Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀྲས་མཐོང་པ།

Posted on 2011-02-252011-02-25 By ཁ་བརྡ་ 1 Comment on བཀྲས་མཐོང་པ།

གཙང་ཞོལ་བདེ་གསལ།

མི་ཞིག་གི་རིན་ཐང་ལ་ཚད་འཇལ་བའམ་གདེང་འཇོག་བྱེད་འདོད་ཡོད་ཚེ། སྔོན་ནས་ད་ལྟའི་བར་གྱི་མི་དེའི་གླེང་རིན་ཡོད་པའི་བྱས་རྗེས་སམ་གྲུབ་འབྲས་སུ་ལྟ་དགོས་པ་མ་ཟད། འབྱུང་འགྱུར་གྱི་སེམས་ཁུར་དང་དུ་བླངས་ཏེ་སྤྱི་ཚོགས་སུ་ནུས་ཤུགས་རྩལ་འདོན་གྱི་ཀུན་སློང་དྲང་མིན་ལ་མི་བལྟ་རང་བལྟ་རེད། སྒོ་གང་སའམ་ལས་རིགས་འདྲ་མིན་གྱི་སྟེང་ནས་མི་ཚེ་ཧྲིལ་པོ་གཞུང་དོན་ལ་བཏང་དང་གཏོང་བཞིན་པའི་རླབས་ཆེན་གྱི་མི་སྣ། བཀུར་འོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནི། འུ་ཅག་བཙན་བྱོལ་གྱི་ལོ་རིམ་ལྔ་བཅུའི་དཀའ་སྡུག་གི་གོམ་པ་དང་པོའི་སློབ་ཆུང་གི་ཕྲུ་གུ་ཆུང་ཆུང་ཞིག་ནས། རང་རེའི་གཞུང་དོན་འཛིན་སྐྱོང་གི་ལས་གནས་མཐོན་པོ་བཀའ་བློན་ཁྲི་པའི་བར། གོ་རིམ་དང་ངལ་རྩོལ་གྱི་གཞུང་བསྲིངས་ཤིང༌། དཀྱེལ་ཡངས་དང་བློ་སྤོབས་ཀྱི་བརྗིད་མ་ཉམས་པར་ཕེབས་པ་རེད། སྲིད་དོན་པའི་ལག་ཆ་དང་འཁོར་ཡུག་འབག་བཙོག་གི་དྲི་མས་མ་གོས་པར། བསམ་བློའི་དྲང་ཐད་དང༌། སེམས་ཁྲལ་ཆེ་ས་ནས་བལྟས་དུས། སེམས་ལ་འབབ་རྒྱུ་ཞིག་དང་ལག་པས་རེག་ས་ཞིག་ཡོད་པའི་བཀའ་བློན་ཁྲི་པ་ཞིག་གདམ་དགོས་ན། སང་ཉིན་བཀྲས་མཐོང་པ་མཆོག་ལ་རྒྱལ་ཁ་ཐོབ་རྒྱུར་དགོས་མཁོ་དང་དུས་ཚོད་སོགས་མང་པོ་ཞིག་གིས་ཛ་དྲག་གི་རེ་འབོད་བྱེད་ཀྱིན་ཡོད་པ་ཁོ་ཐག་རེད་བསམ་གྱི་ཡོད། ཡིན་ནའང༌། དུས་ཚོད་ཀྱི་གནས་སྟངས་དང༌། སྤྱི་ཚོགས་ཀྱི་གནས་སྟངས། ཁེ་ཕན་གྱི་གནས་སྟངས་སོགས་སུ་ཁ་ཡ་མི་བྱེད་པར་འུར་འུར་ཟང་ཟིང་གི་འཁྲུག་ཆའི་བར་གླགས་ནས་བློ་རྣལ་དུ་འབབ་མ་ཐུབ་ན། བྱ་བ་མི་ལེགས་པ་ཞིག་གི་སྔ་ལྟས་ཡིན་པ་རེད། མི་སུ་ཡིན་རུང༌། བྱས་རྗེས་མཐོ་གང་མེད་པར་ཁ་ཕོ་འདོམ་གང་བསྒྲགས་ན། རྣམ་དཔྱོད་དང་མཉམ་མྱོང་གི་རྩལ་སྤྲུག་སྤྲུག་གཏོང་བྱེད་ཀྱི་རྒྱུ་ཚོགས་མ་ཚང་བའམ་འབྲས་བུ་དུས་སུ་མ་སྨིན་པའི་ངན་མཚང་ལྷང་ལ་བུད་ཚར་བ་རེད། དེས་ན། དམངས་ཁྲོད་ཀྱི་ཁ་དཔེར། བཤད་ནི་མི་བདེན་བྱ་བ་བདེན། ངུས་ནི་མི་བདེན་མཆི་མ་བདེན་པའི་བདེན་ཚིག་ལ་ཐུགས་འདང་བརྒྱབ་སྟེ། བཀའ་བློན་ཁྲི་པའི་འོས་ཤོག་ལྡུག་རྒྱུར་བསྐྱར་དུ་ཏན་ཏན་ཏིག་ཏིག་གི་བསམ་གཞིག་གནང་རྒྱུ་གལ་ཆེའོ། །
ཉེ་ཆར་པདྨ་ཐང་གསོལ་མགྲོན་ཁང་དུ་༢༠༡༡ ༠༡ ༣༡གི་ཕྱི་དྲོར། བཀུར་འོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་མཇལ་འཛོམས་ཀྱི་བཀའ་མོལ་ཐེངས་དང་པོ་བྱུང་བ་རེད། དེ་དུས། ཁོང་གིས་འདི་སྐད་གསུངས་ཏེ། ང་ད་རེས་གཞིས་ཆགས་ཁག་ཁ་ཤས་སུ་སྐོར་སྐྱོད་དུ་སོང་བ་ཡིན། བཀའ་བློན་ཁྲི་པའི་འོས་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ངོ་སྤྲོད་དང་འབྲེལ། རང་རེའི་མི་མང་གི་བསམ་ཚུལ་དང་བསླབ་བྱ་བླངས་པ་ཡིན་སོགས་གསུངས་ཏེ། ཀ་རྡོར་སྒང་གསུམ་སོགས་ཀྱི་གཞིས་ཆགས་ཁག་གི་ཤེས་ཡོན་གྱི་གནས་སྟངས་དང༌། དཔལ་འབྱོར་གྱི་གནས་སྟངས། ཆིག་སྒྲིལ་གྱི་གནས་སྟངས་སོགས་བཤད་ཅིང༌། ས་གནས་ཁ་ཤས་ཀྱི་མིང་བཟུང་སྟེ་རྗེས་མར་བཀའ་བློན་ཁྲི་པར་སུ་ཕེབས་པ་ཡིན་ནའང༌། དེ་དང་དེ་ལ་དམིགས་བསལ་གྱིས་གཟིགས་རྟོགས་མཛད་རྒྱུ་གལ་ཆེན་པོ་རེད་སོགས་འབྲེལ་ཆགས་པའི་གསུང་བཤད་ལྷུག་པོར་གནང་སོང༌། དེ་ལྟར་ཁོང་གི་བཀའ་མོལ་གནང་སྟངས་སོགས་ལ་ཞིབ་མོར་གསན་རྗེས་སུ། ངའི་བློར་གདེང་འཇོག་མཐོན་པོ་དང༌། མི་གཞི་བཟང་པོ་རུ་འཛིན་པའི་ལྟ་ཚུལ་ལ་སླར་ཡང་སྐུལ་ལྕག་སྣོན་མ་ཐེབས་སུ་བཅུག་པར་མ་ཟད། ཁོང་གཞིས་ཆགས་ཁག་ཏུ་ཕེབས་ཏེ་གཏམ་བཤད་ཅིག་གནང་བ་ཙམ་གྱིས་འཐུས་པར་མ་བྱས་པར། མང་ཚོགས་ཀྱི་གནས་སྟངས་ལ་ཤ་ཚ་ཆེན་པོས་ཞིབ་འཇུག་དཔེ་མེད་མཛད་འདུག་བསམས་ནས་དགའ་སོང༌། ཡང་ཁོང་གིས། ཤེས་ཡོན་སྲིད་ཇུས་ཟེར་བ་དེ། དུས་ཚོད་ཀྱི་འཕོ་འགྱུར་ལ་བསྟུན་གྱིན་བསྟུན་གྱིན་བཟོ་བཅོས་དང་གསར་སྣོན་མཛད་དགོས་པ་ལས། མ་འོངས་པའི་ལོ་དེ་དང་དེའི་བར་དུ་ཤེས་ཡོན་སྲིད་ཇུས་འདི་དང་འདི་གཏན་ཁེལ་སོང་བ་ཡིན་ལབ་ས་མེད་པ་རེད་གསུངས་སོང༌། དེ་དུས་ང་ཆོའི་རོགས་པ་ཞིག་གིས། ཁྱེད་ཀྱིས་བཀའ་མོལ་གནང་དུས་ཙ་ན། མི་མང་ལ་འགུལ་སྐྱོད་ཐེབས་པའི་སྐད་ཆ་ཤུགས་ཆེན་པོ་ཞིག་གསུངས་རོགས་ཞུས་པས། ཁོང་གིས། ང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ལ་དགོངས་ཚུལ་དེ་འདྲ་འདུག ཡིན་ནའང༌། སྐད་ཤུགས་ཆེན་པོས་ཧམ་བཤད་བྱེད་རྒྱུར་གོམས་སོང་ན། མི་མང་ལ་བརྩེ་དུང་མེད་པ་ཞིག་ཏུ་གྱུར་འགྲོ་ཡི་རེད་སྙམ་ནས་དེ་ལྟར་བྱེད་སྙམ་སྤྲོ་ཡི་མི་འདུག འདི་འདྲའི་སྐབས་སུ་མིའི་བཟང་སྤྱོད་ཀྱི་ནུས་པ་བརླགས་སོང་ན། རྩ་བའི་གཞི་འཛིན་ས་ཅི་ཡང་མེད་པ་ཞིག་ཏུ་གྱུར་འགྲོ་ཡི་རེད་བསམ་གྱི་ཡོད། ཅེས་དང༌། ཟླ་འདིའི་ཚེས་༡ཉིན་ཁོང་གི་གསུང་དོན། ༧གོང་ས་སྐྱབས་མགོན་ཆེན་པོས་དབུ་མའི་ལམ་གསོལ་རས་བསྩལ་བ་དེ་ལ་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་བྱེད་སྟངས་མ་ཤེས་ན། སྐུ་མདུན་གྱི་བསམ་བློ་གསར་པ་གཏོང་བ་ལ་གནོད་པ་ཐེབས་ཀྱི་རེད། ཡང་ཁོང་གིས། བོད་ནས་གསར་དུ་ཕེབས་པའི་ལྷན་རྒྱས་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། དཔེར་ན། བརྒྱད་ཅུ་ཡས་མས་ནས་ཕེབས་མ་ཐུབ་པར་མཚམས་ཆད་སོང་བ་ཡིན་ན། བོད་གཞུང་གི་ཡར་རྒྱས་དང་གསོན་ཤུགས་སོགས་ཕྱོགས་མང་པོར་འགོག་རྐྱེན་ཐེབས་ཀྱི་རེད། ལྷན་རྒྱས་ཚོས་བོད་ནང་གི་གནས་སྟངས་ཤེས་པ་དང༌། ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་ཡོད་པ་སོགས་བོད་ཕྱི་ནང་གི་འབྲེལ་མཐུད་པ་གཙོ་བོ་ཡིན་པ་རེད། ཧ་ཅང་གི་གལ་ཆེན་པོ་རེད། ཅེས་སོགས་གནད་འགག་ཅན་གྱི་ཚིག་འདི་དག་གསུངས་པ་དང༌།
ནོར་བུ་གླིང་གར་གཏམ་བཤད་གནང་དུས། རྨ་ཆུའི་མགོན་པོ་དོན་གྲུབ་ཀྱི་དྲིས་ལན་དུ། ཁོང་གིས་ཐེངས་གཉིས་པའི་བོད་ནང་གཟིགས་སྐོར་གྱི་ཚོགས་གཙོ་གནང་སྟེ་ཕེབས་དུས་ཀྱི་ཚོར་བ་དང་སྐྱོ་སྡུག་གསུངས་ཏེ། སྐུ་ཚབ་དང་མི་མང་བར་གྱི་བརྩེ་དུང་དང༌། རིག་གནས་གསར་བརྗེ་ཡི་མཇུག་གི་བཅོམ་ཆག་སྐྱ་ཉིལ་ལེར་སོང་བའི་བོད་མི་རིགས་ཀྱི་དཀའ་སྡུག་སོགས་བཤད་ནས་ཅུང་ཙམ་བཤུམ་སྟེ། དེ་འདྲ་ཡིན་པས་ཚང་མས་ཤུགས་རྒྱག་དགོས་ཀྱི་འདུག་སོགས་གཏམ་བཤད་གནང་སོང༌། དེ་རྗེས་ཡང་ཁོང་གིས། ང་ཚོས་ཁ་ནས་བོད་བོད་ཅེས་ལབ་ནའང་དོན་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་དཀྱིལ་འཁོར་ཁོ་ནར་འཁོར་བསྡད་ན། ཁ་དན་ཚིག་ལ་མ་གནས་པ་རེད་གསུངས་བྱུང༌། ཐེངས་འདིའི་སྐོར་སྐྱོད་ཀྱི་མཛད་སྤྱོད་དང་སྐད་ཆའི་རིན་ཐང་གཅིག་པུར་དཔག་ན་ཡང༌། བསམ་རིན་ཡོད་པ་དང་གླེང་རིན་ཡོད་པ་ཞིག་རེད།
སྤྱི་ཚོགས་ཀྱི་བདེན་རྫུན་དང༌། དགའ་སྡུག བཙན་གཉོམ་གྱི་རང་བཞིན་གང་ལའང་གཟིགས་པའི་སྤྱན་རས་ཡངས་ཤིང༌། བརྟན་ཚུགས་དང་དཀྱེལ་ཡངས་ཀྱི་གྲ་མ་ཉམས་པར། མི་གཞིའི་རིན་ཐང་དང་མཚན་སྙན་མི་བརྗེ་བའི་གདེང་ཚོད་མངའ་བའི་སྐྱེས་བུ་ཆེན་པོའི་དེ་ཉིད་ནི་ཇི་འདྲའི་རླབས་ཆེ་ཞིང་ཁྱད་དུ་འཕགས་པ་ཞིག་ཡིན་པ་ར་འཕྲོད་ཡོང་གི
བཀྲས་མཐོང་པ་ལགས་ཀྱི་བྱ་སྤྱོད་ལས་གསུམ་གང་ལ་འདང་བརྒྱབ་ཀྱང༌། བཙན་བྱོལ་བོད་ཀྱི་ལོ་རྒྱུས་ཀྱི་གླེགས་བམ་ངོས་སུ་བསུབ་མི་ནུས་ཤིང༌། བཀའ་དྲིན་ཆེན་པོས་འཆར་བསྡད་ཡོད། བཙན་བྱོལ་བོད་མིའི་སྐྱིད་སྡུག་དང་ངའི་མི་ཚེ་ཞེས་པའི་འོད་སྡེར་དེར་གཟིགས་ཞིབ་གནང་ནའང༌། གང་གི་མཛད་སྤྱོད་དྲང་པོའི་བྱས་རྗེས་དེ་དག་གི་དབྱིབས་གཟུགས་མཐོང་གི ཕྱོགས་གཅིག་ནས་བཤད་ན། ༧གོང་ས་ལྔ་པ་ཆེན་པོ་དང༌། རྒྱལ་མཆོག་སྐལ་བཟང་རྒྱ་མཚོ། རྒྱལ་བ་ཐུབ་བསྟན་རྒྱ་མཚོ་སོགས་ཀྱིས་གནང་བའི་གཟབ་བྲིས་ཀྱི་ཕྱག་ཡིག་དེ་དག་གི་ནང་དུ། བཀྲས་མཐོང་པ་ནི་བོད་གཞུང་ལ་བསམ་པ་དཀར་ཞིང༌། མི་གཞི་བཟང་པོར་བརྩི་བའི་ཡབ་མེས་གོང་མའི་སྤྱོད་བཟང་གི་རིན་ཐང་རྩ་འཛིན་གནང་མཁན་གྱི་མི་རྒྱུད་ཚད་ལྡན་ཞིག་ཀྱང་རེད། ཁོང་གི་གསུང་བཤད་དུ། ངས་ཚོགས་པ་ཆེ་ཆུང་དང་ལས་ཀ་གང་གི་ནང་དུའང་དམིགས་བསལ་གྱིས་མདུན་ལ་ཐོན་དགོས་ཟེར་ནས་ཤུགས་རྒྱག་གི་མེད་ནའང༌། ད་རེས་བཀའ་བློན་ཁྲི་པའི་མདུན་ལ་ཐོན་རྒྱུར་འཚང་ཁ་རྒྱག་གི་ཡོད་པ་རེད་སོགས་རྩེད་མཚར་དང་སྦྲགས་ཏེ་གསུངས་པ་དང༌། གལ་ཏེ་བཀའ་བློན་ཁྲི་པ་ཐོབ་པ་ཡིན་ན་གང་ལ་གང་འཚམ་གྱིས་ཐུགས་ཕན་སོས་པ་ཡོང་གི་རེད་སོགས་གསུངས་སྟངས་ལ་ཐུགས་ཞིབ་གཙང་མ་ཞིག་གནང་ན། འུ་ཅག་གིས་ཁོང་ལ་ཡིད་ཆེས་དགོས་པ་དང༌། འབྱུང་འགྱུར་ལ་རེ་བ་ཡོད་པའི་གསལ་བརྡ་བཏང་བ་རེད། རྒྱུ་མཚན་མང་པོ་ལ་བརྟེན་ནས། ཁོང་གིས་རང་ཉིད་བཀའ་ཁྲིར་བཞེངས་དགོས་པ་རྟོགས་ཤིང༌། ལོ་མང་གི་ཉམས་མྱོང་དང༌། ལྷག་བསམ་གྱི་རྒྱབ་རྟེན་འོག་ནས་རང་ཉིད་ལ་འཇོན་ཐང་ཅི་འདྲ་ཞིག་ཡོད་པ་རང་གིས་ངལ་རྩོལ་གྱིས་བསྐུལ་བའི་བྱས་རྗེས་དེ་དག་གིས་བློ་སྤོབས་དང་གདེང་ཚོད་སྦྱིན་ཏེ། མ་འོངས་བཀའ་བློན་ཁྲི་པའི་ལོ་ཟླ་དེ་དག་ནི་ཁོང་ལ་མཚོན་ན་ཆེས་འཇོན་ཐང་འདོན་སའམ་སྤྱི་ཚོགས་སུ་རླབས་ཆེན་གྱི་ནུས་པ་སྟེ། ཞབས་འདེགས་ཞུ་སའི་དུས་སྐབས་གལ་ཆེན་ཞིག་ཡིན་པར་མཐོང་བ་རེད་མ་གཏོགས། ཏཱ་ལའི་བླ་མའི་ཐེབས་རྩ་ཚོགས་པའི་འགན་འཛིན་གྱིས་མཚོན་པའི་ཚོགས་པ་མང་དག་ཅག་གི་སྣེ་ཁྲིད་ཀྱི་མིང་གིས་སྒེར་གྱི་གོ་གནས་སམ་མཚན་སྙན་ལ་འདོད་པ་མ་ཚིམ་པ་ག་ལ་ཡིན། སྤྱི་ཚོགས་སུ་བྱས་རྗེས་ཆེ་བའམ་ལག་བླངས་ཀྱི་འཇོན་ཐང་མངའ་བའི་མི་ཞིག་གི་བྱ་བ་ལ་བར་ཆད་མི་གཏོང་རྒྱུ་ནི་རང་ཅག་ཚང་མའི་ཁེ་ཕན་གྱི་ཆེད་ཡིན། ཁོང་བཀའ་ཁྲིའི་འོས་མིར་བཞེངས་ཏེ་ཐེངས་དང་པོའི་གཏམ་བཤད་གནང་བ་ནས་ད་བར་གྱི་བཤད་སྟངས་བྱེད་སྟངས་གཅིག་པུར་བལྟས་ཀྱང་རང་བཞིན་གྱིས་ཁྱད་ཆོས་མང་པོ་རྟོགས་ཡོང༌། ཆབ་སྲིད་སྦས་སྐུང་གི་དོན་དག་མ་ཡིན་པར། འཇིག་རྟེན་གྱི་རྒྱུན་ཤེས་སམ་ཡོངས་གྲགས་ཀྱི་སྐད་ཆ་ཙམ་བཤད་ནའང་རྫུན་དང་མི་ཤེས་ཤེས་མདོག་གིས་དྲི་ངན་གྱིས་ཁྱབ་ཡོང་ན། བོད་པའི་ལྟ་སྟངས་ལ་བཀའ་ཁྲིའི་མཚན་ཉིད་ཀྱི་ཟུར་གཅིག་ཉམས་སོང་བ་རེད།
དེས་ན། རང་ཅག་རྣམས་ཀྱིས་ཐུགས་གཟབ་གནང་དགོས་པའི་གསལ་འདེབས་འདི། བཀྲས་མཐོང་ལགས་དང་བཀྲས་མཐོང་ལགས་ཀྱི་གཏམ་བཤད་ལ་རིན་ཐང་དཔྱད་གླེང་གི་ལྟ་ཚུལ་གཙོ་བོར་བཟུང་བ་ལས། སྲིད་དོན་པའི་གཡོ་འཕྲུལ་འདྲ་མིན་གྱི་དབང་འོག་ནས་རང་གིས་རང་ཉིད་བོར་སོང་བ་མིན་ནོ།།
༢༠༡༡ ༠༢ ༡༤ཉིན་བྲིས་སོ། །

རྩོམ་རིག

Post navigation

Previous Post: རྒྱང་འཕེན་པའི་སྙིང་སྟོབས།
Next Post: གུས་ཤིང་བརྩེ་བའི་གྲོགས་པོ་བློ་བཟང་སེང་གེ་ལགས་ཀྱི་སྙན་ལམ་དུ།

Comments (1) on “བཀྲས་མཐོང་པ།”

  1. ལ་རྒྱའི་བདག་པོ། says:
    2011-02-26 at 6:03 am

    དྲ་གྲོགས་གཙང་གཞོལ་བདེ་གསལ་ལགས་བཀྲིས་བདེ་ལེགས།
    གོང་དུ་ཁྱེད་ཀྱིས་དྲངས་པའི་བཀྲས་མཐོང་མཆོག་གི་བཀའ་མོལ་གྱི་དུམ་བུ་དེ་རང་གིས་ངའི་རྩ་ཆེན་འོས་དེ་ཁོང་གིས་འཕྲོག་སོང་།རྒྱུ་མཚན་དེའི་ཕྱིར་ངའི་འོས་ཤོག་གཅིག་བུ་དེ་ཁོང་ལ་ཕུལ་བ་ཡིན།རྒྱུ་མཚན་དེའི་ཕྱིར་ངའི་རྩ་ཆེན་འོས་ཤོག་དེ་བོད་བོད་མི་མང་ལ་ཕུལ་བ་ཡིན།
    དེ་ནི་ངའི་སྙིང་ནོར་ཡིན།
    དེ་ནི་ངའི་སྙིང་གཏམ་ཡང་ཡིན།
    དེ་ངའི་མ་འོངས་པའི་རེ་བ་ཡིན།
    དེ་ངའི་ཡོད་ཚད་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme