Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཤག་གསར་པའི་བཀའ་བློན་འོས་འདེམས་གྲུབ་པ།

Posted on 2011-09-162011-09-17 By ཁ་བརྡ་ 76 Comments on བཀའ་ཤག་གསར་པའི་བཀའ་བློན་འོས་འདེམས་གྲུབ་པ།

ndongchung2-dsc_0009kasar_pemachojorimages191finalnewchithue2011legalsize

དེ་རིང་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་གིས། ཕྱག་རོགས་བཀའ་བློན་འོས་འདོན་བརྒྱུད་རིམ་ནང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ། བཀའ་ཟུར་ཚེ་རིང་དོན་འགྲུབ། བཀའ་ཟུར་པདྨ་ཆོས་འབྱོར། སྤྱི་ཟུར་རྒྱ་རི་སྒྲོལ་མ། བྱང་ཨ་རིའི་སྤྱི་འཐུས་བདེ་སྐྱིད་ཆོས་དབྱངས། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྨན་པ་ཚེ་རིང་དབང་ཕྱུག་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་བྱུང་ཡོད།

གསར་འགྱུར།

Post navigation

Previous Post: སྡེ་གཅིག་ལ་འཛོམས་པའི་རོགས་བརྒྱ།
Next Post: ངའི་མིང་གཞན་གསོན་འདྲེ་ཡིན།

Comments (76) on “བཀའ་ཤག་གསར་པའི་བཀའ་བློན་འོས་འདེམས་གྲུབ་པ།”

  1. དཔལྡན་རྡོ་རྗེ་ says:
    2011-09-16 at 7:23 am

    སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་གིས་ཕྱགས་རོག་བཀའ་བློན་རྣམ་པ་བཀྲ་ཤིས་བདེ་ལེགས་ཞུ།

  2. འཇམ་དཔལ་རལ་གྲི། says:
    2011-09-16 at 7:26 am

    ངས་བསམ་པ་ནང་བཞིན་རེད་མི་འདུག ད་ཡིན་ན་རྦད་དེ་རྗེ་བོ་རྒྱབ་ཚར་འདུག བོད་པ་ཚང་ལ་དགོས་ཡག་དེ་བྱུང་ན་དྲག་གི། ད་རྗེས་སུ་ཡག་སྡུག་ཧ་ཞིག་གོ་ཡོང་ཨ།

  3. ཨ་ར་དཀར་པོ says:
    2011-09-16 at 7:47 am

    བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་སྲིད་སྐྱོང་བློ་སེང་ལ་བཀའ་འདྲི་འདི་ཞུ་རྒྱུ་ཡིན། གོང་གསལ་བཀའ་བློན་གྱི་གྱུབ་ཆའི་ཁྲོད་ཉིད་ཀྱིས་མི་མང་མདུན་ནས་ཁས་བླངས་དམ་བཅས་པ་ལྟར་ཆོལ་ཁ་དང་བཀའ་བློན་གསར་རྙིང་སོགས་ཡོད་ཚད་འདུས་ཡོད་དམ། གལ་སྲིད་མེད་ན་བཀའ་ཤག་གསར་པ་འགོ་བཙུག་མ་ཐག་ཉིད་ཀྱིས་རྒྱ་ཆེའི་མི་མང་ལ་མགོ་སྐོར་ཐེངས་དང་པོ་དེ་བཏང་བ་ཡིན་པས་་དེ་ལྟར་མིན་པར་སྨོན།

  4. གངས་སྤྲེལ་ཚ། says:
    2011-09-16 at 7:51 am

    ཆོལ་ཁ་དང་ཆོས་ལུགས་ཚང་མའི་གྲུབ་ཆ་ཚང་བའི་བཀའ་བློན་ལས་རོགས་བདམས་ཀྱི་ཡིན་ཟེར་བའི་ནང་ཆོས་ལུགས་ཁག་གི་སྐུ་ཚབ་གཅིག་མེད་པར་བློ་ཕམ་བྱུང་་་་་ངེས་པར་ཆོས་རིགས་ལས་ཁུངས་ཀྱིས་བཀའ་བློན་ངེས་པར་གྲྭ་བ་ཞིག་དགོས་པ་ལས་དེ་མེད་པ་གང་ཡིན་ན་བསམ་གཞིགས་གྱིས་གཞན་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན་ལགས།

  5. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-09-16 at 7:59 am

    དེང་སང་དགོན་པའི་ནང་ལ་རྒད་པོ་སྡོད་པ་དང་། ལས་ཁུངས་ནང་ལ་གྲྭ་པ་སྡོད་དགོས་པའི་བསམ་ཚུལ་འདི་འདྲ་དངོས་གནས་མགོ་ཚོས་ཀྱི་འདུག།

  6. འབྲི་གུང་རིན་ཆེན་དཔལ says:
    2011-09-16 at 8:13 am

    བོད་རྒྱལ་ལོ། བདེན་པ་རྒྱལ་ལོ། ལྷ་རྒྱལ་ལོ། བོད་གངས་ཅན་གྱི་བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་བདེ་ལེགས་ཞུ།

  7. སྣྲོན་ངག་ཁྲི་ says:
    2011-09-16 at 8:16 am

    ཐོག་མར་དྲཱ་རྒྱ་འདི་བརྒྱུད་ནས་བཙན་བྱོལ་བོད་ཀྱི་སྲིད་སྐྱོང་སྐབས་དང་པོའི་བཀའ་ཤག་ལྷན་རྒྱས་ལ་མཚམས་འདྲིའི་བཀྲིས་བདེ་ལེགས་དང་།ལས་དོན་ལེགས་འགྲུབ།གཞིས་བྱེས་མྱུར་འཛོམས་ཡོང་བའི་སྨོན་འདུན་
    བཟང་པོ་ཞུ་རྒྱུ་ཡིན།
    ང་རང་གིས་སྲིད་སྐྱོང་ཕྱག་རོགས་གསར་འདེམས་ལ་བཅངས་པའི་མངོན་འདོད་བརྒྱ་ཆ་དྲུག་ཅུ་
    མངོན་འགྱུར་བྱུང་སོང་མཚན་གཞུང་་དེ་དག་ལ་སྤྱི་འཐུས་རྣམ་པས་དགག་བྱ་གང་ཡང་མ་གནང་བ་ནི་མ་འོང་པར་བཀའ་ཤག་གི་ལས་དོན་སྒྲུབ་ཕྱོགས་ཐད་ཐོག་མའི་རྟེན་འབྷབྲེལ་དང་ཕྱག་ལས་ལ་རྒྱབ་སྐྱོར་ཆེ་ཤོས་ཤིག་ཡིན་པ་སྨོས་མི་དགོས་པ་རེད།
    བཀྲིས་བཀའ་ཤག་དཔྱིད་ཀྱི་ཨ་སྔོན་དབྱིངས།།
    བཀྲིས་ཐུགས་མཐུན་ཁྲིམས་གཙང་ཆུ་འཛིན་དཀྲིགས།།
    བཀྲིས་སྲིད་སྐྱོང་ཆེན་མོའི་ཞིང་མཆོག་གི།
    བཀྲིས་ལོ་ལེགས་ཞི་བྱེས་འཛོམས་ཤིང་སྤྱོད།།

  8. གངས་སྤྲེལ་ཚ། says:
    2011-09-16 at 8:40 am

    བཀའ་བློན་ཐད་བསམ་གཞིགས་ཡོད་ནི་འོ ཆོལ་ཁ་དང་ཆོས་ལུགས་ཚང་མའི་གྲུབ་ཆ་ཚང་བའི་བཀའ་བློན་ལས་རོགས་བདམས་ཀྱི་ཡིན་ཟེར་བའི་ནང་ཆོས་ལུགས་ཁག་གི་སྐུ་ཚབ་གཅིག་མེད་པར་བློ་ཕམ་བྱུང་་་་་ངེས་པར་ཆོས་རིགས་ལས་ཁུངས་ཀྱིས་བཀའ་བློན་ངེས་པར་གྲྭ་བ་ཆོས་ལུགས་ཁག་གི་ལྟ་གྲུབ་ཤེས་མཁན་ཆོས་ལུགས་བར་གྱི་མཐུན་སྒྲིལ་ལ་སྔ་ཕྱི་བར་གསུམ་ལོ་རྒྱུས་རྒྱབ་ལྗོངས་གང་ཡོད་ཤེས་མཁན་ཞིག་ཡོད་དགོས་པ་གལ་ཆེན་རེད ཆོས་ཀྱིས་གནད་དོན་མ་ཤེས་ན་ཁ་སང་ཚེ་མཆོག་གླིང་གི་གནད་དོན་དང་མཚུངས་པ་ཆགས་ཀྱི་རེད ཆོས་ལུགས་ཁག་གི་སྐུ་ཚབས་མེད་ཆོས་སྲིད་ཟུང་དུ་འབྲེལ་བའི་མི་རིགས་ཞིག་གི་ལོ་རྒྱུས་རྒྱབ་ལྗོངས་དང་འགལ་འགྲོ་འགྱུར་བ་ཆེན་པོ་འདིའི་སྐབས་བཀའ་ཁྲིས་ཀྱང་ཆོས་སྲིད་ཁ་ཁ་བྱེད་འདོད་ན་ཐེངས་ཡང་དེ་ནི་མི་རིགས་ཞིག་གི་ཡེ་གདོད་མའི་བག་ཆགས་དང་འགལ་འགྲོ། སྔོན་ནས་ད་བར་གྲྭ་བའི་སྤྱི་ཚོགས་ཀྱིས་མི་རིགས་ལ་ཞབས་ཞུ་གང་བྱས་སེམས་ལ་ཉར་དགོས་ད་ཐེངས་བྱ་ལས་འདི་རིགས་གྲྭ་བའི་སྤྱི་ཚོགས་ལ་གནོད་རྐྱེན་མི་ཐེབས་པའི་སྨོན་ལམ་ཡོད དེ་མིན་གཞན་བཀའ་བློན་ལས་རོགས་ཚང་མར་་་་་་་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན་ལགས།

  9. yum says:
    2011-09-16 at 8:51 am

    བཀའ་བློན་བསྐོ་སྟངས་མདོ་དབུས་ཁམས་གསུམ་གྱི་མི་རེ་དང་། བུད་མེད་དང་གསར་རྙིང་། རྒན་གཞོན་སོགས་སྐུ་ཚབས་ཆ་ཚང་བར་བཀྲ་ཤིས་བདེ་ལེགས་ཞུ།

  10. གཞོན་ནུ་ཟླ་མེད། says:
    2011-09-16 at 8:59 am

    རེད་ཡ། བོད་གཞུང་གི་ལས་བྱེད་ཁ་ཤས་ལ་གད་མོ་ཤོར་བ་དེ་འདྲ་ཡོད་ཡ། སྔོན་མ་ལྷོ་ཕྱོགས་གཞི་ཆགས་ཁག་ལྔའི་ལྷོ་སྤྱི་དེས་མོན་གྷོ་ཀྲི་ལ་གདན་ས་གཉིས་ཡོད་པས་གྲྭ་བ་མང་པོ་འདུག སྒྲིག་ཁྲིམས་གསར་བ་གཏན་འབེབས་བྱེད་ཀྱི་ཡིན་ཟེར་ནས། སྒྲིག་ཁྲིམས་ཁག་ཅིག་གཏན་འབེབས་བྱས་པ་རེད། སྒྲིག་ཁྲིམས་དེའི་ནང་ན་འདི་ལྟར་བཀོད་ཡོད། གཤང་ཁང་ལ་ཚར་གསུམ་སོང་ནས་གྲྭ་ཚང་གི་སྐྱིད་སྡུག་ནས་ཕུད་རྒྱུ། ཆང་འཐུང་ནས་ར་ཐེངས་གསུམ་བཟི་ན་གྲྭ་ཚང་གི་སྐྱིད་སྡུག་ནས་ཕུད་རྒྱུ། ཀློག་བརྙན་ལ་ཚར་གསུམ་བལྟས་ནས་བཟུང་ན་གྲྭ་ཚང་གི་སྐྱིད་སྡུག་ནས་ཐོན་རྒྱུ། འདི་འདྲ་རྐྱང་རྐྱང་བཟོས་ནས། འཐུས་མི་ཚོས་དེ་ལྟར་བྱས་ན་འགྲིག་གི་མ་རེད། གཤང་ཁང་ལ་ཚར་གཅིག་སོང་ན་ཡང་གྲྭ་བ་མ་རེད་གྲྭ་ཚང་གི་སྐྱིད་སྡུག་ནས་ཐོན་དགོས་པ་རེད་ཟེར་དུས། ཁོང་གིས་ཨ་ཁ་ཁ། ཚར་གཅིག་རེ་གཅིག་རེས་ཕུད་ན་ག་བ་ཡོང་གི་རེད་ཟེར་ནས་ཨུ་ཚུགས་ཞེ་བོ་བསྐྱོན་པ་རེད། གཞུང་གི་ལས་བྱེད་ཚོས་མ་ཤེས་པ་དེ་རང་གིས་རིགས་འགྲེས་འདྲ་བོ་མ་བྱས་པར་ཤེས་མཁན་ཞིག་ལ་དྲིས་ན་ཡང་ཆོག་གི་རེད་མོད། གོ་གནས་ཅུང་ཟད་མཐོ་རུ་སོང་ན་གཞན་ལ་འདྲི་རྒྱུར་སྤམ་ཤོར་གི་ཡོད་པ་འདྲ་འདུག

  11. yum says:
    2011-09-16 at 9:01 am

    ཆོས་སྲིད་ཁ་ཁ་རེད། ཆོས་ཀྱི་བཀའ་བློན་དགོས་གལ་མེད། ཆོས་ལུགས་ཁག་གི་བླ་མ་རྣམ་པས་འཐུས་པ་ཡིན།

  12. yum says:
    2011-09-16 at 9:04 am

    ཆོས་ལུགས་སྤྱི་འཐུས་དགོས་གལ་མེད། ཆོས་ལུགས་ཁག་གི་བླ་མ་རྣམ་པས་འཐུས་པ་ཡིན།

  13. ལྷོ་མོན་འབྲུག་རིས says:
    2011-09-16 at 9:25 am

    བཀའ་བློན་གསར་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་ ལས་དོན་ལྷུན་འགྲུབ་ཡོང་བར་སྨོན་་ ལས་དོན་བསྒྲུབ་ཐུབ་མཁན་ཞིག་བྱུང་ན་ཡག་་ ཆོས་ཁ་དང་ ཆོས་་ལུགས་སོགས་ཁྱད་པར་མེད་ན་ལེགས་ ཐ་སྙད་འདི་ཚོ་རྦད་དེ་སུབ་དགོས་རྒྱུ་ཞིག་རེད་

  14. སྤྱང་ཀི་ says:
    2011-09-16 at 9:28 am

    ཅི་ཞིག་ཡིན་ནམ ལས་དབང་ཡིན་རྒྱུ་མ་རེད བོད་ཀྱི་སྲིད་སྟེགས་ན་ཡོད་པའི་མི་འདི་དག་གིས་གསར་འབྱོར་གྱིས་དཀའ་ངལ་གླེང་ནས་མི་གཅིག་མེད་ནོ་འདི་ག་རེ་ཡིན་ནས་ན ། དཔེར་ན བཀའ་བློན་ཁྲི་བ་ཁོང་ལ་འོས་ཤོག་མང་བོ་འཕེན་ནོ་གསར་འབྱོར་ཡིན་པ་ལས་གཞན་མིན། ཁོ་རང་གིས་ཡང་དེ་ཕྱོགས་ཏིལ་འབྲུ་ཙམ་ཡང་མི་གླེང་ནོ་ངོ་མ་ཡིད་ཕངས་བ་ཞིག་རེད ། གསར་འབྱོར་གྱི་དཀའ་ངལ་གཞན་མི་གླེང་ཐ་ན་ (R C)གཅིག་པོ་ཐོག་ནས་དཀའ་ངལ་ག་ཚད་འཕྲད་བཞིན་འདུག་ངས་མ་བཤད་ཡང་ཀུན་གྱིས་ཤེས་གསལ་རེད །

  15. བྱང་ཐང་གཡག་རྒོད། says:
    2011-09-16 at 9:35 am

    བོད་རྒྱལ་ཁབ་ཆེན་པོའི་ལས་ཐོགས་ཀྱི་བཀའ་སློན་ཁྲི་པའི་ཕྱག་རོགས་བཀའ་སློན་དྲུག་གསར་འདེམས་བྱུང་བ་ཡིད་སྤྲོའི་ཚུར་བ་བརྗོད་ལས་འདས་ཤིང་ཁོང་རྣམས་པས་ཕྱག་ལས་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་།བཀྲིས་བདེ་ལེགས་ལན་རྒྱར་ཞུ་ཞུ་ཞུ།།།།

  16. ཐོག་སྒྲ། says:
    2011-09-16 at 9:37 am

    yum ཟེར་བའི་ར་རོ་བ་དེ་ག་རི་བཤད་ཀྱི་ཡོད་རེད་དམ། བློ་བཟང་ཁོ་བས་ཟློས་གར་ཚོགས་ཁང་ནང་དུ་ང་ལ་བཀའ་བློན་ཐོབ་གསར་འབྱོར་གྱི་བཀའ་བློན་ཡོད་པ་ཞིག་བཟོས་ཀྱི་ཡིན་ཁོ་བས་བཤད་པ་མ་རེད་དམ། ར་རོ་བ་ནི་ར་རོ་བ་རང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  17. རེ་བ་ says:
    2011-09-16 at 9:39 am

    ད་ཡིན་ན་ཧོན་འཐོར་སོང་བོད་པའི་ལས་དབང་ལ་ཐུགས་རྗེས་གཟིགས་རོགས།།

  18. རང་དབང་ལྷ་མོ་ says:
    2011-09-16 at 10:17 am

    Brief Biographies of Tibetan New Kalons (Ministers):

    1. Name: Mr. Dongchung Ngodup
    Year of Birth: 1956
    Present Address: McLeod Ganj, Dharamsala
    Present Occupation: Former Kalon for Department of Security
    Brief Biography: Joined Central Tibetan Administration in 1977 after completion of BA. From 1993 to 2007 Mr. Ngodup worked as Secretary for Department of Security. While holding the post of Secretary he was nominated and served as Kalon for Security in the 13th Kashag.

    2. Name: Mr. Tsering Dhundup
    Year of Birth: 1960
    Present Address: Gangchen Kyishong, Dharamsala
    Present Occupation: Former Kalon for Department of Finance
    Brief Biography: Joined Central Tibetan Administration after completion of M.Com in 1984. From 2000 to 2007 Mr. Dhundup worked as Secretary for Department of Education and Home. From 2007 to 2011 he was nominated and served as Kalon for Finance in the 13th Kashag.

    3. Name: Mr. Pema Chhinjor
    Year of Birth: 1945
    Present Address: California, United States
    Present Occupation: Former Kalon for Department of Security
    Brief Biography: After arrival in India in 1959 Mr. Chhinjor taught Tibetan language and history in Department of Asian Studies, Punjab University, Chandigarh for 20 years from 1964 to 1984. While in Chandigarh he founded Regional Tibetan Youth Congress and served as President for four consecutive terms. In 1974 he was elected as member of the Central Executive Committee of Tibetan Youth Congress. From 1992 he was elected as member of Assembly of Tibetan People’s Deputies for two terms. He was nominated and served as Kalon for Security in the 11th Kashag.

    4. Name: Mrs. Dolma Gyari
    Year of Birth: 1964
    Present Address: New Delhi
    Present Occupation: Former Deputy Speaker
    Brief Biography: After completion of her studies Mrs. Gyari joined the women section of the Tibetan Youth Congress. In the following years 1986 and 1989 she was elected as culture officer and joint secretary of the Central Executive Committee of Tibetan Youth Congress. From 1991 to 2006 she was elected as member of the Tibetan Parliament-in-Exile for four consecutive term during which she was elected as Deputy Speaker of the House three times.

    5. Name: Ms. Dicki Chhoyang
    Year of Birth: 1966
    Present Address: Montreal, Canada
    Present Occupation: Member of Tibetan Parliament-in-Exile from North America
    Brief Biography: In 1971 Ms. Dicki Chhoyang migrated to Canada where she completed her M.A. in Central Eurasian Studies and M.Sc. in Planning and International Development. In 1990 she served as resettlement coordinator in Connecticut for the Tibetan-US resettlement project. From 1999 to 2003 she worked on community development project in Tibet. She has also worked for Pepperidge Farm Inc., and youth volunteer program for Canada World Youth. Presently she is a Community Liaison Officer for the University of Montreal Hospital Center construction project – a 2 billion Canadian dollar project.

    6. Name: Mr. Tsering Wangchuk
    Year of Birth: 1974
    Present Address: Bylakuppe, India
    Present Occupation: Medical Officer at Tsojhe Khangsar Charity Hospital, Bylakuppe.
    Brief Biography: After completion of High School in 1993 Mr. Wangchuk received scholarship for further studies in Warsaw, Poland from the Department of Education where he did his Doctor in Medicine followed by two years of internship at Hospital of Warsaw Medical University. In 2003 he returned to India and joined as Resident Medical Officer at Menlha Hospital, Phuntsokling for five years from 2003 and 2008. From 2008 to 2009 he worked as Medical Officer cum In-charge of TRSHC Clinic and Hospital of Tibetan Refugee Self Help Center in Darjeeling. Since 2009 he has been working as Senior Medical Officer at Tsojhe Khangsar Charity Hospital, Bylakuppe.

    The Kalon Tripa, who is also the Chairman of the Kashag, will announce the portfolios of the new Kalons at the Press Conference on Monday (19 September) at 12:30PM

  19. བོད། ལྷ་ཀླུ་གཉན་གསུམ། says:
    2011-09-16 at 10:18 am

    ཤ་དང་རུས་པ་བོད་ལ་གཏོགས་པ་དང་།།
    ཉིན་མོ་འདི་ནས་བོད་མི་གཞིས་བྱེས་གཉིས།།
    ལྷན་འཛོམ་ཆེད་དུ་ཕྱག་ལས་གནང་བའི་ཐད།།
    ཆིག་སྒྲིལ་དམ་གཙང་སྒོ་ནས་བརྩོན་པར་སྨོན།།

  20. yum says:
    2011-09-16 at 10:18 am

    བྱང་ཨ་རིའི་སྤྱི་འཐུས་བཀའ་བློན་བསྐོ་ནས། ཡོ་རོབ་སྤྱི་འཐུས་ལ་གནོད་རྐྱེན་མི་ཐེབས་པའི་སྨོན་ལམ་ཡོད།

  21. བསྟན་འཛིན་ཤེས་རབ། says:
    2011-09-16 at 10:22 am

    ད་བཀའ་ཤག་ཡོངས་སུ་འགྲུབ་ཚར་བ་རེད། ཁོང་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ་དང་ཆབས་ཅིག་མ་འོངས་པའི་ལས་དོན་གང་ཞིག་ཡིན་རུང་བཤད་རྒྱུ་གཏམ་རྒྱུ་མེད་པའི་ལམ་ལྷོང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།

  22. རང་དབང་ལྷ་མོ་ says:
    2011-09-16 at 10:22 am

    ཐེངས་འདིར་བཀའ་ཁྲི་མཆོག་གིས་གསལ་བསྒྲགས་གནང་བའི་བཀའ་བློན་གྱི་འོས་མིའི་ལོ་རྒྱུས་ནང་བཀོད་པ་ལྟར་ན།

    བཀའ་བློན་འབྲུང་ཆུང་དངོས་གྲུབ་མཆོག་ཕྱི་ལོ་ ༡༩༥༦ ལོར་སྐུ་འཁྲུངས་ཤིང་། མཐོ་སློབ་(B.A)ཐོན་རྗེས་ ༡༩༧༧ ནས་གཞུང་ཞབས་ཞུས་ཏེ་ ༡༩༩༣ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ཕྱག་ལས་གནང་མུས་ཐོག ༢༠༠༧ ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་འོས་ཐོན་གྱིས་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས་ཡོད།

    བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ཕྱི་ལོ་ ༡༩༦༠ ལོར་སྐུ་འཁྲུངས་ཤིང་། སློབ་སྦྱོང་ (M Com)ཐོན་རྗེས་ ༡༩༨༤ ནས་གཞུང་ཞབས་ཞུས་ཏེ་ ༢༠༠༠ ནས་དྲུང་ཆེའི་གནས་རིམ་ཐོག་ཤེས་རིག་དང་ནང་སྲིད་དྲུང་ཆེ་གནང་། ༢༠༠༧ ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་འོས་ཐོན་གྱིས་དཔལ་འབྱོར་བཀའ་བློན་གྱི་མཛད་འགན་བཞེས་ཡོད།

    བཀའ་བློན་པདྨ་ཆོས་འབྱོར་མཆོག་ཕྱི་ལོ་ ༡༩༤༥ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་རྗེས། ༡༩༦༤ ནས་ ༡༩༨༤ བར་ཅན་དྷི་གྷར་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཨེ་ཤ་ཡའི་རིག་གནས་སྡེ་ཚན་ནང་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་ལོ་རྒྱུས་ཀྱི་སློབ་ཁྲིད་གནང་། ༡༩༧༢ ལོར་ཅན་དྷི་གྷར་ས་གནས་གཞོན་ནུ་གསར་འཛུགས་ཀྱིས་སྐབས་བཞི་རིང་ས་གནས་གཙོ་དང་། ༡༩༧༤ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས། ༡༩༩༢ དང་ ༡༩༩༦ ལོར་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན། ༡༩༩༧ ནས་ ༢༠༠༡ བར་སྐབས་བཅུ་གཅིག་པའི་བཀའ་ཤག་ཏུ་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཅས་བཞེས་ཡོད།

    བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ལོ་ ༡༩༦༤ ལོར་སྐུ་འཁྲུངས་ཤིང་། ༡༩༨༤ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བུད་མེད་སྡེ་ཙན་གྱི་འགན་འཁུར་བ་བསྐོ་བཞག་དང་། ༡༩༨༦ ལོར་བོད་ཀྱི་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་པར་འོས་འདེམས་ཐོག་རིག་གཞུང་འགན་འཛིན། ༡༩༨༩ ལོར་བསྐྱར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས་ཀྱིས་དྲིལ་བསྒྲགས་འགན་འཛིན་དང་དེའི་རྗེས་སུ་ཟུང་འབྲེལ་དྲུང་ཆེའི་མཚན་གནས་བཞེས། ཕྱི་ལོ་ ༡༩༩༡ ༡༩༩༦ ༢༠༠༡ ༢༠༠༦ བཅས་བསྟུད་མར་སྐབས་བཞིའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན་གྱིས་ཐེངས་ ༣ རིང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོན་གྱི་མཛད་འགན་བཅས་བཞེས་ཡོད།

    བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕྱི་ལོ་ ༡༩༦༦ ལོར་སྐུ་འཁྲུངས་ཤིང་། ༡༩༧༡ ལོར་རྒྱ་གར་ནས་ཁེ་ན་ཌར་གཞིས་སྤོས་གནང་། དེར་དབུས་ཨེ་ཤ་ཡ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་རིག་གནས་ཐོག་ (M.A)ཐོན་རྗེས། ༡༩༩༠ ལོར་བོད་མི་ཨ་རིར་(Connecticut, USA) གཞིས་སྤོས་ཀྱི་ལས་གཞིར་ཞབས་ཞུ་གནང་། ༡༩༩༩ ནས་ ༢༠༠༣ བར་ཨ་རི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་འཆར་འོག་བོད་ནང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིའི་འགན་འཁུར་བ་དང་། (Pepperidge Farm Inc.) དང་(Canada World Youth)་ཞེས་པའི་སྒྲིག་འཛུགས་ཁག་ནང་མི་མང་འབྲེལ་མཐུད་པ། ད་ལྟའི་ཆར་མོན་ཀྲེ་ཡོལ་མཐོ་རིམ་སློབ་གྲྭ་ཆེན་མོའི་ཁེ་སྒོར་ས་ཡ་ ༢༠༠༠ ལྷག་གི་སྨན་ཁང་གསར་རྒྱག་གི་ལས་གཞི་རྒྱ་ཆེ་ཞིག་འགྲོ་བཞིན་ཡོད་པ་དེའི་འབྲེལ་མཐུད་པའི་མཚན་གནས་བཅས་བཞེས་མུས་ཡིན།

    བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཕྱི་ལོ་ ༡༩༧༤ ལོར་སྐུ་འཁྲུངས་ཤིང་། ༡༩༩༣ ལོར་གཞི་རིམ་སློབ་ཐོན་རྗེས་ ༡༩༩༤ ལོར་ཤེས་རིག་ལས་ཁུངས་ཀྱི་སྨན་སློབ་ཁོངས་སུ་འདེམས་ཐོན་བྱུང་སྟེ་པོ་ལེན་ཊའི་རྒྱལ་ས་ཝར་སོར་དམིགས་བསལ་སྨན་གྱི་མཐོ་སློབ་ཁང་དུ་སྨན་པའི་སློབ་སྦྱོང་དང་། ཟབ་སྦྱོང་། ཉམས་མྱོང་བཅས་མཐར་ཕྱིན་ནས་ ༢༠༠༣ ལོར་ཆེ་བསྟོད་ལག་འཁྱེར་ཐོབ། སློབ་སྦྱོང་མཐར་སོན་རྗེས་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་ ༢༠༠༣ ནས་༢༠༠༨ བར་འཕྲོད་བསྟེན་ཁྱབ་ཁོངས་ཨོ་རི་ས་ཕུན་ཚོགས་གླིང་སྨན་བླ་སྨན་ཁང་གི་སྨན་པ་དང་། ༢༠༠༨ ནས་ ༢༠༠༩ བར་རྡོ་རྗེ་གླིང་སྐྱབས་བཅོལ་བོད་མིའི་རང་སྐྱོབས་སྨན་ཁང་གི་འགན་འཛིན་དང་སྨན་པ་གཅིག་ལྕོགས། ༢༠༠༩ ནས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྨན་པའི་ལས་འགན་བཅས་ཞུ་མུས་ཡིན། ཅེས་བཀོད་འདུག

  23. yum says:
    2011-09-16 at 10:35 am

    བཀའ་བློན་བསྐོ་སྟངས་མདོ་དབུས་ཁམས་གསུམ་གྱི་མི་རེ་དང་། བུད་མེད་དང་གསར་རྙིང་། རྒན་གཞོན་སོགས་སྐུ་ཚབས་ཆ་ཚང་བར་བཀྲ་ཤིས་བདེ་ལེགས་ཞུ།

    ཆོས་སྲིད་ཁ་ཁ་རེད། ཆོས་ཀྱི་བཀའ་བློན་དགོས་གལ་མེད། ཆོས་ལུགས་ཁག་གི་བླ་མ་རྣམ་པས་འཐུས་པ་ཡིན།
    ཆོས་ལུགས་སྤྱི་འཐུས་དགོས་གལ་མེད། ཆོས་ལུགས་ཁག་གི་བླ་མ་རྣམ་པས་འཐུས་པ་ཡིན།

    པདྨ་ཆོས་འབྱོར་དང་རྒྱ་རི་སྒྲོལ་མ་འཐབ་འཛིང་མི་བྱེད་པ་ཐུགས་རྗེས་གཟིགས་རོགས། །

    བྱང་ཨ་རིའི་སྤྱི་འཐུས་བཀའ་བློན་བསྐོ་ནས། ཡོ་རོབ་སྤྱི་འཐུས་ལ་གནོད་རྐྱེན་མི་ཐེབས་པའི་སྨོན་ལམ་ཡོད། །

    ཆོས་ལུགས་བཀའ་བློན་གསར་འབྱོར་བཀའ་བློན་གྲྭ་བག་སྤྲོ་བཀའ་བློན་བསྐོ་མི་དགོས་པར་རང་བཞིན་གྱིས་འཁོད་འགྲོ་བ་དགོངས་འཇགས་ཞུ།

  24. ཚེ་རིང་རྡོ་རྗེ། says:
    2011-09-16 at 10:40 am

    དེ་རིང་སྲིད་སྐྱོང་བློ་སེང་གིས་གྲོས་ཚོགས་ར་བའི་ནང་། བཀའ་བློན་ཚོའི་མིང་སྨྲོས་སྐབས་དོགས་འདྲི་ཙམ་ཡང་འདོན་ཕོད་པའི་གྲོས་ཚོགས་འཐུས་མི་གཅིག་ཀྱང་མི་འདུག ཐ་ན། བདེ་སྐྱིད་ཆོས་དབྱངས་དང་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྨན་པ་ཚེ་རིང་དབང་ཕྱུག་གཉིས་བཀའ་བློན་དུ་བསྐོ་དགོས་པའི་དམིགས་བསལ་འཇོན་ནུས་གང་ཡོད་དམ། འདི་འདྲའི་དྲི་བ་ཞིག་ཀྱང་འདོན་མི་ནུས་པའི་ངང་ཚུལ་དེ་རིགས་སྐབས། ང་ཨ་ཕོ་སྐྲ་ཞུག་སྨར་ཁམས་བསོད་ནམས་སྟོབས་རྒྱལ་དང་མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོ་གཉིས་སེམས་གཏིང་ནས་དྲན་བྱུང་། ཨ་ཁ། ཁོ་གཉིས་གྲོས་ཚོགས་རྭ་བ་འདིའི་ནང་ཡོད་ན། མི་ཁ་དང་རེ་དོགས་བྲལ་བའི་བསམ་ཚུལ་ཞིག་བཏོན་ཏེ་གྲོས་ཚོགས་ནང་བདར་ཤ་གཅོད་པའི་གྲོས་གཞི་གཅིག་རྙེད་རྒྱུ་རེད། སྤྱི་འཐུས་རྣམ་པ་ཚོས་གསུང་མི་བྱོན་པ་ཅི་ཡིན་ནམ། དེ་ལ་གནད་དོན་གཉིས་རང་འདུག མ་འོངས་རང་ཉིད་བཀའ་བློན་དུ་གདམ་ཐོན་འོང་བའི་རེ་བདང་། རང་ཉིད་ཕོ་རོག་དཀར་པོར་གྱུར་དོགས་རེད། སྤྱི་འཐུས་རྣམ་པའི་ལས་འགན་གཙོ་བོ་དེ་རང་ཉིད་བཀའ་བློན་དུ་འཁོད་པ་བྱེད་རྒྱུ་དེ་ཡིན་པས། གནས་ཚུལ་དེས་ང་ཚོ་མི་མང་གི་དཀའ་ངལ་སེལ་ཐབས་མེད། མ་འོངས་སྤྱི་འཐུས་བཀའ་བློན་དུ་འགྲོ་བའི་ལམ་དེ་བཅའ་ཁྲིམས་ཐོག་བཀག་དགོས། ད་དུང་། སྲིད་སྐྱོང་བློ་སེང་གིས་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་གང་ཡང་མ་བསྟན་པར་བློ་ཕམ་ཡོད། ཁོང་གི་ངོས་ནས་བཀའ་བློན་གནང་དང་མི་གནང་ཞུ་དཀའ་ཡང་། བརྡ་ལན་ལེགས་པོ་ཞིག་གནང་ན་ནང་ཁུལ་མཐུན་སྒྲིལ་ལ་ཕན་པ་ཡོད། སྲིད་སྐྱོང་བློ་སེང་ག་ཚོད་མཐོ་ཡང་བཙན་བྱོལ་བ་འབུམ་གཅིག་དང་ཁྲི་གཉིས་ལྷག་ཙམ་ནས་འོས་ཁྲི་གཉིས་ལྷག་ཙམ་ལས་མེད་པས། ཁྲི་གཉིས་ཀྱི་སྲིད་སྐྱོང་རེད། ཁྲི་ཟུར་བཀྲས་མཐོང་མཆོག་ལ་འོས་ཁྲི་གཉིས་མ་ཟིན་ཙམ་ཡོད། ཁོང་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་མ་བསྟན་པར་ང་ཚོ་ཁོང་གི་རྒྱབ་སྐྱོར་བ་རྣམས་བློ་ཕམ་ཡོད། བཀའ་བློན་ནང་ནས་པདྨ་ཆོས་འབྱོར་ནི་བློ་སེང་བཀའ་ཁྲིའི་འོས་གཞིར་ལངས་སྐབས་རྒྱབ་ནས་ཇུས་འདོན་པ་ཡིན་པ་དང་། སྨན་པ་ཚེ་རིང་དབང་ཕྱུག་ཁྱིམ་རྒྱུད་བློ་སེང་གི་བང་ཆེན་རེད། ཁོང་གཉིས་བློ་སེང་གི་མཐུན་ཕྱོགས་ཡིན་པས་བདག་རྐྱེན་སྤྲད་པ་ཞིག་དང་། གཞན་རྣམས་བཀའ་ཁྲིའི་འོས་གཞིའི་སྐབས་བར་གནས་ཡིན། བཀའ་ཁྲིའི་འོས་བསྡུའི་སྐབས་རྒྱལ་ཁ་རྩེར་སོན་པའི་འོས་གཞི་ལ་མཐུན་སྒྲིལ་གྱི་ལག་མདང་སྦྲེལ་དགོས་པ་ཡར་ཐོན་རྒྱལ་ཁབ་ཀྱི་སྲིད་འཛིན་རྣམས་ཀྱིས་བྱེད་ལུགས་ཡིན་པ་བློ་སེང་གིས་མ་ཤེས་པ་མ་ཡིན། དེ་དང་ཕྱོགས་མཚུངས་ཁྱོད་རང་ཟློས་གར་ཚོགས་ཁང་དུ་འོས་གཞིའི་འགྲན་རྩོད་ཀྱི་སྐད་ཆ་ཤོད་སྐབས་དང་གཙུག་ལག་ཁང་དུ་དམ་འབུལ་སྐབས་རྒྱབ་ནས་རྒྱབ་སྐྱོར་གྱི་ཀི་ཤར་འཐེན་མཁན་རྣམས་རུ་ངར་བའི་གསར་འབྱོར་བ་རྣམས་ཡིན། ཁྱོད་ཀྱིས་ཁས་བླངས་པ་བཞིན་གསར་འབྱོར་གྱི་བཀའ་བློན་མི་འདེམས་པ་ཅི་ཡིན་ནམ། གསར་འབྱོར་བ་རྣམས་དཔྱ་ཁྲལ་ལག་དེབ་ཀྱི་དཔྲ་ཁྲལ་འབུལ་བཞིན་ཡོད་ཀྱང་། གསར་འབྱོར་བར་ཐོབ་ཐང་རྩ་བ་ནས་མེད། རྒྱལ་ཁབ་ལ་ཁྲལ་སྤྲད་ན་ཐོབ་ཐང་སྤྲོད་དགོས་ཀྱང་གསར་འབྱོར་བའི་སྦ་ཁུག་སྲབ་པོ་དེ་ནས་དཔྱ་ཁྲལ་བསྡུ་བ་ལས་ཐོབ་ཐང་མེད་པར་ལན་ཅིག་རྒྱོབས་རོགས།

  25. རང་དབང་ལྷ་མོ་ says:
    2011-09-16 at 10:46 am

    ཕྱག་རོགས་བཀའ་བློན་རྣམ་པའི་སྐོར་ལ་ཐུགས་གཞིགས་གནང་འདོད་ཡོད་ན། གཤམ་གྱི་དྲ་བྱང་རྣམས་ལ་གཟིགས་རོགས་ཞུ།

    http://www.tibettimes.net/news.php?showfooter=1&id=4839

    http://www.facebook.com/groups/168606743165318/

    http://www.tibet.net/en/index.php?id=2619.&articletype=flash&rmenuid=morenews&amps&tab=1#TabbedPanels1

    http://tibet.net/tb/wp-content/uploads/2011/09/New-Kalon-.pdf

    http://tibet.net/tb/2011/09/16/%E0%BD%A6%E0%BE%90%E0%BD%96%E0%BD%A6%E0%BC%8B-%E0%BC%A1%E0%BC%A4-%E0%BD%96%E0%BD%80%E0%BD%A0%E0%BC%8B%E0%BD%96%E0%BE%B3%E0%BD%BC%E0%BD%93%E0%BC%8B%E0%BD%A0%E0%BD%BC%E0%BD%A6%E0%BC%8B%E0%BD%91%E0%BD%98/

  26. ཚེ་བསམ་ says:
    2011-09-16 at 11:24 am

    དང་ཐོག་ངས་དྲ་ཐོག་དེ་ནས་བོད་མིའི་སྲིད་སྐྱོང་མཆོག་གི་དམིག་འཛུགས་བྱས་པའི་བཀའ་བློན་རྣམས་སྤྱི་མོས་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབ་ཅིག་ཁོང་རྣམ་པའི་ཕྱག་ལས་་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
    མི་རབས་གསར་པའི་དངུལ་ཆུ་ལས་གྲུབ་པའི་།
    རྩམ་གཟན་བོད་མིའི་རྗེ་བོ་བཀའ་བློན་རྣམས།
    རང་ཚུགས་བརྟན་པོས་སྤྱི་དོན་ལས་ལ་འབུངས།
    གཞིས་བྱེས་གཉིས་ཀྱི་རེ་བའི་མིག་བཟུང་དེ།
    ཁྲག་དང་མིག་ཆུས་གང་ནས་བལྟས་འདུག་པས་།
    ཆོལ་ཁའི་འཐེན་འཁྱེར་ནམ་ཡང་མེད་པར་མཛོད་།

  27. གངས་པྲུག་རྨས་མ། says:
    2011-09-16 at 11:41 am

    སྲིད་སྐྱོང་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ།

  28. མིག་བརྒྱད་པ། says:
    2011-09-16 at 11:58 am

    བཀྲ་ཤིས་བདེ་ལེགས། བོད་སྤྱི་བའི་ལས་དོན་ཚགས་ཚུད་ཡོང་བ་དང་ཕྱོགས་འཐེན་རིང་ལུགས་མེད་པའི་སྨོན་འདུན་ཞུ།

  29. བསྟན་འཛིན་འཕགས་པ་ says:
    2011-09-16 at 12:36 pm

    དྲ་གྲོགས་མི་ཉུང་བ་ཞིག་ཁ་གཏོང་དྲ་རྒྱ་ནང་ཕེབས་པ་དགའ་བསུ་ཞུ།
    ཁྱེད་ཚོའི་དཀའ་ངལ་དང་བསམ་ཚུལ་ལ་ལྟར་ཚོད་ཉིན་ཚོད་ག་ལ་ཡོད་ཡིན་ན་སོ་སོའི་འདོད་པ་རེད་་་་་་་གུས་པས་ལྟས་ན་ཁྱེད་ཚོ་ལ་སེམས་ཤུགས་དང་ལྷག་བསམ་ཡོད་ན་སྤྱི་ཚོགས་ནང་དཀྲུགས་ཤིག་དང་མྱོག་གླེང་སོགས་གཏན་ནས་བྱས་མི་རུང་ཤེས་སོང་ངམ།

  30. ཆུ་ཐིགས་སྔོན་མོ། says:
    2011-09-16 at 2:11 pm

    འགྲིག་འདུག་་་་བཟང་ངན་གྱི་དབྱེ་བ་རྗེས་ཕྱོགས་གཞི་ནས་བྱེད་རྒྱུ་རེད་་་་ད་དུང་བསྟོད་པ་དང་སྨད་པ་བྱེད་རྒྱུའི་དུས་ཚོད་ལ་སླེབས་མི་འདུག་སྙམ།

  31. ལུང་རྟོགས། says:
    2011-09-16 at 2:22 pm

    ཕྱག་རོག་བཀའ་བློན་རྣམས་ལ་འཚམ་འདྲི་ཞུ། སྤྱི་འཐུས་ཚཽགས་གཞོན་ཟུར་པ་རྒྱ་རི་སྒྲོལ་མ་ལགས་བཀའ་བློན་ནང་ལ་གདམས་པ་དགའ་སོང། སུས་ཅི་ཞིག་བཤད་ཀྱང་བོད་དོན་ཐོག་ལ་ངུ་ཐུབ་མཁན་དང་དགོད་ཐུབ་མཁན་ནི་མོ་རང་ཡིན། སྤྱི་འཐུས་རྣམས་པས་རྒྱབ་སྐྱོར་གནང་སྟངས་དེ་ཡང་རྣམ་པ་བཟང་པོ་ཞྀག་རེད། བཀའ་སྤྱི་གཉིས་བློ་མཐུན་དགོས་རྒྱུ་ནི་བྱ་བ་ལམ་ལ་འགྲོ་བའི་གཞི་རྩ་རེད། བོད་རྒྱལ་ལོ།

  32. ལ་རྒྱའི་བདག་པོ། says:
    2011-09-16 at 2:26 pm

    ༡༽བཀའ་ཁྲི་གསར་པས་ཕྱག་སྦྲེལ་བཀའ་བློན་རྣམས་འཁོན་ཐོགས་མེད་པར་བདེ་བླག་དང་བསྐོ་གཞག་གནང་ཐུབ་པར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད།

    ༢༽ཁྱེད་རྣམས་ཀྱིས་བོད་ཀྱི་བསྟན་སྲིད་ཀྱི་བདེ་དོན་སླད་འབྱུང་འགྱུར་གྱི་དུས་ཚོད་ནང་དམ་ཚིག་ཟོར་ཁ་ཆིག་སྒྲིལ་གྱི་སྒོ་ནས་ལས་དོན་ཆེ་ཕྲ་ཆུང་གསུམ་ཚང་མ་ལེགས་སྒྲུབ་ཡོང་བའི་སྨོན་ལམ་ཞུ།

    ༣༽བཀའ་བློན་པད་མ་ཆོས་འབྱོར་བཀའ་བློན་བསྐོ་དགོས་པའི་རྒྱུ་མཚན་ཤེས་མ་སོང་།

    གཅིག
    ཁོང་རང་ལོ་ན་༦༦ཟིན་ཚར་འདུག་པས་ལོ་ལས་ཀ་བྱེད་དགོས་དུས་མཐའ་མ་ལོ་༧༡ཆགས་ཀྱི་འདུག
    གཉིས་པ།
    དེ་སྔ་ཁོང་བདེ་སྲུང་བཀའ་བློན་བྱེད་སྐབས་༧གོང་ས་མཆོག་གི་ཕྱོགས་ཕེབས་མཛད་འཆར་བཀོད་སྒྲིག་ཚགས་ཚུད་མ་བྱས་རྐྱེན་སྐུ་ཕྱྭའི་ཐོག་ལ་དེ་སྔ་ཐོན་མ་མྱོང་བའི་གནད་དོན་ཚབས་ཆེན་དེ་འདྲ་ཐེངས་གཉིས་ཐོན་པ་དེ་དྲ་གྲོགས་རྣམས་དྲན་ནམ།དེ་དུས་མགོན་པ་གང་གི་སྐུ་སྲོག་ལ་ཉེན་འགན་རང་བཞིན་གནད་དོན་ལྷག་པ་རེད།
    གསུམ་པ།
    ཡང་བདེ་སྲུང་བཀའ་བློན་ལོ་ལྔ་བྱེད་རིང་ལུང་ཞེན་བྱས་ནས་སྔ་རྗེས་སུ་ལག་འཁྱེར་མེད་པའི་གྲྭ་ལོག་ཕོ་གཞོན་ལྔ་ཡིག་ཚད་ཀྱང་མ་བཏང་བར་ལྟག་སྒོ་འགྲིམས་ནས་བདེ་སྲུང་གི་ལས་བྱེད་དུ་བཅུག་པ་རེད།ད་ཆ་ཁོང་བཀའ་བློན་ལ་བསྐོས་ཟིན་པས་བྱེད་ཐབས་མི་འདུག་ཡིན་ནའང་ང་ཚོས་ཁོང་གི་མ་འོངས་ལོ་ལྔའི་ནང་གི་བྱ་སྤྱོད་ལ་བལྟ་བསྐུལ་ནན་པོ་བྱས་ནས་དེ་སྔ་བཞིན་རུལ་སུང་དང་ཕྱོགས་ཞེན་གནད་དོན་ཕྲ་མོ་ཙམ་ཐོན་ཡང་ཕྲ་མར་འཐེར་འདོན་བྱེད་ངེས་ཡིན།
    འོན་ཀྱང་མི་དེ་ཚོ་གཡུ་སྒྱུ་ཚ་པོ་སོང་ཙང་གང་དྲག་ཅི་དྲག།

  33. སྨན་མོ་མཚོ། says:
    2011-09-16 at 3:00 pm

    ད་དངོས་གནས་བློ་སེང་གིས་རྣམ་རྟོག་སློང་ཚར་སོང་།
    ཆོལ་ཁ། ཆོས་ལུགས། གསར་འབྱོར་ད་བཤད་ཚད་ཚང་མ་ཆུ་ལ་གཡུག་ཚར་སོང་།

  34. གངས་སྤྲེལ་ཚ། says:
    2011-09-16 at 3:17 pm

    ཚེ་རིང་རྡོ་རྗེ་ཟེར་བར་དགག་པ་ཡོད། དེ་རིགས་སྤྱི་ཚོགས་དཀྲུགས་ཤིང་གི་སྐད་ཆ་མཚར་བོ་རེད། བཀྲས་མཐོང་ལ་དྲི་བ་བཏོན་ཡོད་ཀྱང་ཨེ་ཤེས། བསམ་གཞིགས་གནོང་་ཁྲི་གཉིས་དང་གསུམ་གྱིས་རྒྱབ་སྐྱོར་ཡོད་མེད་བཤད་ཡ་དེ་བས་ཀྱང་བློ་ཕམ་རེད། ལར་བློ་སེང་གིས་ཆོས་ལུགས་དང་གསར་འབྱོར་ལ་བསམ་གཞིགས་མ་གནང་བར་བློ་ཕམ་བྱུང་། ཁོང་ལ་རྒྱལ་ཁ་ཆེས་ཆེན་པོ་ཐོབ་པ་དེ་གསར་འབྱོར་དང་ཆོས་སྡེ་ཁག་རེད།

  35. ཨ་ར་དཀར་པོ says:
    2011-09-16 at 3:37 pm

    སྲིད་སྐྱོང་མཆོག་གིས་ཁ་བཤད་དོན་ལ་མ་གནས་པར་གཡོ་ཐབས་སྤྱད་ཅིང་མི་མང་ལྐུགས་པར་བརྩིས་ཏེ་མགོ་སྐོར་ཞིག་བཏང་བར་བློ་ཕམ་བྱུང་། སླད་ཕྱིན་མངོན་ལྐོག་མེད་པར་བོད་སྤྱི་བའི་དོན་དུ་ཕྱག་ལས་དྲང་པོ་རེ་གནང་རོགས། བོད་གཞིས་བྱེས་གཉིས་ཀྱི་རེ་བའི་མིག་འབུར་ཁྱེད་དང་ཁྱེད་ཀྱི་བཀའ་ཤག་ལ་གཏད་ཡོད་པས་བོད་མི་ས་ཡ་དྲུག་གི་་རེ་བ་ཆུད་ཟོས་སུ་མ་གཏོང་རོགས། ཁྱེད་དང་ཁྱེད་ཀྱི་བཀའ་ཤག་གི་ལས་དོན་རྣམས་ཚག་ཚུད་དང་ལམ་ལྷོངས་ཡོང་བར་སྨོན།

  36. དཀོན་མཆོག་ཆོས་འཕེལ། says:
    2011-09-16 at 3:39 pm

    བཀའ་བློན་ཕྱག་རོགས་ཚོའི་ནང་ནས་འབྲོང་ཆུང་དངོས་གྲུབ་དང་ཚེ་རིང་དོན་འགྲུབ། རྒྱ་རི་སྒྲོལ་མ་བཅས་ལ་རེ་བ་ཆེན་པོ་བྱེད་ཀི་ཡོད། སྨན་པ་དེ་ནི་ཅུང་ཁྱད་མཚར་པོ་ཞིག་མཐོང་སོང་། སྦེལ་ཀོབ་ཀྱི་རྒྱུས་ཡོད་ཚོས་ལབ་གླེང་སྣ་ཚོགས་ཤིག་བྱེད་ཀི་འདུག

  37. འཇང་གཡུ་ལྷ་ཐོགས་འགྱུར says:
    2011-09-16 at 3:40 pm

    ཆོས་ལུགས་དང་གསར་འབྱོར་ཟེར་བའི་ཟུར་ཞིག་ནས་སྡུག་སྐད་རྒྱག་དགོས་དོན་མི་དུག གང་ལྟར་བོད་མི་རིག་གི་རྩ་དོན་ཆད་དུ་ལས་ཀ་བྱེད་མཁན་ཞིག་ཡིན་ན་འགྲིག་གི་འདུག སྲིད་སྟེགས་གི་སྟེང་ལ་ཆོས་ལུག་པ་ཞིག་དམར་ཐར་རེ་བ་འགྲོ་འདུག་དུས་ མིག་སྔོན་ལ་ཡག་པོ་ཞིག་མི་འདུག

  38. ཧཱུྂ་ཤི་ཕཊ་འགྱེལ། says:
    2011-09-16 at 3:47 pm

    སྲིད་སྐྱོང་ཁྲི་པས་འདེམས་ཚར་བའི་སྲིད་སྐྱོང་བ་དྲུག་པོས་ས་ཡ་དྲུག་གི་རེ་འདོད་ལྟར་སྒྲུབ་ཐུབ་བམ་མི་ཐུབ་སུས་ཀྱང་ཚོད་དཔག་དཀའ་བ་ཞིག་རེད། ཡིན་ན་ཚར་ཚར་བའི་བྱ་བ་ལ་ཡར་དེད་བྱེད་རྒྱུ་མེད་པས། དེ་ལས་འོ་ཅག་ཉམ་ཆུང་ཚོས་རེ་སྨོན་བྱེད་རྒྱུ་ལས་ལུས་ཡོད་པ་མ་རེད།

  39. དཀོན་མཆོག་ཆོས་འཕེལ། says:
    2011-09-16 at 3:59 pm

    གསར་འབྱོར་བཀའ་བློན་ཞིག་ཡོད་མེད་ལ་ཁྱད་པར་དེ་ཙམ་ཡོད་པ་མ་རེད། གཅིག་བྱས་ན། གསར་འབྱོར་ཚོའི་ནང་ནས་བཀའ་བློན་ལ་འོས་པ་ཞིག་མ་རག་པའང་ཡིན་སྲིད།

  40. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2011-09-16 at 4:05 pm

    བཀའ་བློན་རྣམ་པར་འཚམས་འདྲི་དང་འབྲེལ། དྲ་གྲོགས་ཚོར་ཞུ་འདོད་པ་ཞིག་ལ། ད་ནི་བདམས་ཚར་སོང་བའི་ཆ་ནས་འདས་པ་སྔོག་པ་ལས་ཀྱང་ད་ལྟ་ཅི་བྱེད་ལ་སོ་ཉན་གཟབ་མོ་བྱ་རྒྱུ་གལ་ཆེན་རེད། སྤྱིར་ན་བཀའ་བློན་གྱི་འོས་མི་འདིའང་བདུན་ཕྲག་གཅིག་ཙམ་གྱི་སྔོན་མི་མང་ནང་ལ་བསྒྲགས་ནས་བསམ་ཚུལ་བསྡུ་རྒྱུའི་ལུགས་སྲོལ་རེ་ཡོད་ཀྱི་ན་སྤུས་ཀ་ཡག་རུ་འགྲོ་ས་རེད་དེ། དེ་ནི་འུ་ཚོར་བཅའ་ཁྲིམས་ཀྱིས་མ་གནང་བ་ཞིག་རེད། ང་ལ་མཚོན་ན། བོད་ཀྱི་བླ་ན་མེད་པའི་ཆོས་དང་རིག་གནས་ལ་མཁས་ཚད་བཞེས་པ་ཞིག་དང་། དོན་དངོས་སུ་གཞིས་ལུས་རྒྱ་ཆེ་མི་མང་དང་ལྷན་དུ་སྐྱིད་སྡུག་གི་འཚོ་བ་རོལ་མྱོང་མཁན་ཞིག་ཐོན་མེད་པ་དེ་ནི་སྟོང་ཆ་ཞིག་རེད་འདོད་ཡོད། ཡིན་ནའང་། ད་དུང་གཅིག་གདམ་ཆོག་པས། སྤྱི་ཟླ་གསུམ་པའི་གྲོས་ཚོགས་སྐབས་བཀའ་བློན་ཐོག་ལྟ་བུ་ཞིག་གདམ་པའི་རེ་བ་ཡོད།

  41. yum says:
    2011-09-16 at 4:06 pm

    བློ་སེང་གིས་གཡོ་ཐབས་སྤྱད་ཅིང་ཁྱེད་དང་ཁྱེད་ཀྱི་གྲོགས་ལས་མེད་རྣམས་བཀའ་ཤག་གསར་པའི་ལས་ཀ་ཐོབ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ།

  42. དཀོན་མཆོག་ཆོས་འཕེལ། says:
    2011-09-16 at 4:21 pm

    བསྟན་འཛིན་རབ་རྒྱས་ཀྱིས་བཤད་པ་བདེན་པ་རེད། ད་ནི་སོ་ཉན་བྱེད་པ་དེ་གལ་ཆེན་ཆགས་ཡོད། གསར་འབྱོར་བཀའ་བློན་དེ་སྔར་ཡང་ཡོད་མྱོང་བ་རེད། སྐུ་ངོ་ཞེ་པོས་ཧ་ལས་པ་འཇོན་ཡོད་པ་རེད། ཨ་མདོའི་ཨ་ལགས་ཙ་ཡུས་ཀྱིས་མིང་ཞིག་འཁུར་ནས་བཀའ་བློན་ལས་མེད་ལ་བསྡད་པ་རེད། བཀའ་ཁྲིས་གསར་འབྱོར་བཀའ་བློན་སྐོར་ལ་བསམ་བློ་བཏང་ཡོད་ཀྱི་རེད། ད་ལྟ་རྙེད་མེད་པ་ཡིན་རྒྱུ་རེད། ལོ་རྗེས་མར་རྙེད་སྲིད་པ་རེད། རྦད་དེ་མི་རྙེད་ཀྱང་སྲིད་པ་རེད།

  43. ཨ་ར་དཀར་པོ says:
    2011-09-16 at 4:38 pm

    སྐུ་ཞབས་བོན་རྒྱ་ལགས་ཀྱིས་གསུངས་པ་ལྟར་སྟོང་ཆ་ཞིག་ལུས་འདུག་ལ་སྟོང་ཆ་དེས་བློ་བདེ་བོ་ཞིག་ཁྱོན་ནས་ཡོང་ཐབས་མི་འདུག ད་ལས་ཡིན་རྒྱུ་རེད།

  44. འཇང་གཡུ་ལྷ་ཐོགས་འགྱུར says:
    2011-09-16 at 5:00 pm

    སྟོང་ཆ་གཅིག་ལུས་ཡོད་པ་དེ་ ཆོས་རིག་བཀའ་བློན་དེ་དགའ་ལྡན་ཁྲི་ཟུར་ལུང་རིག་རྣམ་རྒྱལ་བཀོས་ན་གང་འདྲ་འདུག་ ཁོང་ཤུག་ལྡན་ཚོགས་པ་ཡིན་དུས་གཅིག་སྒྲིལ་ལ་ཕན་ཐོག་ཡོད་འགྲོ
    བློ་སེང་གི་རྩ་དོན་གསུམ་གི་ནང་གཅིག་ གཅིག་སྒྲིལ་རེད།

  45. ཚ་ཕྲུག་རྒྱལ། says:
    2011-09-16 at 6:04 pm

    སྲིད་སྐྱོང་གིས་ཕྱག་སྦྲེལ་བློན་ཆེན་དྲུག་གི་མཚན་གཞུང་བོད་ཀྱི་གྲོས་ཚོགས་སུ་ཕུལ་བས་ཀླན་ཀ་མེད་པར་གྲོས་ཚོགས་འཐུས་མི་ངོ་ཡོད་ལྷན་གྱིས་སྤྱི་མོས་ཐོབ་པར་ཁམས་བཟང་བདེ་ལེགས་ཞུ། དེ་ཡང་སྲིད་སྐྱོང་གིས་བྱ་བ་ལས་ཀྱི་ཐོག་མ་དེ་ལེགས་གྲུབས་བྱུང་བས་ཐོག་མ་བཟང་། སྐབས་འདིར་བློན་ཆེན་ཡོངས་ཁོངས་ཡང་བཀའ་ཟུར་དང་བེུད། ལོ་ན་རྒན་པ་དང་གཞོན་པ། ཆོལ་ཁག་གསུམ་སོགས་སྔར་གྱི་ཁས་ལེན་ལྟར་བྱུང་འདུག་པས་དམ་བཅའ་དང་པོ་དེ་གྲུབས་སོང་། དྲ་འབུ་ཁག་ཤས་ཀྱིས་སྐབས་འདིར་བོད་མིའི་གྲོས་ཚོགས་སུ་ཀླན་ཀ་མེད་པས་དེ་དག་ལ་རྒྱབ་སྐྱོར་གནང་བར་ངན་རྟགས་ཡིན་ཚུལ་དང་། དེ་སྔོན་མི་མང་གིས་ཐད་འདེམས་བཀའ་ཤག་སྐབས་དང་པའི་སྐབ་སུ་ཕྱག་སྦྲེལ་བཀའ་བློན་བདམས་སྐབས་གྲོས་ཚོགས་སུ་དཀའ་སྐོར་ཞུས་པ་དེ་ཚོ་བཟང་རྟགས་ཡིན་ཚུལ་བཤད་པ་ནི་རང་ཉིད་ཀྱིས་ལེགས་ཉེས་ཕྱེ་བའི་རྣམ་དཔྱད་མེད་པའམ་ཕྱོགས་ཞེན་གྱིས་འཆལ་གཏམ་བསྒྲོགས་པར་བྱང་ཆུབ་པ་དང་། སྤྱི་ཚོགས་སུ་འགན་ཁུར་མེད་པས་ཀླན་ཀ་རིགས་ལ་ཞེན་ཆགས་ཆེ་བ་ཞིག་ལས་མ་འདས། རེད་ཡ། དེ་སྔོན་བཀའ་བློན་གསར་བདམས་སྐབས་སུ་ཀླན་ཀ་སློང་མཁན་མི་སྣ་དེ་དག་གིས་མི་ལོ་བཅུ་ཕྲག་རིང་དུ་གྲོས་ཚོགས་སུ་གླེང་རྩོད་ཇི་བྱས་དང་། རང་མི་རིགས་འདིར་ཕན་པའི་བྱ་བཞག་ཇི་མཛད་ལོང་བས་ལྟས་ཀྱང་རྒྱལ་ཁམས་མཐོང་ཞེས་པ་ལྟར་གསལ་ནི་ཡོད། དེ་བཞིན་དུ་ཆོས་རིགས་བློན་ཆེན་ཆོས་གཟུགས་དགོས་ཚུལ་ཡང་། རྒྱུ་མཚན་མེད་པས་ཀླན་ཀ་རེད། ཆོས་རིགས་བློན་ཆེན་ནི། གཞུང་ངམ་སྒྲིག་འཛུགས་འདིར་ཆོས་ལུགས་ཀྱི་ཆ་ཤས་ཡོད་པས་མཚན་རྟགས་དང་ཆོས་སྡེ་ཁག་ཏུ་མཐུན་སྦྱོར་འབྲེལ་མཐུད་ཞུ་མཁན་བློན་ཆེན་ཞིག་ཡིན་པ་ལས་ཆོས་ལུགས་མི་སྣ་དང་ཆོས་སྡེ་སོ་སོར་བཀོད་འདོམས་པའམ་ཆོས་ཀྱི་རྗེ་དཔོན་ཞིག་ནི་སུ་ཡིས་མི་འདོད། ཆོས་ཕྱོགས་ཀྱི་སྐོར་མཛད་འགན་ཡོངས་རྫོགས་དགོན་སྡེ་སོ་སོའི་ཆོས་རྗེ་རྣམ་པ་དང་མཁན་སློབ་དགོན་བདག་རྣམས་ཀྱིས་གཙོ་བོས་སྐྱོངས་དགོས་པ་ལས་སྲིད་ཀྱི་ལས་སུ་བཀོལ་པའི་མི་སྣ་ཞིག་ནི་མི་འོས། ཡིན་ཡང་སྤྱི་ཚོགས་ཀྱིས་ཆོས་ཕྱོགས་སུ་ཞབས་ཏོག་དང་འབྲེལ་བས་ཆོས་ཕྱོགས་དང་ཆོས་སྡེའི་སྐོར་རྒྱུས་མངའ་གང་མཚམས་ཡོད་པ་ཞིག་ནི་ལོས་དགོས། དེ་མིན་གསར་འབྱོར་དང་རྙིང་འབྱོར། ཆོལ་ཁ་དང་ཆོས་ལུགས་སོགས་ལ་ཤོག་ཞེན་གྱིས་ཐེན་བའི་མི་ངན་ལ་སྐད་ངན་ཆོལ་ཁ་དང་ཆོས་ལུགས་སོགས་ཕྱོགས་ཞེན་གྱི་སྐད་ཆ་ཞིག་མ་ཏོགས་བཤད་ཡ་མེད་པས་དེ་དག་ནི་དུས་ལས་ཡོལ་བས་དོར་བྱ་ཉིད་ཡིན་ནོ། ད་ནས་སྲིད་སྐྱོང་དང་བློན་ཆེན་སོགས་ལས་ཀྱི་སྣེ་མོར་གནས་པའི་མི་སྣས་ཅི་བཤད་ཞལ་ལ་མ་ལྟོས། ཅི་བྱེད་ལུས་ལ་ལྟོས་ནས་སྐབས་མཚམས་སུ་མི་རིགས་འདི་དང་སྤྱི་ཚོགས་འདིར་ཕན་པའི་ལེགས་སྤེལ་ཉེས་འགོགས་ཀྱི་སྤྱི་ཚོགས་ཀྱི་མདུན་དུ་ཐོན་དགོས་པ་ལས་གཟུགས་མེད་ཀྱི་འཆལ་གཏམ་རིགས་ལ་རིན་མཐོང་གཏན་ནས་མེད་དོ།

  46. yum says:
    2011-09-16 at 6:20 pm

    ཚ་ཕྲུག་རྒྱལ་ཁྱོད་ཀྱི་གཡོ་ཐབས་ཀྱི་འཆལ་གཏམ་ལ་རིན་མཐོང་གཏན་ནས་མེད་དོ།

  47. བཙན་བྱོལ་བ་ says:
    2011-09-16 at 6:43 pm

    བཀའ་བློན་རྣམ་པ་ཡོངས་ལ་མཚམས་འདྲི་ཞུ།
    གསར་འབྱོར་དང་གཞིས་ཆགས་གཉིས་ཀྱི་ཁྱད་པར་མ་ཕྱེ་ན་དགའ་གི་རེད། གལ་སྲིད་དེ་འདྲ་ཕྱེ་དགོས་ན་གདན་ས་གྲ་ཚང་དང་བུ་ཁྱིམ་སློབ་གྲ་ཁག་གི་ནང་དུ་ཡང་ཁྱད་པར་ཕྱེ་དགོས་པ་ག་ལེར་འགྱུར་སྲིད་པ་རེད། བྱས་ཙང་། སྐད་ཆ་འདི་རིགས་མ་བཤད་ན་ཡག་གི་རེད། གསར་འབྱོར་བ་ཡིན་ན་ཡང་ཆོལ་ཁ་གསུམ་གང་རུང་གི་ཁོངས་སུ་གཏོགས་པ་ཞིག་ཡིན་པས་ཟུར་དུ་བཏོནག་དགོས་པ་ཨེ་ཡོད་ན། ཐོབ་ཐང་རྩོད་སྐབས་སྨྱོ་བསྡད་པ་དེ་འདྲ་མ་གནང་ན་དགའ། གལ་སྲིད་གསར་འབྱོར་བ་དེ་ཆོལ་ཁ་གསུམ་གྱི་ཁོངས་སུ་མ་གཏོགས་པ་ཡིན་ན་རྐུབ་རྐྱག་ལོགས་སུ་སྤྲོད་ན་འགྲིག་གི་རེད། དེ་ནི་མ་རེད།

  48. ལ྄ྕམ་ཆུང་གཡུ་ལོ says:
    2011-09-16 at 8:34 pm

    ད་ལྟ་ཡང་ཚང་མས་བཀའ་ཁྲི་བློ་སེང་མཆོག་གིས་བཀའ་བློན་བསྐོ་བཞག་ཐད་མང་པོ་གླེང་གི་འདུག སྤྱིའི་ཆ་ནས་ཡག་པོར་མཐོང་སོང་། གསར་འབྱོར་ཞིག་བཀའ་བློན་ལ་མ་བཞག་ཟེར་བ་དེར་། སྙིང་པོ་མི་དེ་འདྲ་མི་འདུག་སྙམ། ཁ་ཤས་འདུག་འདོད་མེད་པར་བརྟེན་ལམ་སང་འོས་འཚམ་ཞིག་མ་རྙེད་པའང་ཡིན་སྲིད།གཙོ་བོ་ཤེས་འཇོན་ལ་ལྟ་དགོས་པས་ཨུ་ཚུགས་ཀྱིས་གསར་འབྱོར་ཞིག་འཇོག་པས་ངེས་པའང་མི་འདུག ཡིན་ནའང་ང་ཚོ་བོད་པའི་སྤྱི་ཚོགས་འདི་ཆོས་ལྡན་གྱི་ཞིང་ཁམས་ཤིག་ཡིན་པས་ཆ་ནས་ཆོས་ལུགས་ཀྱི་མི་སྣ་ཞིག་ངེས་པར་དགོས་མོད། ཞིབ་ཏུ་བསམ་ན་དེའང་ཁག་པོ་རེད། སུ་ཞིག་འཇོག་ཕོད་དམ། ཆོས་བརྒྱུད་གཅིག་བཞག་ན་གཅིག་མི་དགའ། མི་མང་གི་ཁ་ཆོད་རྒྱུ་ཁག་པོ་རེད། མཐའ་སྡོམ་དེ་ད་ཐེངས་ཀྱི་བཀའ་བློན་འདེམས་སྟངས་དེ་འགྲིག་འདུག གཙོ་བོ་རྗེས་ཕྱོགས་ཀྱི་ཕྱག་ལས་གནང་སྟངས་དང་གྲུབ་འབྲས་རེད། ཚང་མར་བཀྲ་ཤིས་ལེགས་ཞུ།

  49. སྐྱུ་རྩི་ནས། says:
    2011-09-16 at 9:35 pm

    བཀའ་ཁྲི་མཆོག་ལ། སྤྱི་འཐུས་ཀྱི་དགག་འཕྲང་ལས་གྲོལ་ཏེ་ཕྱག་རོག་བཀའ་བློན་རྣམས་འདེམས་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
    ༡)མི་རྒན་པདྨ་ཆོས་འབྱོར་དེ་སྔོན་བཀའ་བློན་བྱས་ཀྱང་དམིགས་བསལ་མཛད་འཕྲིན་རྒྱས་པ་གང་ཡང་བྱུང་མེད་པར་མ་ཟད་དྲ་གྲོགས་མང་པོ་ཞིག་གིས་ཁོང་བདེ་སྲུང་བཀའ་བློན་སྐབས་སྐུ་ཕྱྭར་ཉེན་ཁ་བྱུང་བའི་སྐོར་དང་། ཡུལ་ལུང་ཕྱོགས་འཐེན་སོགས་ཀྱི་གནས་ཚུལ་ཡོད་པ་གསུངས་འདུག་པར་དེ་འདྲ་ཡིན་ན་བཀའ་ཁྲི་མཆོག་ནས་དེ་ཚོ་མཁྱེན་བཞིན་དུ་ཕྱག་རོགས་སུ་བསྐོས་པ་ཡིན་ན། བཀའ་ཁྲིའི་རྩ་སྡོམ་དང་པོ་གཅིག་བསྒྲིལ་དང་འགལ།
    ༢)དེ་འདྲ་ངེས་པར་དུ་དགོས་མིན་གང་ལྟར་ཡང་མི་རྗེ་མཆོག་གི་ཞལ་དྲོན་མོ་ལས་ཆོས་ལུགས་དང་། གསར་འབྱོར་གྱི་སྐུ་ཚབ་ཀྱང་ཕྱག་རོགས་སུ་བསྐོ་རྒྱུ་གསུངས་པ་ཁས་བླངས་དམ་བཅའ་སྔོན་མོའི་ཆུ་ལ་སྐྱུར།

    ༣)བདེ་སྲུང་དང་། དཔལ་འབྱོར་བཀའ་བློན་ཁོང་གཉིས་རང་འཇགས་གནང་ན་འོས་འཚམས་ཡིན་པ་དང་། རྒྱ་རི་སྒྲོལ་མ་མཆོག་ཀྱང་དགོད་སར་དགོད་ཐུབ་པ་དང་། ངུ་སར་ངུ་ཐུབ་པ་ཉམས་མྱོང་སོགས་གང་ཅིའི་ཐོག་ནས་འོས་ངེས་དང་། ཚེ་རིང་དབང་ཕྱུག་དང་། བདེ་སྐྱིད་ཆོས་དབྱངས་རྣམ་གཉིས་ཀྱི་མི་གཤིས་དང་། ལས་དོན་དངོས་ཀྱི་ཐོག་ལ་འཇོན་སྟངས་ཇི་ལྟར་ཡོད་མེད་ཞུ་ཚོད་གང་ཡང་མ་ཐིགས་ཀྱང་། ཚེ་རིང་དབང་ཕྱུག་འཕྲོད་བསྟེན་བཀའ་བློན་དུ་འོས་ཀྱང་། རང་རེའི་སྤྱི་ཚོགས་སུ་ཕྱི་ལུགས་ཀྱི་སྨན་པ་ཉག་ཕྲ་བའི་དུས་སྐབས་འདིར་སྨན་པ་ཞིག་བཀའ་ཤག་ཏུ་ཉར་པ་ལས་གཞིས་ཆགས་ཀྱི་སྨན་ཁང་ཞིག་ཏུ་ཕྱག་ལས་གནང་ན་ཕན་ཐོག་ཆེ་བ་ཡོང་ངེས་དང་། རིག་གཞུང་འཛིན་སྐྱོང་གི་ཐོག་ནས་བཤད་ན་ཆོས་རིག་དང་། ཤེས་རིག་གི་བཀའ་བློན་གཉིས་ནི་གལ་ཆེ་ཤོས་ཡིན། ཤེས་རིག་བཀའ་བློན་ལྟ་བུར་མཚོན་ན་དེང་རབས་ཀྱི་སློབ་སྦྱོང་དང་། བོད་པ་རང་གི་རིག་གཞུང་གི་ཐོག་ལ་ཡང་སྦྱངས་པ་གང་ཙམ་ཡོད་པ་ཞིག་ནི་ངེས་པར་དགོས་ཀྱང་ད་ལྟའི་བཀའ་བློན་རྣམས་ནི་བོད་ཡིག་སྦྱོར་ཀློག་ཀྱང་དག་པོ་རང་ཀློག་ཐུབ་ཀྱི་མི་འདུག་ན་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པའི་སྐོར་སློབ་གྲ་ཁག་ལ་བཀའ་སློབ་གནང་སྐལ་ཞལ་སྐྱེང་པོ་ཡོང་ས་་རེད། ཆོས་རིག་བཀའ་བློན་དེ་ཡང་མིང་གནས་རྗེས་འབྲེལ་ཆོས་ལུགས་ཀྱི་གནས་དོན་མཁྱེན་པའི་ཐོག་ནས་འཛིན་སྐྱོང་གི་ལས་དོན་འགན་ཁྱེར་ཐུབ་མཁན་་ཞིག་དགོས་ཀྱང་དེང་ཡང་རི་བོང་གི་ར་དང་གཅིག་པ་རེད།

  50. ལྷ་སྡེ་གནམ་ལོ་ཡག says:
    2011-09-16 at 11:26 pm

    བཀའ་བློན་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། སྒོས་སུ་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཡང་བསྐྱར་ཕེབས་པར་དགའ་བསུ་ཡོད། ཁོང་ནི་བཤད་ཕོད་པ་དང་སྒྲུབ་ཕོད་པའམ། ཡིན་དང་མིན་གྱི་དབྱེ་བ་འབྱེད་ཕོད་པའི་སྲིད་དོན་པ་ཡག་ཤོས་ཤིག་ཡིན། ཁོང་ལྟ་བུ་ཞིག་བཙན་བྱོལ་ནང་རྙེད་རྒྱུ་ཧ་ཅང་གི་ཁག་པོ་ཡིན། དེ་མཚུངས་སུ་བཙན་བྱོལ་བོད་གཞུང་གི་མཚན་གནས་སླར་གསོ་ཡོང་བར་རེ་བ་ཤུགས་ཆེན་རྒྱག་གི་ཡོད།

  51. རེ་བ་ says:
    2011-09-17 at 12:10 am

    གྲྭ་སའི་གྲྭ་པ་མི་ཉུང་བ་ཞིག་བཀའ་བློན་པདྨ་ཆོས་འབྱོར་འགན་འཁུར་བཞེས་སའི་ལྷན་ཁང་དེར་གཞུང་བསྐོས་ལས་བྱེད་དུ་བསྐོ་རྒྱུ་ཡིན་ན་ཆ་རྐྱེན་གཙོ་བོ་བོད་ཡིག་་ཀ་་ནས་་ཨ་་བར་ངོ་ཤེས་ཙམ་དང་དབྱིན་ཡིག་རྩ་བ་ནས་མི་ཤེས་པ་ཞིག་ངེས་པར་དགོས་པའི་གསལ་བསྒྲགས་སུ།།

  52. རེ་བ་ says:
    2011-09-17 at 12:26 am

    ཡང་དྲ་གྲོགས་སྐྱུ་རྩིས་རྨིས་ལམ་ནང་ནས་ལྷན་ཁང་ཁག་གི་བཀའ་བློན་བསྐོ་བཞིན་འདུག་ང་ཡང་བསྐོ་རྒྱུ་མ་བརྗེད་རོགས་་ཧཧ་་་རྩེད་མོ་ཡིན།།

  53. བོད་དགའ says:
    2011-09-17 at 12:35 am

    སྐབས་འདིའི་སྤྱི་འཐུས་རྣམས་རང་བྱོན་ཡིན་ནམ་གསུང་བྱོན་ཡིན་ཤེས་ལེ་མ་རེད་བཅོས་མིན་གྱི་མཐུན་བསྒྲིལ་ཡོང་བའི་སྨོན་འདུན་ཞུ།།

  54. ལ་སྟོད་བུ། says:
    2011-09-17 at 12:45 am

    སྤྱི་འཐུས་རྣམས་ཤ་ཚ་ཁ་དྲག་ན་ནི་ངོ་རྒོལ་དང་ཁ་མ་དྲག་ན་ཡང་ཅིག་བཤད་ཀྱི།
    གོ་རྒྱུ་མེད་པའི་ཁ་འགུལ་ཙམ་བྱེད་ན་ག་འདྲ་འདུག

  55. བརྩོན་རྒྱམ། says:
    2011-09-17 at 1:51 am

    དགོན་པའི་དགོན་བདག་ཁྱིམ་ཚང་གི་བྱེད་དགོས་པ་མེད་ལ།  ལས་ཁུངས་ལ་གྲྭ་པའི་ལས་དཀའ་བྱེད་དགོས་པ་མེད།  དེ་འདྲ་བྱས་པ་ཡིན་ན་ད་སྐབས་གནས་སྟངས་གང་འདྲ་ཆགས་ཀྱི་འདུག་གསལ་བོ་མ་ཡིན་ནམ།   ཚེ་མཆོག་གླིང་།

  56. བརྩོན་རྒྱམ། says:
    2011-09-17 at 1:56 am

    བཀའ་ཁྲི་མཁས་དབང་བློ་བཟང་སེངྒེ་མཆོག་གི་དབུས་བཀའ་བློ་རྣམ་ལྷན་རྒྱས་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།    བཀའ་བློན་རྣམས་སྤྱི་མོས་ཀྱི་འདེམས་ཐུབ་པ་དགའ་བོ་བྱུང་ཡག་པོ་རེད་བཀྲ་ཤིས་པའི་བྱ་བ་གལ་ཆེན་ཞིག་རེད།

  57. རང་གྲོལ། says:
    2011-09-17 at 2:06 am

    བློ་བཟང་སེང་གེ་གྱོང་པོ་བྱུང་། འགྲིག་འདུག གྲྭ་བཙུན་གྱིས་གཙོས་ཀ་ཅ་དེ་ཚོར་མགོ་བསྐོར་ཡག་ཐག་ཆོད་གཅིག་བཏང་སོང་། དེ་སྔ་བློ་སེང་གི་གཏམ་བཤད་མང་པོར། མ་འོངས་བཀའ་ཤག་ནང་བོད་ནས་གསར་དུ་ཕེབས་པའི་གསར་འབྱོར་བའི་སྐུ་ཚབ་ཡོད་པ་དང་། ཆོས་ལུགས་ཀྱི་སྐུ་ཚབ་ཡོད་པ་ཞིག་བསྐྲུན་རྒྱུ་ཡིན་བཤད་ཙང་། གྲྭ་བ་བརྒྱ་ཆ་བརྒྱད་བཅུ་ཙམ་གྱིས་བརྟག་དཔྱད་མེད་པར་འོས་ཤོག་བློ་སེང་ལ་འཕངས་པ་དང་། ལྷག་དོན་བཙུན་མ་དེ་ཚོས་སྨྱྲོ་བ་ལྟར་བྱས་སོང་བས་ད་ཆ་ཁོ་ཚོའི་རེ་བ་ནམ་མཁའི་འཇལ་ལྟར་ཡལ་བ་རེད། ཕན་པོ་བྱུང་། དམིགས་གསལ་དགའ་ལྡན་གྲྭ་བག་གྲོ་ཆོས་རིག་བཀའ་བློན་བྱེད་རྒྱུའི་རྨི་ལམ་སྐྱིད་པོ་དེ་ལས་ད་ཆ་སད་རན་ཚོད་ཡིན། ཧ་ཧ་ཧ། མགོ་བསྐོར་གཏོང་སྟངས་འདི་འདྲའི་ཉམས་དོད་པ་ལ། ཀ་ཅ་ཚོ། མཐོང་ཨེ་ཐལ། ཨེ་གོ་ཐལ། རྗེས་ནས་གྲུང་ཙམ་བྱོས། ཉིན་གཅིག་མགོ་དེ་ཡང་བརླག་ཡོང།

  58. གངས་ཅན། says:
    2011-09-17 at 3:25 am

    གསར་འབྱོར་རྣམས་དགའ་ན་འགྲིག་གི་འདུག རྒྱ་རི་སྒྲོལ་མ་བཀའ་བློན་ནང་སླེབས་འདུག་ག མོས་དེ་སྔོན་གསར་འབྱོར་རྣམས་ཀྱི་དཀའ་ངལ་ཤེས་ཀྱི་ཡོད་པ་མ་རེད་དམ། ཁོང་གི་གསར་འབྱོར་རྣམས་ལྟ་རྟོག་གནང་གི་རེད། སེམས་ཁྲལ་མ་བྱེད་ལོ། མོ་ཕལ་ཆེར་ནང་སྲིད་བཀའ་བློན་དུ་བསྐོས་ན་གསར་འབྱོར་རྣམས་ལ་གཞིས་ཆགས་ཀྱི་ཁང་པ་སྟེར་བའམ་གཞིས་ཆགས་གསར་འཛུགས་བྱེད་ངེས། དེ་ནས་གཞིས་ཆགས་སྲ་བརྟན་ཆགས་ངེས། ངས་བལྟས་ན་གསར་འབྱོར་རྣམས་ལ་གཞིས་ཆགས་ཀྱི་ཁང་པ་སྤྲད་ཀྱང་སྡོད་མཁན་བརྒྱ་ཆ་བཅུ་ལས་ཡོད་མི་སྲིད་སྙམ། གསར་འབྱོར་རྣམས་ལ་དགོས་པ་ཚང་མ་ནུབ་ཕྱོགས་རྒྱལ་ཁབ་ཏུ་གཏོང་མཁན་ཞིག་དགོས་ནི་རེད། དེ་ལྟ་བུ་ཞིག་གང་ན་ཡོད།

  59. སྐྱུ་རྩི་ནས། says:
    2011-09-17 at 4:09 am

    དྲ་གྲོགས་རེ་བ་ལགས་སྐྱུ་རྩིའི་རྨིས་ལམ་དང་ལུང་བསྟན་ཚང་མ་ཐིགས་མ་སོང་། དྲ་གྲོགས་ཁྱེད་རང་ཡང་རེ་བ་མ་གནང་། སྐུ་རྩེ་ཞུས་སྐུ་གཟུགས་ཐང་ཐང་ཡོང་བའི་རེ་བ་ཡོད།

  60. ཐོག་སྒྲ། says:
    2011-09-17 at 4:36 am

    དྲ་གྲོགས་ཚོས་གསོན་ནང་ང་ཚོའི་ད་ལྟ་སྐད་དེ་གསར་འབྱོར་བ་ཞིག་བཀའ་བློན་དུ་ངེས་དུ་བསྐོ་དགོས་ཞེས་བརྗོད་ཀྱིན་མེད། ཁོ་བས་དེ་སྔོན་གསར་འབྱོར་གྱི་སྐུ་ཚབ་ཡོད་པ་ཞིག་བྱེད་ཀྱི་ཡིན་ཞེས་བརྗོད་སོང་ཁ་སྟོང་ནང་གི་ལྩེ་སྟོང་དེ་དྲང་པོ་བྱས་མ་སོང་ཞེས་བརྗོད་ཀྱི་ཡོད།

  61. འཇང་གཡུ་ལྷ་ཐོགས་འགྱུར says:
    2011-09-17 at 4:46 am

    འདི་ནས་དྲ་ཐོགས་ནས་གསར་འབྱོར་གསར་འབྱོར་ཟེར་སྡུག་སྐད་རྒྱག་འདུག་མཁན་ཁ་ཤས་གི་དཀྲོག་གཏམ་སྤེལ་ནས་སྡད་འདུག་པ་ལས་ གསར་འབྱོར་ཟེར་ནས་ ཆོལ་ཁ་གསུམ་གི་ནང་མ་་འདུས་པའི་ལོགས་ཁ་ཤིག་གང་ན་འདུག དངོས་གནས་བཤད་ན་གསར་འབྱོར་ནང་ཤེས་ཡོན་དང་འཇོན་ཐང་ཡོད་པའི་མི་ཁ་ཤས་ལས་མི་འདུག ཁོང་ཚོ་ཤེས་ཡོན་དང་འཇོན་ཐང་གི་དཔོག་པའི་ལས་གནས་རག་སྡད་ཡོད་ གསར་འབྱོར་ཚོའི་མི་འཇོན་པ་རེད་མ་ཏོག གསར་འབྱོར་ཚོའི་ལམ་ཁ་སུས་དཀག་འདུག འཇོན་ན་རང་ཉིད་གི་བརྩོད་ལེན་གྱིས་དང་སུ་གཅིག་གི་ལམ་ཁ་དཀག་མེད་གི དཔེར་ན་ཀླུ་མཁར་བྱམ་ལྟ་བུ་རེད་ ཀླུ་མཁར་བྱམ་ལ་དགགས་པ་རྒྱག་སྐྱོན་བརྗོད་བྱེད་སྡད་མཁན་དེ་ཚོ་གསར་འབྱོར་བ་རེད་མ་ཏོག་གཞིས་ཆགས་པ་མི་འདུག་ག

  62. ལྷོ་མོན་འབྲུག་རིས says:
    2011-09-17 at 5:01 am

    རྣམ་པ་ཚོ་སེམས་ཁྲལ་ཆེ་ཤོས་དེ་ གསར་འབྱོར་བཀའ་བློན་དང་ ཆོས་རིགས་བཀའ་བློན་ཡིན་ས་རེད། སེམས་ཁྲལ་མ་བྱེད་ དགའ་ལྡན་བག་གྲོ་ད་ལྟ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པ་རེད་འདུག་

  63. yum says:
    2011-09-17 at 5:04 am

    འགྲིག་འདུག གྲྭ་བཙུན་གྱིས་གཙོས་ཀ་ཅ་དེ་ཚོར་མགོ་བསྐོར་ཡག་ཐག་ཆོད་གཅིག་བཏང་སོང་། དེ་སྔ་བློ་སེང་གི་གཏམ་བཤད་མང་པོར། མ་འོངས་བཀའ་ཤག་ནང་བོད་ནས་གསར་དུ་ཕེབས་པའི་གསར་འབྱོར་བའི་སྐུ་ཚབ་ཡོད་པ་དང་། ཆོས་ལུགས་ཀྱི་སྐུ་ཚབ་ཡོད་པ་ཞིག་བསྐྲུན་རྒྱུ་ཡིན་བཤད་ཙང་། གྲྭ་བ་བརྒྱ་ཆ་བརྒྱད་བཅུ་ཙམ་གྱིས་བརྟག་དཔྱད་མེད་པར་འོས་ཤོག་བློ་སེང་ལ་འཕངས་པ་དང་། ལྷག་དོན་བཙུན་མ་དེ་ཚོས་སྨྱྲོ་བ་ལྟར་བྱས་སོང་བས་ད་ཆ་ཁོ་ཚོའི་རེ་བ་ནམ་མཁའི་འཇལ་ལྟར་ཡལ་བ་རེད། ཕན་པོ་བྱུང་། དམིགས་གསལ་དགའ་ལྡན་གྲྭ་བག་གྲོ་ཆོས་རིག་བཀའ་བློན་བྱེད་རྒྱུའི་རྨི་ལམ་སྐྱིད་པོ་དེ་ལས་ད་ཆ་སད་རན་ཚོད་ཡིན། ཧ་ཧ་ཧ། མགོ་བསྐོར་གཏོང་སྟངས་འདི་འདྲའི་ཉམས་དོད་པ་ལ། ཀ་ཅ་ཚོ། མཐོང་ཨེ་ཐལ། ཨེ་གོ་ཐལ། རྗེས་ནས་གྲུང་ཙམ་བྱོས། ཉིན་གཅིག་མགོ་དེ་ཡང་བརླག་ཡོང། ཀ་ཅ་ཚོ། ཀ་ཅ་ཚོ། ཧ་ཧ་ཧ། ཧ་ཧ་ཧ།

  64. བོད་དགའ says:
    2011-09-17 at 5:06 am

    དྲ་གྲོགས་བརྩོན་རྒྱམ་ལགས་ལས་ཁུངས་སུ་གྲྭ་པའི་ལས་ཀ་བྱེད་དགོས་མེད་ན་ལྷན་ཁང་བདུན་གྱི་ནང་ནས་ཅོས་དོན་ལྷན་ཁང་་་གི་ལས་བྱེད་པ་རྣམས་ག་རེ་བྱེད་མཁན་རེད་དམ་།།

  65. བོད་དགའ says:
    2011-09-17 at 5:09 am

    ཅོས་དོན་ཆོས་དོན་ལ་བཅོས་རོགས

  66. བོད་དགའ says:
    2011-09-17 at 5:12 am

    ཅོས་དོན་ཆོས་དོན་ལ་བཅོས་རོགས།།

  67. རྨིག་སྒྲ says:
    2011-09-17 at 5:48 am

    བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ཀྱི་མདོ་སྤྱི་ས་དབང་ཆེན་མོ་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་དགོངས་པ་རྫོགས་ཡོད་པའི་གནས་ཚུལ།
    ༄༅༎བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ཀྱི་མདོ་སྤྱི་ས་དབང་ཆེན་མོ་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་ཟླ་བ་འདི་ཕྱི་ཚེས་༡༤ རེས་གཟའ་ལྷག་པའི་ཉིན་དགུང་གྲངས་༩༧ ལ་ལྷ་ལྡན་དུ་དགོངས་པ་རྫོགས་ཡོད་པ་རེད།
    ལྷ་ཀླུ་གཟིམ་ཤག་ཞེས་པ་ནི། རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཁྲུངས་གཞིས་དང༌། རྒྱལ་བ་སྐུ་ཕྲེང་༡༢ པའི་ཡབ་གཞིས་ཟླ་སྒྲིལ་བཏང་བའི་སྐུ་ཕྲེང་གཉིས་ཀྱི་ཡབ་གཞིས་ཡིན་ཞིང༌། ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་གི་ཡབ་ནི་བོད་ཀྱི་ལོ་རྒྱུས་ནང་མཚན་སྙན་ཆེ་བའི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཞུ་བ་དང་ཡུམ་བཤད་སྒྲའི་བོུ་དབྱངས་འཛོམས་ཚེ་རིང་ལགས་གཉིས་སུ་བོད་རང་བྱུང་༡༥ པའི་ཤིང་སྟག་༡༩༡༤ ལོའི་ཟླ་བ་༡༠ པའི་ཚེས་༡༥ ཉིན་རྒྱ་གར་རྡོ་རྗེ་གླིང་དུ་ལུང་ཤར་ཁྱིམ་རྒྱུད་དུ་འཁྲུངས་ཡོད་པ་རེད། བོད་རྒྱ་ནག་གཞུང་གིས་བཙན་འཛུལ་མ་བྱས་པ་བར་དུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཞབས་རྗེ་ཞུས་ཡོད་པ་ནི། ཕྱི་༡༩༢༧ ལོར་དགུང་གྲངས་༡༤ ཕེབས་པའི་སྐབས། རྩིས་ཁང་དུ་གཞུང་ཞབས་ཞུས་ཏེ། གཞུང་ཞབས་ནང་ཐོག་མར་འགོ་བཙུགས་གནང་ཡོད་པ་དང༌། དེ་རྗེས། ༡༩༣༧ ལོར་དགུང་གྲངས་༢༤ ཕེབས་པའི་སྐབས། བཀའ་གྲོན་དང༌། ༡༩༤༡ ལོར་དགུང་གྲངས་༢༨ སྐབས་རྩིས་དཔོན་གནང་བ། དེ་རྗེས་༡༩༤༦ ལོར་དགུང་གྲངས་༣༣ སྐབས་བཀའ་བློན་གྱི་མཛད་འཁུར་བཞེས་ཏེ། བོད་ཀྱི་མདོ་སྨད་སྤྱི་ཁྱབ་གནང་བ་ཕེབས་ཡོད་པ་རེད། བོད་གཞུང་གིས་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཚོག་བོད་ཤར་ཕྱོགས་ཆམ་མདོར་མདོ་སྨད་སྤྱི་ཁྱབ་ཏུ་བསྐོ་བཞག་གནང་བའི་རྗེས། རྒྱ་ནག་མི་དམངས་བཅིང་བགྲོལ་དམག་དཔུང་གིས། བོད་ཤར་ཕྱོགས་བརྒྱུད་ནས་བོད་ཐོག་བཙན་འཛུལ་མ་བྱས་བར་གྱི་༡༩༥༡ བར་དུ་མདོ་སྤྱི་གནང་ཡོད་ཅིང། ༡༩༥༥ ལོར་བོད་གཞུང་གི་སྐུ་ཚབ་ཚོགས་པའི་ལྷན་དུ་པེ་ཅིང་ཕེབས་པ་དང༌། ༡༩༥༩ ལོའི་བོད་མིའི་སྒེར་ལངས་སྐབས། རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱེད་པར་ཁ་གཏད་གདོང་ལེན་གནང་བར་བརྟེན་ནས། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། འཐབ་འཛིངས་བཏང་བ་དང༌། གྲ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་པ། མཐར་སྤྱི་ཚོགས་ཐོག་གློད་བཀྲོལ་བཏང་ཡོད་ཀྱང་ཞྭ་མོ་ཡོད་པའི་གྲལ་རིམ་དུ་ངོས་འཛིན་བྱས་ཏེ། འཐབ་འཛིངས་བཏང་བ་དང་ལས་མེད་ཀྱི་ལས་ཀ་སྐུལ་དེད་བྱས་པ་སོགས་དཀའ་ངལ་ཆེན་པོ་བྱུང་ཡོད་པ་རེད།།

  68. yum says:
    2011-09-17 at 6:36 am

    བག་གྲོ་ཡར་རྒྱུག་མར་རྒྱུག །
    བཀའ་བློན་གྱི་མཛད་འཁུར་བཞེས་ཆེད། །
    བློ་སེང་ཡར་རྒྱུག་མར་རྒྱུག །
    ཀ་ཅ་མགོ་བསྐོར་བཏང་སོང་། །

  69. བཙན་བྱོལ་བ་ says:
    2011-09-17 at 6:39 am

    གསར་འབྱོར་བ་རྣམས་ཐོབ་ཐང་རྩོད་དགོས་ན་ཨང་དང་པོ་དང་། ལས་འགན་བསྒྲུབ་སྐབས་ཞབས་འདྲེན་དང་ཕྱོགས་ལྷུང་ཤ་སྟག་རེད།

    ཡང་སྤྱི་ཚོགས་ནང་ལ་རྙོག་དྲ་བཟོས་དགོས་ན་ཨང་དང་པོ་དང་། འཆམ་མཐུན་ཁ་ནས་ཤོད་ཀྱང་ལག་ལེན་སྟོང་པ་རེད།

    ཡང་བོད་ཀྱི་ལ་རྒྱ་ཁ་ནས་ཤོས་ཀྱང་། བྱེད་རྒྱུ་ནི་དགྲ་དགའ་གཉེན་སྡུག་ཤ་སྟག་རེད་འདུག

    དགོངས་འགལ་མེད་པར་ཞུ། གོང་གི་མཆན་དེ་དག་དང་བོད་ཀྱི་དུས་བབས་ཀྱི་དྲ་ཚིགས་ཀྱི་མཆན་མཐོང་སྐབས་དབང་མེད་དུ་བྲིས་དགོས་ཤར་བྱུང། སྤྱིར་སྤྱི་མིང་སྨོས་ཀྱང་གོ་ས་ནི་དེའི་ཁོངས་གཏོགས་ལ་ཡིན།

  70. རང་གྲོལ། says:
    2011-09-17 at 6:44 am

    ད་རྩོད་པ་ཞེ་དྲག་མ་རྒྱག་རོགས་གནང་། ཀ་ཅ་ཚོ་རྦད་དེ་འཐོམས་ནས་བསྡད་འདུག ལར་ནས་བཀའ་བློན་ཁྲོད་གསར་འབྱོར་སླེབས་མིན་འདི་གནད་འགག་དེ་ཙམ་མ་རེད། འོན་ཀྱང་རྫུན་བཤད་ནས་གསར་འབྱོར་ལ་མགོ་བསྐོར་བཏང་བ་དེ་གནད་འགག་རེད། མ་ཟད་ཆོས་རིག་བཀའ་བློན་ལ་ངེས་པར་དུ་ཆོས་བྱེད་མི་སྣ་ཞིག་དགོས་རྒྱུ་དེ་གནད་འགག་ཅིག་རེད།
    བློ་སེང་གྱ་གྱུའི་འཕྲུལ་གྱིས། །
    ཀ་ཅའི་རང་མདོག་སྟོན་སོང་། །
    ཁྲམ་པ་མངའ་རིས་སྐོར་གསུམ། །
    རྨོངས་པའི་རྒྱ་རུ་ཚུད་འདུག །

  71. yum says:
    2011-09-17 at 6:46 am

    གྲྭ་བ་ཡར་རྒྱུག་མར་རྒྱུག །
    བཙུན་མ་ཡར་རྒྱུག་མར་རྒྱུག །
    ཀ་ཅ་ཡར་རྒྱུག་མར་རྒྱུག །
    འོས་ཤོག་ཡར་རྒྱུག་མར་རྒྱུག །

    རྒྱ་རི་ཡར་རྒྱུག་མར་རྒྱུག །
    སྤྱི་འཐུས་ཡར་རྒྱུག་མར་རྒྱུག །
    བཀའ་ཤག་ཡར་རྒྱུག་མར་རྒྱུག །
    བོད་གཞུང་ཡར་རྒྱུག་མར་རྒྱུག །

  72. ལ་རྒྱའི་བདག་པོ། says:
    2011-09-17 at 6:54 am

    དྲ་གྲོགས་ཚོ།
    ༡༽བཀའ་ཁྲིས་བཀའ་བློན་པད་མ་ཆོས་འབྱོར་བཀའ་བློན་ལ་བསྐོ་གཞག་བྱེད་དགོས་དོན་གང་ཡིན་ནམ།
    ༢༽པད་མ་ཆོས་འབྱོར་གྱིས་དེ་སྔ་བདེ་སྲུང་བཀའ་བློན་བྱེད་པའི་སྐབས་ལ་སྐུ་ཕྱྭ་དང་འབྲེལ་བའི་ནག་ཉེས་ཚབས་ཆེན་བསགས་པ་རྣམས་བརྗེད་ཚར་ཡིན་ནམ།
    ༣༽བདེ་སྲུང་བཀའ་བློན་བྱེད་སྐབས་བདེ་ལས་ནང་ཁོ་རང་ཡུལ་ལུང་གཅིག་པ་མང་པོ་ཞིག་ལག་འཁྱེར་དང་ཡིག་རྒྱུགས་གང་ཡིན་མི་དགོས་པར་བཅུག་པ་རྣམས་གངས་སྐྱིད་ཀྱི་མི་ཚང་མས་ཤེས་ཀྱི་ཡོད་པས་ད་ཆ་དེར་བརྩད་གཅོད་མེད་པ་རེད་དམ།
    ༤༽ལོ་ནའི་བབ་ནས་ཀྱང་ཡང་༦༦བརྒལ་འདུག
    ༥༽ཡང་མིན་ན་པད་མ་ཆོས་འབྱོར་བཀའ་ཁྲི་ཁོང་གི་འོས་འདུའི་དྲིལ་བསྒྲགས་སྐབས་དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་ངེས་ཅན་ཞིག་བཏོན་སོང་བས་དེའི་བདག་རྐྱེན་མི་ནམ།དྲ་གྲོགས་ཚོས་གསུངས་དང་།

    ༦༽ད་ནས་བཟུང་ང་ཚོས་གངས་ཅན་སྐྱིད་བཤོངས་ལ་མིག་གཉིས་ལྡིར་ལྡིར་དུ་བལྟས་ནས་པད་མ་ཆོས་འབྱོར་ལ་ཉིན་གྱི་བྱ་ར་དང་མཚན་མོའི་མེལ་ཚེ་ཅེས་པ་ལྟར་བལྟ་ཞིབ་ནན་བྱེད་དགོས་པ་མ་ཡིན་ནམ།
    དེ་མིན་དེ་སྔ་ནང་བཞིན་གྱི་གོ་སྐབས་ནམ་བྱུང་ལ་ལྟག་སྒོའི་འགྲོ་ལམ་བཙལ་གྱི་རེད།

  73. yum says:
    2011-09-17 at 7:17 am

    དབུ་མ་ཡར་རྒྱུག་མར་རྒྱུག །
    རང་བཙན་ཡར་རྒྱུག་མར་རྒྱུག །
    གཞོན་ནུ་ཡར་རྒྱུག་མར་རྒྱུག །
    བུད་མེད་ཡར་རྒྱུག་མར་རྒྱུག །

    མངའ་རིས་ཡར་རྒྱུག་མར་རྒྱུག །
    སྟོད་པ་ཡར་རྒྱུག་མར་རྒྱུག །
    ཁམས་པ་ཡར་རྒྱུག་མར་རྒྱུག །
    དབུས་པ་ཡར་རྒྱུག་མར་རྒྱུག །

    ཨ་མདོ་ཡར་རྒྱུག་མར་རྒྱུག །
    གཙང་པ་ཡར་རྒྱུག་མར་རྒྱུག །
    ཡར་རྒྱུག་མར་རྒྱུག་ངང་སུ། །
    ཆ་ཚང་འཐོམས་ནས་བསྡད་འདུག །

  74. དཔལྡན་རྡོ་རྗེ་ says:
    2011-09-17 at 9:41 am

    དྲ་གྲོགས་ཚོ་ད་དོན་མེད་རྩོད་པ་ཞེ་དྲག་མ་གནང་ཞུ། ལར་ནས་བཀའ་བློན་ཁྲི་པའི་གསར་བསྐོས་བཀའ་བློན་རྣམས་སྐྱོན་ཀུན་ཟད་ཡོན་ཏན་ལྡན་གྱི་མི་ཞིག་ཡིན་མི་སྲིད་དེ་ལུགས་དགོངས་པ་བཞེས་ན་ཞུ།

  75. ལྷག་པ། says:
    2011-09-17 at 9:43 am

    ༄༅།།ཨོྃ་སྭ་སྟི།། བདེ་ལེགས་སུ་གྱུར་ཅིག
    མི་ཚང་ཕལ་པའི་ཁ་གཡང་སྒྲོག་མཁས་པ།།
    སྲིད་སྐྱོང་གསར་པ་བློ་བཟང་སེང་གེ་ཡིས།།
    སྐུ་དྲག་རྒྱ་རི་པད་ཆོས་བཀའ་བློན་བསྐོས།།
    དགའ་གྲྭ་བག་གྲོ་ཁོང་ཁྲོས་སོ་ཐམ་ཐམ།།
    བློ་བཟང་དབང་རྒྱལ་མིག་ཆུ་ཕྲུམ་སེ་ཕྲུམ།།
    འཆི་མེད་གཡུ་དྲུང་ངུ་ཤར་ཚི་རི་རི།།
    གསེར་རྟ་ཚུལ་ཁྲིམས་སྣ་ཤུ་ཤུར་སེ་ཤུར།།

    ཡང་ཅིག་གསོན་དང་དྲྭ་གྲོགས་རྣམ་པ་ཚོ།།
    ཁྱོད་ཚོའི་ལྷག་བསམ་ཀུན་སློང་རྣམ་པར་དག
    གསར་འབྱོར་བ་དང་ཆོལ་ཁའི་འཐུས་མི་སོགས།།
    ཡིན་གཅིག་མཁོ་བ་མ་ཡིན་སུས་འཇོན་པ།།
    དེ་ནི་བཀའ་བློན་བསྐོ་ན་ཆོག་ན་ཡང་།།

    བློ་སེང་ཁོ་པས་འོས་ཤོག་གཅིག་པུའི་ཆེད།།
    ཆོལ་ཁའི་འཐུས་མི་ཆོས་ལུགས་འཐུས་མི་དང་།།
    གསར་འབྱོར་འཐུས་མི་བཀའ་བློན་བསྐོ་རྒྱུ་བཤད།།
    ང་ཚོས་མི་ཞིག་གོང་དུ་བཀུར་འདོད་ན།།
    དེ་ཡི་མི་གཤིས་ལེགས་ཉེས་བརྟག་པ་དགོས།།
    ཁ་བཤད་དོན་ལ་གནས་མིན་བརྟག་པ་བྱོས།།
    དེ་ནས་གང་དེའི་མི་གཤིས་རྟོགས་པ་ཡིན།།
    ཤེས་ཡོན་པ་དང་དཔྱོད་ལྡན་འགན་འཁུར་ཅན།།
    གནད་འགག་མི་སྣས་བློ་སེང་ལ་མི་མོས།།
    དེ་ཡི་རྒྱུ་ལ་སྣང་ཆུང་མ་མཛོད་ཅིག
    བཀའ་བློན་ཁྲི་པའི་ཁྲི་ལ་འཁོད་པ་ཡང་།།
    གསར་དད་ཆེ་བའི་སློབ་ཕྲུག་ཆུང་ངུ་དང་།།
    ཧུད་རྒྱུགས་ཆེ་བའི་གྲྭ་པའི་གྲངས་ཀྱིས་ནོན།།
    བློ་སེང་བཀའ་ཁྲིའི་འོས་གཞིར་ཞུགས་པའི་སྐབས།།
    ཚོགས་འདུའི་དབུས་སུ་སྐད་ཆ་ཤོད་པའི་དུས།།
    གསར་འབྱོར་རྣམས་ཀྱི་རྒྱབ་ནས་ཀི་ཤར་འཐེན།།
    བཀའ་ཁྲིའི་མཛད་འཁུར་ཉིན་མོའི་གཏམ་བཤད་སྐབས།།
    ༸གོང་ས་རྒྱལ་དབང་བཞུགས་མིན་མ་ལྟོས་པར།།
    གསར་འབྱོར་རྣམས་ཀྱི་ཀི་སྒྲ་འུར་ལྡིར་ལྡིར།།
    གསར་འབྱོར་འཐུས་མི་བཀའ་བློན་བསྐོས་མེད་པས།།
    ཀི་ལ་ཀི་ལན་མི་འདུག་ཨ་རོགས་ཚོ།།

  76. ལུང་རྟོགས། says:
    2011-09-17 at 10:33 am

    ཁ་རྡ་རྩོམ་སྒྲིག་པ་ལགས། ད་འདི་མཆན་སྒོ་རྒྱབ་ན་ཏག་ཏག་རེད་འདུག འདིའི་ནང་དོན་སྙིང་ཡོད་པའི་སྐད་ཆ་མེད་པར་མང་ཆེ་ཤོས་ཕུ་སྐྲུག་མདའ་སྐྲུག་གི་སྐད་ཆ་རྐྱང་རེད་འདུག ང་ཚོ་ལ་ཆིག་སྒྲིལ་དགོས་པ་ལས་སྐྲུག་ཤིང་མི་དགོས།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme