱོད་འདི་རུ་འདུག་པའི་གནས་མེད་ལ།

    ཁྱོད་འོད་ཡུག་མ་སྡོད་འཁྱམས་ལ་སོང།

    ཕྱོགས་ཕྱོགས་རྒྱ་དམར་ཕྱོགས་ལ་སོང།

    ནགས་ཕྱོགས་རྒྱ་དམར་གཤོགས་ཁག་དེར།

    འོད་ཡུག་ལྷ་རུ་བསྟེན་གི་ཡོད།

    འོད་ཡུག་ཀླུ་རུ་བསྟེན་གི་ཡོད།

    བོད་ཡིག་མཁས་པའི་ང་ཕོད་དང།

    དགེ་བཤེས་ཤེལ་རྒྱམ་གདུངས་རྟེན་ཡོད།

    གང་ཅན་བླ་མ་དངོས་སུ་བཞུགས།

    ཁྱོད་དེ་རུ་འཁྱམས་ན་བསམ་དོན་འགྲུབ།

    ང་ཉམས་ཆུང་ལྷག་བསམ་སྙིང་ནས་ཟེར།

    མ་བཟོད་སོར་མོས་རྩེ་ནས་འཁྱུག

    ཕོག་ས་དེ་ལ་ཕོག་ནས་འདུག

    ད་བསམ་དོན་འགྲུབ་སོ་ཨེ་མ་ཧོ

  32. གངས་ལྷ་མེ་ཏོག says:
    2011-02-14 at 10:27 pm

    གཞོན་སྐྱེས་དེ་ཚོའི་བྱེད་སྟངས་དེ་འགྲིག་པ་རེད། ལུང་པ་འདྲ་མིན་ནང་་གནས་ན་ཡང་། མི་རིགས་ཀྱི་ལ་རྒྱ་སྙིང་ལ་བཅངས་ནས་བོད་ཀྱི་མ་འོངས་པའི་བདེ་དོན་ལ་བསམ་བློ་གཏོང་གི་ཡོད་རེད། ཁྱེད་ཚོའི་སེམས་ཤུགས་དང་ལྷག་བསམ་ལ་རྗེས་སུ་ཡིད་རངས་ཡོད། སྡོད་སའི་ཁོར་ཡུག་མི་འདྲ་བ་ལ་བརྟེན་ནས་བོད་སྐད་དང་བོད་ཡིག་རྗེད་པ་ཡོང་སྲིད་ཀྱི་རེད། དེ་ནི་བོད་པ་གཅིག་པུ་མིན་པར་འཛམ་གླིང་དེའི་ལོ་རྒྱུས་ནང་བྱུང་མྱོང་བ་དང་བྱུང་བཞིན་པ་རེད། གོང་དུ་མི་ཁ་ཤས་ནས་སོ་སོ་མི་རིགས་ཀྱི་ཞེན་པ་ཡོད་ཁུལ་གྱི་ཁ་ནས་གང་ཐོན་ལག་པས་བྲིས་ཏེ་སྨྲ་འབེབས་ཚད་ལས་འདས་པ་བྱས་འདུག་པར་ཐབས་སྐྱོ་བོ་རེད། ཁྱེད་རང་བོད་མི་རིགས་ལ་ཞེན་ཁོག་ཡོད་ན་དང་པོ་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དེ་ཤེས་པའི་ཐོག་ནས་ལག་ལེན་ལ་འགེལ་དགོས།
    དེ་ནི་དེང་སྐབས་འཛམ་གླིང་འདིར་དགོས་གནད་ཆེ་བའི་ནོར་བུ་ཞིག་རེད།

  33. གཞོགས་རླུང་། says:
    2011-02-14 at 10:43 pm

    དགོན་པོ་ལགས།། ཕྱིར་མིའི་རི་མོ་ནང་ལ་ཡོད་སྟག་གི་རི་མོ་ཕྱི་ལ་ཡོད་ཟེར་བའི་གཏམ་དཔེ་ཡོད་ཀྱང་ཁྱོད་ཉིད་ཀྱི་རང་གི་རི་མོ་ནི་ཀུན་གྱི་མིག་ན་མངོན་གསལ་དོད་པོ་འདུག་པས་བླུན་པོས་མཁས་འཛུས་བྱེད་པ་ནི་དུས་ཚོད་འཕྲོ་རླག་ཡིན་པས་དེ་ལས་ལས་ཀ་ཞིག་བརྩལ་ནས་འཕུགས་བསམ་ལ་བསམ་གཞིགས་བྱས་ན་བཟང་། ལས་མེད་འཁྱམ་པོའི་བཀྲོག་གམན་ཤོད་པ་ནི་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ལ་གནོད་པའི་རྒྱུ་ལས་ཕན་པ་མེད་པས་ཟབ་ནན་གྱིས་དགོངས་པ་བཞེས་རོགས།།

  34. ལ་རྒྱའི་བདག་པོ། says:
    2011-02-14 at 11:12 pm

    དྲ་གྲོགས་རྣམས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ།
    ༡༽ངས་ཡུན་རིང་བརྟག་དཔྱད་བྱས་པ་བརྒྱུད་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་རྣམ་མཆོག་ནི།
    ལྷག་བསམ་དང་།
    དྲང་བདེན།
    དབྱིན་བོད་ཤེས་ཡོན།
    ཉམས་མྱོང་།
    འཇོན་ཐང་།
    བྱས་རྗེས།
    གསར་གཏོད།
    གྲུབ་འབྲས་བཅས་ལྡན་པའི་བཀའ་ཁྲིའི་འོས་མི་ཚད་ལྡན་ཞིག་ཡིན་པའི་རྒྱུ་མཚན་གྱིས་ངས་ཁོང་ལ་རྒྱབ་སྐྱོར་ཞུས་པ་ཡིན།
    ངས་ཁོང་ལ་རྒྱབ་སྐྱོར་ཞུས་པ་ནི་བོད་ཀྱི་མ་འོངས་པར་རྒྱབ་སྐྱོར་བྱས་པ་དང་།
    བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱས་པ།
    བོད་མི་རིགས་ཀྱི་འཕྲལ་ཕུགས་ལ་རྒྱབ་སྐྱོར་བྱས་པ་དང་མཚུངས་པའི་ངོས་འཛིན་བྱེད་ཀྱི་ཡོད།

  35. གཞོན་ནུ་ཟླ་མེད། says:
    2011-02-14 at 11:29 pm

    འདིའི་ནང་དུ་མཆན་འདེབས་འདོད་མེད་ཀྱང་གོང་དུ་gonbo ལགས་ནས་གཞས་སྙན་པོ་ཞིག་བཏང་འདུག་པས་ངས་ཀྱང་གཞས་ཞིག་གཏོང་གི་ཡིན།
    ཀ་ཡེ་གོང་དུ་འཁོད་པའི་དཔོན་པོ་དང་།།
    ཁ་སྣ་ཟེར་ནས་དམོད་པའི་འབངས་མི་རྣམས།།
    ག་ལེར་བསམ་ན་བོད་པའི་མདུན་ལམ་འདི།།
    ང་དང་ཁྱེད་ཚོ་ཚང་མའི་སྒེར་དོན་འང་ཡིན།།
    ཅ་དག་ཅང་མེད་ཚང་ལ་མི་ཡོང་ཡང་།།
    ཆ་འཇོག་འཕེར་བའི་བུ་ཞིག་ཡར་འདེམས་ནས།།
    ཇ་ཆང་ཟས་ཀྱིས་བོད་འབངས་སྐྱོབས་མཁན་ཞིག།
    ཉ་རྒྱ་བཀྲམ་ལྟར་སྤྱི་དོན་འཇུ་མཁན་ཞིག།
    ཏྰ་ལེ་བླ་མའི་བཀའ་སྲུང་སྒྲུབ་མཁན་ཞིག།
    ཐ་མལ་རྣམས་ཀྱི་མདུན་ལམ་སྒྲུབ་མཁན་ཞིག།
    ད་ལྟ་ང་ཚོ་ཡོངས་ལ་མཁོ་ནས་ཡོད།།
    ན་སོ་རྒས་མ་རྒས་ལ་ཁྱད་པར་མེད།།

  36. ལ་རྒྱའི་བདག་པོ། says:
    2011-02-14 at 11:34 pm

    དྲ་གྲོགས་ཚོ་བཀྲིས་བདེ་ལེགས།
    དྲ་གྲོགས་མགོན་པོ་མིང་ཅན་ལགས།
    སྐུ་ཉིད་ཀྱིས་གཞན་ལ་༼ར་མ་ལུག་འདི་ཚོ་ལ་སྙིང་རྗེ།༽ཞེས་སྐྱོན་བརྗོད་དང་དམའ་འབེབས་བཏང་ཡོད།འོན་ཀྱང་ཁོ་ཚོས་བོད་སྐད་མ་བརྒྱབ་པའི་གནས་སྟངས་་དང་ཁྱོད་ཀྱིས་རང་མིང་བོད་ཡིག་ཐོག་མ་བྲིས་པ་གཉིས་བསྡུར་བ་བྱོས་དང་དོན་ངོ་མའི་ར་མ་ལུག་དེ་སུ་རེད་དམ།ཁོ་ཚོས་དགོས་པ་རྒྱུ་མཚན་ལ་བརྟེན་ནས་ཐེངས་གཅིག་བོད་སྐད་མ་བརྒྱབ་པ་རེད།ཁྱོད་ཀྱིས་རང་མིང་བོད་ཡིག་མ་བྲིས་པར་དབྱིན་ཡིག་ཐོག་གཏན་འཇགས་ལྟ་བུར་བཞག་དགོས་དོན་གང་ཡིན་ནམ།མི་ལ་ལྟ་བའི་མིག་ཡོད་ཀྱང་རང་ལ་ལྟ་བའི་མེ་ལོང་དགོས་ཞེས་པ་ལྟར་མ་ཡིན་ནམ།

  37. BBC says:
    2011-02-14 at 11:46 pm

    ཨ་རོགས་མགོན་པོ། ད་ངས་མང་པོ་མི་བཤད། ངས་ལས་དང་པོ་བར་ཁྱད་བསད་དང་མཐོང་ཆུང་བཏང་མེད་པའི་མངོན་རྟགས་སུ་ཁྱེད་རང་ལ་རྒན་འཁོགས་སློབ་གྲྭར་རྒྱུགས་ཞེས་བཤད་མ་བྱུང་ངམ། འོན་ཀྱང་གནས་འདི་ནས་ཁྱེད་ཀྱིས་ལྐུགས་པ་ཨུ་ཚུགས་རྒྱག་པ་ནི་ཅི་འདྲའི་ཅོལ་ཆུང་ཞིག་དང་ཡ་ངའི་བའི་ངང་ཚུལ་ཞིག་ཡིན་གྲང་། ཁྱེད་ཀྱིས་སྐུ་དྲག་རྣམས་ལ་མ་ཉེས་ཁག་གཡོག་བྱས་འདུག་ཀྱང་ལན་རྒྱག་པའི་འོས་སུ་མ་མཆིས། གང་ཡིན་ཞེ་ན། ཁྱེད་རང་ཀླད་རྙིང་གི་འཆིང་རྒྱ་ལས་མ་གྲོལ་བའི་ཕྱོགས་རིས་ཅན་ཞིག་དང་འཛམ་གླིང་གི་བྱུང་བ་ལ་ཆ་རྒྱུས་རྩ་བ་ནས་མེད་པའི་ཤེས་མེད་ཞིག་ཡིན་པ་གསལ་པོར་རྟོགས་བྱུང་། འོན་ཀྱང་ཁྱེད་ཀྱིས་བློ་སེང་ལ་ཆེ་བསྟོད་བྱས་པ་དེ་འོས་པ་ཞིག་དང་ཁྱེད་རང་གི་ཐོབ་ཐང་ལོངས་སུ་སྤྱད་པ་ཞིག་ཡིན་སྟབས་དེ་ལ་ངས་འགྲིགས་པར་ངོས་འཛིན་ཞུ་རྒྱུ་ཡིན། འོན་ཀྱང་ཁྱེད་ཀྱིས་བློ་སེང་ལ་ཧ་ཅང་ཐལ་དྲགས་པའི་ཆེ་བསྟོད་བྱས་པ་དེས་ཁྱེད་རང་གི་མཐོང་རྒྱ་ཐོས་རྒྱ་དང་ཤེས་ཚད་ཇི་ཡོད་གསལ་པོར་མངོན་ཐུབ། སྤྱིར་བཏང་མི་རབས་གསར་པས་བྱས་རྗེས་འཇོག་པར་བཀའ་ཁྲིའི་གོ་གནས་དགོས་ཀྱི་མེད་པ་དེ་ངས་སྔོན་ནས་བརྗོད་ཟིན་ཏོ།།
    དེ་འདྲ་སོང་ཙང་མི་འཇོན་པའི་ཁག་གཡོག་ཏུ་བཀའ་ཁྲིའི་གོ་གནས་དེ་འཁྱེར་མ་ཡོང་ན་མཛེས་སོ། །མ་ཟད་ཁྱེད་ཀྱིས་ཚིགས་བཅད་རེ་ཟུང་གཞན་བཤུ་རྡོ་ཆག་བཙན་བསྒྲིགས་བྱས་འདུག་ཀྱང་སྡེབ་སྦྱོར་ཉམས་པའི་སྐྱོན་དང་དག་ཆ་ཆེས་མང་པོ་ནོར་བའི་སྐྱོན་གྱི་གོང་བུ་ཞིག་ལས་མ་འདས། ཚིགས་བཅད་བྲིས་ན་གོ་བདེ་ཁ་གསལ་དང་། དོན་ཟབ་སྡེབ་ལེགས་ཀྱི་ཕྲེང་བ་འདི་ལྟ་བུ་ཞིག་བྲི་དགོས། ལྟོས་དང།

    གྲོགས་མགོན་པོ་རྣ་བ་མ་ཡེངས་ཉོན། །
    ཁྱོད་ང་རྒྱལ་འདི་ཡི་ཆེ་ལུགས་ལ། །
    ཐོས་ཆུང་སྐྱོན་གྱི་གོང་བུ་འདྲ། །
    གནས་ལུགས་མི་ཤེས་ཨུ་ཚུགས་འདི། །
    ཕྱོགས་འཐེན་བློ་ངན་ཕུགས་བཅུག་འདྲ། །
    སྐུ་དྲག་རྣམས་ལ་གཤེ་ཚུལ་འདི། །
    ཁམས་པ་ཡོངས་ཀྱི་ཞབས་འདྲེན་འདྲ། །
    བློ་སེང་བསྟོད་པའི་ཚུལ་བསམས་ཚེ། །
    རྣམ་དཔྱོད་ཁྲོན་པའི་སྦལ་པར་འགྲན། །
    ཕྱོགས་རིས་འདི་ཡི་ཆེ་ལུགས་ལ། །
    ཁམས་པ་ཐ་ཤལ་ཅན་ཞིག་འདྲ། །
    མ་ཡེངས་ད་དུང་ཚུར་ཉོན་དང། །
    ཁ་རྒྱགས་ངན་སྨྲས་བྱེད་ལུགས་ལ། །
    རྨོངས་རྒན་མགོ་མཁྲེགས་ཅན་ཞིག་འདྲ། །
    ཡིག་ནོར་ཕུང་གསོག་རྒྱག་ལུགས་ལ། །
    རྒན་ཆོས་བྱས་པའི་ཕ་རྒན་འདྲ། །
    ཚིགས་བཅད་མི་ཤེས་བཙན་བསྒྱིགས་འདིས། །
    གཞན་རྗེས་གཡམ་རྒྱུགས་རང་ཚུགས་དབེན། །
    བོད་ལ་ཤ་ཚ་ཆེ་ལུགས་འདི། །
    རིགས་ལ་ཞེན་པ་དཀར་བའི་རྟགས། །
    རྒྱ་ལ་ངན་སྨྲས་བྱེད་ལུགས་འདི། །
    བོད་ཀྱི་ལས་དབང་ཤེས་པའི་རྟགས། །
    གཞན་གྱི་གཡོ་འོག་ཚུད་ལུགས་འདི། །
    དཔྱོད་མེད་བོང་བུའི་རྣམ་ཐར་སྐྱོང་། །
    ཚིག་ངན་ཕྱོགས་བཅུར་འཕེན་ལུགས་འདི། །
    མགོ་མཁྲེགས་ཕྱི་དལ་ཅན་ཞིག་འདྲ། །
    མང་པོ་ཤོད་པའི་ལོང་མེད་པས། །
    དེ་ཙམ་གྱིས་ནི་འཐུས་པར་བྱས། །
    ལུགས་ཀྱི་བསྟན་བཅོས་ཐུང་ངུ་འདི། །
    མགོ་མཁྲེགས་མགོན་པོས་ཉམས་སུ་ལོངས། །
    ཕྱིས་ནས་མི་གྲལ་ཚུད་པའི་ཐབས། །
    གདམས་ངག་འདི་ལས་གཞན་དུ་དབེན། །
    ད་ནི་ཁྱོད་རང་གཉིད་སད་རན། །
    ཕྱིས་ན་རྒན་པོར་གོ་སྐབས་མེད། །
    བསྡུ་བའི་དོན་ནི་འདིར་བྱས་སོ། །

  38. ལ་རྒྱའི་བདག་པོ། says:
    2011-02-14 at 11:46 pm

    དྲ་གྲོགས་བསྟན་འཛིན་འཕགས་པས་སྡུག་སྐད་བརྒྱབ་སྟངས་ལ་གཞིགས་ན་བློ་སེང་གི་ཁྱད་ཆོས་དེ་དག་ཡང་སྐྱར་དྲངས་དགོས་བྱུང་སོང་།དོན་དམ་དུ་བློ་སེང་ནི་བརྡ་སྤྲོད་སུམ་ཅུ་པའི་་ཚིག་རྒྱན་གཉིས་ཀྱི་ནང་ནས་མི་མཐུན་པའི་ཚིག་རྒྱན་དེ་མང་པོ་ཞིག་ཚང་ཡོད་པ།དཔེར་ན།
    བཀའ་ཁྲི་འདོད་ཀྱང་ཁྱད་ཆོས་མ་ཚང་།
    བཀའ་ཤག་འདོད་ཀྱང་སྤྱི་འཐུས་མི་འདོད།
    དབྱིན་ཇི་ཡོད་ཀྱང་བོད་ཡིག་མི་ལྡན།
    སློབ་གནས་མཐོ་ཡང་འཇོན་ཐང་ཞན་པ།
    ཤེས་ཡོན་ཡོད་ཀྱང་ཉམས་མྱོང་མེད་པ།
    འཆར་གཞི་མང་ཡང་ལག་ལེན་དབེན།
    སྨྲ་བ་མཁས་ཀྱང་འགལ་འདུ་མང་།
    རིགས་གཟུགས་རྒྱས་ཀྱང་ལྷག་བསམ་དོགས།
    ལྟ་བ་ཡོད་ཀྱང་རང་ཚུགས་མི་བརྟན།
    ཁྲིམས་ལ་མཁས་ཀྱང་ཁྲིམས་རྩོད་མ་མྱོང་།
    མཁས་པ་ཡིན་ཡང་རྩོད་རྩོམ་མེད།
    ཐོས་པ་མང་ཡང་བསམ་སྒོམ་བྲལ།
    རང་སྐྱོང་འདོད་ཀྱང་རང་དབང་མི་འདོད།
    ཆིག་སྒྲིལ་སྨྲ་ཡང་ཞེན་འགོག་ཆེ།
    ཆོད་གན་བཞག་ཀྱང་ཆོད་འགལ་བྱས།
    དྲིལ་བསྒྲགས་མང་ཡང་བདེན་པ་ཉུང་།
    རྒྱལ་ཁམས་བསྐོར་ཡང་སྟོང་ལོག་མང་།
    རྒྱ་ལ་བསྐྱོད་ཀྱང་དོན་གོ་ཆུང་།
    དམངས་ཀྱིས་སྡང་ཡང་སེར་མོས་བརྩེ།
    སྔོན་འགྲོར་ཐོབ་ཀྱང་དངོས་གཞིར་ཤོར།
    དེ་དག་བློ་སེང་ཁྱད་ཆོས་ལགས།
    དྲ་གྲོགས་ཚོས་ཁ་སྣོན་བསྐྱོན་རོགས་ཞུ་རྒྱུ་ཡིན།

  39. གཞོན་ནུ་ཟླ་མེད། says:
    2011-02-15 at 12:26 am

    འོ་ཡ་ཡ་ད་མ་མི་མིན་མེད་དགག་སྒྲའི་དཔེར་བརྗོད་འཇོག་དགོས་པ་འདྲ་འདུག
    བཀའ་ཁྲིའི་འོས་གཞིར་ལངས་ན་ཡང་།།
    ཉམས་མྱོང་སྐྲ་རྩེ་ཙམ་ཡང་མེད།།
    བཀའ་བློན་བཅུ་གཉིས་བསྐོ་འདོད་ཀྱང་།།
    ལས་ཀ་ཅི་ཡིན་གསལ་ཁ་མེད།།
    གཞུང་གིས་ཨ་རིར་བཏང་ན་ཡང་།།
    སློབ་མཐར་ཕྱིན་རྗེས་ཕྱིར་མ་ལོག།
    རྒྱ་ནག་ཕྱོགས་ལ་རྒྱུགས་ན་ཡང་།།
    ཅི་ལྟར་ཅིའི་ཕྱིར་ཁ་མི་གསལ།།
    བོད་ཀྱི་ཨོ་བྷ་མ་མི་ཟེར་བར།།
    རྒྱ་ནག་ཨོ་བྷ་མ་ཟེར་ནས་རྒྱུགས།།
    རྒྱ་ནག་གཏོར་མ་མ་རེག་པས།།
    བོད་ཀྱི་གཏོར་མ་ལེན་དུ་རྒྱུགས།།
    ཕར་རྒྱུགས་ཚུར་རྒྱུགས་མང་ན་ཡང་།།
    ལས་ཀ་སྣེ་གཅིག་སྟོན་རྒྱུ་མེད།།
    ཁ་བཤད་ཆུ་ལྟར་བཞུར་ན་ཡང་།།
    ལག་ལེན་མར་ལྡོག་གཅིག་ཀྱང་མེད།།
    འདྲོགས་ལ་དགའ་བར་འདྲོགས་བསླངས་ཀྱང་།།
    དོན་མཐུན་སྐད་ཆ་ཡོད་མ་གྱུར།།
    ལག་ཁྱེར་མཐོན་པོ་ཡོད་ན་ཡང་།།
    ལག་ཁྱེར་བེད་སྤྱོད་བཏང་མྱོང་མེད།།
    སྔོན་འགྲོའི་འོས་གཞིར་སླེབས་ན་ཡང་།།
    དངོས་གཞི་གོང་དུ་འགྲོ་མི་ནུས།།
    ཨ་ཁུ་སྟོན་པ་གཅིག་ལྡིང་ལ།།
    གཉིས་ལྡིང་རྫོར་རྟགས་མཛའ་མ་ཡིན།།
    ཀུ་རེ་ཅུང་ཟད་ཞུས་པ་འདི།།
    བོད་འབངས་དོན་ཆེན་མི་འཆུག་སླད།།
    འཚར་གཏམ་ཚུལ་དུ་ཕུལ་བ་ལས།།
    མི་གཤིས་ལ་ནི་སྨད་པ་མིན།།
    དགག་སྒྲའི་དཔེར་བརྗོད་ཆ་ཚང་ཞིག།
    སློབ་བུའི་ཤེས་ཡོན་འཕེལ་ཕྱིར་མིན།།
    རང་གི་ཉམས་མྱོང་འཕེལ་ཕྱིར་ཡིན།།

  40. BBC says:
    2011-02-15 at 12:42 am

    ཟླ་མེད་དགག་སྒྲའི་ཕུལ་བྱུང་ཆོ་ག་འདི། །
    བདེན་དོན་གནད་འཁེལ་ཚངས་ཐིག་ལྟར་མཛེས་ཀྱང་། །
    ངེད་ཅག་དཔྱོད་ཤེས་ཚོགས་ལ་མི་མཁོ་བས། །
    ཕྱོགས་ལྷུངས་སེར་གཟུགས་ཅན་ལ་སྐྱེས་སུ་འབུལ། །

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme