Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཤག་གི་གསར་གཏོད། ཏེ་ལོ་སྤྲུལ་སྐུའི་ལམ་འགྲོ།

Posted on 2014-11-132014-11-13 By ཁ་བརྡ་ 4 Comments on བཀའ་ཤག་གི་གསར་གཏོད། ཏེ་ལོ་སྤྲུལ་སྐུའི་ལམ་འགྲོ།

རྔ་བ་བརྒྱད་གསུམ་གཅིག་དྲུག

སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་སོགས་ཀྱིས་རང་གི་བསམ་ཚུལ་ཡིན་དང་། ཡང་ན་གཞན་ཞིག་གི་ལམ་སྟོན་དང་བཀོད་སྒྲིག་ཡིན་མིན་གང་ལྟར་ཡང་རྒྱབ་མདུན་གང་སར་བསམ་བློ་མ་བཏང་བའི་ལས་ཀ་འདི་མ་གླེང་ཐབས་མེད་རེད།
གང་ཡིན་ཅེ་ན། གཏོར་མ་ཁྱི་ཡིས་ཁྱེར་ཡང་འཛུམ་དམུལ་དམུལ། མར་མེ་རླུང་གིས་བསྐྱོད་ཀྱང་ལྷོད་ཤིག་ཤིག་ཅེས་པ་འདི་འགན་མི་འཁུར་བའི་མི་ལ་བཀོད་པའི་སྡོམ་ཚིག་ཅིག་ཡིན་པས་ང་འདི་ལྟར་སྡོད་ཐབས་མེད། མ་གཞི་འཛམ་གླིང་གི་རྒྱལ་ཁབ་སུ་ཞིག་ཡིན་ཡང་གཞུང་ཞབས་ལས་བྱེད་དང་། གཞུང་གི་སྲི་ཞུ་བར་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་ཨང་དང་པོ་དེ་རྒྱལ་ཁོངས་དེའི་ཡུལ་མི་ཡིན་དགོས་པ་དང་། མི་སེར་གྱི་ལག་ཁྱེར་ཡོད་དགོས་པ་ཁ་གསལ་ཁུངས་གསལ་དུ་བཤད་རྒྱུ་ཡོད་ཀྱང་འདི་ཡིག་ཚོགས་སུ་བསམས་ནས་བྲིས་མེད།

བོད་མིའི་སྒྲིག་འཛུགས་གཞུང་ལྟ་བུར་མཚོན་ན་ཡང་། གཞུང་ཞབས་ལས་བྱེད་དུ་ཡིག་ཚད་གཏོང་སྐབས་སྔོན་འགྲོའི་ཆ་རྐྱེན་ཨང་དང་པོ་དཔྱ་ཁྲལ་ལག་དེབ་བམ་དེབ་ལྗང་གུ་དེ་དགོས་པ་ཨ་ཅང་ཅང་། ད་དུང་ལོ་གཅིག་གི་དཔྱ་དངུལ་འཛིན་བྱང་སྦྱར་མེད་ན་གཞུང་ཞབས་ལས་བྱེད་དུ་ཡིག་ཚད་གཏོང་བའི་གོ་སྐབས་ཡོད་མི་སྲིད་པ་རེད།
ཅིའི་ཕྱིར་ཟེར་ན། གཞུང་ཞབས་ལས་བྱེད་དུ་ཆགས་པ་ལ་ངེས་པར་དུ་རང་གི་ཡུལ་མི་ཡིན་དགོས་པ་མཚོན་གྱི་ཡོད་པ་དེ་རེད་ལ། ལས་བྱེད་དང་འོས་གཞིར་རུང་བའི་སྐྱེ་བོ་སུ་ཞིག་ཡིན་ཡང་ཆ་རྐྱེན་དང་པོར་བོད་ཀྱི་ཡུལ་མི་ཡིན་པ་ཞེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཧ་ཅང་ཁ་གསལ་ཁུངས་དག་ཏུ་བཀོད་ཡོད།

རྒྱུ་མཚན་དེའི་ཕྱིར། ལོ་ཁ་ཤས་ཤིག་གི་གོང་དུ་ལྷོ་ཕྱོགས་མོན་གྷོ་རུ་ས་གནས་འགོ་འཛིན་མི་མང་གིས་འོས་བསྡུ་བྱས་མཐར་ས་འཐུས་ཟུར་པ་བསྟན་པ་ཀྲི་གེ་དང་ཀོང་པོ་ཐུབ་བསྟན་གཉིས་མཐའ་མའི་འགྲན་རྩོད་དུ་བསླེབས་པ་རེད། ཡིན་ནའང་། ཀོང་པོ་ཐུབ་བསྟན་ལ་དཔྱ་ཁྲལ་ལག་དེབ་བམ་དེབ་ལྗང་གུ་མེད་པའི་དབང་གིས་འོས་ཁུངས་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། རྒྱུ་མཚན་གང་ལ་ཞེ་ན། དཔྱ་ཁྲལ་ལག་དེབ་བམ་དེབ་ལྗང་གུ་དེ་མེད་ན་བོད་ཀྱི་ཡུལ་མི་ཡིན་པ་ཞེས་བཅའ་ཁྲིམས་སུ་གསལ་བའི་ཆ་རྐྱེན་མ་ཚང་བ་རེད།

མདོར་ན་གཞུང་ཞབས་ལས་བྱེད་དུ་གྱུར་བ་ལ་ཆ་རྐྱེན་དང་པོ་དེ་དཔྱ་ཁྲལ་ལག་དེབ་བམ་དེབ་ལྗང་གུ་དེ་དགོས་པ་ལས་བྱེད་ནང་ཁུལ་གྱི་རྩ་འཛིན་སྒྲིག་གཞི་རུ་གསལ་བོ་ཡོད་པ་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་རྣམ་པ་དང་འགན་ཡོད་འགན་འཛིན་དག་གི་སེམས་ལ་ཀ་དང་ཁ་ཞེས་གསལ་གསལ་ཏིག་ཏིག་ཏུ་ཡོད་པས། ཆ་རྐྱེན་གང་ཡང་མེད་པའི་ཏེ་ལོ་རིན་པོ་ཆེ་གློ་བུར་དུ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་དུས་བཅའ་ཁྲིམས་རིན་པོ་ཆེ་མི་གླེང་མཁན་ཞིག་མེད་ལ། འབྱུང་འགྱུར་གཞུང་ཞབས་དུ་ཡིག་ཚད་གཏོང་མཁན་དང་སྐུ་ཚབ་དོན་གཅོད་སོགས་ལ་བསྐོ་བཞག་གནང་སྐབས་བོད་ཀྱི་ཡུལ་མི་ཡིན་པ་དང་དེབ་ལྗང་གུ་དགོས་པའི་ཆ་རྐྱེན་འདི་བཤད་ས་མེད་པ་ཞིག་ཆགས་ཡོད་པས་དེའི་འགན་དེ་སུ་ཞིག་གིས་ཁུར་ཐུབ་བམ།

འོ་ན་ཏེ་ལོ་རིན་པོ་ཆེ་རུ་སོག་གི་དོན་གཅོད་དུ་བསྐོ་བཞག་བྱས་པ་དེ་བཙན་བྱོལ་བོད་མིའི་སྒྲིག་གཞི་གང་དང་འགལ་ཡོད་དམ་ཞེ་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བདུན་པའི་ནང་གསེས་དོན་ཚན་སོ་གཉིས་པའི་ནང་གསེས་དང་པོར་འོན་ཀྱང་སྐུ་ཚབ་དོན་གཅོད་ཁག་འོས་འདེམས་མ་དགོས་པ་ཡིན་ཞེས་པའི་བཅའ་ཁྲིམས་དོན་ཚན་༡༡ པ་དང་། ༣༨ པའི་ནང་གསེས་དང་པོ། བོད་ཀྱི་ཡུལ་མི་ཡིན་དགོས་པའི་ཆ་རྐྱེན་དེ་དང་འགལ་བ་ཡིན།
ཏེ་ལོ་རིན་པོ་ཆེ་བོད་ལ་ལྷག་བསམ་ཆེན་པོ་ཡིན་སྲིད་ལ་ཏན་ཏན་བོད་མི་རེ་ཟུང་ལ་བལྟས་ན་ཁོང་ལ་སེམས་ཤུགས་ཆེན་པོ་ཡོད་སྲིད་པ་རེད་དེ། སེམས་ཤུགས་ཡོད་པ་དང་དྲིན་ཆེན་ཡིན་པ་ཙམ་གྱིས་ཆེ་བསྟོད་མཚན་གནས་ཞེས་མིང་འདྲ་མིན་བཏགས་ཏེ་དྲུང་ཆེ་ཞིག་གི་གནས་རིམ་སྤྲད་བཞག་པ་དེ་ཧ་ཅང་ཐལ་དྲགས་པ་ཞིག་དང་རྒྱལ་ཁབ་སུ་ལ་བྱུང་དང་འབྱུང་མི་སྲིད་པ་ཞིག་རེད་སྙམ།

ཆེ་བསྟོད་ཀྱི་ཆེད་དུ་ལག་རྟགས་སྤྲད་པ་མང་ལ་གསེར་གྱི་གཟེངས་རྟགས་ཀྱང་འབུལ་ཆོག་མོད། འདི་ལྟ་བུའི་སྔར་མེད་གསར་གཏོད་ཀྱི་ཕྱག་ལས་འདིའི་བོད་ཀྱི་བཅའ་ཁྲིམས་ལ་གུས་བཀུར་མ་བྱས་པ་དང་འབྱུང་འགྱུར་ལ་འགན་མ་ཁུར་བ་ཞིག་ཏུ་རེད་འདོད། ང་ཚོར་བཀའ་དྲིན་ཅན་དང་རོགས་རམ་བྱེད་མཁན་ཧ་ཅང་མང་ལ་ལྷག་པར་དུ་གནས་ཡུལ་རྒྱ་གར་ལྟ་བུར་ཅི་ཞིག་འབུལ་རྒྱུ་ཡིན་ནམ། སྲིད་སྐྱོང་གི་གོ་གནས་མ་གཏོགས་གཞན་ཅི་ཞིག་ལྷག་ཡོད་དམ།

ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ཏེ་ལོ་རིན་པོ་ཆེར་ང་ཚོས་ཆེ་བསྟོད་ཀྱི་ཆེད་དུ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་ནའང་། རུ་སོག་གི་གཞུང་དང་མི་མང་གི་ངོས་ནས་ཁོང་ལ་ཆེ་མཐོང་དང་ཡིད་ཆེས་ག་ཚོད་ཅིག་ཡོད་པ་བཀའ་ཤག་གིས་མཁྱེན་ཡོད་དམ་མེད། ལྷག་ཏུ་ང་ཚོའི་རྒྱབ་ཏུ་ཡོད་པའི་རུ་སོག་གི་ཚོགས་པ་ཁག་དང་མི་མང་པོ་ཞིག་གིས་ཏེ་ལོ་རིན་པོ་ཆེར་བཟུང་བའི་ལྟ་སྟངས་དང་བཙན་བྱོལ་བཀའ་ཤག་གི་མཐོང་སྟངས་གཉིས་རྦད་དེ་ཁ་ཁ་ཞིག་ཡིན་སྲིད་པས། ང་ཚོ་ཕྱོགས་གཅིག་ཏུ་ལྷུང་སོང་བ་ཡིན་ན་རུ་སོག་གཞུང་དང་མི་མང་གི་སེམས་ལ་ཅི་ཞིག་དྲན་སྲིད་དམ།

ད་ལྟ་ཏེ་ལོ་རིན་པོ་ཆེར་རུ་སོག་གཞུང་དང་མི་མང་གིས་ལབ་གླེང་ཧ་ཅང་མང་བསྡད་པའི་སྐབས་འདིར་འུ་ཅག་གིས་ཏེ་ལོ་ལ་རྒྱབ་རོགས་དང་། གཞན་དག་ལ་ཀྱག་ཀྱག་བྱས་པའི་ལན་འདེབས་ལྟ་བུ་ཞིག་ཆགས་ཡོད་པས། འོལ་ཚོད་ཀྱི་ཕྱག་ལས་འདིའི་རིགས་ལ་ཁྲིམས་ཤིག་མེད་ན་འབྱུང་འགྱུར་ཏན་ཏན་གནད་དོན་ལྷག་མ་ཞིག་ཡོང་རྒྱུ་ཡིན་པར་ཐེ་ཚོམ་མེད་པས་དེའི་སྐོར་ལ་ངེས་པར་དུ་གྲོས་ཚོགས་ཚོགས་ཐེངས་བརྒྱད་པའི་ཐོག་ལ་ཐག་གཅོད་དང་བགྲོ་གླེང་དགོས་པ་གནད་གལ་ཆེ་བར་མཐོང་།

ཏེ་ལོ་རིན་པོ་ཆེ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་པ་འདི་ཁྲིམས་སོགས་ཅི་ཞིག་ལ་འགལ་ཡང་བཀའ་ཤག་གིས་བཀའ་རང་ཡིན་པས་དེའི་ཐད་ལ་ཅི་ཞིག་བཤད་ཀྱང་བསྒྱུར་ཐབས་མེད་ཟེར་ན་ལགས་སོ་ཡིན་ཡང་། མཐར་ཞུ་འདོད་པ་དེ། འུ་ཐུག་ཐབས་ཟད་ན་མ་གཏོགས་ཏེ་ལོ་རིན་པོ་ཆེའི་ཤེས་ཡོན་དང་ཀུན་སྤྱོད། མི་གཞི་སོགས་གང་ལ་བལྟས་ནའང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་སྐུ་ཚབ་དོན་གཅོད་ཅིག་ཕར་ཟད་མིང་ཐོ་འགོད་མཁན་ཙམ་གྱི་ལས་ཀ་བྱས་ནའང་མི་མང་ལ་ཡིད་ཐང་ཆད་ངེས་ཡིན་པས། མཚམས་འདི་ནས་གནའ་མིའི་སྡོམ་ཚིག་ཞིག་ཡིད་ལ་དྲན་སོང་། བཏང་ན་རྫ་མ་ཆག་འཇུས་ན་ལག་པ་སྲེག་ཟེར་བ་ལྟར་བཀའ་ཤག་གིས་གསར་གཏོད་གནང་བའི་ཆེ་བསྟོད་མཚན་གནས་དེ་ད་ལྟ་ཇི་འདྲ་ཞིག་ཆགས་ཡོད་མེད་སྡོམ་ཚིག་འདི་ལས་རྟོགས་སླ།
བསམ་ཚུལ་འདི་ཉིན་ཤས་སྔོན་ནས་འབྲི་འདོད་བྱུང་ཡང་ལས་ཀའི་དབང་གིས་དེ་རིང་བར་དུ་ཁོམ་མ་བྱུང་།

ཕྱི་ལོ་ ༢༠༡༤ ཟླ་བ ༡༡ ཚེས་ ༡༢ ཉིན།

བསམ་ཚུལ།

Post navigation

Previous Post: ལྷ་བབས་དུས་ཆེན་ལ་ཕུལ་བ་ཨ་མའི་དྲིན་ལན་བཟང་འཇལ།
Next Post: རྒྱལ་སྤྱིའི་གཞོན་ནུའི་ཚོགས་འདུ་དང་ཤེས་ལྡན་པ་ཚོའི་བར་ཐག

Comments (4) on “བཀའ་ཤག་གི་གསར་གཏོད། ཏེ་ལོ་སྤྲུལ་སྐུའི་ལམ་འགྲོ།”

  1. བདེ་སྐྱིད་འཚོ says:
    2014-11-13 at 1:33 am

    རྒྱལ་སྤྱིའི་གཞོན་ནུའི་ཚོགས་འདུ་དང་ཤེས་ལྡན་པ་ཚོའི་བར་ཐག
    ཉེན་རྟོག་པ།
    2015ལོའི་འཇར་མན་དུ་ཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་སུ་རིག་གཞུང་བགྲོ་གླེང་ལ་དགའ་བ། མཐོང་ཐོས་ཉམས་མྱོང་ལ་དགའ་བ། མཁས་པའི་ལེགས་བཤད་ལ་དགའ་བ་སོགས་འདོད་འདུན་སྣ་མང་གིས་སྣེ་ཁྲིད་ནས་སྙན་ཞུ་ཕུལ་མཁན་མང་ནའང། ཚོགས་འདུ་གོ་སྒྲིག་བྱེད་མཁན་དག་གིས་ཁོ་རང་ཚོ་ལ་རྒྱུས་ཡོད་པ་དང་ནམ་རྒྱུན་སྤྱི་ཚོགས་ཁྲོད་དུ་དྲ་ཐོག་སོགས་སུ་འུར་ཆེ་བ་སྐོར་ཞིག་ལས་བག་ལ་ཞ་བའི་ཤེས་ལྡན་པ་མང་བོ་ཞིག་གི་སྤོབས་པ་དང་རེ་བ་ཆུ་ལ་བསྐྱུར་སོང་ཟེར། དྲང་མོར་བཤད་ན་ཁོ་ཚོ་ནི་ཚོགས་འདུ་བཀོད་སྒྲིག་བྱེད་མཁན་ཡིན་པ་ལས་རྩོམ་ཡིག་ཁྲུན་ཐག་གཅོད་མཁན་དུ་ཧ་ཅང་མི་འོས་ཏེ། གང་ཡིན་ཞེ་ན། ཁོ་ཚོ་ལ་མ་མཐའི་ཚད་ཐིག་བོད་ཡིག་གི་དག་ཆ་ཙམ་ཡང་མེད་པས་ཕྱིར་རོ། ཡིག་རིགས་གཞན་ཞིག་ཡིན་ན་གང་ཤེས་མ་གཏོགས་བོད་ཡིག་གི་དག་ཆ་ཙམ་ཡང་མེད་པར་བོད་ཡིག་གི་རྩོམ་ཡིག་གང་ལེགས་གང་ཉེས་ལ་ཅི་ལྟར་ཁྲུན་ཐག་གཅོད། རྒྱུ་མཚན་འདིས་དབང་གིས་ཁོ་ཚོས་ངོ་ཤེས་རྒྱུས་ཡོད་དང་སྒེར་གྱི་འབྲེལ་ལམ་སོགས་ལས་གཞན་ལ་སྐད་ཆ་འདྲི་བའམ་རང་གི་ཁམས་བསྟུན་བྱེད་པ་ལས་ལམ་ཁ་གང་ཡང་མེད། གལ་ཏེ་ཁྱོད་རང་ཡིད་མི་ཆེས་ན་ཚོགས་འདུ་དེ་ལ་སྙན་ཞུ་ཕུལ་མྱོང་བ་གང་ཞིག་ལ་ལན་དུ་བཏང་བའི་ཡི་གེ་ལ་ལྟོས་དང་གསལ་གསལ་ཐིང་ཐིང་དུ་མཐོང་ཡོང། དེ་དང་དེ་ལྟ་བུའི་ཤེས་ཚད་ཅིག་གིས་རྒྱ་ཆེ་བའི་ཤེས་ལྡན་རྩོམ་པ་པོ་དག་གི་ལྗིད་ཚད་ཇི་ལྟར་འཇལ། འཇལ་མི་ཐུབ་སྟེ་ཨུ་ཚུགས་དང་འོལ་ཚོད་དབང་ཤེད་སོགས་སྐབས་བསྟུན་བྱེད་པའོ། རྒྱལ་སྤྱིའི་ཚོགས་འདུ་དེ་ལྟ་བུ་ཞིག་ནི་རྩོམ་པ་པོ་སོགས་ཤེས་ལྡན་པ་མང་པོ་ཞིག་གི་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཡིན་ནའང། ཁོ་ཚོས་ཅི་ཡང་མི་སྙམ་པར་རང་གི་ཁམས་དང་འཕྲོད་པའི་སྐད་ཆ་ཞིག་བཤད་དེ་ཤེས་ལྡན་པ་མང་པོ་ཞིག་གི་རེ་བ་དང་ལམ་ཁ་བཀག་ཡོད་པ་ནི་ཅི་འདྲའི་ཡིད་སྐྱོ་ཞིང་སེམས་ཕམ་པ་ཞིག་རེད་ཨང། ད་དུང་སྙན་ཞུ་ཕུལ་མཁན་ཡང་མང་བོ་ཞིག་ཡོད་ཚོད་འདུག གཅིག་བྱས་ན་དེ་ལའང་ཁོ་ཚོས་ཚོད་བཀག་དང་འདེམས་སྒྲུག་བྱེད་ཉེན་འདུག མ་གཞི་སྙན་ཞུ་ཕུལ་མཁན་ཚོ་ལ་ཚོད་བཀག་ཅིག་བྱེད་དགོས་དོན་རྩ་ནས་མེད། རྒྱུ་མཚན་ནི་ཟུར་ཞུགས་སྙན་ཞུ་ཕུལ་མཁན་དག་ནི་ཟུར་དུ་བསྡད་ནས་ཉན་པ་ཙམ་ལས་ཁོ་ཚོ་ལ་དཀའ་བ་དང་ཁག་པའི་ལས་ཀ་ཅི་ཡང་མེད། ཕར་འགྲོ་ཚུར་ལོག་གི་འགྲོ་སོང་ཡང་རང་ངོས་ནས་གཏོང་ན་འདི་ལ་ཚད་བཀག་ཅིག་དགོས་དོན་མེད་མོད། 2015ལོའི་སྤྱི་ཟླ་དང་པོའི་ནང་ལ་ཟུར་ཞུགས་པ་དག་ལ་བརྡ་ལན་འབྱོར་ངེས་ཟེར་མོད། སྐབས་དེར་གཅིག་བྱས་ན་དེ་ལའང་འདེམས་སྒྲུག་ཅིག་བྱས་ལོས་ཡོང་སྙམ་པ་ལས་དྲང་བདེན་ཅིག་སྐྱོང་གི་རེད་བསམ་དཀའ་བའི་ཚོད་དུ་འདུག དངོས་གནས་བྱས་ན་སྙན་ཞུ་ཕུལ་མཁན་གང་མང་ཞིག་ལ་ཁྱེད་རང་ཚོགས་འདུའི་རྩོམ་རིག་བགྲོ་གླེང་གི་ནང་དུ་བཀོད་སྒྲིག་བྱེད་མ་ཐུབ་པས་གལ་ཏེ་ཟུར་ཉན་པའི་ཁོངས་སུ་ཞུགས་འདོད་ཡོད་ན་དེ་བཞིན་གནང། མེད་ན་རྗེས་མའི་ཚོགས་འདུ་ལ་གོ་སྐབས་འཛིན་པར་ཞུ་ཞེས་ལན་རེ་ཡོང་ནའང་ཇི་འདྲའི་སེམས་ཐག་ཉེ་བའི་སྐད་ཆ་ཞིག་རེད་ཨང། གནད་འགག་ནི་ཁོ་ཚོའི་སེམས་ན་ཤེས་ལྡན་པ་ཚོས་ཚོགས་འདུ་དང་བགྲོ་གླེང་སོགས་ལྷག་པར་དུ་རྒྱལ་སྤྱིའི་ཚོགས་འདུ་དེ་ལྟ་བུ་ཞིག་ལ་བཟུང་བའི་རེ་བ་ཧམ་སེམས་དེ་གཏན་ནས་ཤེས་ཀྱི་མེད་པ་མ་ཟད་འདང་ཡང་བརྒྱབ་མྱོང་མེད་པས་ཡིན་པ་འདྲ། དེ་འདྲ་ཞིན་མ་རེད་ཟེར་ན། རྒྱུ་མཚན་གང་གིས་རེད། ངས་ངོ་མ་མི་ཤེས།ཁྱོད་ཀྱིས་བལྟས་ན་་་་་་་་་་་་་་་་་་་་་་་་་་་་་་་

  2. ཇུས་ཏོག says:
    2014-11-13 at 2:42 am

    ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་འོག་འགྲོ་་གི་མེད་ན་མང་གཙོ་མ་རེད་གྲལ་
    རིམ་དམངས་གཙོ་ཟེར་བ་དེ་རེད་ཕྱོགས་གཏོགས་དང་འགོ་འདྲེན་་ལ་འགན་
    འཁུར་ནས་དེ་སྔོན་ཡང་སྨན་རྩིས་ཁང་གི་འགན་འཛིན་དང་ད་ལྟའི་ཤེས་རིག་
    བཀའ་བློན་ཤེས་་རིག་དྲུང་ཆེར་བདྨོ་སྟངས་ནས་་ད་ལམ་་གྱི་ཏེ་ལོ་རིན་པོ་ཆེའི་
    གནད་དོན་དེ་ཡང་གཅིག་མཚུངས་རང་རེད་ལ་ད་་ཆ་ཁྲིམས་དབང་བསྒྱུར་ཟེར་
    བ་དེ་འཛམ་གླིང་ལ་སྟོན་རྒྱུའི་ཁྲབ་་སྟོན་ཙམ་་ལས་གཞན་དུ་་མཐོང་།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-11-13 at 7:37 am

    ་་་་་་་་་་་་ ད་ལྟ་ཏེ་ལོ་རིན་པོ་ཆེར་རུ་སོག་གཞུང་དང་མི་མང་གིས་ལབ་གླེང་ཧ་ཅང་མང་བསྡད་པའི་སྐབས་འདིར་འུ་ཅག་གིས་ཏེ་ལོ་ལ་རྒྱབ་རོགས་དང་། གཞན་དག་ལ་ཀྱག་ཀྱག་བྱས་པའི་ལན་འདེབས་ལྟ་བུ་ཞིག་ཆགས་ཡོད་པས། འོལ་ཚོད་ཀྱི་ཕྱག་ལས་འདིའི་རིགས་ལ་ཁྲིམས་ཤིག་མེད་ན་འབྱུང་འགྱུར་ཏན་ཏན་གནད་དོན་ལྷག་མ་ཞིག་ཡོང་རྒྱུ་ཡིན་པར་ཐེ་ཚོམ་མེད་པས་དེའི་སྐོར་ལ་ངེས་པར་དུ་གྲོས་ཚོགས་ཚོགས་ཐེངས་བརྒྱད་པའི་ཐོག་ལ་ཐག་གཅོད་དང་བགྲོ་གླེང་དགོས་པ་གནད་གལ་ཆེ་བར་མཐོང་། ་་་་་་་་་་་་་

  4. རིག་འཛིན says:
    2014-11-21 at 12:42 am

    ཏེ་ལོ་རིན་པོ་ཆེ་སྐུ་ཚབ་བསྐོས་པར་ངས་བྱས་ན་ཞེ་དྲག་ཧང་སང་དགོས་དོན་མཐོང་མ་སོང་། གང་ལགས་ཞེ་ན། ང་ཚོའི་ཕྱི་དྲིལ་དང། ཆོས་རིག ཤེས་རིག ནང་སྲིད་བཅས་ཀྱི་བཀའ་བློན་རྣམས་ནི་བོད་ཀྱི་མི་སེར་མིན་པར། ཁྲིམས་མཐུན་གྱི་ཨ་རི། ཁེ་ན་ཊ། རྒྱ་གར་བཅས་ཀྱི་མི་སེར་དུ་འགྱུར་ཚར་བ་རེད། ཁྲིམས་ཀྱི་འགྲོ་སྟངས་ལྟར་བྱས་ན་བོད་ཀྱི་མི་སེར་མ་རེད། ཕྱི་རྒྱལ་མི་སེར་རྐྱང་ཞིག་བོད་མིའི་བཀའ་བློན་ལ་བསྐོ་བཞག་བྱས་ཚར་དུས་དོན་གཅོད་བསྐོས་པར་ཧང་སངས་དགོས་ཅིག་མཐོང་མ་སོང་། གཅིག་བྱས་ན་ཏེ་ལོ་རིན་པོ་ཆེ་དཔྱ་ཁྲལ་སྤྲོད་ཀྱི་ཡོད་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme