Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཡིག་རིན་པོ་ཆེའི་ཐད་ལ་མདོ་སྨད་ནས་བསམ་ཚུལ།

Posted on 2011-03-192011-03-20 By ཀླུ་ 20 Comments on བཀའ་ཡིག་རིན་པོ་ཆེའི་ཐད་ལ་མདོ་སྨད་ནས་བསམ་ཚུལ།

thinking-tibetཡུལ་མདོ་སྨད་ནས་ར་ཛྰ་ན་མས།

ང་ཚོས་གླེང་དགོས་པ་ནི་ད་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་རང་ཅག་གི་མགོན་དང་སྐྱབས་བླ་ན་མེད་པ་སྐྱབས་མགོན་ཡིད་བཞིན་ནོར་བུས་སྤྱི་འཐུས་ལ་གནངས་པའི་བཀའ་ཡིག་དེ་རེད།  བཀའ་ཡིག་དེ་ནི་དམངས་གཙོའི་གཟེར་ཟམ་གྱི་སྟེང་ལ་བསྣོན་པ་བཏབ་པའི་གཟི་ཡི་འཕྲ་རྒྱན་ཞིག་རེད།  མི་སུ་ཞིག་གིས་རང་གི་སྐེ་ལ་འདོགས་ཐུབ་པ་བྱུང་ན། ཚེ་བསྲིངས་ཤིང་། གེགས་མེད་པ།  ལོ་བརྒྱ་ལོན་ཞིང་།  དོན་བརྒྱ་མཐོང་བ་ཞིག་རེད།  ཁོང་གི་བཀའ་ཡིག་ལས་ཉེ་ཆར་བྱང་ཨཕ་རི་ཀ་དང་ཡུལ་ལུང་གཞན་མང་པོར་འཚེ་མེད་ཞི་བའི་ལམ་ནས་རང་དབང་དང་མང་གཙོའི་རྩོལ་སྒྲུབ་བྱས་པ་དེ་དག་བསྔགས་པར་འོས་ཤིང༌། འཚེ་བ་མེད་པ་དང༌། མི་མང་གི་ནུས་སྟོབས་ལ་ངོས་ནས་རྒྱུན་དུ་ཡིད་ཆེས་བྱེད་ཀྱི་ཡོད། བཟང་འབྲས་ཀྱི་མྱུ་གུ་འདི་དག་གསོ་སྐྱོང་གི་འབྲས་བུ་སྨིན་པའི་ལྗོན་ཤིང་དུ་འགྱུར་བའི་སྨོན་འདུན་བྱེད་དགོས། ཞེས་གསུངས་པར་མ་ཟད།  སྔོན་མ་ང་བཅུ་ང་གྲངས་ལོ་ནས་བཟུང་ཁོང་གིས་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་གསར་གཏོད་ཕྱག་རྗེས་ཀྱི་རྗེས་མཐུད་ནས་སྐུ་ངལ་བསྐྱོན་ཡོད་མོད།  མི་མང་དང་ལས་ཀྱི་སྣེ་མོ་བ་དག་གིས་བསམ་བཞིན་དུ་བཀག་པ་རེད་ཅེས་ན་ཐལ་ཆ་ཆེ་བའི་སྐད་ཆར་འགྱུར་མོད།  དད་པ་དང་དག་སྣང་གི་ལྟ་ཕྱོགས་འདྲ་བོ་འམ།  ཡང་ན་རང་རང་གི་ཕྲག་སྟེང་ལ་བབ་ན་འགན་ལྕི་བར་གྱུར་བའི་བསམ་ཚུལ་ལམ།  ཡང་ན་རང་དང་ན་མཉམ་པའི་སོ་སོའི་སྐྱེ་བོ་ཞིག་གིས་ཁོང་གི་དབང་ཆ་འཛིན་པར་ཕྲག་པ་དོག་སོགས་ཀྱི་རྐྱེན་ངན་མང་པོ་ཞིག་གིས་ཁ་རུ་ཁ་ཐུག་བྱས་ཏེ་ལམ་ལྷུང་ཉུང་ཙམ་ལས་བྱུང་མེད་མོད།  ཁོང་གིས་ཐུགས་བསྐྱེད་ལ་ཞིམ་པ་མེད་པའི་སྒོ་ནས་ནམ་རྒྱུན་ཁྱེད་ཚོས་ང་མེད་པ་ནང་བཞིན་ལས་ཀ་བྱེད་དགོས་གསུངས་པ་དང་།  ད་དུང་ད་ལྟའི་ཆར་ཁོང་བགྲེས་ཡོལ་དུ་ཆ་ཚང་བཞུགས་རྒྱུར་ཐག་གིས་བཅད་པར་མ་ཟད།  དགའ་ལྡན་ཕོ་བྲང་ཞེས་པའི་མཚན་གནས་འདི་ཡང་ཕྱིར་བསྡུ་བྱ་དགོས་པའི་དུས་ཚོད་སྨིན་པར་གསུངས་ཡོད་མོད། ཉེ་ལམ་སྤྱི་འཐུས་ཚོགས་པས་བཀའ་ལན་ཕྱིར་ཟློག་བྱས་ཏེ།  ཡར་སྐོར་མར་སྐོར་གྱིས་སྙན་ཞུ་ལྷན་པ་ཅན་མང་དག་ཅིག་ཞུས་ཡོད་ཚོད་རེད།  སྤྱིར་སྤྱི་འཐུས་ཚོགས་པ་འམ་ཁྲིམས་བཟོ་ལྷན་ཚོགས་ལ་མཚོན་ན་ཐད་ཀར་ཐག་གཅོད་བྱ་ཐུབ་པ་ཞིག་མིན་མོད།  མ་མཐའ་ཡང་གང་འཚམ་གྱིས་བོད་ཕྱི་ནང་གཉིས་ནས་གནས་ཚུལ་བསྡུ་ལེན་བྱ་དགོས་ཤིང་།  ལྷག་པར་དམངས་གཙོ་དང་ཆབ་སྲིད་ཀྱི་གོ་རྟོགས་ཡོད་པའི་མ་འོངས་པའི་བདག་པོ་ན་གཞོན་དག་ལ་ངེས་པར་དུ་གྲོས་ཁ་བསྡུར་དགོས་པ་རེད།  ཡིད་བཞིན་ནོར་བུ་ཁོང་གིས་གསུངས་པ་བཞིན་ ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་ཡང༌། གསུངས་པ་ལྟར་ང་ཚོའི་མི་རིགས་ཀྱི་འཕྲལ་ཕུགས་ཀྱི་ཁེ་ཕན་ཆེས་རྩ་བར་གྱུར་བ་ཞིག་ཡིན་སྟབས།  འདི་ལྟའི་སྐབས་སྟབས་བདེ་ཡི་ལན་བསློགས་པ་ནི་མདོ་དོན་ཅི་ཞིག་ཡིན་ནམ།  ང་ཚོའི་མི་རིགས་ཀྱི་ལས་དོན་འདི་དུས་ཚོད་མང་པོའི་རིང་དུ་གནས་དགོས་ཤིང་། གཡས་བལྟ་གཡོན་བལྟ་ངེས་ཅན་ཞིག་དགོས་པའི་རྒྱུ་མཚན་གྱིས་ལས་ཀྱི་སྣེ་མོ་བ་རེ་འགས་དག་སྣང་གིས་ངོར་བལྟས་པ་འམ།  སྔ་མོ་ནས་གོམས་ཡོད་པའི་དུངས་ཞེན་གྱི་དབང་དུ་འགྲོ་མི་རིགས་པ་ཅིའི་ཕྱིར་མ་གཟིགས་པ་ཡིན་ནམ། ངེས་པར་དུ་ང་ཚོས་དམངས་གཙོའི་ཡོངས་ཁྱབ་རིན་ཐང་ལ་རྩོད་ལེན་བྱེད་པ་དང་བསྟུན་ནས།སྐྱབས་མགོན་ཡིད་བཞིན་ནོར་བའི་ཐུགས་སུ།  མི་དམངས་ཀྱིས་འདེམས་ཐོན་བྱུང་བའི་ལས་ཀྱི་སྣེ་མོ་བ་ཐོ་ཤས་དེར་དབང་ཆ་ཡོངས་རྫོགས་སྤྲད་དེ།  ཁོང་གཤེགས་ཤུལ་ཏུ་ཡང་རང་རྐྱང་འཕེར་བའི་སྲ་བརྟན་གྱི་བཙན་བྱོལ་སྲིད་གཞུང་འདི་ཚགས་དམ་པོ་ཞིག་ཡོང་མིན་ལ་མཉམ་ཚོད་ཐེངས་ཤིག་བླངས་པ་དང་ཡང་འདྲ། ཁོང་གིས་ ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད།བཀའ་གསུང་འདི་ལས་ལྷག་པ་ཞིག་ང་ཚོ་ལ་མི་དགོས་པ་འདྲ།  ཐུགས་བསམ་བཞེས་ས་འདི་ངས་བལྟས་ཚོད་ལ་ང་ཚོའི་ཉེ་རབས་ལོ་རྒྱུས་ཤིག་ལ་དམིགས་ཏེ་གསུངས་པ་འདྲ།  དཔེར་ན་རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོས་སྐུ་ངལ་མང་དུ་བསྐྱོན་ཏེ་ཆབ་སྲིད་བསྒྲིགས་འཛུགས།  ཚན་རིག་ལག་ལེན་སོགས་གང་མང་ཞིག་གསར་དུ་བསྒྲུབས་པ་མ་ཟད།  ལུང་ཤར་སོགས་གསར་ཐོན་གྱི་བསམ་བློ་ཡོད་ཤག་གི་མི་མང་པོ་ཞིག་ལས་ཀྱི་སྣེ་མོར་བསྐོས་ཏེ། ཡར་རྒྱས་མུ་མཐུད་དུ་གཏོང་འདོད་ཤུགས་དྲགས་ཀྱང་།  ཁོང་གི་སྐུ་ཚེ་འཕེན་པ་ཡིས་མ་ཟིན་པར་དགོངས་པ་རྫོགས་འཕྲལ།  སྐབས་ཀྱི་མི་དཔོན་དག་ནི་རང་རང་གི་ཁེ་དབང་ཉི་ཚེ་བ་རེ་རྩོད་འདོད་ཀྱི་སྟེང་དུ་མགོ་འཁོར་ནས་ད་གཟོད་ཡོད་ཚད་བརླགས་སོང་བ་རེད།  སྐབས་དེར་སྤྱི་མཐུན་གྱི་ལས་ལ་བསམ་བློ་གཏོང་མཁན་མེད་པ་འམ།  ཡོད་རུང་རྒྱལ་དབང་ན་རིམ་ལྟ་བུའི་བཀའ་སྲུང་མཐོན་པོ་གནང་མཁན་མེད་སོང་བས་ལན་ནམ།  ཕལ་བོས་བཤད་སྟངས་ལྟར་ན་ལས་ཀྱི་མཐུ་ཟད་པར་བསྟུན།  ཕྱི་ཡི་དགྲ་ལ་ནང་གི་འགལ་རྐྱེན་གྱིས་གྲོགས་བྱས་ཏེ་གནས་ཚུལ་འདི་ལྷག་པ་རེད།  ད་ལྟའི་སྐབས་སུ་ཡང་ཁོང་དགོངས་པ་རྫོགས་པའི་དུས་སུ་འདི་འདྲ་མི་འོང་བའི་ངེས་པ་མེད་ཅང་།  ལྷག་པར་དུ་སྔར་དང་མི་འདྲ་བར་རྒྱ་དམར་སྲིད་གཞུང་གི་གཡོ་ཇུས་ནི་ནམ་གསལ་གསལ་ཉི་མ་ཤར་ཤར་ལགས་ན།  ཆོལ་ཁ་དང་ཆོལ་ཁའི་བར། གྲུབ་མཐའ་དང་གྲུབ་མཐའི་བར།  སྤྲུལ་སྐུ་དང་སྤྲུལ་སྐའི་བར་དུ་འབྱུང་ངེས་པས་ན། ང་ཚོས་ད་ནས་བཟུང་བསྒྲིགས་འཛུགས་བརྟན་པོ་ཞིག་འོང་བའི་ཕྱིར་དུ།  དམངས་གཙོའི་གོ་རྟོགས་མེད་པའི་དམངས་ཀྱི་སེམས་སུ་ཡང་ང་ཚོའི་སྲིད་ཀྱི་དབུ་ཁྲིད་ནི་རྒྱལ་བ་རིན་པོ་ཆེ་ལས་གཞན་ཞིག་བསྐོས་ཆོག་པ་འཇགས་ཐབས་སུ།  ད་ལྟའི་བཀའ་ཡིག་རིན་པོ་ཆེའི་དགོངས་དོན་ཅི་འདྲའི་བརྩི་དགོས་པ་ལ་ཨང་།  ཟམ་གདོང་རིན་པོ་ཆེས་བཀའ་ཡིག་རིན་པོ་ཆེ་འོག་ཏུ་དགའ་རུང་སྐྱོ་རུང་ཤར་བསྐྱོད་བྱ་རྒྱུ་ཡིན་པར་གསུངས་པ་འདི་ཇི་འདྲའི་རླབས་ཆེན་ཞིག་རེད།  ང་ཚོའི་གྲོས་ཚོགས་ཀྱིས་ཀྱང་འདི་ལྟའི་དགོངས་གཞི་ཞིག་ངེས་པར་དུ་བརྩི་དགོས་པར་འདོད།  དེང་གི་སྐབས་སུ་ང་ཚོའི་དམངས་གཙོའི་གྲོས་ཚོགས་ཤིག་གི་ལས་འཛིན་པ་དག་ལ་འདི་འདྲའི་མིག་རྒྱངས་ལས་མེད་དུས། མཐའ་ཁོར་གྱི་དམངས་ཕལ་བ་དག་ནི་བཀའ་ཡིག་རིན་པོ་ཆེ་འདི་ལ་ཇི་འདྲའི་ཁས་ལེན་མེད་མཁན་གྱི་ཚོགས་ཤིག་ཡིན་ནམ།   བདག་གིས་རླུང་འཕྲིན་དང་བརྙན་འཕྲིན་ལས་བཀའ་ཁྲིའི་འོས་མི་དང་སྤྱི་འཐུས་འོས་མི་མང་པོ་ཞིག་ལ་བཀའ་ཡིག་རིན་པོ་ཆེའི་འདིའི་ཐད་ནས་བཅར་འདྲི་དང་གཏམ་གླེང་བྱེད་པ་མང་པོ་ཞིག་མཐོང་མོད།  བཀའ་ཡིག་རིན་པོའི་ཆེ་འོག་ཏུ་ཤར་བསྐྱོད་བྱ་དགོས་པ་གསུང་མཁན་ཉུང་ཉུང་རེད།  འདི་ལ་རྒྱུ་མཚན་གཞན་ཞིག་སྣང་བ་ནི་འོས་མི་གང་མང་ཞིག་ལ་འདེམས་ཤོག་རག་དགོས་སྟབས་དམངས་ཀྱི་གོ་རྟོགས་དང་བསྟུན་ནས་གཏམ་ལབ་ཡོད་ལོས་ཆེ།   གང་ལྟར་ངེད་ཀྱི་ཁོར་ཡུག་འདི་ནས་ན་གཞོན་མང་པོ་ཞིག་ལ་བློ་འཚུབ་སྐྱེས་སའི་གཞི་ནི་བཀའ་ཡིག་རིན་པོ་ཆེ་མ་ཡིན་པར།  སྤྱི་འཐུས་ཚོགས་པས་བཀའ་ཡིག་ཕྱིར་ཟློག་པ་དེ་དང་།  ཁོང་གི་མཚན་གནས་སུ་འགྱུར་བ་བཏང་ན།  རྒྱ་བོད་གྲོས་མོལ་ལ་བློ་འཚུབ་ཡོད་པའི་སྐད་ཆ་ཤོད་མཁན་དེ་དག་རེད།  རྒྱ་བོད་གྲོས་མོལ་ལ་ད་སྔའི་བར་གྲུབ་འབྲས་ཆེན་པོ་བྱུང་མེད་ལ།  ད་ལྟ་ཁོང་གིས་མཚན་གནས་ལ་འགྱུར་བ་སོང་བ་དང་ལྷན་དུ་གཞན་ཞིག་ཏུ་འགྱུར་ན་ཡང་འགྱུར་དུ་འཇུག་དགོས་པ་རེད།  དེ་ལ་སྐྲག་དགོས་གང་ཡང་མེད་པར་འདོད་དོ།།  ཞེས་ཡུལ་མདོ་སྨད་ནས།  ར་ཛྰ་ན་མས་འཕྲལ་དུ་བྲིས་པ་ལགས་པས་རྩིང་རགས་ཀྱི་ལམ་དུ་སོང་ཡོད་མོད།  སྐབས་འདིར་བསམ་བློ་ཕྱི་རུ་འདོན་ཐབས་ཙམ་ཡིན་ནོ།།

དཔྱད་རྩོམ།, འཕྲིན་ཡིག

Post navigation

Previous Post: ད་ལྟ་བར་དང་ད་ནས་བཟུང་བའི་མི་འདྲ་ས་ལྷ་མི་དབྱེ་འབྱེད།
Next Post: ཁ་བརྡའི་གསལ་བསྒྲགས།

Comments (20) on “བཀའ་ཡིག་རིན་པོ་ཆེའི་ཐད་ལ་མདོ་སྨད་ནས་བསམ་ཚུལ།”

  1. གཅན་བཟོད་རྒྱམ། says:
    2011-03-19 at 2:31 pm

    ར་ཛྰ་ན་མའི་ཞབས་ལ་གསོལ་བ་འདེབས།

  2. བླ་མ་། says:
    2011-03-19 at 2:45 pm

    ༄༅།། དངོས་ནས་ཡག་པོ་བྲི་འདུག་ཐུགས་རྗེ་ཆེ་ང་ཡང་ཁྱོད་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད་།
    ༧ སྤྱི་ནོར་༧གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་བཞིན་སྒྲུབ་པར་ཤོག

  3. ཤར་ཕྱོགས་ཁུག་རྟ། says:
    2011-03-19 at 2:48 pm

    ར་ཛི་ན་མི་མི་ཤེས་སར་ལག་པ་མ་བསྐྱངས་རོགས།

  4. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 7:25 pm

    བོད་འབྱོར་འཕྲིན་ཡིག་ལ་རིན་ཐང་ཆེན་པོ་ལྡན་པར་མ་ཟད། བོད་ནང་གི་ཤེས་ཡོན་པས་བོད་ཀྱི་གནད་དོན་ལ་རྒྱུས་ལོན་དང་སེམས་ཁུར་བྱེད་ཀྱིན་པའི་ཚབ་མཚོན་གཞན་ཞིག་ཏུ་སྣང་བས། ཚང་མས་དོ་སྣང་དང་བགྲོ་གླེང་གནང་རོགས།

  5. ཟླ་བ་གཞོན་ནུ། says:
    2011-03-19 at 7:47 pm

    ར་ཛུ་ན་མ་འདི་ར་ཛུ་ན་མ་ཞིག་མིན་པའི་སྨོན་ལམ་འདེབས།
    བོད་ནང་ནས་འདི་འདྲ་དོ་སྣང་དང་གླེང་སློང་བྱས་པ་ནི་དགའ་འོས་སུ་མཐོང་།

  6. བན་ནག་ཚང་ says:
    2011-03-20 at 12:27 am

    མི་ཆུང་ཆུང་ཧམ་པ་ཆེན་པོ།
    རྟ་ཆུང་ཆུང་རྐང་ཐང་རིང་པོ།

  7. BBC says:
    2011-03-20 at 12:32 am

    ཧ་ཧ། རྒན་པོ་གནམ་ལོ་ཡག ཚབས་ཆེ་མདོག་མ་བྱེད། བོད་ནས་བྲིས་པར་རློམ་པའི་ཡིག་འཁྱམས་ཚང་མ་བོད་བཞུགས་ཡོངས་ཀྱི་ཚབ་མཚོན་རང་བཞིན་གྱི་ཡི་གེ་གང་འདྲ་བྱས་ཏེ་ཆགས། དེ་ལྟར་ཡིན་ན་ཁྱོད་རང་གིས་ཁ་ས་བྲིས་པའི་ཕྲག་དོག་དང་སྤྱི་ཚོགས་དཀྲུག་གཞིའི་གཞི་མེད་གཏམ་འཆལ་༼གལ་སྲིད་ཁྱོད་རང་ཚོས་བཙན་བྱོལ་བོད་གཞུང་གཏོར་མཁན་ཞིག་བཙལ་གྱི་ཡོད་ན། ཟམ་གདོང་སྲིད་གཞུང་ནས་བཙན་བྱོལ་སྒྲིག་འཛུགས་ལ་ཁ་བསྒྱུར་བྱས་ཡོད་པས། འདི་ལས་གཏོར་མཁན་གཞན་ཡོད་པ་མ་རེད་ལ། བཙལ་ས་གཞན་དུའང་ཡོད་པ་མ་རེད།༽འདི་ཡང་བྱེས་བཞུགས་མི་དམངས་ཀྱི་ཚབ་མཚོན་རང་བཞིན་གྱི་བསམ་ཚུལ་དང་ཡི་གེ་ཆགས་ཀྱི་ཡོད་དམ། གལ་ཏེ་ཆགས་ན་༸འདིའི་ནང་གོང་ས་མཆོག་གི་དགོངས་ཚུལ་ཚུད་ཡོད་དམ། ཟམ་གདོང་གི་བསམ་ཚུལ་ཚུད་ཡོད་དམ། རྒན་པོ་གཟབ་དགོས། དགོངས་པ་མ་འཚོམས།

  8. བཀྲ་ཤིས་ནག་ལྡང་། says:
    2011-03-20 at 12:37 am

    འདི་དག་བོད་ནས་ཡིན་མིན་མི་ཤེས་ཀི ཨཕ་རི་ཀ་ཟེར་ན་རྒྱ་གར་ནང་གི་ཚིག་འདྲ་བོ་ཞིག་འདུག བོད་ནས་ཡིན་ན་མ་མཐའ་ཡང་ཨ་ཧྥུ་རི་ཀ་ཟེར་ནས་འབྲི་རྒྱུ་རེད།

  9. Pama tso says:
    2011-03-20 at 12:48 am

    BBC དང་ཤར་ཕྱོགས་ཁུག་རྟ་བདེན།

    འདི་དག་ཤར་ཕྱོགས་ཁུག་རྟས་བཤད་པ་ལྟར་ཁུངས་མེད་རུ་དཔུང་གི་ཇུས་དང་གཡོ་འཁྲབ་རང་རེད།

  10. བོད་ཀྱི་ཕོ་གསར། says:
    2011-03-20 at 12:57 am

    xxxxxxxxxxxxxxxxxx

  11. བོད་ཁམས་ཉི་མ་། says:
    2011-03-20 at 12:59 am

    རང་གྲོལ་དང་ར་ཛ་ན་མ་སོགས་ཀྱིས་བྲིས་པ་ནི་བཔྱད་པ་མྱུར་ཞིང་ཁ་ཐུག་ཡིན་པ་དང་ སྐུ་དྲག་དང་རྨོང་དད་ཀྱིས་རྡོག་རྫིས་མ་བྱས་པའི་ཞུམ་མེད་ཀྱི་སྤོབ་པ་མངའ་ཕྱིར་ བོད་འབྱོར་ཡིན་པ་འདྲ་།

  12. ལ་སྟོད་བུ། says:
    2011-03-20 at 1:13 am

    CNNལགས།
    ཁྱེད་རང་ལ་ཁ་བརྡས་ཉེས་ཆད་བཀལ་བར་ངས་དགའ་བསུ་ཞུ་རྒྱུ་མ་བྱུང།
    བཟོད་སྒོམ་ལ་སྦྱོང་བདར་བགྱིས་དང་་་་་ཁྱི་དང་བོང་བུ་སྐྱག་པ་རྐུབ་ཀྱི་སྐད་ཆ་དེ་ཚོ་མ་བཤད་ན་ཁྱེད་རང་ལ་ཁ་བརྡས་ཉེས་བཀལ་དོན་མེད།
    ད་བདེ་མོ་བྱོས།

  13. བན་ནག་ཚང་ says:
    2011-03-20 at 1:40 am

    ད་དེ་རིང་བཤད་ཡ་ག་རེ་འདུག་ཡང་རྩོད་གཞི་མེད་པ་རྩོག་པ་བརྒྱག་ཡ་རེད།

  14. lhu says:
    2011-03-20 at 1:46 am

    གྲོགས་པོ་ཚོ། བོད་འབྱོར་ཡིན་མིན་ལ་གནད་འགག་དང་རྩོད་མེད་དོན་གང་ཡིན། དེ་ལ་དམིགས་ཡུལ་མེད་ན་སེམས་ཁྲལ་རྩ་བ་ནས་མ་བྱེད་རོགས། རྩོམ་འབྱོར་ས་ང་ཡིན་ལ་ཁ་བརྡར་འཇོག་མཁན་ང་ཡིན།
    ཁྱེད་ཚོ་ཀློག་པ་པོ་ཡིན་ནམ་་་་་ཡང་ན་ཁ་བརྡ་ཚང་ལ་ག་རེ་བྱེད་དུ་ཡོང་བ་ཡིན།
    དྲིན་ཆེན་ཚོ་་་་་་་་་

  15. ལྷ་སྡེ་གནམ་ལོ་ཡག says:
    2011-03-20 at 2:33 am

    མཆན་བBBCའདི་འཇིགས་བསྐུལ་བ་ཞིག་ཏུ་འགྱུར་བཞིན་འདུག འོན་ཀྱང་། ཕྲན་གནས་ལུགས་ཀྱི་མདུན་དུ་ག་དུས་ཀྱང་ཞེད་མ་མྱོང་ལ་དེང་ཕྱིན་དེ་བས་ཀྱང་གཟབ་གཟབ་བྱེད་མི་སྲིད། འདི་གཅིག་ཡིན།

    གཉིས་ནས་གནས་ལུགས་ལ་གནས་ལུགས་བཤད་ནས་གསེད་བཀྲོལ་བྱེད་དགོས་ཀྱི་རེད་མ་གཏོགས་ཟམ་གདོང་བླ་མས་ཁྱོད་རང་ལ་ལྟོ་ཆས་མཁོ་སྤྲོད་བྱས་པ་གཞིར་བཞག་གིས་ངར་ལངས་ན་འཆི་ཁའི་འཕག་འཚག་ཙམ་ལས་གཞན་མ་རེད།

    གསུམ་ནས་ཕྲན་གྱིས་ག་དུས་ཀྱང་ངས་བྲིས་ཚད་དང་བཤད་ཚད་རང་ཉིད་ཀྱི་ཚབ་མཚོན་ཡིན་ཟེར་གྱི་ཡོད་མ་གཏོགས་བཙནབྱོལ་བོད་མིའི་ཚབ་མཚོན་ཡིན་ཟེར་གྱི་མེད་ཀྱང་ལུང་རིགས་གང་རུང་གི་ལམ་ནས་ཕོངས་ཏེ་སྡིག་དམོད་ལས་ཅི་ཡང་མི་འཇོན་པ་ཚོའི་སྡིག་དམོད་ལས་ཕྲན་གྱི་རྩོམ་འཁྱོག་རེ་འགས་བསམ་བློ་གཏོང་སྟངས་གསར་བ་སྤྲད་སའང་མི་ཉུང་བ་ཞིག་ཡོད་པ་རེད།

    མདོར་དྲིལ་ནས་བཤད་ན། གནས་ལུགས་ལ་འཇུས་ནས་དགག་སྒྲུབ་བྱེད་མཁན་ལ་ག་དུས་ཀྱང་དགའ་བསུ་ཡོད་པ་ལས་གཟུགས་མེད་ཞེད་སྣང་སློང་མཁན་ཚོ་མི་གྲལ་ནས་བུད་ཟིན་པའི་རྣམ་ཤེས་འཁྱམ་པོ་ཙམ་ལ་མ་གཏོགས་ངོས་འཛིན་ནམ་ཡང་བྱེད་མི་སྲིད།

  16. བན་ནག་ཚང་ says:
    2011-03-20 at 5:14 am

    bbs ལགས་ཁྱེད་ཀྱི་གནས་ལུགས་གནས་ལུགས་ཟེར་ནས་དུས་རྟག་ཏུ་བཤད་ཀྱི་འདུག་ཡིན་ན་ཡང་ཁྱེད་ཀྱི་གནས་ལུགས་བཤད་ས་ནོར་འདུག་དྲྭ་ངོས་ལ་ཁྱེད་ཀྱི་གནས་ལུགས་ག་ཚོད་བཤད་ཀྱང་ཉམས་སུ་ལེན་མཁན་ཅིག་ཀྱང་ཡོད་མ་རེད་ཁྱེད་རང་གིས་དུས་ཚོད་འཕྲོ་བརླག་རང་རེད་དོ

  17. གྲགས་པ་རྒྱ་མཚོ says:
    2011-03-20 at 3:23 pm

    ཨ་དྲིན་ཅན་ཚོ་ནང་ཁུལ་དུ་ཚིག་མདའ་མ་འཕེན་རོགས་སྤྱི་དོན་དུ་དཔྱད་ཞིབ་ཐོང་དང

  18. ཨ་ཁུ་སྟོན་པ། says:
    2011-03-21 at 4:04 am

    ༈ ༧གོང་ས་མཆོག་གི་གསུང་འཕྲིན་མར་བཀའ་ཤག་ལ་ཕྱིར་སློག་གནང་བ་ལ་གུས་པས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན། མ་འོངས་སྔོན་སུས་ཀྱི་དེ་འདྲའི་ཕྱག་ལས་བཟང་པོ་མཛད་པ་དེ་ལ་ཁྱེད་༧གོང་ས་ཐམས་ཅད་མཁྱེན་པ་ཡིན་པ་མངོན་སུམ་གྱི་ར་ཕྲོད་ཐུབ་ཀྱི་འདུག །དེ་བཞིན་༧གོང་ས་མཆོག་གིས་གསུངས་པ་ལྟར་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་དེ་ངེས་པར་ད་ནས་ཟུང་མཚམས་འཇོག་གནང་དགོས། །གང་ལ་ཞེས་༧གོང་ས་མཆོག་གི་བཀའ་ཡིན། ཁོང་༧སྐྱབས་མགོན་གོང་ས་མཆོག་གིས་ཐུགས་བསམ་རྒྱ་ཆེ་གཏིང་ཟབ་ཞིག་བཞེས་ནས་གསུངས་པ་ཞིག་ཡིན། དེ་ལ་ང་ཚོ་བོད་མི་ཚང་མའི་བརྩི་སྲུང་གནང་དགོས། བོད་རྒྱལ་ལོ།།

  19. དྲི་མེད་ལྷག་བསམ། says:
    2011-03-22 at 1:19 am

    ༧རྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད།ཞེས་པའི་བཀའ་གསུང་ལུང་དུ་དྲངས་པ་འདི་མཐོང་ཚེ་དོགས་པ་ཐམས་ཅད་རང་ཤུགས་ཀྱིས་ཆོད་འགྲོ། ༧རྒྱལ་བ་རིན་པོ་ཆེས་ཞལ་གསལ་གྱི་དགོངས་གཞི་འདི་འདྲ་གནང་ཚེ་དེ་ལ་རྒོལ་བ་བྱེད་ན་༧རྒྱལ་བའི་བཀའ་ལ་འགལ་བ་བྱས་པ་རེད། རང་གི་འདོད་ཐོག་ཏུ་མ་ཕྱིན་པའི་བཀའ་གྱེན་སློག་དང་། མཐུན་ན་དྭངས་ལེན་ཟེར་བ་བ་དེ་ཁྲེལ་མེད་ཀྱི་གཏམ་ཁོ་ནའོ། །

  20. བརྩོན་རྒྱམ། says:
    2011-06-01 at 6:49 am

    དཔྱད་བརྗོད་པ་མང་པོ་ཞིག་གི་བསམ་ཚུལ་དེ་བོད་ནས་ཡིན་མིན་སྐོར་གླེང་གི་འདུག་དེ་གནད་འགག་ཞིག་ཨེ་རེད་མ་རེད་གཙོ་བོ་དེས་བསམ་ཚུལ་ནང་དུ་ལེགས་ཉེས་ཀྱི་ཆ་གང་འདྲ་འདུག་གམ་དེ་གླེང་རྒྱུ་མ་ཡིན་ནམ་ཕྲན་གྱི་ལྟ་ཚུལ་ཡིན་ན་སྤྱིར་བོད་མི་སུ་ཞིག་ཡིན་རུང་རང་མི་རིགས་ཀྱི་ལས་དབང་ལ་བསམ་བློ་མི་གཏོང་ནི་ཞིག་ཧ་ལམ་མེད་པ་འདྲ་ཡིན་ཡང་རྣམ་དཔྱོད་ཀྱིས་ནུས་པ་དང་སྤྱིའི་ཤེས་བྱ་སོགས་གཅིག་མཚུངས་སུ་གནས་རྒྱུ་ཁག་པོ་ཡིན་རྒྱུ་རེད་ཡིན་ཡང་འདི་འདྲ་དོག་སློང་ཞིག་བྱེད་ཀྱིས་སྤོད་པ་ཡོད་པ་ཡང་ཡག་པོ་རེད་བསམ་བྱུང་དེ་ཁྱེད་ཚོ་ལ་བསམ་ཚུལ་ཡོད་ན་གསལ་བཤད་གནང་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme