Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་སྒྱུར།

Posted on 2016-06-162016-06-16 By ཁ་བརྡ 1 Comment on བཀའ་སྒྱུར།

སྐྱོ་བྲག་དགའ་དབང་།

 
ནམ་རྒྱུན་ང་ཚོས་གོང་རིམ་གྱི་གསུང་བཀོད་འོག་མ་ལ་སྒྲོག་པའི་བཀའ་སྒྱུར་དང་། ཆོས་འཇིག་རྟེན་གྱི་ཤེས་བྱ་མང་པོ་ཞིག་དགེ་སློབ་བར་དུ་མི་གཞན་པས་སྐད་སྒྱུར་བྱ་བཞིན་ཡོད་ནའང་། དེ་དག་ཇི་མ་ཇི་བཞིན་ཡོང་བ་ནི་ཉིན་མོའི་སྐར་མ་ལྟ་བུ་ཡིན་ངེས་འདུག །འདིའི་དཔེ་མཚོན་ཡག་པོ་ཞིག་གི་གནས་ཚུལ་ད་ཐེངས་ང་ལ་བྱུང་།
ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ཡེ་ཤེས་མཁའ་འགྲོ་ཁྲ་མོ་ཐང་གར་འབྲི་བ་ན། འབྲི་སྟངས་མ་འདྲ་བ་ཁ་ཤས་ཤིག་མཐོང་བྱུང། ག་རེ་བདེན་པ་ཡིན་མ་འཚལ་བས། ངས་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ་ན། རིན་པོ་ཆེས། དགྱེས་པ་རྡོ་རྗེའི་འཁོར་གྱི་མཁའ་འགྲོ་མ་ཞིག་གི་མཚན་ནས་བོས་ཏེ། དེའི་ཁ་དོག་དང་གཅིག་པ་རེད། གསུངས་པ་ཡག་པོ་ཉན་ཏེ་ཡིད་ལ་འཇོག་ཁུལ་བགྱིས་ནའང་། ཟླ་ཤས་སོང་བ་ན་ལྷ་མོའི་མཚན་དེ་བརྗེད་སོང་གདའ།

ངས་ཡང་དུ་སྐད་ཕྲན་བརྒྱུད་ནས་གྲོགས་པོ་ལ་བཀའ་འདྲི་ཞུ་རོགས་ལབ་པ་ན། ཁོང་གིས། བཀའ་འདྲི་ཞུས་ཏེ་ང་ལ་བཀའ་སྒྱུར་གནང་བ་ནི་འདི་རེད། བྷྲུམ་ལས་སྣ་ཚོགས་རྡོ་རྗེ་མ། གཟིགས་དང་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ནང་དུ་འདི་འདྲ་ཞིག་རྩ་བ་ནས་ཡོད་པ་མ་རེད། དོན་དངོས་ལ་རིན་པོ་ཆེས། ཌོམྦི་ནཱི་སྣ་ཚོགས་མདོག་ཅན། ཞེས་གསུང་ཡོད་ངེས་ནའང་ཁོང་གི་གོ་སྟངས་ནི་འདི་རེད།

སྤྱིར་བཏང་བྱས་ན། ཁོང་ནི་བློ་གྲོས་གསལ་པོ་དང་། མཐོང་ཐོས་རྒྱ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། རིན་པོ་ཆེ་ལ་ཧ་ཅང་གིས་འདྲིས་ཤིང་། ནམ་རྒྱུན་ཡི་གེ་པ་ཡང་གནང་གིན་ཡོད་པས། ནོར་ཡོང་བསམ་བསམ་ཞིག་ཁྱོན་ནས་མེད་ལ། ང་ལ་ཡང་བརྩི་མཐོང་ཆེན་པོ་གནང་གིན་ཡོད་པས། སྣང་མེད་བྱས་པ་ཞིག་ཀྱང་རྩ་བ་ཉིད་ནས་མ་རེད། ཡིན་ནའང་ཁོང་གི་གོ་སྟངས་ནི་དེ་རེད། འདི་ལྟར་ན་བཀའ་སྒྱུར་དང་སྐད་སྒྱུར་བྱེད་ཟེར་བ་དེ་ཚོ་ནི་དོན་དངོས་ལ་ལས་ཀྱི་ཐ་མ་ཡིན་པ་འདྲའོ། །

སྣ་ཚོགས།

Post navigation

Previous Post: <<རྒྱ་གར་ལོ་རྒྱུས་སྙན་རྩོམ་རིང་མོ་གཉིས་ཀྱི་བགྲོ་གླེང་ཚོགས་འདུའི་གཏམ་བཤད་>>1 ཀྱི་ཕྲན་དཔྱད།
Next Post: ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པར་བཅར་འདྲི་ཞུས་པ།

Comment (1) on “བཀའ་སྒྱུར།”

  1. ཨ་འདུས་སྐལ་བཟང་རྒྱ་མཚོ། says:
    2016-06-22 at 10:17 pm

    ༧མཁན་སྐྱོ་བྲག་ཚང་གི་བཀའ་མོལ་དེ་འདྲ་རང་ད་ཨེ་ཡིན་ན། གཞན་དུ་ན། ཐུ་བྷོད་ཚང་གི་ལོ་པཎ་ཉི་ཟླའི་འོད་དང་འདྲ་བ་དེ་དག་གི་རླབས་ཆེན་གྱི་བགྱི་བར་ཡི་རངས་ཏེ། ངལ་བ་ཆེན་པོས་གསུང་རབ་ཡིག་སྒྱུར་མཛད་ཀྱིན་པའི་བོད་ཀྱི་གཞོན་རབས་པ་འདི་དག་གི་དུས་དང་དཀའ་བ་མཉམ་སྤྱད་བྱས་པའི་བགྱི་བ་དག་ཀྱང་ལས་ཀྱི་ཐ་མར་བཞེད་པ་ངོ་མཚར་ཆེའོ། །ཧ་ཅང་ཀུ་རེ་ཡིན་ལགས། ཉམས་མྱོང་ཕུན་སུམས་ཚོགས་པའི་གཏམ་ཐུན་རེ་ཚོགས་སུ་སྤེལ་བས་ཀྱང་གཞོན་རབས་པ་མང་པོར་སྨན་དུ་རེ་བ་ཅིས་མ་ལགས། སྐུ་ཚེ་བརྟན།

    ལར་ནས་དགེ་ཆོས་ཀྱིས། གསེར་ཐང་དུ་ཁྱེད་ཀྱི་བླ་མས་ངེད་ལ་སེམས་གནག་བྱས་པར་འདུག་ཅེས་གསུང་ཡོད་པ་ལྟར། འགྱུར་འགའ་རེ་ནི་ཚིག་ལས་ཀྱང་དོན་གནད་དུ་ཆེ་བ་དང་། འགའ་རེ་ནི་དོན་ལས་ཀྱང་ཚིག་གནད་དུ་ཆེ་བ་སོགས་ལོ་ཙཱ་བ་དག་གིས་ཐུགས་ཉམས་འཇོག་དགོས་པའི་གནས་མང་དུ་ཡོད་པ་ཡང་ཞལ་བྱུང་དུ་ཐལ་ལོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme