Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡེམས།

Posted on 2011-03-22 By ཁ་བརྡ་ 16 Comments on བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡེམས།

ama-1
འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་འདི་ག་བྱང་ཨ་རིའི་ས་གནས་བྷོས་ཊོན་དུ་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་བཅས་ཀྱི་བཏང་འཛིན་འོག་ཕྱི་ལོ་ ༢༠༡༡ ལོའི་ བཀའ་བློན་ཁྲི་པ་སྐབས་གསུམ་པ་དང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་རྣམ་པའི་དངོས་གཞིའི་འོས་བསྡེམས་དེ་ཀུ་རུ་ཀུ་ལ་ནང་པའི་ཆོས་ཚོགས་ཀྱི་འོག་ཁང་གླ་མེད་གཡར་གནང་མཛད་པ་དེར་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་སྒོ་འཛུགས་ཀྱི་ཐོག་མར་འོས་ཤོག་གླུག་མི་དང་པོ་དང་གཉིས་པ་གཉིས་བདེན་སྤང་ཐོག་འོས་སྒམ་སྟོང་པ་རྣམས་ཚོགས་གཙོ་མཆོག་དང་འགན་འཛིན་ལྷན་ཚོགས་མཐུན་མོངས་ནས་ཁ་རྒྱབ་ཕྲལ་འོས་ཤོག་འཕེན་སྒོ་ཚུགས། དེ་ཉིན་འོས་འཕེན་པ་བརྒྱ་ཆ་ ༨༠ འགལ་བས་འོས་ཤོག་གླུག་སོང་།
amdo-dakpa འོས་ཤོག་འཕེན་མཁན་ནང་དགུང་ལོ་འདྲེས་ཤོས་སྐྱེས་པའི་ནང་ནས་དགུང་ ༡༠༠ ཐམས་པ་ཧྲིལ་པོར་ཕེབས་པ་ཨ་མདོ་གྲགས་པ་ལགས་དང་། བུད་མེད་ནང་དགུང་ལོ་ ༩༤ ཧྲིལ་པོར་ཕེབས་པ་ཨ་མ་ཨང་ཕུར་བ་བཅས་ནས་རང་རང་གི་འོས་ཤོག་དེ་བཞིན་ཐུགས་སྨོན་ཟབ་མོ་དང་སྒྲགས་གླུགས་གནང་མཛད་དེ་སྔ་དྲོའི་ཆུ་ཚོད་ ༩ ནས་དགོང་དྲོའི་ཆུ་ཚོད་ ༥ བར་མི་རྒྱུན་ཆེད་མེད་རང་རང་གི་འོས་ཤོག་རྣམས་སྤོབ་པ་ཆེན་པོའི་ངང་གླུགས་མཛད་དེ་འོས་ཤོག་གི་མཐའ་འཕེན་མཁན་གཉིས་ཀྱི་བདེན་སྤང་ཐོག་འོས་སྒམ་ལེགས་ཁ་རྒྱབ་སྟེ་དགོང་དྲོའེ་ཆུ་ཚོད་ ༦.༤༥ ཐོག་ས་གནས་རྒྱུན་ལས་དང་འགན་འཛིན་ལྷན་ཚོགས་བཅས་ནས་སྦྲག་ཐོག་ཏུ་རང་གཞུང་སྐུ་ཚབ་དོན་གཅོད་ཁང་ལ་གཏོང་གནང་མཛད་སོང་བའི་གནས་ཚུལ་ཕུལ།

གསར་འགྱུར།

Post navigation

Previous Post: བསྟོད་གསོལ་དད་འདུན་འདྲེན་པའི་ཤིང་རྟ།
Next Post: སྤྱི་འཐུས་རྣམ་པ་ལྷན་རྒྱས་ཀྱི་ཞབས་དྲུང་དུ།

Comments (16) on “བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡེམས།”

  1. འཇིག་མེད་ says:
    2011-03-22 at 2:15 pm

    དྲ་ལམ་ཁག་ནང་འོས་ཤོག་འཕེན་བཞིན་པའི་དཔར་མང་པོ་མཐོང་རྒྱུ་འདུག་ཀྱང་ དེ་ཚོའི་ནང་བོད་ཀྱི་བླ་ཆེན་ཁག་གི་འོས་འཕེན་བཞིན་པའི་སྐུ་དཔར་མཐོང་ཡས་མིན་འདུག་ དཔེར་ན་ས་སྐྱ་དང་ སྐར་མ་པ་ གྲི་དགུང་ཆེ་ཚང་ དེ་བཞིན་སྐྱབས་མགོན་མང་པ་ོཞིག་ཡོད་པ་རྣམས་་ཀྱི་ཀྱང་་བོད་མི་སྤྱི་་མཚུངས་ལྟར་ད་རེས་འོད་འཕེན་གནང་ཡོད་ཤག་རེད་ ལྷག་པར་དུ་ཁོང་རྣམས་ཀྱི་ལོ་ལྟར་རྒྱལ་དོན་མ་དངུལ་ཕུལ་གནང་གི་ཡོད་ཤག་རེད་།

  2. ཀརྡོ་རབ་འབྱམས་པ་ says:
    2011-03-22 at 2:37 pm

    འཇིག་མེད་ལགས།
    འཇིགས་སྣང་མེད་ནའང་འཚེར་སྣང་། ཞེས་པ་ཞིག་ང་ཚོའི་ཕ་མེས་ནས་བཞག་པའི་ཆོས་དང་མ་འབྲེལ་བའི་གདམས་ངག་ཅིག་ཡོད་རེད་གདའ།

  3. བཟོད་པ་ལྷ་རྩེ། says:
    2011-03-22 at 2:51 pm

    རྒྱས་ཤན་ཤུགས་ཤིག་གོས་པ་ཡིན་ནམ་དེང་བཙན་བྱོལ་ནང་གཞོན་སྐྱེས་མང་པོ་ཞིག་དོགས་པ་དང་རྣམ་རྟོག་གིས་སོ་སོའི་སོ་སོར་ཡིད་མི་ཆེས་པའི་དུས་རབས་ཤིག་ཏུ་གྱུར་འདུག དཔེར་ན་འཇིགས་མེད་ལ་ལྟ་བུ་རེད། དེ་ཚོ་ལ་ནི་དུས་ནམ་ཡང་ཞི་བདེ་ཞིག་གང་ནས་ཡོང་།

  4. རྡོར་འཛིན། says:
    2011-03-22 at 2:59 pm

    སྤྱི་ཚེས་ཉི་ཤུ་ཡི་དངོས་གཞིའི་འོས་བསྡུའི་སྐབས་ས་ཕྱོགས་གང་སར་གྲ་སྒྲིགས་གང་མིན་ཚད་ཡག་པོ་བྱུང་ཡོད་ས་རེད་ལ་འདི་ཕྱོགས་རྡ་སར་ཡང་ཡག་པོ་འདུག ། ཡིན་ན་ཡང་ས་ཕྱོགས་གཞན་ལ་འོས་བསྡུའི་སྒྲིགས་གཞིར་འགྱུར་བ་གང་བྱུང་མི་ཤེས་ཀྱང་རྡ་སའི་ཆོས་ལུགས་ཀྱི་འོས་བླུག་ས་དེར་ཆུ་ཚོད་གཅིག་གཉིས་ནང་འོས་བླུག་ཕྱོགས་ཀྱི་སྒྲིག་གཞིར་འགྱུར་བ་ཡར་འགྲོ་མར་འགྲོ་རེད་འདུག་པས་རང་དབང་མེད་པར་གླུ་དེ་ལྟར་བླང་བར་ཐལ།
    ཨ་ལེ་མོ། ལ་ལེ་མོ།
    གཙུགས་ལག་ཁང་གི་འཁྱམ་རར།
    བོད་མི་ཡར་འགྲོ་མར་འགྲོ །
    ཆོས་ལུགས་འོས་བསྡུའི་སྒྲིགས་གཞིར།
    འགྱུར་བ་ཡར་འགྲོ་མར་འགྲོ །
    དེ་འདྲའི་བཙན་བྱོལ་བོད་མིའི།
    སྒྲིག་གཞི་དེ་འདྲ་ཨེ་ཡིན།
    གལ་སྲིད་དེ་འདྲ་མིན་ཚེ།
    ལན་ཞིག་སྐྱོན་རོག་གནང་དང་།
    གལ་སྲིད་ལན་ཞིག་མེད་ན།
    ཁྱེད་ཚོ་ལས་བྱེད་རྣམས་ཀྱི།
    མི་སྤུས་དེ་ནས་ཤེས་ཡོང།
    ཨ་ལེ་མོ། ལ་ལེ་མོ།
    ཀླན་ཀའི་ཚུལ་དུ་མིན་ནོ།
    སེམས་ངལ་བསང་ཕྱིར་བྲིས་ཐལ།

  5. ངག་དབང་ནོར་བུ་ says:
    2011-03-22 at 3:00 pm

    ༄༅། །གོང་གི་མཆན་བཀོད་པ་རྣམས་དང་དེ་བཞིན་མཆན་འཀོད་པ་ཚང་མར་འབོད་བསྐུལ་ཞུ་རྒྱུ་ཞིག་ལ། རྩོམ་རིག་དང་འབྲེལ་བ་ཡོད་པའི་མཆན་ལས་དེ་མིན་ཆོ་མེད་མཆན་མ་བསྐྱོན་རོགས་གནང་ཞེས་ཞུ་འདོད་བྱུང། ཐུགས་རྗེ་ཆེ་དགོང་མཚུམས་མེད་པ་ཞུ། །

  6. མེ་ཏོག་དཀར་པོ། says:
    2011-03-22 at 3:05 pm

    འོས་ཤོག་གླུགས་པར་ཐུགས་རྗེ་ཆེ།

  7. ལྷག་བསམ། says:
    2011-03-22 at 3:14 pm

    རྡོར་འཛིན་གྱི་གཞས་དེ་སྙན་པོ་འདུག་ལ་དོན་ལ་གནས་འདུག འོན་ཀྱང་འཇམ་དཔལ་ཆོས་བཟང་དང་གྲྭ་པ་འདི་གཉིས་ཀྱིས་རྐུབ་སྟེགས་བཀག་ནས་ལས་ཀ་མ་བྱས་པ་ཙམ་དུ་མ་ཟད། བལ་ཡུལ་གྱི་འོས་འཕེན་སྐོར་ལ་བྱུས་གཏོགས་རྩ་བ་མ་བྱས་པར་སྐྱིད་ཉལ་བརྒྱབ་ནས་བསྡད་འདུག ཁོ་ཚོར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ང་ཚོས་ཐབས་ཤེས་བཏང་ནས་བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་ལ་འོས་འཕེན་གྱི་གོ་སྐབས་རག་པ་བྱེད་དགོས།

  8. འཇིག་མེད་ says:
    2011-03-22 at 3:28 pm

    ཀརྡོ་རབ་འབྱམས་པ་ལགས་ འཚེར་པོ་ད་འདུག་ འོན་ཀྱང་ལམ་དེ་ལ་འགྲོ་དགོས་ན་འགྲོ་ཁུལ་བྱས་ནས་དེར་མི་སླེབས་པར་ དངོས་སུ་འགྲོ་དགོས་པ་ཞིག་རེད་ དངོས་གནས་བྱས་ན་ད་རེས་འོས་འཕེན་སྐབས་འོས་ཀྱི་ཕུད་དེ་༸གོང་ས་མཆོག་དང་བླ་ཆེན་རྣམས་ཀྱིས་འཕེན་གནང་བཞིན་པའི་སྐུ་དཔར་ཞིག་བྱུང་ན་བོད་ནང་ལ་ཤུགས་རྐྱེན་ཆེན་པོ་ཡོང་རྒྱུ་དང་ལོ་རྒྱུས་ནང་ལའང་བཞག་ཆོག་པ་ཞིག་ཡོང་གི་རེད་ དེ་ང་རའི་བསམ་ཚུལ་རྩམ་ཡིན་ འཚེར་པོ་འདུག་ཀྱང་བསམ་བློར་འཁོར་བ་དེ་བྲིས་ཨ་ཐུབ་ལྟས་པ་ཡིན་་

  9. འཇིག་མེད་ says:
    2011-03-22 at 3:35 pm

    ཀརྡོ་རབ་འབྱམས་པ་ལགས་ འཚེར་པོ་ད་འདུག་ ལམ་དེ་ལ་འགྲོ་དགོས་ན་ དངོས་སུ་འགྲོ་དགོས་པས་ འཚེར་བཞིན་དུ་བྲིས་པ་ཡིན་པས་ཁོང་རྣམས་ཀྱིས་གཟིགས་པ་ཤོག།

  10. འཇིག་མེད་ says:
    2011-03-22 at 3:46 pm

    བཟོད་པ་ལྷ་རྩེ་ལགས་ ཁྱེད་ཀྱི་གང་གསུང་གི་ཡོད་མེད་གུས་པས་དོན་ཤེས་མ་སོང་བས་ གསལ་རྩམ་གསུང་རོགས་གནང།

  11. མེ་ཏོག་དཀར་པོ། says:
    2011-03-22 at 3:48 pm

    ད་རེས་བལ་ཡུལ་དུ་འོས་འཕེན་སྐོར་གང་འདྲ་བྱུང་སོང་། འོས་སྒམ་འཕྲོག་མ་སོང་ངམ།

  12. བན་ནག་ཚང་ says:
    2011-03-22 at 6:00 pm

    ད་ཡག་པོ་བྱུང་ཡིན་ན་ཡང་འོས་རྒམ་བལ་དམག་ལག་ཏུ་མི་ཤོར་བ་རེ་བ་ཆེན་པོ་ཡོད།

  13. འཇིག་མེད་ says:
    2011-03-22 at 6:27 pm

    མེ་ཏོག་དཀར་པོ་ལགས་ RFA གསར་འགྱུར་ལ་གསན་རོགས།

    ༄༅༎བལ་ཡུལ་གཞུང་གིས་དམ་བསྒྲགས་བྱེད་པར་བརྟེན། བལ་ཡུལ་གནས་སྡོད་བོད་མི་ཚོས་བཙན་བྱོལ་བོད་མིའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་བསྡུ་སྤེལ་ཐུབ་མེད་པའི་སྐོར། འདི་གའི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎

  14. རྡོར་འཛིན། says:
    2011-03-23 at 11:59 am

    ངས་གོང་དུ་མཆན་ཞིག་གི་ཞོར་དུ་གླུ་ཞིག་ཀྱང་བླང་བར་ཐལ་སོང་གླུ་དེ་དོན་མེད་གཏམ་ཆལ་མིན་པ་གོ་བའི་ཆེད་གསལ་བཤད་ཞིག་ཞུ་འདོད་བྱུང་། དེ་ཉིན་གི་ཆོས་ལུགས་འོས་བླུགས་ས་དེར་ཞོག་པ་གྲྭ་བཙུན་རྣམས་ལ་རང་དགོན་གི་དཔང་ཡིག་བྱང་བུ་དགོས་ཀྱི་ཡོད་ཚོད་མི་འདུག་ཀྱང་ཆུ་ཚོད་བཅུ་གཅིག་ཙམ་ལ་དཔང་ཡིག་བྱང་བུ་མེད་ཚེ་འོས་བླུགས་ཆོག་ཀྱི་མིན་འདུག་པས་དགེ་འདུན་པ་མང་དག་ཞིག་ལ་དུས་ཐོག་དེར་དཔང་ཡིག་བྱང་བུ་ཁྱེར་མེད་པ་དང་ཁག་ཅིག་ཐག་རིང་གི་མངའ་སྡེ་གཞན་ནས་ཡོང་བ་སོགས་ཀྱི་རྐྱེན་པས་འོས་བླུགས་ཐུབ་མི་འདུག་ལ་ཁག་ཅིག་ནས་ཁ་རྩོད་ཀྱང་ཕྲན་བུ་རྒྱག་འདུག ། ཡང་ཕྱི་གྲོ་དཔང་ཡིག་བྱང་བུ་མེད་ཀྱང་འོས་བླུགས་ཆོགས་ཀྱི་འདུག ། འོས་བླུགས་རྒྱུ་དེ་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཆེས་གསར་པ་ཞིག་མིན་པར་དེ་སྔོན་ཀྱང་མང་དག་ཞིག་བླུགས་མྱོང་ཡོད་ལ་དེ་རིང་གི་སྐབས་བོད་མི་མང་དག་ཞིག་ནས་དེ་སྔོན་དང་མི་འདྲ་བར་དོ་སྣང་གང་གཟབ་གནང་ཀྱི་ཡོད་པ་བཅས་ལ་རྟེན་ནས་སྒྲིགས་གཞིར་དོན་སྣང་གནང་དགོས་ཀྱང་ད་དུང་དེའི་ཐད་ཀྱི་ཉམས་མྱོང་གང་ཡང་མེད་པའི་རྣམ་པ་ཞིག་བསྟན་གྱི་འདུག་པ་དེར་ངས་མཐོང་མི་འདོད་ནས་གླུ་དེ་བླངས་པར་ཐལ་བ་ཙམ་ལས་དེ་མིན་གི་བསམ་པ་གང་ཡང་མེད། །

  15. རྡོར་འཛིན། says:
    2011-03-23 at 12:26 pm

    གོང་གི་གླུ་དེར་རོག་སྐྱོར་རོལ་ཆ་གཏང་མཁན་ཡོད་ན་དགའ་བསུ་ཡོད།
    དྲིལ་བུ། རོལ་མོ། རྐང་གླིང། ཏིང་ཤག རྔ་། བཅས་མིན་པར།a
    སྒྲ་བརྙན། གླིང་བུ། པི་ཝང། དེང་དུས་རོལ་ཆ་བཅས་ཡིན་ན་བརྙན།
    ༡ ༢ ༣ ཨ་ལེ་མོ། ལ་ལེ་མོ།
    གཙུགས་ལག་ཁང་གི་འཁྱམ་རར།
    བོད་མི་ཡར་འགྲོ་མར་འགྲོ །
    ཆོས་ལུགས་འོས་བསྡུའི་སྒྲིགས་གཞིར།
    འགྱུར་བ་ཡར་འགྲོ་མར་འགྲོ །
    དེ་འདྲའི་བཙན་བྱོལ་བོད་མིའི།
    སྒྲིག་གཞི་དེ་འདྲ་ཨེ་ཡིན།
    གལ་སྲིད་དེ་འདྲ་མིན་ཚེ།
    ལན་ཞིག་སྐྱོན་རོག་གནང་དང་།
    གལ་སྲིད་ལན་ཞིག་མེད་ན།
    ཁྱེད་ཚོ་ལས་བྱེད་རྣམས་ཀྱི།
    མི་སྤུས་དེ་ནས་ཤེས་ཡོང།
    ཨ་ལེ་མོ། ལ་ལེ་མོ།
    ཀླན་ཀའི་ཚུལ་དུ་མིན་ནོ།
    སེམས་ངལ་བསང་ཕྱིར་བྲིས་ཐལ།
    རོལ་ཆ་བ་རྣམས་ལ་ཐུགས་རྗེ་ཞུ་རྒྱུ་དང་ཕྱིས་ཡང་སྐྱར་གླུ་བླངས་སྐབས་མཇལ་ཡོང།

  16. འོད་ནག་པོ། says:
    2011-03-28 at 4:50 pm

    འཇིགས་མེད་ལགས།

    ཁྱེད་རང་སྤྱི་ཚོགས་ཀྱི་གནས་ཚུལ་མཁྱེན་མཁན་ཞིག་ཡིན་མིནངས་གསལ་པོར་མ་ཤེས་མོད་༧གོང་ས་མཆོག་ནས་ད་ལན་འོས་བསྡུའི་ནང་ཆ་ཤས་མི་བཞེས་རྒྱུའི་གསལ་སྒྲགས་བསྐྱངས་པར་ཁྱེད་ཀྱི་མ་མཁྱེན་པ་གང་འདྲ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme