Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་བཙལ་བཞིན་པའི་སྲིད་སྐྱོང་སུ་རེད།

Posted on 2016-03-072016-03-07 By ཁ་བརྡ 15 Comments on བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་བཙལ་བཞིན་པའི་སྲིད་སྐྱོང་སུ་རེད།

བསྟན་འཛིན་རབ་དགའ།

 
སྤྱི་ལོ་༢༠༡༦ ཟླ་༢ ཚེས་༢༨ ཉིན། ཕྱི་དྲིལ་བཀའ་བློན་གྱིས། ད་ལྟའི་སྲིད་སྐྱོང་གིས་དབུ་ཁྲིད་པའི་བཀའ་ཤག་ནང་ནས་མུ་མཐུད་སྡོད་པ་དང་། རྩ་དགོངས་ཞུ་བ་གཉིས་ལས་རྩ་དགོངས་ཞུ་བ་འདམས་ནས་མང་ཚོགས་ཀྱི་མདུན་ལ་ཕེབས་ཡོད། བཀའ་བློན་གྱི་ལས་གནས་ནས་རྩ་དགོངས་ཞུ་དོན་སྤྱི་བའི་ཆེད་དུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད། དུས་ཚོད་དེ་ནི་ཏག་ཏག་དངོས་གཞིའི་འོས་བསྡུ་རན་པར་ཉིན་གྲངས་ཉེར་གཅིག་གི་མཚམས་རེད།

དེ་དུས་ཀྱི་ཡིག་ཐོག་གསར་འགོད་གསལ་བསྒྲགས་ནང་། ༼བློ་ཕམ་གྱི་སྒོ་ནས་ཕྲན་རང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་པ་ཡིན། ཐག་གཅོད་འདི་ཕྲན་ནས་སྤྱི་པའི་རྩ་དོན་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་བྱ་ཕྱོགས་བཅས་ལ་བསམ་ཞིབ་གཏིང་ཟབ་བཏང་ནས་བྱས་པ་ཡིན།༽ ཞེས་བཀོད་ཡོད་པ་དང་། ངག་ཐོག་ནས་འགྲེལ་བརྗོད་སྐབས། ༼ང་རང་སྒེར་གྱི་གནས་ཚུལ་ཕར་བཞག་སྟེ་སྤྱི་པར་བསམ་བློ་བཏང་ནས་ཐག་བཅད་པ་ཞིག་ཡིན། ༽བརྗོད་ཡོད། ད་ལྟའི་སྲིད་སྐྱོང་གིས་དབུ་ཁྲིད་པའི་བཀའ་ཤག་ནས་དགོངས་པ་ཞུས་པ་ཡིན་ན། མདུན་དུ་ལྷག་པའི་དཀའ་ངལ་ལ་གདོང་ལེན་ཞུ་བ་ཞིག་ཆགས་ཀྱི་ཡོད་པ་དང་། བོད་སྤྱི་བ་ལ་ཕན་པ་ཞིག་ཡིན་པར་བཤད་པ་འདིས། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གི་ལས་ཀ་བྱེད་སྟངས་སྤྱི་དང་། ནང་སྒོས་སུ་འོས་བསྡུའི་སྔ་རྗེས་ཀྱི་ལས་རིམ་ནང་། བཀའ་ཤག་གི་ལས་འགན་མ་ཡིན་པ་མང་པོ་ཞིག་བཀའ་ཤག་གི་མིང་ཐོག་ནས་སྒྲུབ་ཀྱི་ཡོད་པ་དང་། བྱེད་སྟངས་དེ་རིགས་ནི་མདུན་དུ་ལྷག་པའི་གནད་དོན་ལ་གདོང་ལེན་བྱེད་པ་མ་ཡིན་པར། གནད་དོན་ཆེ་རུ་གཏོང་བའི་བྱེད་སྟངས་ཤིག་ཡིན་པའི་དཀྱིལ་འཁོར་དེ་ནས་རང་ཉིད་ཕྱིར་ཐོན་པ་ཞིག་ཆགས་ཡོད།
ཕྱི་དྲིལ་བཀའ་བློན་ཟུར་པ་བདེ་སྐྱིད་ཆོས་དབྱངས་ཀྱིས་༼སྲིད་སྐྱོང་རྗེས་མ་ནི་ང་ཚོའི་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བའི་གནད་འགག་ཅིག་ཡིན༽ཞེས་ནན་བརྗོད་དང་། སྐབས་རྗེས་མའི་སྲིད་སྐྱོང་ལ་ལྡན་དགོས་པའི་ཆ་རྐྱེན་དགུ་བགྲངས་ཏེ། དོན་ལ་ད་ལྟའི་སྲིད་སྐྱོང་བཞིན་དུས་ཚོད་འཕྲོ་བརླག་ཏུ་གཏོང་མཁན་ཞིག་འོས་འདེམས་མི་རུང་བ་གསལ་སྟོན་ཆེད་རང་ཉིད་ཀྱི་བསམ་ཚུལ་སྤེལ་འདུག

ཉེ་དུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། འོས་བསྡུའི་ལས་རིམ་མགོ་ཚུགས་པའི་སྔ་རྗེས་སུ་སྲིད་སྐྱོང་དང་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་རིགས་གཅིག་གིས་མང་ཚོགས་ཀྱི་མཐོང་སྣང་གི་བཀའ་ཤག་ལ་འགྱུར་བ་ཐེབས་རྐྱེན་བྱས་ཡོད་པ་དང་། ལས་དོན་བྱེད་ཕྱོགས་རིགས་གཅིག་ལ་དོགས་སློང་ཡང་ཡོང་ཡོད། དཔེར་ན། ཚོགས་ཐེངས་སྔ་མའི་གྲོས་ཚོགས་སྐབས་སུ་གྲོས་ཚོགས་འཐུས་མིའི་ནང་ནས། བཀའ་ཤག་གིས་གང་ཟག་ཅིག་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་ཀྱིན་ཡོད་པ་རེད་དམ། སྒྲིག་འཛུགས་ཤིག་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་ཀྱིན་ཡོད་པ་གང་ཡིན་མགོ་ཚོས་ཀྱི་མི་འདུག་ཅེས་དོགས་འདྲི་སླེབས་ཡོད། དེ་ནས་ད་རེས་ཕྱི་དྲིལ་བཀའ་བློན་གྱིས་ལས་གནས་ནས་དགོངས་པ་ཞུས་ཏེ། མ་འོངས་པའི་སྲིད་སྐྱོང་ལ་འཛོམས་དགོས་པའི་ཁྱད་ཆོས་དགུ་བགྲངས་ཏེ། ད་ལྟའི་སྲིད་སྐྱོང་གི་བྱེད་སྟངས་ལ་དོན་གྱིས་ཕྱོགས་བསྡོམས་བརྒྱབ་ནས་བཀའ་ཤག་གི་བཀའ་བློན་ཅིག་མང་ཚོགས་ཀྱི་ཕྱོགས་སུ་ལངས་ཏེ་སྲིད་སྐྱོང་ཟེར་བ་གང་འདྲ་ཞིག་ཡིན་དགོས་པའི་ཆ་རྐྱེན་དང་། དེ་འདྲ་ཞིག་ཡོང་བར་མང་ཚོགས་ནས་འདམས་ཀ་མ་ནོར་བ་གནང་དགོས་པར་སྐུལ་འདེད་ནུས་པ་ངེས་ཅན་ལྡན་པ་འདི་ལ། གྲོས་ཚོགས་འཐུས་མི་ཞིག་གིས་སྲིད་སྐྱོང་དང་བཀའ་ཤག་གི་གནང་སྟངས་རིགས་གཅིག་ལ་དོགས་སློང་བྱས་པ་དེའི་མཇུག་མཐུད་པའི་ལེའུ་ཞིག་གི་རྣམ་པའང་ལྡན་པ་ཞིག་རེད།

བཀའ་བློན་ཟུར་པ་ཆགས་ནས་ཉིན་ཁ་ཤས་ལས་འགོར་མེད་པའི་བཀའ་ཟུར་འདིས། ལོ་བཞི་དང་ཕྱེད་ཀའི་རིང་ལ་སྲིད་སྐྱོང་བློ་བཟང་སེང་གེའི་མཉམ་པོར་ལས་ཀ་བྱས་རིང་། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་ལ་རེ་བ་འདོན་པའི་ཚབ་ལ། ད་ལྟའི་སྲིད་སྐྱོང་གི་གནས་སྟངས་གཞལ་ནས། མ་འོངས་པའི་སྲིད་སྐྱོང་ལ་འཛོམས་དགོས་ངེས་ཀྱི་ཆ་རྐྱེན་དགུ་བགྲངས་པ་འདིས། ད་ལྟའི་སྲིད་སྐྱོང་གི་བསམ་བློ་དང་ལས་ཀ་བྱེད་སྟངས་ལ་ཕྱོགས་བསྡོམས་གསལ་པོ་བྱས་སོང་། འདི་ནི། ད་ལྟའི་སྲིད་སྐྱོང་ལ་རྒྱུས་མངའ་ཆེ་ཤོས་ཀྱི་བཀའ་བློན་ཅིག་གི་ངོས་ནས། ད་ལྟའི་སྲིད་སྐྱོང་མཚན་གཞིར་བཞག་སྟེ། ང་ཚོར་མཁོ་བའི་མ་འོངས་སྲིད་སྐྱོང་ལ་ངེས་པར་ལྡན་དགོས་པའི་ཆ་རྐྱེན་གཙོ་བོ་དགུ་གསལ་སྟོན་བྱས་ཡོད། ཆ་རྐྱེན་དགུ་པོ་དེ་དག་ལ་གོ་རྒྱུ་གསལ་བོ་ཞིག་མི་འདུག་ཟེར་མཁན་ཚོས་གཤམ་གྱི་འགྲེལ་བཤད་འདི་ཀློག་རོགས། ཆ་རྐྱེན་དགུ་བོ་དེས་བསྟན་དོན་ངོ་མ་ནི་འདི་ལྟ་སྟེ།

༡༽ མ་འོངས་པའི་སྲིད་སྐྱོང་ནི་ད་ལྟའི་སྲིད་སྐྱོང་ལྟ་བུ་ཞིག་མ་ཡིན་པར། གང་ཟག་གང་ཞིག་གི་ཀུན་སློང་དང་འབད་བརྩོན་ཚང་མ་ཐུན་མོང་གི་ཁེ་ཕན་ཆེད་ནུས་ཤུགས་འདོན་ཐུབ་མཁན་ཞིག་ཡིན་་དགོས་པ།

༢༽ མ་འོངས་པའི་སྲིད་སྐྱོང་ནི་ད་ལྟའི་སྲིད་སྐྱོང་ལྟ་བུ་ཞིག་མ་ཡིན་པར། ཕྱོགས་ཡོངས་དང་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས་པ།

༣༽ མ་འོངས་པའི་སྲིད་སྐྱོང་ནི་ད་ལྟའི་སྲིད་སྐྱོང་ལྟ་བུ་ཞིག་མ་ཡིན་པར། དོན་དངོས་བརྗོད་མཁན། དྲི་ལན་དྲང་པོར་འདེབས་མཁན། ཕྱི་གསལ་ནང་གསལ་ཅན་ཞིག་ཡིན་དགོས་པ།

༤༽ མ་འོངས་པའི་སྲིད་སྐྱོང་ནི་ད་ལྟའི་སྲིད་སྐྱོང་ལྟ་བུ་ཞིག་མ་ཡིན་པར། མཉམ་ལས་དང་། ཕན་ཚུན་རྒྱབ་སྐྱོར། ལམ་སྟོན་དང་སྐུལ་འདེབས་བཅས་ལ་བརྟེན་ནས་གཞན་པའི་ནུས་པ་ཆ་ཚང་འདོན་དུ་འཇུག་མཁན་ཞིག་ཡིན་དགོས་པ།

༥༽ མ་འོངས་པའི་སྲིད་སྐྱོང་ནི་ད་ལྟའི་སྲིད་སྐྱོང་ལྟ་བུ་ཞིག་མ་ཡིན་པར། ཕྱིའི་མཐོང་སྣང་ལས་དོན་དངོས་རྩ་ཆེན་དུ་བརྩི་མཁན་ཏེ། ཕྱིའི་མཐོང་སྣང་ལས་ནང་གི་ལྗིད་ཀོག་གི་རིན་ཐང་ཤེས་མཁན་ཞིག་ཡིན་དགོས་པ།

༦༽ མ་འོངས་པའི་སྲིད་སྐྱོང་ནི་ད་ལྟའི་སྲིད་སྐྱོང་ལྟ་བུ་ཞིག་མ་ཡིན་པར། རང་གི་སྐབས་ཐོག་གི་ལས་གྲོགས་དང་ལས་ཀྱི་སྣེ་མོ་བ་སྔོན་མ་རྣམས་ཀྱི་མཛད་རྗེས་མཐོང་མཁན་ཞིག་ཡིན་དགོས་པ།

༧༽ མ་འོངས་པའི་སྲིད་སྐྱོང་ནི་ད་ལྟའི་སྲིད་སྐྱོང་ལྟ་བུ་ཞིག་མ་ཡིན་པར། རང་བསྟོད་མི་བྱེད་པར། མི་ཞིག་གི་ཤེས་ཚད་དང་འཇོན་ཐང་ལ་ཚད་བཀག་ཡོད་པ་ཤེས་མཁན་ཞིག་དང་། གཞན་པ་ལ་བློ་འདྲི་བྱེད་ཅིང་གཞན་པའི་བསླབ་སྟོན་ལ་ཉན་ཐུབ་མཁན་ཞིག་ཡིན་དགོས་པ།

༨༽ མ་འོངས་པའི་སྲིད་སྐྱོང་ནི་ད་ལྟའི་སྲིད་སྐྱོང་ལྟ་བུ་ཞིག་མ་ཡིན་པར། རང་གི་ཡོན་ཏན་གྱི་སྟེང་ལ་རྐང་པ་བཙུགས་ནས་ལངས་པ་མ་གཏོགས་༸རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་ཀྱི་བསྟོད་པ་རྣམས་སྤྱི་ཚོགས་ཀྱི་གུས་བརྩི་ཐོབ་བྱེད་ལ་བེད་སྤྱོད་མི་བྱེད་མཁན་ཞིག་དགོས་པ།

༩༽ མ་འོངས་པའི་སྲིད་སྐྱོང་ནི་ད་ལྟའི་སྲིད་སྐྱོང་ལྟ་བུ་ཞིག་མ་ཡིན་པར། སྲོལ་རྒྱུན་གྱི་ལུང་ཚན་གྱི་ཕྱོགས་ཞེན་ལྟ་བུ་ལས་བརྒལནས་ལུང་ཚན་གྱི་ཕྱོགས་ཞེན་དེ་སྒེར་གྱི་འོས་ཤོག་ཐོབ་བྱེད་དུ་བེད་སྤྱོད་མི་བྱེད་མཁན་ཞིག་དགོས་པ་བཅས་རེད།

ཆ་རྐྱེན་འདི་དག་ཚང་དགོས་པའི་མཐོང་སྣེ་དེ་གང་ནས་རག་ཡོད་དམ་ཟེར་ན། དེ་ནི་སྲིད་སྐྱོང་བློ་བཟང་སེང་གེའི་སྟེང་ལ་ཆ་རྐྱེན་འདི་དག་གི་ཟུར་ཙམ་ཡང་རེ་བ་རྒྱག་ཡུལ་ལྷག་མེད་པའི་གནས་སྟངས་གསལ་པོ་ཆགས་ཡོད་པའི་དབང་གིས། མ་འོངས་པའི་སྲིད་སྐྱོང་དེ་བློ་བཟང་སེང་གེ་ལྟ་བུ་ཞིག་མ་ཡིན་པར་ཆ་རྐྱེན་དགུ་པོ་འདི་དག་དང་། འདི་དག་གི་བརྒྱ་ཆ་ངེས་ཅན་རེ་ངེས་པར་ཚང་དགོས་པའི་སྣེ་བསྟན་པ་དང་། དེ་ཡང་རང་ཉིད་ད་ལྟའི་སྲིད་སྐྱོང་དང་མཉམ་དུ་བཀའ་བློན་ལས་ཀ་བྱས་མྱོང་མཁན་ཞིག་ཡིན་པའི་ཆ་ནས། ད་ལྟའི་གནས་བབ་ཆ་ཚང་ཤེས་མཁན་ཡིན་པའི་ཆ་ནས། ད་ལྟའི་སྲིད་སྐྱོང་གི་བསམ་བློ་དང་ལས་དོན་བྱེད་ཕྱོགས་ཐག་ཉེ་ནས་མཐོང་མཁན་ཞིག་ཡིན་པ་བཅས་ཀྱི་ཆ་ནས། སྤྱི་བའི་ཆེད་དུ་དང་། མ་འོངས་པའི་ཆེད་དུ་བཀའ་བློན་གྱི་མཚན་གནས་བློས་གཏོང་གིས་མང་ཚོགས་ཀྱི་མདུན་ལ་ཐོན་ནས་བོད་སྤྱི་པར་ཕན་གྲོགས་སྒྲུབ་པ་ཞིག་ཆགས་ཡོད་སྟབས། གུས་བརྩི་བྱེད་དགོས་པ་ཞིག་ཆགས་ཡོད།

མང་ཚོགས་ཀྱི་མདུན་ལ་ཐོན་ནས་སྐད་གསང་མཐོན་པོས་༼སྲིད་སྐྱོང་རྗེས་མ་ནི་ང་ཚོའི་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བའི་གནད་འགག་ཅིག་ཡིན༽ཞེས་ད་ལྟའི་གནས་སྟངས་དང་མ་འོངས་པ་གཉིས་བསྡུར་ནས་གནས་སྟངས་ཛ་དྲག་ཅན་ཞིག་གསལ་སྟོན་བྱེད་པའི་འགན་ཁུར་བླངས་པ་ལ་ཐུགས་རྗེ་ཆེ་ཞུ།

ངོ་སྤྲོད།

Post navigation

Previous Post: བློ་སེང་སྲིད་སྐྱོང་ལ་མི་འོས་པའི་རྒྱུ་མཚན་ཆེན་པོ་གསུམ།
Next Post: རྒྱལ་སྤྱིའི་བུད་མེད་ཉིན་མོ་ཇི་ལྟར་བྱུང་བའི་སྐོར།

Comments (15) on “བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་བཙལ་བཞིན་པའི་སྲིད་སྐྱོང་སུ་རེད།”

  1. རེ་བ་ says:
    2016-03-07 at 8:38 pm

    བདེ་སྐྱིད་ཆོས་དབྱངས་ཁོ་མོ་རང་རེད་།
    ཕན་གཏོགས་མེད་པའི་ལས་ཀ་དོན་སྙིང་མེད་པའི་སྐད་ཆ་།
    ཁ་ཐུག་ག་རེ་བྱེད་ནས་བཤད་ཐུབ་ཀྱི་ཡོད་པ་རེད་།

  2. ཇུང་ཏོག་ says:
    2016-03-07 at 9:45 pm

    མ་འོང་དང་ད་ལྟའི་སྲིད་སྐྱོང་ག་འདྲ་དགོས་མིན་བཅའ་ཁྲིམས་ནང་གསལ་བ་དེ་ལས་གང་ཟག་སྒེར་གྱི་སྲིད་སྐྱོང་གི་ཆ་རྐྱེན་འདོན་ས་མེད་པ་ནི་མང་གཙོ་(Democracy)ཡིན་པ་དང་གང་ཟག་སྒེར་གྱི་སྲིད་སྐྱོང་གི་ཆ་རྐྱེན་འདོན་ས་ཡོད་པ་དེ་དམངས་
    (Pro|etarain)ཡིན་ན་བཀའ་ཟུར་མཆོག་ནས་ང་ཚོའི་མང་གཙོ་དེ་གྲལ་རིམ་དམངས་ལ་ངོས་འཛིན་གནང་གི་ཡོད་པ་ཡིན་ནམ་།

  3. ཇུང་ཏོག་ says:
    2016-03-07 at 9:47 pm

    ནོར་བཅོས་(དམངས་གཙོ་) གཙོ་ཡར་འཇུག་རོགས་།

  4. དགྲ་འདུལ says:
    2016-03-07 at 9:51 pm

    ད་ལྟ་སྲིད་སྐྱོང་སུ་ཞིག་འོས་འདེམས་བྱས་རོང་བོད་མིའི་སྐྱིད་སྡུག་དེ་སེམས་ཐོག་ལ་གཙོ་བོར་འཛིན་དགོས། དེ་མིན་བོད་ལ་ཕན་ཅི་ཡང་མེད་པར་སྒེར་ལས་ལ་གཙོ་བཟུང་མཁན་ཞིག་འདེམས་ཚེ།
    བོད་མི་ནང་འཁྲིག་དང་དུས་ཚོད་འཕྲོ་བརླག་བྱེད་པ་ཡིན།

  5. ཅང་ཤེས་རྟ་མཆོག says:
    2016-03-07 at 11:31 pm

    བདེ་སྐྱིད་ཆོས་དབྱངས་ཀྱི་བྱེད་སྟངས་དེ། ཕན་ཐོགས་སྤུ་ཙམ་མེད་པའི་ལས་ཀ དོན་སྙིང་སྤུ་ཙམ་མེད་པའི་སྐད་ཆ། ཇི་འདྲའི་བུད་མེད་མགོ་སླ་པོ་ཞིག ཧཧཧ

  6. ཀརྨ་བློ་གསལ་ says:
    2016-03-08 at 12:01 am

    ཨ་མདོའི་ཞེ་སྡང་། དབུས་པའི་ཀླད་པ། ཁམས་པའི་ཨུ་ཚུགས་གསུམ་བདེ་ཆོས་སྟེང་དུ་འཛོམས་འདུག་པས། ག་དུས་ཀྱང་ནང་འགལ་ཅན་གྱི་སྐད་ཆ་བཤད་ནས་སྡོད་པ་ལས་ཐབས་གཞན་མེད། ཐ་ན་ཁྱོ་ག་ཡག་པོ་ཞིག་ཀྱང་རེག་མི་སྲིད།

  7. ཐོས་དགའ་རྒྱལ་མོ། says:
    2016-03-08 at 12:02 am

    གསུང་དང་ལེ་མོ་གསུང་།
    བཞུགས་སྒར་དྷ་རམ་ས་ལར། །
    ཁྲམ་པ་མི་འདུག་མ་གསུང་། །
    ཌོག་ཊར་བློ་བཟང་སེང་གེ།
    ཁྲམ་པ་མིན་ན་གང་རེད། །

  8. ཇུང་ཏོག་ says:
    2016-03-08 at 2:39 am

    དབུ་ལ་ཞུགས་མཁན་ཚོའི་མང་པོ་དཀྲུགས་ཆེ་ན་བོད་གཞིས་བྱེས་མི་མང་ནས་གོང་ས་མཆོག་ལ་སྲིད་སླར་བཞེས་རོགས་ཞུ་རྒྱུ་འཁེལ་ས་རེད་།

  9. མཁའ་འགྲོ། says:
    2016-03-08 at 3:28 am

    ཇུང་ཏོག་ལགས། དེ་འདྲ་སེམས་ཁྲལ་བྱ་དགོས་དོན་མེད། ང་ཚོའི་སྤྱི་ཚོགས་ནང་ཆབ་སྲིད་གར་འཁྲབ་མཁན་མི་ཉུང་བ་ཡོང་བཞིན་པ་ཆོས་ཉིད་རེད། སྐབས་འདིར་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་འགྲན་རྩོད་དུས་ཚོད་ཡིན། དེས་ན་༧གོང་ས་མཆོག་བཞུགས་པའི་སྐབས་མི་མང་ནས་འགན་འཁུར་ཐོག་རང་ཚུགས་བརྟན་པོ་དང་རང་ཉིད་ཀྱི་མགོ་འཁྲིད་མ་ནོར་བར་འདེམས་ཐུབ་ཚེ། བོད་ནང་ཡོད་པའི་བོད་མི་ཚོ་དང་ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེ་ཡང་ཐུགས་དགྱེས་པའི་མཆོད་པར་འགྲོ་རྒྱུ་ཡིན།

  10. སྟག་མའི་མེ་ཏོག says:
    2016-03-08 at 5:08 am

    ཆོ་མེད་ཀྱི་གཏམ་ལ་ཆོ་མེད་ཀྱི་མིས་ཀྱང་མི་ཉན། ཤོད་རྒྱུ་ཡོད་ན་དགོང་ཞུའི་ཉིན་བཤད་དགོས། ད་ཁུངས་ལུང་མེད་པའི་སྟོང་གཏམ་བཤད་དང་མི་བཤད་མི་འདུག

  11. བསྟན་རྣམ། says:
    2016-03-08 at 6:34 am

    བློ་སེང་གི་རྒྱབ་སྐྱོར་བ་རྣམས་ལ། སྐུ་ཉིད་ཀྱིས་རྒྱབ་སྐྱོར་བྱེད་སའི་སྲིད་སྐྱོང་འོས་མི་དེ་དོན་དངོས་ཐོག་རྒྱབ་སྐྱོར་བྱེད་ས་ཡག་པོ་ཞིག་ཡིན་མིན་ལ་བསམ་བློ་བཏང་མྱོང་ངམ། དེ་ལས་ཀྱང་བློ་སེང་དེ་བཟང་སྤྱོད་དང་དྲང་ཚུགས་ཅན་གྱི་ཁམས་པའི་བུ་ཡག་པོ་ཞིག་ཡིན་མིན་ལ་བསམ་བློ་བཏང་མྱོང་ངམ། ངས་བལྟས་ན་མདོ་སྟོད་རྒྱ་ཆེ་མི་མང་གིས་བློ་སེང་ལྟ་བུའི་ཁྲམ་པ་ཁྲམ་ནག་ཅིག་ལ་རྒྱབ་སྐྱོར་གྱིས་འགེབ་ཐབས་བྱས་ན་ཕན་ཐོགས་གང་ཡང་མེད། ཁོས་རང་ཉིད་ལ་ཐོབ་རྒྱུ་རེག་པའི་ཉིན་མོར་མདོ་སྟོད་མི་མང་གཡུག་ནས་གཞན་གྱི་རྐུབ་ལ་རྒྱུགས་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཡིན། དཔེར་ན། བློ་སེང་ཨ་རིར་སློབ་སྦྱོང་མ་སོང་བའི་སྔོན་དུ་ཆུ་བཞི་སྒང་དྲུག་གསར་རྙིང་གཉིས་ཀྱི་ནང་འཁྲུག་སྐབས་ཁོས་བོད་གཞུང་གི་སློབ་ཡོན་རེག་ཆེད་ཆུ་བཞི་སྒང་དྲུག་གསར་བའི་དྲུང་ཆེ་བྱས་བ་དང་ཆུ་སྒང་གསར་རྙིང་གི་ནང་འཁྲུག་ནང་ཞུགས་ཏེ་གོ་སྐབས་རེག་ཐབས་བྱས་པ་དྲན་སོས་ཀྱི་འདུག་གམ། དེའི་དུས་ཁོས་ངའི་ཨ་མ་ལགས་ཆབ་མདོ་ཡིན་ཟེར་ནས་ཆུ་སྒང་གསར་བའི་ནང་དུ་གོ་སྐབས་ལེན་ཐབས་ཅི་ཙམ་བྱས་པ་དྲན་མྱོང་ངམ། ད་སྐབས་ཁོས་ངའི་ཨ་ཕ་ལགས་ལི་ཐང་ཡིན་ཟེར་ནས་ཆུ་སྒང་རྙིང་པ་གང་འཚམ་ཡག་པོ་ཆགས་དུས་དེའི་རྒྱབ་སྐྱོར་ལེན་ཐབས་བྱེད་ཀྱི་མི་འདུག་གམ། མི་འདི་ཨ་རི་ལ་མ་སོང་སྔོན་ནས་སྐབས་འཚོལ་བ་བྱས་ཏེ་མདོ་སྟོད་ནང་ཁུལ་དུམ་བུར་འགྲོ་བར་བྱ་སྤྱོད་མང་དུ་སྤེལ་ཡོད། ད་བྱས་ན་ཁྱེད་ཚོས་དེ་ཚོ་བརྗེད་ནས་ཁོས་ཁ་ཡག་རྫུན་གཏམ་ལ་ཡིེད་ཆེས་བ་ཡ་མཚན་རེད།

  12. བྱམས་པ། says:
    2016-03-08 at 7:13 am

    ང་ནོར་མེད་ན།་ཨ་ཕ་ཆབ་མདོ་དང་། ཨ མ་ལི་ཐང་འདྲ་ཞིག་ཡིན། དངོས་ནས་བློ་སེང་སང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་། བློ་སེང་ལ་དོན་དམ་པའི་རྒྱབ་སྐྱོར་དེ་བདེན་པ་གཞི་ལ་བཞག་ནས་གླེང་རྒྱུ་དེ་རེད། དེ་མིན་སྡིག་པ་མིག་བཙུམ་དང་རང་ཉེས་འགེབ་སྲུང་བྱས་ན། བྱེད་པ་པོ་དང་བཅས་པ་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ཡིག་འབྲུ་ནག་པོ་ཆགས་རྒྱུ་ཙམ་དུ་མ་ཟད།་རང་གཞན་ཚང་མ་མཉམ་ཕུང་བྱ་རྒྱུ་ཉག་གཅིག་རེད།

  13. དམུ་ཐག་གི་བུ་རྒྱུད། says:
    2016-03-08 at 7:36 am

    རྒྱབ་སྐྱོར་བྱེད་སྟངས་འདི་དག་ལས་མཐོང་ཐུབ་པ་ནི་བོད་སྤྱི་བར་བསམ་བཞིན་མེད་པར་ཆོལ་ཁ་གཅིག་པ་ཡིན་མིན་གཙིག་འཛིན་བྱེད་བཞིན་ཡོད་པ་ཤིན་ཏུ་གསལ་ཞིང་། རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས་རང་ཉིད་ཀྱིས་རྒྱབ་སྐྱོར་བྱེད་ས་དེ་ཆོལ་ཁ་གང་གི་ཡིན་པ་ཤེས་པ་ཙམ་ལས་གཞན་གང་ཡང་ཤེས་ཀྱི་མི་འདུག འདི་ནི་བླུན་རྨོངས་མང་བའི་སྤྱི་ཚོགས་ལ་དམངས་གཙོ་མི་མཛའ་བའི་སྒྲུབ་བྱེད་ལེགས་ཤོས་དེ་ཡིན་ནོ།

  14. ཉི་མའི་བུ་རྒྱུད་ says:
    2016-03-08 at 2:40 pm

    སྒེར་གྱི་ཁེ་གྲགས་ཙམ་ཀྱི་ཆེད་མོ་རང་གིས་འཁྲབ་སྟོན་དེ་དག་བྱས་པ་རེད། དེ་ཚོ་བོད་སྤྱི་དོན་ལ་སྦྱར་ནས་གླེང་ན་གླེང་རིན་ཡོད་མ་རེད། སྤེན་ཚེ་དང་བློ་སེང་གཉིས་ལ་སྐྱེས་ཁུངས་ཀྱི་ཁྱད་པར་ཙམ་ཡོང་མོད། སྤྱི་དོན་ཐོག་ཁྱད་པར་ཞིག་མེད་ལ་གསལ་བོ་རེད། མོས་སྐབས་འདིར་མོ་རང་སྤྱི་དོན་ལ་སེམས་ཁྲལ་ཞེ་པོ་ཞིག་ཡོད་མདོག་གིས་ཅིག་བཤད་འདུག་མོད། འོ་ན་ཁྱོས་ལོ་ལྔ་མ་ཟིན་ཙམ་ཀྱི་རིང་བློ་སེང་གི་གདོང་རིས་མ་མཐོང་བ་ཡིན་ནམ། སྤེན་ཚེ་ཡང་མི་གསར་བ་ཅིང་མ་རེད། ད་ཆོག་གི ཁྱེད་ཚོར་ངོ་ཚ་རྒྱུ་མེད་ཀྱང་ང་ཚོ་སུན་གི

  15. འཇིགས་བྲལ། says:
    2016-03-08 at 3:08 pm

    ཁ་བྱང་ལ་ནོར་བ་མཛུབ་སྟོན།

    བཀའ་བློན་མ་རེད། དཱ་བཀའ་ཟུར་ལབ་དགོས་ཀྱི་ཡོད་ན་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme