Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་བློན་ལས་རོགས་མེད་པའི་སེམས་འཚབ།

Posted on 2016-01-252016-01-25 By ཁ་བརྡ 18 Comments on བཀའ་བློན་ལས་རོགས་མེད་པའི་སེམས་འཚབ།

བསྟན་འཛིན་རྣམ་དག

 
དེང་སང་བོད་མི་ཆེ་ཕྲ་ཕལ་མོ་ཆེས་འོས་བསྡུའི་ལས་དོན་ལ་ཐུགས་ཁྲལ་གནང་བཞིན་པའི་སྐབས་འདིར། ངས་བཀའ་བློན་ལས་རོགས་སྐོར་འདི་ལྟར་བསམས། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ཐེངས་འདིར་ཨ་རིའི་ནང་བསྐོར་བསྐྱོད་གཏམ་བཤད་དུ་ཕེབས་སྐབས་བཀའ་ཟུར་དང་། གཞུང་ཞབས་ཟུར་པ་རྒན་གཞོན་མང་པོ་ཞིག་གིས་མངོན་གསལ་དོད་པོས་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལ་རྒྱབ་སྐྱོར་གནང་བ་ཙམ་མིན་པར། ཚད་མཐོའི་རྒྱབ་སྐྱོར་གྱི་རྣམ་པ་མི་མང་གི་མདུན་ས་དང་སྡིངས་ཆ་ཆེན་པོའི་སྟེང་གཅིག་རྗེས་གཉིས་མཐུད་ཀྱིས་བསྟན།

འདི་འདྲ་ཞིག་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་ད་བར་བྱུང་མེད། མ་འོངས་པར་གལ་སྲིད་སྐུ་ཞབས་བློ་བཟང་སེང་གེ་ལགས་འོས་བསྡུའི་ཁྱབ་བསྒྲགས་སུ་ཕེབས་ནའང་ཡོང་ཁག་པོ་རེད། གནད་དོན་འདི་ཨ་རིའི་ནང་གཅིག་པུ་མ་རེད། གངས་ཅན་སྐྱིད་གཤོངས་ནས་བོད་ནང་དུའང་འགྲོ་བཞིན་པ་ཐོས། དྲྭ་ལམ་ཁག་ཏུ་ཐུགས་སྣང་ཞིབ་ཚགས་གནང་བ་ཡིན་ན། ཤེས་ཡོན་ཅན་དང་མཁས་པ། ཉམས་ཞིབ་པ། རྩོམ་པ་པོ་ཚད་ལྡན་མང་པོ་ཞིག་གིས་ཀྱང་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱི་མི་གཞི་ལ་རྒྱབ་སྐྱོར་གནང་། དེའི་ཆ་ནས་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལ་མ་འོངས་པར་བཀའ་བློན་ལས་རོགས་ཀྱི་དཀའ་ངལ་མེད་པ་མི་མང་པོས་རིག་པའི་ལམ་ནས་ཚོད་དཔག་བྱེད།

བཅའ་ཁྲིམས་རིན་པོ་ཆེའི་ལེའུ་བཞི་པའི་དོན་ཚན་ཉི་ཤུ་པའི་ནང་’’སྲིད་སྐྱོང་གི་འགོ་ཁྲིད་འོག་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་། ཆབ་སྲིད་ཀྱི་ལས་དོན་ཐད་འགན་འཁུར་རྐང་ལེན་བྱེད་པོ་བཀའ་ཤག་ལྷན་ཚོགས་ཤིག་དགོས་པ་ཡིན། བཀའ་ཤག་ཏུ་སྲིད་སྐྱོང་གཅིག་དང་། བཀའ་བློན་བདུན་ལས་མ་མང་བ་དགོས་’’ཞེས་གསལ་བར་གཟིགས་ན། བཀའ་ཤག་གི་གྲུབ་སྟངས་དང་ཐུགས་འགན་གྱི་གལ་གནད་རང་བཞིན་མཁྱེན་གསལ་རེད་ལ། བཀའ་བློན་ཡང་ཚད་ལྡན་ཞིག་མེད་ན་ཡོང་ཐུབ་མེད་པ་ཞུ་མ་དགོས་པ་རེད།

ངས་ཡང་ཡང་འདི་ལྟར་བསམས་ཏེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཆ་ཚང་མཁྱེན་མཁན་དང་། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་མཁྱེན་མཁན། བོད་ཀྱི་ལོ་རྒྱུས་དང་རིག་གནས། སྐད་ཡིག བོད་མིའི་འདུ་ཤེས་བརྟན་པོ་ཡོད་མཁན་ཚོས་གནད་དོན་འདི་དག་སྐུ་ཞབས་བློ་བཟང་སེང་གེ་ལགས་ལ་མི་ཚང་བར་བཤད་པ་མ་ཟད། ཁོང་གི་ཞལ་ནས་བོད་སྐད་གྲགས་པ་དེ་ཨིན་ཡིག་གི་ཀླད་པ་དང་ཨིན་ཡིག་གི་ཚིག་གྲུབ་བཟོ་སྟངས་ལས་འབྱུང་གི་ཡོད་པར་ཐག་གཅོད་པ་ལས། བོད་སྐད་རྣལ་མ་གསུང་གི་མེད་ཅེས་བཤད། གནད་དོན་འདི་དག་ནི་མ་འོངས་པར་ཁོང་གི་བཀའ་བློན་ལས་རོགས་ལ་མི་མང་རང་བཞིན་གྱི་ཚད་འབྱེད་ཐིག་ཤིང་ཞིག་ཆགས་ཀྱི་ཡིན་པའང་གསལ་བོ་རེད།

སྐུ་ཞབས་སྤེན་པ་ཚེ་རིང་གིས་དབུས་གཞུང་ཞབས་གསར་རྙིང་རྒྱུས་ཅན་མང་པོས། སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཐོག་འཐུས་ཤོར་གཅིག་བཏང་གཉིས་བཏང་ཙམ་མ་ཟད། ད་དུང་འཛིན་སྐྱོང་དང་དཔལ་འབྱོར་ལས་དོན། གྲོས་ཚོགས་ལན་འདེབས་སོགས་ཀྱི་ཐད་འགན་འཁུར་ཚད་ལྡན་ཞུ་མ་ཐུབ་ཀྱི་མེད་སྐོར་སྐྱོན་བརྗོད་དྲག་པོ་བྱེད་བཞིན་པ་ཀུན་གསལ་རེད། འདི་ནི་གལ་སྲིད་མ་འོངས་པར་སྐུ་ཞབས་བློ་བཟང་སེང་གེར་སྲིད་སྐྱོང་ཐོབ་པ་ཡིན་ན། ཁོང་གིས་བཀའ་ཤག་གིས་བསབ་མི་ཐུབ་པའི་སྟོང་ཆ་ཆེན་པོ་ཞིག་དང་། ཨུ་ཚུགས་རྒྱབ་སྟེ་སྔར་བཞིན་མུ་མཐུན་ཕྱིན་ན་སྒྲིག་འཛུགས་ཁྱོན་ཡོངས་ནས་ཉམས་ཆག་འགྲོ་གཞི་གཙོ་བོར་ངོས་འཛིན་བྱེད་ཀྱི་ཡོད།

འོ་ན་ང་ཚོས་སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱི་མ་འོངས་བཀའ་བློན་ལས་རོགས་ཀྱི་དཀའ་ངལ་ཟེར་བ་ཚད་ལྡན་ཡིན་མིན་ལ་ཅུང་ཙམ་དཔྱད་དེ། བཀའ་ཤག་ལྷན་རྒྱས་ཚད་ལྡན་ཞིག་འགྲུབ་མིན་ཐད་སེམས་འཁུར་རང་བཞིན་གྱི་བསམ་ཚུལ་ཞིག་བཏོན་ན།

སྲིད་སྐྱོང་ལ་མ་འོངས་པར་བདེ་སྲུང་བཀའ་བློན་དང་དཔལ་འབྱོར་བཀའ་བློན་གཉིས་བསྐྱར་འདེམས་ཀྱི་གོ་སྐབས་མེད་ཅིང་། ཆོས་རིག་བཀའ་བློན་ཡང་དགུང་གྲངས་ཀྱི་བབ་ཀྱིས་ཁག་པོ་རེད། གལ་སྲིད་ཨུ་ཚུགས་གནང་ན་གཞོན་སྐྱེས་ཚོས་གོ་སྐབས་སྤྲོད་ཀྱི་མི་འདུག་ཅེས་པའི་བསམ་ཚུལ་ཤུགས་ཆེ་འདོན་ངེས་ལ། རྒྱ་ནག་གཞུང་གིས་ཀྱང་ལམ་ལུགས་ཚད་ལྡན་མིན་པར་ཁ་གཡར་ས་བྱེད་ངེས། ལྕམ་སྐུ་རྒྱ་རི་སྒྲོལ་མ་ལགས་སྐབས་གསུམ་པའི་སྲིད་སྐྱོང་དུ་ལངས་ཆེད་མཚམས་འདིར་དགོངས་ཞུ་གནང་ངེས་པ་མི་མང་པོས་ཚོད་དཔག་བྱེད་ཅིང་། བུད་མེད་ཅིག་གིས་སྲིད་སྐྱོང་གནང་ཐུབ་དགོས་པའི་གདེང་སྤོབས་དང་འཆར་གཞི་གཉིས་ཀ་ཡོད་སྐད། ལྷ་རྗེ་འཕྲོད་བསྟེན་བཀའ་བློན་ལགས་དང་དྲིལ་བཀའ་བདེ་སྐྱིད་ཆོས་དབྱིངས་རྣམ་གཉིས་རང་འཇགས་བསྐོ་སྲིད་ཀྱང་ལས་དོན་ཐོག་འཇོན་ཐང་མེད་པ། གངས་ཅན་སྐྱིད་གཤོངས་ཀྱི་ཐང་གི་གྲོག་མ་ཚུན་གྱིས་ཤེས་ཞེས་རྒྱལ་ཁམས་ཀྱིས་གླེང་ལ། མ་འོངས་པར་ཕྱི་རྒྱལ་གྱི་མི་སེར་ཡིན་པ་དང་བོད་རང་གི་ཡི་གེ་འབྲི་ཀློག་ཙམ་ཡང་མི་ཐུབ་པའི་བོད་ཀྱི་བཀའ་བློན་ཞིག་ཡོང་རྒྱུ་ཇེ་ཁག་ཡིན་པ་ཞུ་མ་དགོས་ཤིང་། བཀའ་ཤག་སྐབས་བཅོ་ལྔ་པའི་ནང་བོད་ཡིག་མི་ཤེས་པའི་བཀའ་བློན་རེ་ཟུང་སླེབས་ཡོད་པ་བོད་མི་ས་ཡ་དྲུག་གི་ངོ་ཚ་དང་། ༧གོང་ས་མཆོག་གི་ཞབས་འདྲེན་ཡིན་པའང་ལོ་རྒྱུས་ཆགས་ཟིན།

དེ་ལྟར་བསམས་ཚེ་དངོས་གནས་རང་སྐུ་ཞབས་བློ་བཟང་སེང་གེ་ལགས་ལ་བཀའ་བློན་གཅིག་ལྷག་ཡོད་པ་ནི་ཤེས་བཀའ་དངོས་གྲུབ་ཚེ་རིང་གཅིག་པུ་ཡིན། ངས་བསམས་ན་ཁོང་ལ་ཡང་ཤེས་ཡོན་སྲིད་བྱུས་ལག་བསྟར་མ་བྱས་པའི་ཉེས་པ་ཤིན་ཏུ་ཆེ་ལ། བོད་ཕྱི་ནང་གཉིས་ནས་སྐྱོན་བརྗོད། གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་བྱུང་བ་སོགས་ཀྱིས། ད་རེབ་གྲོས་ཚོགས་ནས་གཏན་འགོག་གནང་ངེས་བསམས་ཀྱང་། གྲོགས་པོ་གྲོགས་མོ་ཁ་ཤས་ཀྱིས་ཐར་བ་བཏང་མི་ཡོང་ངམ་ཞེས་ཀྱང་གསུང་བས། ཅི་ཆགས་རྗེས་སུ་སྐབས་འཕྲལ་ལྟ་རྒྱུ་ལས་མེད། དེ་ལྟ་ན་བཀའ་བློན་ལས་རོགས་གཞན་དག་གང་ནས་སུ་ཞིག་ཁྲིད་ཡོང་ངམ་ཞེས་པའི་སེམས་འཚབ་འདི་བོད་མི་ཚང་མར་བྱུང་དང་འབྱུང་བཞིན་པས། ཅི་ཞིག་གནང་ན་དགའ་འམ།

སྐབས་སྔོན་མར་སྐུ་ཞབས་བློ་བཟང་སེང་གེས་ཆོལ་ཁ་རིས་མེད། ཕོ་མོ་རིས་མེད། རྒན་རབས་པ་གཅིག་ཅེས་པའི་བཀའ་བློན་འདེམས་སྟངས་དེ་ཆ་ཚང་ཕྱག་བསྟར་མ་གནང་བས། དམིགས་བསལ་ཨ་མདོ་བ་རྣམས་ལ་ཐུགས་ཕོག་ཚད་མེད་བྱུང་ཡོད་ལ། ད་ཐེངས་ཀྱང་སུས་ཀྱང་མི་ཤེས་པའི་མི་གསར་པ་དེ་འདྲ་ཁྲིད་ཡོང་སྲིད་མོད། དེ་ལྟར་གནང་ན་གྲོས་ཚོགས་ཀྱིས་ཀྱང་སྡིག་པ་མིག་བཙུམས་མི་གནང་བ་གསལ་བོ་ཡིན་སྟབས། ངས་ནི་སྲིད་སྐྱོང་སུ་འདེམས་མིན་ཐག་གཅོད་མ་གནང་བར། བཀའ་བློན་ལས་རོགས་ཀྱི་དཀའ་ངལ་འདི་ལའང་བོད་མི་ཚོས་དགོངས་བཞེས་ཟབ་མོ་ཞིག་གནང་དགོས་པར་གཞེན་སྐུལ་ཞུ་འདོད་བྱུང་།

༢༠༡༦། ༡། ༢༤། ཉིན།།

བསམ་ཚུལ།

Post navigation

Previous Post: བོད་ཀྱི་མི་བོ་ཆེ་ཞིག་སྐུ་གཤེགས་པའི་ཉིན་མོ་དྲན་པ།
Next Post: རུས་པའི་ཚོར་བ།

Comments (18) on “བཀའ་བློན་ལས་རོགས་མེད་པའི་སེམས་འཚབ།”

  1. ལྷ།བྱ་འཕུར་མ། says:
    2016-01-25 at 1:35 pm

    བུ་བསྟན་འཛིན་ལགས།རང་གི་བསམ་ཚུལ་ལ་རྒྱབ་སྐྱོར་མེད་ཀྱང་གུས་བརྩི་ཡོད། རང་གིས་རི་བོང་གནམ་རྡིབ་ཀྱི་བསམ་འཁུར་བྱེད་པ་དོན་མེད། སྐུ་ཞབས་སེང་གེ་ལགས་ཡག་སྡུག་གང་ཡང་ཡིན་ཡང་མི་མང་གིས་མིག་བཙུམ་བློས་གཏོང་གིས་ཡང་བསྐྱར་སྲིད་སྐྱོང་ལ་བསྐོ་ངེས་རེད།

    བཀའ་བློན་སུ་བསྐོ་མིན་སྲིད་སྐྱོང་སེང་གེ་ལགས་ཀྱིས་བང་སྒྲིག་ཚར་རེད།
    ྱ

  2. ཚངས་དབྱངས། says:
    2016-01-25 at 1:48 pm

    དེ་ལ་ཡང་ཉེན་ཁ་ཞིག་འདུག དངོས་གནས་ད་བསམ་བློ་མང་པོ་མ་བཏང་ན་དགའ་ས་མ་རེད་དམ།

  3. ལྷ་སའི་བུ་ says:
    2016-01-25 at 7:09 pm

    བཀའ་ཟུར་དང་། བཙན་བྱོལ་གཞུང་གི་ལས་བྱེད་རྒན་གྲས་རེ་ཟུང་གིས་ཚོགས་གཙོ་སྤེན་ཚེ་ལགས་སུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ཡ་མཚན་གྱི་གནས་ཚུལ་ཞིག་མ་རེད། གང་ལགས་ཟེར་ན་སྲིད་སྐྱོང་བློ་སེང་མཆོག་འཛམ་གླིང་ནང་ངོས་ལེན་ཡོད་པའི་མཁས་དབང་ཞིག་ཡིན་པ་མ་ཟད་འཇོན་ཐང་ཡོད་མཁན་ཞིག་ཡིན་པས་ཁོང་ཚོ་ལས་ལྷག་པའི་ལས་དོན་བྱེད་ཐུབ་ཀྱི་ཡོད་ཙང་ཕྱི་ནང་གང་ས་ནས་གདེངས་འཇོག་ཆེན་པོ་ཡོད་པ་དོ་སྣང་ཅན་ཚང་མས་ཤེས་གསལ་རེད། དེ་སྤྱི་དོན་ལ་བསམ་བློ་མེད་པའི་རྒན་གྲས་འགའ་རེའི་རྣ་བར་འགྲོ་གི་ཡོག་མ་རེད། དེ་ནི་འགྲན་སེམས་ཙམ་ལས་གཞན་པའི་གནས་ཚུལ་གང་ཡང་ཡོག་མ་རེད། ངས་བོད་སྤྱི་དོན་ཁོ་ནར་བསམ་སྟེ་དྲང་གཏམ་ཤོད་ཀྱི་ཡོད་པ་ལས་ཉེ་རིང་ཆགས་སྡང་གི་སྐད་ཆ་རྩ་བ་ཉིད་ནས་མིན། སྲིད་སྐྱོང་མཆོག་དང་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་གཅིག་པ་སོགས་ཀྱི་སྒེར་འབྲེལ་གང་ཡང་མེད་དོ། ད་རེས་དེ་ཙམ་ཡིན།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-25 at 7:45 pm

    ཧཧཧཧཧ་་་་་་་བསྟན་འཛིན་རྣམ་དག་ལགས།
    རི་བོང་གནམ་རྡིབ་ཀྱིས་སྡུག་བསྔལ་མནར་མི་དགོས་རེད། རྒྱ་བོད་དཀའ་རྙོག་ཐད་ལ་གོང་ས༧མཆོག་གིས་ཕྱག་ཅིག་མ་འཆང་ན་འཇོན་ནུས་མཁན་སུ་ཅིག་ཡོད་མ་རེད། ངས་ཚིག་ཐག་ཆོད་པོའི་བཤད་ཐུབ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ས་བརྟན་དེ་དགོས་གལ་ཆེ་བས་དེར་ཆིག་སྒྲིལ་ཐོག་དཔལ་འབྱོར་གྱིས་རྒྱལ་རྟེན་གལ་ཆེ་བས་དེར་སྤེན་ཚེ་ལས་བློ་སེང་འཇོན་པར་གནམ་ས་ཐུག་ཡོད། བཀའ་བློན་རྒས་གྲས་འགས་སྤེན་ཚེར་རྒྱབ་སྐྱོར་གནང་བ་དེར་ཧང་སང་ཡ་ཡོད་མ་རེད། དེ་ཚོ་འཇོན་ནུས་མེད་མཁན་ཕྱོགས་ཡོངས་ལ་མནོ་བསམ་མི་ཐུབ་པའི་རང་འགུ་ཅན་རེད། བློ་སེང་ཡང་བསྐྱར་སྲིད་སྐྱོང་བཞེས་དུས་བཀའ་བློན་ལས་རོགས་མེད་ནས་འདུག་ཀི་ཡོད་མེད་ལོ་རྗེས་མའི་སྐབས་དེ་དུས་གངས་སྐྱིད་ལ་སོང་ནས་གཟིགས་ཤིག་ཨ་་་་་་་་་

  5. ཐིའུ་སྟོབས་ལྡན། says:
    2016-01-25 at 9:34 pm

    དོན་ངོ་མ་ཁྱོད་ཚོ་ལ་ཅི་ཞིག་བཤད་འདོད་ན་ངོ་མ་ཡ་མཚན་རེད། དཔལ་འབྱོར་གྱི་སྐོར་སྔར་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་ནང་བྱུང་མྱོངས་མེད་པའི་འཕེལ་རྒྱས་ཆེན་པོ་དང་། ཧེ་བག་ཆེན་པོ་བྱུང་ཡོད་པ་ནི་སྲིད་སྐྱོང་གི་གསལ་བཤད་མང་པོ་གནང་ཟིན་ལ། ལྷག་པར་དུ་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་ཁས་ལེན་ཞིང་བསྔགས་བརྗོད་བགྱིད་བཞིན་པ་ཧ་ཅང་གསལ་པོ་རེད་བ། ད་དུང་དཔལ་འབྱོར་གྱོང་གུད་ཟེར་བ་དེ་འདྲའི་སྐད་ཆ་བཤད་མ་སྡོད། ངོ་མ་མིག་ཡིད་རྣ་བའི་དབང་པོ་ཉམས་པའི་རྙོག་གཏམ་རང་རེད།

  6. ཚེ་རིང་ནས། says:
    2016-01-25 at 11:05 pm

    དེང་གི་གཞོན་སྐྱེས་ཤེས་ཡོན་ཅན་མང་པོས་བློ་སེང་ལ་དགའ་པོ་བྱེད་པ་དང་། མི་དྲག་རིང་ལུགས་པ་མང་པོས་སྤེན་ཚེ་ལ་དགའ་པོ་ཡོད་པ་དངོས་བདེན་རེད་འདུག ད་ལོ་ང་རང་དྷ་སར་སྡོད་སྐབས་སུ་ཤེས་རྟོགས་བྱུང་། སྐུ་དྲག་པ་མང་པོས་སོ་སོའི་ཆེ་མཐོང་དང་། ལྐོག་སྟེགས་ཤོར་བའི་དྭོགས་ཟོན་རེད། གཞོན་སྐྱེས་རྣམས་ཀྱིས་མ་འོངས་པར་གཞི་རྩ་བརྟན་པོ་ཞིག་ཡོང་བའི་རེ་བ་རེད། དེ་མིན་བོད་ཡིག་ཤེས་ཚད་གཅིག་པོའི་གནད་དོན་མ་རེད།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-01-25 at 11:18 pm

    ་་་་་་་་་ དེང་གི་གཞོན་སྐྱེས་ཤེས་ཡོན་ཅན་མང་པོས་བློ་སེང་ལ་དགའ་པོ་བྱེད་པ་དང་། མི་དྲག་རིང་ལུགས་པ་མང་པོས་སྤེན་ཚེ་ལ་དགའ་པོ་ཡོད་པ་དངོས་བདེན་རེད་འདུག ་་་་་་་་་་་
    འདི་འདྲ་བོ་ཅིག ངས་ཀྱང་མཐོང་བགྱིད་འདུག ཧ་ཧ། ང་ནོར་ཡང་སྲིད་དོ།།

  8. ཇུང་ཏོག་ says:
    2016-01-26 at 4:32 am

    བཀའ་བློན་ལས་རོགས་ལ་སུ་འགྲོ་མ་འགྲོ་དེ་སྲིད་སྐྱོང་ལག་ཏུ་མེད་པ་སྤྱི་འཐུས་ལག་ཏུ་ཡོད་པ་དང་སྤྱི་འཐུས་ཚད་ལྡན་བསྐོ་རྒྱུ་དེ་མི་མང་ལག་ཏུ་ཡོད་པ་བཅའ་ཁྲིམས་དགོང་དོན་ཤེས་དགོས་།

  9. ཇུང་ཏོག་ says:
    2016-01-26 at 8:24 am

    སྲིད་སྐྱོང་དང་བཀའ་བློན་སྤྱི་འཐུས་སོགས་ལ་སུ་སླེབ་ན་ཡང་བོད་
    དོན་ལ་འགུལ་ཁྱོགས་གཏོང་ཐུབ་མཁན་ཞིག་དགོས་པ་རེད་།

  10. སྤྱང་ཤོག says:
    2016-01-26 at 8:47 am

    ༧ གོང་ས་མཆོག་ལ་ཁ་བསྟོད་འཐེན་བཞིན་ཆོལ་ཁ་ཆོས་ལུགས་ཕྱོགས་ཞེན་གྱི་སྲིད་སྐྱོང་འདྲེན་རྩོད་པ་རྣམས་རང་དོན་ཁོག་བཅུགས་ཀྱི་སྲིད་དོན་པ་ཁྲམ་པ་ཚོ་ལས། རང་ཁེ་གཙོ་བོར་མི་འཛིན་པའི་རྣམ་དཔྱོད་ཀྱི་སྤོབས་པ་དར་བའི་གནས་ལུགས་ལ་གཅིག་ཏུ་གཞོལ་ནས་སྲིད་དོན་རིག་པའི་རང་ཚུགས་འཛིན་མཁན། ༼ཆོས་ལུགས་ལས་མི་རིགས་གལ་ཆེན་དུ་བརྩི་བ་དང༽་། ༼ཆོལ་ཁ་ལས་མི་རིགས་རིང་ལུགས་གལ་ཆེན་བརྩི་མཁན༽། རྒྱ་ནག་གི་གཡོ་ཁྲམ་ལ་སྔོག་ཏིལ་འབྲུ་ཙམ་མི་ཐོན་པ་དང་ཆོས་ལུགས་ཆོལ་ཁའི་ཕྱོགས་ཞེན་པ་སྲིད་སྐྱོང་འོས་མི་རྣམས་གཉིས་ལས། བོད་མི་རིགས་གི་སྲོག་རྩ་སྐད་དང་ཡི་གེ་འདུ་ཤེས་གསུམ་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱ་ནག་གི་ཁྲིམས་ལ་མགོ་བོ་མི་སྒུར་པ་དང། ཆོས་ལུགས་པས་འཇིག་སྐུར་ལ་མི་སྐྲག་མཁན། བོད་ཀྱི་ཕོ་རྒོད་ཀླུ་མཁར་བྱམས་ལས་ལྷགས་པ་ཞིག་མཐོང་མ་བྱུང་།

  11. ཀརྡོ་གཉེར་ཕྱག་པ་ says:
    2016-01-27 at 12:26 am

    ་་་་་་་་་་ ངས་ནི་སྲིད་སྐྱོང་སུ་འདེམས་མིན་ཐག་གཅོད་མ་གནང་བར། བཀའ་བློན་ལས་རོགས་ཀྱི་དཀའ་ངལ་འདི་ལའང་བོད་མི་ཚོས་དགོངས་བཞེས་ཟབ་མོ་ཞིག་གནང་དགོས་པར་གཞེན་སྐུལ་ཞུ་འདོད་བྱུང་། ༢༠༡༦། ༡། ༢༤། ཉིན།། ་་་་་་་་་་

  12. ཀརྡོ་གཉེར་ཕྱག་པ་ says:
    2016-01-27 at 12:29 am

    སྲིད་སྐྱོང་སྤེན་ཚེས་བྱས་ན། ཕྱི་སྲིད་བཀའ་བློན་བློ་སེང་ལགས་དང་། ཡང་ན། སྲིད་སྐྱོང་བློ་སེང་བྱས་ན། ནང་སྲིད་བཀས་བློན་སྤེན་ཚེ་ལགས། ཡིན་དགོས་པ་ལ་མི་མང་གི་སེམས་ནང་གཏན་ཁེལ་བར་བཟོ་དགོས་རེད་དོ།།

  13. ཀརྡོ་གཉེར་ཕྱག་པ་ says:
    2016-01-27 at 12:32 am

    སྤེན་ཚེས་ནང་སྲིད་དང་། བློ་སེང་གིས་ཕྱི་སྲིད་འགན་བླངས་འདོད་ཡོད་དམ། ལགས།

  14. དྲང་སྲོང says:
    2016-01-27 at 6:30 am

    ༄།མཁར་ཁྲ་བོ་རྩེག་གཞི་མ་གཏེང་གོང་།བུ་ཨ་འཇས་ནང་ལ་བསྡད་གཏམ་མ་བཤད་ན་བཟང་དང་པོར་སྲིད་སྐྱོང་འོས་ཐོབ་བཅུག་དེ་ནས་བཀའ་བློན་སུ་འོས་སྲིད་སྐྱོང་ནས་གདམ་གྱིན་རེད་དེ་ལ་གྲོས་ཚོགས་ཀྱིས་རྒྱབ་བསྐྱོར་དགོས་

  15. བཙན་རྒོད། says:
    2016-01-27 at 1:23 pm

    ཆོལ་ཁའི་འཐེན་འཁྱེར་གྱིས་གཟེར་བའི་བློ་སེང་གི་བཀའ་མོལ་བཟོ་གྲྭའི་ལས་བཟོ་བ་ཚོས་ལས་ཀ་ལ་ཧུར་བརྩོན་གྱིས་དྲྭ་འབུ་བྱོས་དང་མ་འོངས་པའི་ཁོང་གི་བཀའ་བློན་གྱི་རྐུབ་ཀྱག་ཁྱེད་ཚོའི་མིན་ན་སུ་ཞིག་གིས་ཡིན།ཧ་ཧ་ཧ་ཧ་

  16. རང་བཙན་བུ། says:
    2016-01-28 at 4:13 am

    དཀོན་མཆོག་མཁྱེན། དུས་ད་ལོ་འཛིང་སོང་། སྐྱ་སེར་ཚང་མས་འཛིང་སོང་། སངས་རྒྱས་བསྟན་པའི་ཆེད་དུ་མིན། འཇིག་རྟེན་སྲིད་ལུགས་དོན་དུ་མ་རེད། ཨ་ཕོ་ང་རང་གི་ཆེད་དུ་་་་་་་་་་་་་་

  17. ཁམས་པའི་བུ། says:
    2016-01-29 at 1:19 am

    སྤེན་ཚེ་རྒྱལ་ལོ། བོད་རྒྱལ་ལོ། ༧རྒྱལ་བའི་དགོངས་ཞེད་སྨྲ་མེད་སྒྲུབ་མཁན་རྒྱལ་ལོ། ཁ་སྟོང་ལག་སྟོང་དེ་དག་འཕམ་འགྱུར་ཅིག ཞེན་ཁོག་ཅན་ཚོ་ཕམ་འགྱུར་གཅིག་གུ།

  18. ཁམས་པའི་བུ། says:
    2016-01-29 at 8:26 am

    བློ་བཟང་སེངྒེས་བཙན་བྱོལ་ནང་སྐྱེས་པའི་མི་རབས་ཡིན་པས་བོད་ལ་རྒྱལ་ཁབ་ཡོད་པའི་ཚོར་བ་མེད་ལ། བསམ་བློ་ཡང་སླེབས་མི་ཐུབ་པར་མ་ཟད། བཙན་བྱོལ་ནང་སྐྱེས་པའི་བོད་རིགས་རྣམས་ལ་ཡང་བོད་ལ་རྒྱལ་ཁབ་ཡོད་པའི་ཚོར་བ་མེད་ཅིང་། བསམ་བློ་སླེབས་མི་ཐུབ་ཟེར།
    གཞན་ལས་དྲངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme