Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་སྤྱི་གཉིས་ནས་དམིགས་བསལ་ཚོགས་ཆེན་བསྐོང་དགོས་པ

Posted on 2023-08-202023-08-20 By ཁ་བརྡ No Comments on བཀའ་སྤྱི་གཉིས་ནས་དམིགས་བསལ་ཚོགས་ཆེན་བསྐོང་དགོས་པ

࿑ སྤྱི་འཐུས་སྐབས་བཅུ་དྲུག་གི་ཁྲིམས་འགལ་གྱིས་ལས་ཉེས་འོག་ནས་བཙན་བྱོལ་བོད་མིའིབཅའ་ཁྲིམས་སྦོ་ལུག་པ་སླར་གསོའི་ཆེད་བཀའ་སྤྱི་གཉིས་ནས་དམིགས་བསལ་ཚོགས་ཆེན་བསྐོང་དགོས་པ།

གཞུང་པ་ཚེ་དབང་བསོད་ནམས།

སྤྱི་འཐུས་སྐབས་བཅུ་གཅིག་གི་ཁྲིམས་བཟོའི་འགན་ཁུར་བླངས་ནས་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བའི་ནང་ལེའུ་བཅུ་གཅིག་དང་དོན་ཚན་ ༡༡༥ ཡོད་པ་ནས།

ལེའུ་བཞི་པ། སྒྲིག་འཛུགས་ཀྱི་འགན་འཛིན། ལེའུ་ལྔ་པ། ཁྲིམས་བཟོའི་དབང་འཛིན། ལེའུ་དྲུག་པ། ཁྲིམས་ལུགས་དབང་འཛིན། བཅས་སྡེ་ཚན་འདི་གསུམ་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་འཛིན་སྐྱོང་གནང་མཁན་གྱི་སྡེ་ཚན་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པ་ནས་མཐའ་མའི་དབང་ཆ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད་པ་འདི་ལྟར། བཅའ་ཁྲིམས་དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། ཅེས་གསལ་བ་ནས་མཐའ་མའི་དབང་ཆ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡོད་པ་དོན་ཚན་འདིའི་གསལ་སྟོན་བྱས་འདུག་ན་དབང་པོ་ནུས་མེད་ཞིག་ཡིན་ན་ལས་དེ་མིན་དབང་པོ་ནུས་ལྡན་ཚང་མས་ཤེས་ཐུབ་པ་དང་། མཐོང་ཐུབ་པ། གོ་ཐུབ་པ། ཉན་ཐུབ་པ་ཞིག་ཀྱང་རེད། སྤྱི་འཐུས་སྐབས་བཅུ་དྲུག་གིས་ཁྲིམས་འགལ་གྱི་ཐོག་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནུས་མེད་དུ་བཏང་བ་འདི་མ་འོངས་བོད་ཀྱིས་ལོ་རྒྱུས་ནང་སུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཀྱིས་ནག་ཐིག་བཀོད་པ་འདིའི་འགན་སྤྱི་འཐུས་སྐབས་བཅུ་དྲུག་ནས་ཁྱེར་དགོས་པ་དང་། ད་ཆ་འཛིན་སྐྱོང་སྡེ་ཚན་དང་། ཁྲིམས་བཟོ་སྡེ་ཚན་ལས་ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ལས་མེད་པ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་བཀུར་བའི་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་གནས་ནས་བཙན་བྱོལ་མི་མང་གིས་འཚོ་བའི་ལས་གཞི་དང་འབྲེལ་བའི་བདེ་སྡུག་སོགས་ལ་འགན་འཁུར་མཁན་གྱི་མང་གཙོའི་ཀ་བ་གཙོ་བོ་དེ་མེད་པ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་བྱེད་ཕྱོགས་ལ་མཛད་དཀའ་ག་ཚོད་བཟོས་ཡོད་བཅའ་ཁྲིམས་དོན་ཚན་རེ་དྲུག་པ། ཆེས་མཐོའིཁྲིམས་ཞིབ་ཁང་གི་དབང་ཚད། ཟེར་བ་ནས་གསལ་པོ་ཤེས་ཐུབ་དགོས་པ་འདི་ལྟར།

༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།

༢ བཙན་བྱོལ་དུ་གནས་རིང་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་འོག་ཏུ་གནས་དགོས་སྟབས་ནག་ཉེས་དང་མཁར་དབང་རྩོད་རྙོག་གི་ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད་ནའང་གཙོ་ ཆེར།

ཀ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་དང་།

ཁ བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་ཁུངས་སམ། ལས་བྱེད་པས་ལས་དོན་བྱེད་ཕྱོགས་། དྲང་བདེན་བྱུང་མིན་ལ་བརྟེན་པའི་རྩོད་གླེང་།

ག བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་གི་ལས་དོན་དང་། ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང་།

ང བོད་མིའི་སྡོད་སྒར་ཁག་གི་ས་ཁང་སྐོར་གྱི་རྩོད་གླེང་།

ཅ བོད་མིའི་སྤྱི་ཚོགས་ཀྱི་རྩོད་རྙོག་དང་། སྤྱི་ཚོགས་ཀྱི་བདེ་འཇགས།

ཆ གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་དང་།

ཇ གཞན་ཡང་ཁྲིམས་ཞིབ་ཁང་འོག་མ་རྣམས་དང་། ཁྲིམས་དོན་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་དང་། འཛིན་སྐྱོང་གི་བྱ་བར་ཞིབ་འཇུག་ལམ་སྟོན་དང་། སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད།

ཅེས་གསལ་བ་ནས་གོང་གི་དོན་ཚན་དེ་དག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་ཡིན་པ་ནས་ད་ཆ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལས་དོན་བྱ་རྒྱུར་ཁྲིམས་ཞིབ་པ་གཅིག་ལས་མེད་པ་ནས་མི་མང་གི་བདེ་སྡུག་ཞུ་ས་མེད་པ་དང་མང་གཙོའི་ཀ་བ་གསུམ་བརྗིད་ཉམས་སྟངས་འཛིན་དུ་གནས་མ་ཐུབ་པ་ནི་དགྲ་དགའ་གཉེན་སྡུག་གིས་བྱ་སྤྱོད་ཙམ་ལས་གཞན་རྒྱུ་མཚན་ཅང་མཐོང་ན་ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པ། དམིགས་བསལ་ཚོགས་ཆེན། ཟེར་བའི་དོན་ཚན་འདིའི་འོག་བཀའ་སྤྱི་གཉིས་ནས་དམིགས་བསལ་ཚོགས་ཆེན་འདུ་བསྐོང་གནང་ནས་ཚོགས་བཅར་བ་རྣམས་ཀྱིས་མང་མོས་ཐག་གཅོད་བརྒྱུད་ནས་བཅའ་ཁྲིམས་ལེའུ་དྲུག་པ། ཁྲིམས་ལུགས་དབང་འཛིན། ཆེས་མཐོའི་ཁྲིམས་ཞིབ་ཁང་སླར་གསོ་གནང་ནས་བཙན་བྱོལ་སྤྱི་ཚོགས་ལ་འཕྲད་པའི་ད་ལྟའི་དཀའ་ངལ་སེལ་དགོས་པ་དེ་ཕྱི་སྐྱོན་མེད་ན་ཡང་སྔ་སྐྱོན་གང་ནས་ཡོད། གཞུང་པས། ༢༠༢༣/༠༧/༠༤

བསམ་ཚུལ།

Post navigation

Previous Post: སེམས་ཀྱི་ཉི་ཟླར་བསྐྱོད་པ།
Next Post: འཛིན་གྲྭ་དང་པོའི་ཀློག་སྒྲུང་། སློབ་ཚན་བརྒྱད་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme