Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་སྤྱི་གཉིས་ཀྱིས་རྒྱ་གར་ལ་ཅིའི་ཕྱིར་བོད་དོན་རྒྱབ་སྐྱོར་འཚོལ་བཞིན་ཡོད། འབའ་པ་ཡེ་ཤེས། དྷ་ས།

Posted on 2013-02-06 By ཁ་བརྡ་ No Comments on བཀའ་སྤྱི་གཉིས་ཀྱིས་རྒྱ་གར་ལ་ཅིའི་ཕྱིར་བོད་དོན་རྒྱབ་སྐྱོར་འཚོལ་བཞིན་ཡོད། འབའ་པ་ཡེ་ཤེས། དྷ་ས།

འདས་པའི་ཉིན་འགའ་ཞིག་གི་སྔོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་བཀུར་འོས་སྤྱི་འཐུས་རྣམས་ཚོགས་ཆུང་ཁག་བགོས་ཀྱིས་རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་རྒྱ་གར་གཞུང་མང་གཉིས་ལ་བོད་དོན་རྒྱབ་སྐྱོར་ཡོང་ཐབས་ཞུ་སྐུལ་འདྲ་མིན་གནང་ཡོད་པ་དང༌། ཕྱོགས་གཞན་ཞིག་ནི་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་ནས་བོད་ཙམ་མ་ཡིན་པར་རྒྱ་གར་ལའང་ཉེན་ཁ་ཇི་འདྲ་ཐེབས་བཞིན་ཡོད་མེད་དྲན་སྐུལ་ཡང་གནང་ཡོད་པ་རེད།

དེ་ལྟར་རྒྱ་གར་གྱི་མངའ་སྡེ་འགོ་ཀ་ཤི་མི་རི་ནས་མཇུག་ཀན་ཡ་ཀུ་མ་རི་བར་སྤྱི་འཐུས་རྣམས་ཞལ་ཚ་ཚ་དང་ཞབས་ན་ན་བྱས་ནས་རྒྱུག་པ་དེ་ཡང་གཙོ་བོ་ཞུ་སྐུལ་དང་དྲན་སྐུལ་དེ་གཉིས་ཆེད་དུ་ཡིན་པ་ཕལ་ཆེར་གསལ་པོ་རེད། དེ་རིང་བཀའ་སྤྱི་ཐུན་མོང་གི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཚ་ཚ་འུར་འུར་བྱས་ནས་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད།  བོད་ནི་རྒྱ་གར་གྱི་རིག་གཞུང་མཆེད་སྐྱོང་བྱེད་ས་ཡིན། བོད་མིའི་རིག་གཞུང་སྲུང་སྐྱོབ་ལ་རོགས་འདེགས་བྱེད་དགོས།(Tibet is an extension of Indian culture. Help to save Tibetan culture) ཞེས་དབྱིན་ཡིག་ཐོག་འཁོད་པའི་གོང་གསལ་ཡིག་ཆེན་དམར་ནག་ཟུང་འབྲེལ་ཅན་གྱི་ཕྲེད་དར་ཆེན་པོ་ཞིག་གི་འོག་ནས་སྲིད་སྐྱོང་བློ་སེང་མཆོག་དང་ཚོགས་གཙོ་སྤེན་ཚེ་རྣམ་གཉིས་ཀྱི་སྣེ་འཁྲིད་འོག་བོད་མི་སྟོང་ཚོ་མང་པོས་ཞི་བའི་གོམ་བགྲོད་དང༌། སྨོན་ལམ་མཆོད་འབུལ། ཟས་བཅད་ངོ་རྒོལ་སོགས་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ་འདིའི་ཟུར་ནས་རྒྱ་གར་གཞུང་མང་གཉིས་ལའང་ཆེད་དམིགས་བརྡ་ཞིག་གཏོང་བཞིན་པ་ང་ཚོས་གསལ་པོ་མཐོང་ཐུབ་པ་ཡིན།

ད་ལན་བོད་གཞུང་མང་གཉིས་ནས་རྟ་ཁ་མཉམ་སྒྲིག་དང་གྲི་ཁ་མཉམ་འཕྱར་བྱས་ནས་བོད་ཀྱི་དེ་འབྱུང་རིག་པའི་ནང་བྱུང་མྱོང་མེད་པའི་ལས་འགུལ་འདི་ལྟ་བུ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་ཀྱང་ང་ཚོས་རེ་བ་བྱས་པ་ལྟར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ནང་གནས་ཚུལ་ཆེན་པོ་ཞིག་ཏུ་བསྒྱུར་ཐུབ་མེད་པ་ནི་དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་བཤད་ཚོད་མ་ཐིག་ཀྱང་བོད་མིའི་ཁྲག་རྒྱུན་ཡོད་མཁན་ཞིག་ཡིན་ཕྱིན་ཅུང་ཟད་བློ་ཕམ་མི་བྱེད་ཀ་མེད་ཞིག་ཏུ་གྱུར་ཡོད། འོན་ཀྱང༌། ད་ལན་ང་ཚོས་རྒྱ་གར་གཞུང་མང་གཉིས་ལ་ཛ་དྲག་རང་བཞིན་ཅན་གྱི་བརྡ་མང་པོ་ཞིག་བཏང་ཐུབ་ཡོད་ལ། བརྡ་དེའི་འཕྲོས་ནས་ང་ཚོར་སྔར་མེད་པའི་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་མཁན་རྒྱ་གར་གྱི་མི་སྣ་གལ་ཆེན་མང་པོ་ཞིག་རང་རེའི་འདས་གསོན་གྱི་དཔའ་བོ་དཔའ་མོ་ཚོའི་མདུན་དུ་ཐོན་བཅུག་ཡོད་པ་ནི་ལས་འགུལ་འདིའི་རྒྱལ་ཁ་གཙོ་གནད་ཅིག་ཏུ་བརྩི་ཆོག་པ་ཡིན། འགྲེལ་བཤད་ཇི་ལྟར་བྱས་ཀྱང་མདོར་བསྡུས་ནས་བཤད་ན་བཀའ་སྤྱི་གཉིས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་དྲན་སྐུལ་གཏོང་བཞིན་པའི་བརྡ་དེ་དག་གི་སྙིང་དོན་ངོ་མ་ནི་བོད་ཀྱི་ཉེན་ཁ་ནི་རྒྱ་གར་གྱི་ཉེན་ཁ་ཡིན་ཟེར་གྱི་ཡོད་པ་རེད། བོད་ཀྱི་ཉེན་ཁ་ནི་རྒྱ་གར་གྱི་ཉེན་ཁ་ཡིན་པའི་གནས་ལུགས་ག་ཚོད་ཡོད་པ་རྣམས་འུ་ཚོ་བོད་མི་རེ་ངོ་རེས་ཀྱང་ངེས་པར་ཤེས་ཐབས་གནང་དགོས་པ་མ་ཟད། རྒྱ་གར་མི་མང་ལའང་ངེས་པར་ཤེས་ཐབས་གནང་རྒྱུའི་འགན་འཁྲི་དེའང་རང་རང་སོ་སོའི་ཕྲག་ཏུ་བབས་ཡོད་པ་ཡིན།

ངས་འདིར་ཉེན་ཁ་རང་བཞིན་ཅན་གྱི་གནས་ཚུལ་ཁག་གཅིག་ལེ་སྒྲིག་བྱེད་རྒྱུའི་འདོད་འབབ་བྱུང༌། ཕྱི་ལོ་ ༡༩༤༩ གོང་སྟེ་རྒྱ་དམར་བོད་དུ་བཙན་འཛུལ་མ་བྱས་གོང་བོད་དེ་རང་དབང་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ཅིག་ཡིན། དེ་དུས་རྒྱ་གར་ལ་རྒྱ་ནག་ཕྱོགས་ནས་ཉེན་ཁ་སྤྲད་པའི་ལོ་རྒྱུས་ཕལ་ཆེར་བཤད་དུ་མེད་པ་མ་ཟད། བོད་ནི་རྒྱ་དཀར་ནག་དབར་བདེ་འཇགས་སྲུང་བའི་ཞི་བདེའི་རྒྱལ་ཁབ་གཅིག་པུ་དེ་ཡིན། འོན་ཀྱང་ད་ལྟའི་དུས་ཚོད་ལ་མཚོན་ན་རྒྱ་དཀར་ནག་དབར་སྔར་མེད་པའི་ས་མཚམས་ཀྱི་རྩོད་རྙོག་སོགས་དཀའ་ཁག་དུ་མ་ཞིག་ལོ་རེ་ནས་ཆར་རྗེས་ཀྱི་ཤ་མོང་བཞིན་ཛ་དྲག་ཇེ་ཆེར་ངང་རྡོལ་ཡོང་བ་ནི་བོད་རྒྱ་འོག་ཏུ་ཤོར་བའི་ཉེར་ལེན་དེ་ཁོ་ནའི་དབང་གིས་བྱུང་བ་བརྗོད་ཅི་དགོས།

དེ་རྗེས་མགོ་ཐར་ལུས་འཛུལ་གྱི་དཔེ་ལྟར་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་ཏེ་ཡུན་རིང་མ་སོང་བར་བོད་དེ་ཁོ་པའི་དམག་གི་རྟེན་གཞི་ལྟ་བུར་བཀོལ་སྤྱོད་བཏང་ཡོད་ཅིང༌། དེ་ལ་བརྟེན་ནས་ཕྱི་ལོ་ ༡༩༦༢ ལོར་རྒྱ་དམར་གྱིས་ལས་སླ་པོའི་ངང་རྒྱ་གར་ཐོག་བཙན་རྒོལ་བྱས་ཏེ་རྒྱ་གར་གྱི་དམག་མི་སྟོང་ཕྲག་མང་པོ་གསོད་རྨས་དང་ས་ཆ་སྤྱི་ལེ་མང་པོ་བཙན་འཕྲོག་བྱས་པ་སོགས་རྒྱ་གར་གྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཕམ་ཁའི་ནག་ཐིག་ཆེན་པོ་དེ་རྒྱ་གར་རང་ངོས་ནས་མི་འདོད་བཞིན་དུ་འཁུར་དགོས་བྱུང་བ་ནི་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པའི་མཇུག་འབྲས་དང་པོ་དེ་ཡིན་པ་རེད། དེའི་སྐབས་གཅེས་སྲོག་ཤོར་བའི་རྒྱ་གར་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་ཚོའི་རྣམ་ཤེས་ཀྱིས་ཤི་དུར་ཁ་ནས་ད་དུང་ཡང་རྒྱ་གར་གཞུང་མང་གཉིས་ལ་ཅེར་ནས་བསྡད་ཡོད་པ་བརྗོད་ག་ལ་དགོས།

དེ་ལྟར་རྒྱ་དམར་རིམ་གྱིས་བཙན་འཛུལ་བྱས་ཏེ་བོད་ཀྱི་མཐའ་མཚམས་ཡོངས་སུ་དམག་ས་བཟུང་པས་རྒྱ་གར་གཞུང་ནས་མི་འདོད་བཞིན་དུ་རྒྱ་གར་རང་ཉིད་སྲུང་སྐྱོབ་ཆེད་རི་བོ་ཧི་མ་ལ་ཡའི་མཐའ་མཚམས་ཁག་ཏུ་འགྲོ་གྲོན་དུང་ཕྱུར་མང་པོ་བཏང་དགོས་བྱུང་བ་འདིས་རྒྱ་གར་རང་ཉིད་ཀྱི་མི་སེར་དཀྱུས་མ་རྣམས་ལ་སློབ་སྦྱོང་དང༌། སྨན་བཅོས་སོགས་ཐ་ན་གཞི་རྩའི་དགོས་མཁོ་མང་པོ་མཐུན་སྦྱོར་གནང་རྒྱུར་མཛད་དཀའ་འཕྲད་བཞིན་པ་དེ་དག་གང་ལས་བྱུང་བའི་རྒྱུ་རྐྱེན་ཡང་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་དེ་ཁོ་ནའི་དབང་གིས་བྱུང་བ་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཞེས་པའི་དཔེ་ལྟར་གྱུར་ཡོད།

རྒྱ་དམར་གྱིས་དེང་སྐབས་བོད་ཙམ་མ་ཟད་རྒྱ་གར་རང་ལ་དམིགས་པའི་རྡུལ་ཕྲན་མཚོན་ཆ་ཉར་འཇོག་བྱས་ཡོད་ལ། བོད་ཀྱི་ས་ཁུལ་མང་པོར་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་གསོག་འཇོག་བྱས་དང་བྱེད་བཞིན་པ་དེས་བོད་བརྒྱུད་རྒྱ་གར་ནང་རྒྱུགས་བཞིན་པའི་ཆུ་ཀླུང་སེང་གེ་ཁ་བབས་སོགས་རྩ་ཆེའི་རྒྱུགས་ཆུ་མང་པོར་འབག་བཙོག་ཐེབས་ཏེ་རྒྱ་གར་ནང་ཁོར་ཡུག་གི་དཀའ་ངལ་དང་དམིགས་ཀར་འཐུང་ཆུའི་དཀའ་ངལ་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། རྒྱུགས་ཆུ་མང་པོ་ཁ་བསྒྱུར་བྱེད་འཆར་དང༌། འབྱུང་འགྱུར་རྒྱ་གར་ལ་ཉེན་ཁ་ཇི་ལྟར་འཕྲད་སྲིད་ཀྱང་ཉེ་འཆར་ཡར་ཀླུང་གཙང་པོར་གློག་མཛོད་རྒྱག་རྒྱུའི་ཧམ་གཏམ་སྒྲོག་བཞིན་པ། དེ་བཞིན་རྒྱ་དམར་གྱིས་བོད་ཀྱི་ནགས་ཀློང་ཚད་མེད་གཅོད་འདྲེག་བྱས་པའི་དབང་གིས་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་ཏེ་གོང་གསལ་བོད་ནས་རྒྱུགས་བཞིན་པའི་ཆུ་བོ་དེ་ཚོས་རྒྱ་གར་དང༌། བལ་ཡུལ། བྷང་ལ་དྷེ་ཤེའི་ནང་ཆུ་ལོག་དང་ས་རུད་ཀྱིས་མི་རྒྱུ་གཉིས་ཀར་གནོད་སྐྱོན་ཆེན་པོ་བཏང་དང་གཏོང་བཞིན་པ་སོགས་རྒྱ་གར་ནི་སྔར་ལས་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པ་ཡིན།

རྒྱ་དམར་གྱིས་བོད་བཙན་བཟུང་བྱེད་ཐུབ་པ་དེས་ཁོ་པ་བློ་ཁོག་དང་ཧམ་སེམས་ཇེ་ཆེར་ཕྱིན་ཏེ་རྒྱ་གར་ནང་འཇིགས་སྐུལ་རིང་ལུགས་པར་བློ་སྤོབས་སྤེལ་བ་དང༌། བོད་ཀྱི་ས་ཁུལ་བརྒྱུད་ནས་དེ་ཚོར་ལྐོག་ཏུ་ལག་ཆ་སྤྲད་པ་དང༌། མཐུན་རྐྱེན་སྦྱོར་བ། ད་དུང་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་ཐུབ་པའི་རྐྱེན་གྱིས་རྒྱ་ནག་དང་པ་ཀི་སི་ཐན་དབར་ས་སྦྲེལ་གྱི་འབྲེལ་བ་གསར་པ་ཆགས་ཏེ་པ་ཀི་སི་ཐན་ལ་རྡུལ་ཕྲན་མཚོན་ཆ་དང༌། མེ་ཤུགས་ཕུར་མདའ་སོགས་རོགས་ངན་ཚད་མཐོ་སྦྱར་ཏེ་པ་ཀི་སི་ཐན་དང་རྒྱ་གར་དབར་དམག་འཁྲུག་ཐེངས་མང་སློངས་པ་དང༌། རྒྱ་གར་ནང་པ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་ལྐོག་སྲུང་བྱེད་པ་སོགས་ངན་རྒུ་ཚང་བའི་སྦྱོར་ངན་སྣ་མང་བརྩམས་ཡོད་པ་རྒྱལ་སྤྱིས་ཀྱང་དངོས་ར་འཕྲོད་པ་བྱུང་ཡོད།

དེ་ལྟར་རྒྱ་དམར་གྱིས་ལོ་རབས་ལྔ་བཅུ་ཙམ་ནས་བོད་ནང་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་བྱས་པ་དེས་རྒྱ་གར་གྱི་མཐའ་མཚམས་ཁག་ཏུ་དུས་ཡུན་ཐུང་ངུའི་ནང་གོ་མཚོན་ཆེ་གྲས་དང་དམག་གི་གྲངས་འབོར་ཕོན་ཆེ་དཔུང་གསོག་བྱས་ཏེ་དམིགས་བསལ་རྒྱ་གར་གྱི་བྱང་ཤར་གྱི་མཐའ་མཚམས་ཁག་ལ་ཉེན་ཁ་སྔ་ལས་ཇེ་ཆེར་འགྲོ་མུས་ཡིན་པ་སོགས་རྒྱ་གར་གྱི་འགོ་སྲིད་འཛིན་ནས་མཇུག་གད་པའི་བར་སྐྱེ་བོ་མཆོག་དམན་སུ་འདྲ་ཞིག་ཡིན་རུང་ཡར་ཁོག་ལ་སྙིང་གསོན་པོ་ཡོད་མཁན་ཞིག་ཡིན་ཕྱིན་བོད་པས་ཞུ་སྐུལ་དང་དྲན་སྐུལ་བྱེད་མིན་ལ་མ་ལྟོས་པར་ནམ་ཡང་བློ་ཁ་ནང་དུ་འགུག་དགོས་པའི་དུས་ཚོད་ཛ་དྲག་ཅིག་ཤར་ཡོད་པ་འདྲ།

དཔྱད་རྩོམ།

Post navigation

Previous Post: ༄༅། །ཀུན་མཁྱེན་བསྟན་པ་རྒྱས་པའི་སྨོན་ལམ། ཨེ་མ་ཧོ།
Next Post: སོ་སོ་མཐོང་བ་དང་དབུ་མའི་ལམ་མཐོང་ཡོང་བ་ཞིག་བཟོ་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme