Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་བློན་ཁྲི་པར་བཅར་འདྲི་ཞིག

Posted on 2012-07-20 By ཁ་བརྡ་ 21 Comments on བཀའ་བློན་ཁྲི་པར་བཅར་འདྲི་ཞིག

གློག་བརྙན་།, གསར་འགྱུར།

Post navigation

Previous Post: “མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས་”ཟེར་བ་དེ་འཆལ་གཏམ་ཞིག་ཡིན་པར་ར་སྤྲོད།
Next Post: ཤྰཀ་ཐུབ་གཤེན་རབ་གཉིས་ཀ་ཕྱི་མི་རེད།

Comments (21) on “བཀའ་བློན་ཁྲི་པར་བཅར་འདྲི་ཞིག”

  1. གནམ says:
    2012-07-20 at 9:22 pm

    པར་ལེན་པ་རྟ་མགྲིན་དབང་ཕྱུག་ལགས་ལ་ཞུ་ཡ། འཁོར་ཡུག་རང་ལག་ན་ཡོད་ས་ནས་ཁྱོད་ཀྱིས་ཅི་ཞིག་གི་ཆེད་དུ་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་ལ་ཐོད་ནས་མར་ལ་མར་བཞད་དུ་བཅད་ནས་པར་བླངས་བ་ཡིན། འཇིགས་སྣང་མེད་ན་ལ་འཚར་སྣང་ཞིག་ཡོད་ན་ཡག་པོ་ཡོད་པ་རེད་ཞུ་ཡ་ཡིན། དེ་མིན་དྲི་བ་དྲིས་ལན་ནི་ཁ་གསལ་ལ་གོ་བདེ་པོ་ཡོད་པས་རྣམ་པ་གཉིས་ལ་ཡག་བྱུང་ཞུ་ཡ་ཡིན།

  2. འཇམ་གཅེས་ says:
    2012-07-20 at 11:47 pm

    སྲིད་སྐྱོང་མཆོག་་དང་དྲི་བ་དྲི་ལེན་གནང་བས་་མཚན་པ་་དང་པོ་ཉོན་ཟིན་པ་ཡིན། སྙིང་ནས་བཀའ་དྲིན་ཆེ་སོང་། སྲིད་སྐྱོང་ལགས། ངས་འོས་ཤོག་འཕེན་ས་ནོར་མི་འདུག །ཁྱེད་ཉིད་བྱ་བ་ལམ་འགྲོ་ཡོང་བས་སྨོན་ལམ་དུས་རྟག་ཏུ་ཞུ་རྒྱུ་ཡིན། །

  3. ཤར་ཕྱོགས་ཁུག་རྟ། says:
    2012-07-21 at 12:12 am

    བོད་ནང་གི་བོད་མིའི་མངོན་འདོད་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང། བོད་ལ་རང་དབང་དགོས་པ་དེ་བཀའ་ཁྲི་ཁྱེད་ཀྱི་དམ་འབུལམ་གནང་བར་མཁྱེན་རྟོགས་བྱུང་མེད་དུས་ཞབས་འདྲེན་རེད། ༢༠༠༨ ལོར་སྐུ་ཉིད་བཀའ་ཁྲིར་ལངས་རྒྱུའི་འཆར་གཞི་མེད་པ་མ་ཟད། ༢༠༠༨ ལོའི་ཞི་བའི་ངོ་རྒོལ་སྐོར་ལ་ཐུགས་སྣང་གནང་མེད་པ་འདྲ། །

  4. བོད་ཀྱི་ན་གཞོན་། says:
    2012-07-21 at 1:14 am

    རྒྱ་ཁྱི་ཁུག་རྟ་ཁྱེད་རང་གི་ག་རེ་བཤད་ཁུལ་ཡིན། སྲིད་སྐྱོང་མཆོག་ནས་ཨ་རིའི་འབྲེལ་ཡོད་དཔོན་རིགས་མང་པོ་ཞིག་ལ་ཐུབ་འཕྲད་གནང་བ་དེར་བོད་མི་རིགས་ཀྱི་ལ་རྒྱ་ཅན་དང་རུས་པ་ཅན་ཚོའི་དགའ་བསུ་བྱེད་བཞིན་པ་རེད་། དེ་མིན་རྒྱ་ནག་གཞུང་ཕྱོགས་ནས་སྐད་ངན་མ་རྒྱབ་གོང་ཁྱེད་རང་གི་སྡུག་སྐད་ཤོར་དགོས་དོན་ག་རེ་འདུག ལོང་བ་དང་འོན་པ་མ་ཡིན་ན་ལ་རྒྱའི་གླུ་བ་ཕུལ་བྱུང་གི་གཞས་(རྒྱག་ཁྱི་)ཅེས་པ་དེ་ཐེངས་གཅིག་ཉོན།

  5. ཤེལ་དཀར་ལེགས་བཤད། says:
    2012-07-21 at 1:33 am

    དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲ་དང་འབྲེལ་ད་རེས་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དང་ལྷན་དུ་དངོས་ཡོད་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་ལན་འདེབས་གནང་བར་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཡོད། རྩ་བའི་ང་ལྟ་བུ་ཡིན་ན་ཐོག་མ་སྐུ་ཉིད་ལ་རྒྱབ་བསྐྱོར་ཞུ་མཁན་ཀྱི་ཁུངས་སུ་མེད། དེ་ནི་སྐབས་དེ་དུས་ཀྱི་གསར་འགོད་པར་ལན་འདེབས་དང་གཞི་རྩའི་བཀའ་མོལ་གནང་ཕྱོགས་ལ་བརྟེན་ནས་བྱུང་བ་དང་ཆབས་གཅིག་བོད་མིའི་ཆབ་སྲིད་ཀྱི་འཕོས་འགྱུར་ཆེན་པོ་དེ་ལམ་ལྷོང་ཡོང་མིན་ལ་གདེང་ཚོད་བརྙེད་མ་ཐུབ་པའི་དབང་གི་ཡིན། འོན་ཀྱང་སྐུ་ཉིད་ཁྲི་པ་ཆགས་པ་ནས་བཟུང་ད་བར་ཕྱག་ལས་གནང་ཕྱོགས་དང་ལྷག་པར་ཆབ་སྲིད་དང་འབྲེལ་བའི་ལན་འདེབས་དང་ཐུགས་ཐག་ཆོད་པ། ཁ་གསལ་བ། གནད་དུ་འཁེལ་བ་སོགས་ལ་བརྟེན་ད་ནི་སྐུ་ཉིད་ལ་རྒྱབ་བསྐྱོར་གཙང་མ་དང་ལས་དོན་ལམ་ལྷོང་ལེགས་གྲུབ་ཡོང་བར་སྨོན་མཁན་ཞིག་ཆགས་པ་ནི། དཔལ་ལྡན་ཁྲི་པ་མཆོག་གིས་ཆབ་སྲིད་ཀྱི་ལས་དོན་ལེགས་གྲུབ་ཡོང་བཞིན་པའི་མཚོན་རྟགས་ཤིག་ལ་བསམ་ཆོག་པ་ཡིན།

  6. སྣྲོན་ངག་ཁྲི། says:
    2012-07-21 at 1:43 am

    བོད་ནང་གི་བོད་མིའི་རང་སྲེག་གི་ལས་འགུལ་དེ་དག གྲངས་ཀ་ཙམ་གྱི་མཇུག་འབྲས་ལས་སྐྱོབ་ཆེད་དངོས་སུ་འཇོན་ཚོད་དང་མཐུན་པའི་བཀའ་མོལ་དང་། དམ་བཅའ།
    ཁས་ལེན་བཅས་འོས་ཤིང་འཚམས་པ་འགའ་དུས་དང་བསྟུན་ནས་གནང་རོགས་གནང་ཞུ་ཞུ་ཞུ།

    ཞེས་ཆེད་དུ་གསོལ་བ་འདེབས་པ་ལགས་སོ།

  7. འཇམ་གཅེས་ says:
    2012-07-21 at 1:47 am

    ཤར་ཁུག་ཁག་་མེད་ངོ་མ་ཁག་མེད། སྒེར་གྱི་སྡུག་ནད་དང་མཁོན་འཛིན་ཡོད་པ་བོད་མི་བཙན་བྱོལ་བ་ཕལ་ཆེའི་མཁྱེན་གྱི་རེད། །ཧ་ཧ་ཧ་ཧ་ཧ

  8. སྣྲོན་ངག་ཁྲི། says:
    2012-07-21 at 1:57 am

    རང་བཙན་བརྩད་ན་རང་སྐྱོང་ཐོབ་སྲིད་ཅིང་། །

    དབུ་མ་རྩོད་ནའང་རང་བཙན་ཐོབ་འགྱུར་བའི། །

    སྔར་གྱི་སྒྲུབ་བྱེད་ལར་ནས་ཡང་དང་ཡང་། །

    མང་མང་ཁས་ཆེའི་ལྷན་དུ་བསྒྲགས་མཛོད་ཀྱེ། །

  9. ཤི་བོ་ says:
    2012-07-21 at 2:05 am

    བཀའ་ཁྲི་མཆོག་དང་ཐོག་ངས་དགའ་མོས་དང་འོས་ཤོག་འཕེན་ས་ཁྱེད་ཡིན། དྲང་མོ་བཤད་ན་ང་ནོར་འདུག སྐུ་ངོ་ལ་རེ་བ་ཡ་གོ་སོང་།

  10. བོད་ཀྱི་ན་གཞོན་། says:
    2012-07-21 at 5:41 am

    དངོས་ཡོད་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་འདི་བཙན་བྱོལ་བའི་སྤྱི་ཚོགས་ནང་མཚོན་ན་ཧ་ལས་དགོས་པ་ཞིག་ཡིན་དགོས་བྱུང་། དེ་རིང་གི་གྲུབ་འབྲས་འདི་ད་བར་བཀའ་བློན་ཅེས་པའི་མིང་འདིའི་འོག་འདས་པའི་ལོ་རབས་ནང་བྱུང་མ་མྱོང་བའི་ལྷ་སྒྲུང་གལ་ཆེན་ཆགས་པ་རེད་།

  11. ལྷོ་པ་ལུང་རིགས། says:
    2012-07-21 at 7:01 am

    བཀའ་ཁྲི་བློ་བཟང་སེང་གེ་ནི། བོད་ཀྱི་གཞོན་སྐྱེས་མི་རབས་ཁྲོད་ནས་རྒྱ་ཆེའི་མང་ཚོགས་ཀྱིས་འོས་འདེམས་ཞུས་པའི་སྲིད་སྐྱོང་ཐོག་མ་ཡིན། ཁོང་གི་མཛད་འཕྲིན་ནི་བོད་ཀྱི་གཞོན་སྐྱེས་མི་རབས་ཀྱི་སྟོབས་ཤུགས་མཚོན་བྱེད་ཆགས་ཡོད། གོང་ས་སྐྱབས་མགོན་ཆེན་པོས་ཁོང་གི་ཕྱག་ལས་གནང་སྟངས་ལ་བསྔགས་བརྗོད་ལན་མང་གནང་ཡོད། ཁོང་གིས་དཀའ་ལས་རྒྱག་སྟངས་འདི་ཁ་ནས་བཤད་བསྡད་པ་མིན་པར། དོན་ངོ་མའི་ལག་ལེན་ལ་འགེལ་བཞིན་འདུག སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    ཤར་ཕྱོགས་ཁུག་རྟ་ཟེར་བ་འདིས། གཞུང་གི་སྒྲིག་གཞི་གཞིར་བཞག་གི་ཐག་གཅོད་ལ་ངོས་ལེན་མི་བྱེད་པའི་ཁར། ད་དུང་སྒེར་འཁོན་དུ་བཟུང་ནས་བཀའ་ཁྲི་བློ་སེང་གངས་ནས་འགྱིངས་སྟབས་ལ། གངས་འདབས་ཐག་རིང་ཞིག་ནས་ཟུག་སྐད་རྒྱག་པ་འདི་ཡག་པོར་མཐོང་མ་སོང་། ཤེས་ཡོན་དང་འཇོན་ཐང་ཡོད་ན། བཀའ་ཁྲི་ནང་བཞིན་མི་མང་གི་སྣེ་ཁྲིད་ཐུབ་དགོས། ཟུག་སྐད་འདོན་ནས་སྡོད་པ་ལས། བཀའ་ཁྲིའི་ཤེས་འཇོན་དང་སྤོབས་པ་ལ་སློབ་སྦྱོང་དང་རྗེས་སུ་ཡི་རང་ཞུས་ན་གང་འདྲ་འདུག

  12. གངས་རི། says:
    2012-07-21 at 8:04 am

    དགང་དགོངས་ཀྱི་འགྲོ་གླེང་སྐབས་སུ་ཏང་ཏང་བྱུག་བྱུག་ལུང་པ་གང་བཤད་སོང་ཡང་བསྐྱར་ཉོབས་སོང།
    ཁོ་བས་ངས་རྩོམ་ཡིག་གསར་ཤོག་འདུན་ལ་ཐོན་པ་མ་ད་དུང་རེ་བཟའ་ཉི་མའི་སྐབས་སུ་ཏོན་སོང་ཞེས་ཁོ་བ་ཡག་པོ་ཡོད་མདོག་མདོག་བཤད་སོང། ཁོ་བ་ཧ་ཝ་ཐོ་སློབ་ཐར་ཕྱིན་ནས་རྩོམ་ཡིག་ཚད་ལྡན་ཞིག་བྲི་ཐུབ་མེད། རྒྱལ་སྤྱིའི་ཚད་ལྡན་གང་ཡང་བྲི་ཐུབ་མེད། ད་དུང་་་་་་་་་་་་་་་་་་་་་་་་་་་་་་་།

  13. དྭངས་བླངས་པ says:
    2012-07-21 at 8:38 am

    མཆན་བུ་འགོད་དགོས་བསམ་ན་ཤར་ཁུག་ལ་ཟུར་ཟ་མ་བྱེད། ཤར་ཁུག་ལ་ཟུར་ཟ་བྱས་ན་ངས་ཁག་ཁུར་ཆོག་ཁྱེད་ཀྱི་མཆན་བུ་ག་དུས་ཡང་དྲ་ཚུགས་སུ་གཏོང་མི་སྲིད།

  14. ཤར་ཕྱོགས་ཁུག་རྟ། says:
    2012-07-21 at 12:56 pm

    དངོས་གནས་བཀའ་ཁྲིའི་སྐད་ཆ་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན། བཀའ་ལན་འདི་ལྟར་གནང་དུས་ཉོབ་འགྲོ་ཡི་རེད། ཁོང་གིས་བཅར་འདྲི་འདིར་སྐྱག་རྫུན་ཆེན་པོ་ག་ཚོད་གསུང་གི་མི་འདུག་གམ།

    ༡ ངས་སྔོན་ནས་བཤད་མྱོང། རང་སྲེག་འདི་མཚམས་ཞོག་ལབ་ན་ཡག་གི་རེད་ཅེས་དྲན་སྐུལ་བཏང་བ་ཡིན། ད་དུང་བཀའ་ཤག་ལ་རི་བོང་རྡོ་རྫིས་མ་བྱེད་རོགས་ཞེས། བཀའ་ཤག་གི་དེ་སྔའི་གསལ་བསྒྲགས་དག་གི་ཚིག་རེ་རེ་འཇུས་ནས་བཤད་ཡོད། ཚོད་བགམ་མ་བྱེད། མགོ་ལོག་རྩི་ཡི་རེད་ཅེས་སྔ་ཕྱིར་བསམ་ཚུལ་གཉིས་བྲིས་ཡོད། དེ་དུས་བཀའ་ཤག་གཅིག་པུ་མིན་པའི་ཚོད་བགམ་པ་རེ་བ་ཅན་མང་པོ་ཡོད་ཙང། ཁས་བླངས་མ་སོང། དེ་རིང་བཀའ་ཁྲིས་རང་སྲེག་མཚམས་འཇོག་རོགས་ཞེས་དང་པོ་ནས་བཤད་ཡོད་ཅེས། དབུ་ཁྲིད་ཀྱི་རྣམ་དཔྱོད་ལྡན་རབ་གསུངས་པ་འདི་གདོང་ལ་བལྟས་བལྟས་སྐྱག་རྫུན་བཤད་ཅེས་པ་དེ་རང་རེད། དེ་ལ་རྒན་དཔལ་ལྡན་རྒྱལ་གྱིས་དེ་སྔའི་རབ་རིབ་དང་གསལ་ལ་མ་གསལ་བའི་རང་སྲེག་ཐད་ཀྱི་སྲིད་བྱུས་འཛིན་ཕྱོགས་དྲངས་ནས་དྲི་བ་བསྐྱར་མ་བཏང་མ་སོང། དྲི་བ་དང་འབྲེལ་བའི་གནས་ཚུལ་རྩད་ནས་ཕྱུངས་པའི་རིག་པ་དང་རྒྱབ་ལྗོངས་ཤེས་རྟོགས་དགོས་རྒྱུ་གལ་ཆེན་རེད། རྒན་ལགས་ཀྱིས་ད་ཐེངས་དེ་ལྟར་གནང་མ་སོང། གང་ལྟར་དེ་སྔ་ནས་རང་སྲེག་ཐད་ལངས་ཕྱོགས་གསལ་བོ་གང་ཡང་ཡོད་པ་མ་རེད། དེ་ཧམ་པ་བཤད་ས་འགྲོ་ཡི་མ་རེད། ཧམ་པ་བཤད་ཀྱང་སྐྱག་པ་ཡིག་ཐོག་ཏུ་ལྷགས་བསྡད་ཡོད་པ་རེད། དེ་ལ་དབྱེ་ཞིབ་བྱེད་དགོས་ན་ངས་རེ་རེ་བཞིན་རྣམ་པ་ཚོའི་ཟས་སུ་བཤམས་ངེས། རྣམ་པ་ཚོས་ཀྱང་དོ་སྣང་གནོང་དང་ས་རིས་ཐང་གསལ་རེད་ལགས།།

    ༢ ངས་བསམ་བློ་བཏང་ནས་དམ་འབུལ་སྐབས་བོད་ནང་གི་མངོན་འདོད་འདི་འདྲ་ཞིག་ཡིན་གྱི་རེད་བསམས་ནས་དེ་ལྟར་བཤད་པ་ཡིན། ད་བལྟས་དུས་དེ་དང་གཅིག་མཚུངས་ཡོང་གི་འདུག ངས་སྐུལ་མ་བྱས་པ་མིན་སྟེ་མངོན་འདོད་ངོས་འཛིན་གནང་སྟངས་འགྲིག་མདོག་མདོག་ཐེངས་སྔ་ཕྱི་གཉིས་ལ་གསུངས་པ་རེད། དེ་སྔ་ངས་རེབ་གོང་ནས ༢༠༠༨ ལོར་ཞི་རྒོལ་གནང་སྐབས་༧སྐུ་མདུན་གྱི་པར་དང། ༧གོང་ས་གདན་ཞུ། རང་དབང་རྩོད་ལེན་ཞེས་པའི་སྐུ་པར་དང་ཡི་གེ་བྲིས་ཏེ་གནམ་དུ་འཕྱར་ནས་ཞི་རྒོལ་བྱེད་བཞིན་པའི་སྐུ་པར་དངོས་སུ་དྲ་ངོས་འདིར་བཀའ་ཁྲིས་སྐྱག་རྫུན་བཤད་པ་དེ་ཧམ་པ་ཡིན་པར་དཔང་རྟགས་ཀྱི་ལམ་ནས་ལོ་རྒྱུས་ཀྱི་དངོས་བྱུང་བཀོད་པ་ཡིན། ཡིན་ནའང། ད་ཐེངས་ཀྱང་སྐྱག་རྫུན་བཤད་རྒྱུར་འཛེམ་དོགས་ཅི་གང་མི་འདུག སྔོན་མ་ལྟར་གསུངས་སོང། ད་བྱས་དུས། བཀའ་ཁྲི་མཆོག་ལ ༢༠༠༨ ལོར་བཀའ་ཁྲིར་བཞེངས་འདོད་ཀྱི་འཆར་གཞི་མེད་པ་གསལ་བོ་རེད། གང་ཡིན་ཞེ་ན། སྐབས་དེར་བཞེངས་འཆར་ཡོད་ན། ལོ་དེའི་ཞི་རྒོལ་ལ་སེམས་ནས་མིན་རུང་ཁ་ནས་དོ་སྣང་མི་གནང་རང་གནང་རེད། ཡིན་ནའང། དོ་སྣང་གནང་མེད་སྟབས། སྐབས་དེ་ནས་བོད་མི་ཚོས ༧གོང་ས་མཆོག་གདན་འདྲེན་ཞུ་རྒྱུ་དང་བོད་ཀྱི་རང་དབང་བསྐྱར་གསོའི་མངོན་འདོད་དར་ཆ་དམིགས་བསལ་གསལ་སྟོན་བྱས་པ་མཐོང་མི་འདུག་པ་དེས། རང་ཉིད་མངོན་འདོད་དེ་གཉིས་ཀྱི་ཤིང་རྟའི་སྲོལ་འབྱེད་ལྟ་བུའམ། ཡང་ན་ཁོང་གི་ངོས་འཛིན་གྱི་ཤུགས་རྐྱེན་བོད་ལ་ཐེབས་མདོག་མདོག་འདི་འདྲ་བཤད་དེ། མདོ་རྩ་ ༼ང ༽་ཟེར་བ་འདི་ཁ་གྲགས་ཚད་ལ་བེད་སྤྱོད་གཏོང་བ་འདིས། བོད་ཀྱི་མཁས་པ་དང་བཙན་པོ་ཚོར་ཞེ་དྲག་རྒྱུས་མངའ་ཡོད་པའི་ཤར་ཕྱོགས་ཁུག་རྟ་ང་མཚོན་ན་དངོས་གནས་སེམས་སྟེང་ནས་སྙིང་འདྲ་ཞིག་རྗེ་ཡི་འདུག གསལ་བོར་བཤད་ན། ང་ཐེ་བའི་བོད་མི་ཚོའི་འཚོ་གནས་མདུན་ལམ་སྙིང་རྗེ་ཡི་འདུག་ལགས། །

    ༣ སྤྱིར་བཏང་སྐད་ཆ་ཟེར་བ་འདི་བསྐོར་བ་རྒྱབ་ནས་བསྐྱར་ཟློས་རྐྱང་རྐྱང་བྱེད་དགོས་ཚེ། མཚམས་རེར་འཁྲུགས་འགྲོ་བ་འདི་ཆོས་ཉིད་རེད། གང་ཡིན་ཞེ་ན་བློ་འཛིན་སྐྱོར་གྱི་ཡོད་པ་རེད་པཱ། དེ་ཡིན་དུས། ཟམ་གདོང་རིན་པོ་ཆེ་ནང་བཞིན་སློབ་སྦྱོང་བྱེད་དགོས་ཀྱི་རེད། དེ་མ་གཏོགས་གཞི་བྱེ་བྲག་པ་གཅིག་གི་ཐད་གཏམ་བཤད་གནང་དུས་རྒྱབ་ལྗོངས་སྤྲོས་རྒྱུ་མེད་དུས། དབུ་ཁྲིད་དེ་ཚོན་གྱིས་བྱུགས་པའི་གངས་སེང་འདྲ་བོ་ཅིག་ཡོད་པ་རེད། ཡང་ངས་ཅིག་དྲན་སོང། ད་ལོའི་དུས་འཁོར་དབང་ཆེན་སྐབས། བཀའ་ཁྲི་འདིས་བོད་ནས་གསར་འབྱོར་ཚོར་སྣེ་ལེན་ཁང་དུ་བཀའ་སློབ་གནང་སྐབས། འདི་ལྟར “བཀའ་ཁྲི་སྔོན་མ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་ངེད་གཉིས་ལ་གཟན་ཤམས་དང་སྐྱ་ཆས། མི་སྐྱ་དང་གྲྭ་བ། དགུང་ལོ་བགྲེས་པ་དང་ལོ་ཆུང་བའི་ཁྱད་པར་མ་གཏོགས། གཞན་ཁྱད་པར་གང་ཡང་ཡོད་པ་མ་རེད། གཅིག་པ་གཅིག་རྐྱང་རེད།” ཅེས་གསུངས་སོང། ང་དེ་དུས་གད་མོ་ཤོར་སོང། གསར་འབྱོར་ཚོས་ཐལ་མོ་བརྡབས་སོང་བས། སྐབས་དེའང་སེམས་སྐྱོ་མྱོང། སྐད་ཆ་དེ་ནག་བསུབ་གཏོང་ཐུབ་ཀི་མ་རེད་བསམས་ཡོད། ད་དངོས་གནས་དེ་རིང་བལྟས་དུས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་ཁྱད་པར་འདུག་གམ། ང་དྲི་བ་འདི་སེམས་ངོར་ལེན་རྒྱུར་གད་མོ་ཐཱག་ཐཱག་ཤོར་གྱི་འདུག ཨ་མྱེ་རྨ་ཆེན་མཁྱེན། ད་ཁྱད་པར་འདུག་གམ། ཨོ་དེ་འདྲ་རེད། བྱས་ཙང། དེ་ཚོ་མི་མང་གིས་མ་ཤེས་ན་རྩ་བ་ནས་འགྲིག་གི་ཡོད་པ་མ་རེད། སྐུ་ཞབས་བཀའ་ཁྲི་འགན་མེད་མཁན་ཞིག་ཡིན་ན། ཨ་རི་ནས་ང་ཕྱི་སྡོད་རྒྱ་མི་ཡིན་ལབ་ཀྱང་ཁྱད་པར་ཅི་གང་ཡོད་པ་མ་རེད། ད་ཅིག་མིན་རུང་ཡིན་པའི་ལས་ཀ་བྱེད་དགོས་ཀྱི་ཡོད་ཙང། ང་ཚོས་ག་དུས་ཡིན་ན་བཀའ་ཁྲིའི་བཀའ་མོལ་ཚིག་རེ་རེར་ཞུ་དག་དང་ཁ་གསབ་བྱས་ནས་ཁོང་ཉིད་སྨྲ་དབང་ཞིག་ཏུ་བསྒྱུར་ཨེ་ཐུབ་ལྟ་དགོས་པ་རེད། །།། བོད་རྒྱལ་ལོ། རང་སྲིད་རང་སྐྱོང་རྒྱལ་ལོ།།

    སྐབས་ཐོག་སྐབས་ཐོག་གི་གནད་འགག་རྣམས་ཅུང་གཞུང་ལུགས་དང་སྦྲགས་ནས་བྲིས་ན་འོས་མོད། ལས་བྲེལ་གྱིས་ཁ་ཕྱི་རྒྱལ་ཞིག་ཏུ་འཁོར་བ་དང་འདྲ་སྟབས། ད་ཐེངས་ཤར་མར་སྐད་ཆ་རང་གི་འགྲོས་ཀྱིས་བསམ་ཚུལ་མི་བརྗོད་ཐབས་མེད་ཆགས་སོང་བས་ཀློག་པ་པོ་རྣམས་ལ་དགོངས་འགལ་མེད་པ་ཞུ།།།

  15. དྲ་གཉིད་ says:
    2012-07-21 at 6:29 pm

    ཤར་ཁུག་ལགས་ཁྱེད་ཀྱིས་དངོས་ཡོད་གསུངས་པར་ང་ཚོ་ཁོང་ཁྲོ་ག་ནས། དེ་བས་ཉིད་ཀྱིས་བདེན་པ་གསུངས་པར་ངས་སྲོང་པོར་གནས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ་བ་དང་། རྗེས་སུ་མུ་འཐུད་ནས་སྔར་རྒྱུན་བཞིན་བདེན་པ་ཆུ་རྒྱུན་ལྟར་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།ཤར་ཁུག་རྒྱལ་ལོ།།

  16. སྟག་ལྷ་འབུམ། says:
    2012-07-21 at 11:38 pm

    ཤར་ཁུག་ལགས། ཁྱེད་རང་གིས་རང་ཉིད་ལས་གནས་ལས་ཕུད་པའི་རྒྱུ་མཚན་གྱིས་བཀའ་བློན་ཁྲི་བའི་སྐྱོན་ཆ་གང་ཐུབ་ཀྱིས་འཚོལ་བ་ནི་ཁྱེད་རང་གིས་ནོར་འཁྲུལ་ཆེ་ཤོས་རེད། དེ་ལྟར་མུ་མཐུད་བྱས་ན་མི་ཚང་མས་ཁྱེད་རང་གི་སྐད་ཆ་ཉན་མི་འདོད་པར་མ་ཟད། ཁྱེད་ནི་ཁོག་རྒྱ་དོགས་པོ་དང་སྒེར་སེམས་ཆེན་པོ་ཞིག་བརྒྱ་ཆ་བརྒྱ་ཐམ་པ་བརྩིས་ཀྱི་རེད། དེ་བས་སེམས་གཏིང་གུས་ཞབས་བྱེད་མི་ཐུབ་ཀྱང་ཚིག་ཆུང་ཆུང་ཙམ་ལ་འཇུས་ཏེ་ཁ་ཡོད་ཚད་གདངས་ནས་ངུ་འབོད་མ་བྱས་ལེགས་སྙམ། ཁྱེད་རང་སྐྱོན་བརྗོད་ག་ཚོད་བྱས་པ་ཡིན་ནའང་རང་ཉིད་ཞེ་སྡང་ངམ་འཁོན་སེམས་ཇེ་ཆེར་བཏང་མ་གཏོགས་བཀའ་བློན་ཁོང་གནོད་པ་ཐེབས་ཐུབ་ཀྱི་མ་རེད་ལ་གཟུར་བོར་གནས་པའི་བོད་མི་རྣམས་ཁྱེད་རང་གི་རྒྱབ་རྩར་ལངས་དེ་བས་ཀྱང་མི་སྲིད།

    དེ་ཙམ་དུ་མ་ཟད་ཨ་མདོ་བའམ་རེབ་གོང་བས་མི་ལ་སྐྱོན་བརྒྱབ་མ་གཏོགས་བཤད་ཤེས་ཀྱི་མ་རེད་ཅེས་གཞན་ཞིག་གིས་བཤད་ན་ཨ་མདོ་བ་འམ་རེབ་གོང་བ་མི་དེ་དང་ཁ་རྕོད་ཤོར་གྱི་རེད། དེ་འདྲའི་ཁ་རྩོད་ཤུགས་ཆེ་རུ་ཕྱིན་ན་བོད་མིའི་མཐུན་ལམ་ལ་ཏན་ཏན་གནོད་ཀྱི་རེད། དེ་འདྲ་སོང་ཙང་ཆུང་ས་རང་ཉིད་ཀྱི་སྒེར་ནད་ཙམ་ལ་ཐུགས་བསམ་མི་གནང་བར་ཆེ་ས་བོད་མའི་རྩ་དོན་དང་མཐུན་ལམ་ལ་ཐུགས་བསམ་བཞེས་རོགས་ཞེས་ལག་ཟུང་སྦྱར་ཏེ་ཞུ་བཞིན་ཡོད།

    གལ་ཏེ་ཁྱེད་རང་གིས་ངས་བོད་རྩ་དོན་བསམས་ནས་བཤད་པ་མ་གཏོགས་སྒེར་གྱི་འཁོན་ལན་མེད་ཅེས་ཚིག་རྗེས་མནའ་ཡིས་མཐུད་ཀྱང་དེ་ལ་ཡིད་ཆེས་མཁན་རེ་ཟུང་ལས་ཡོད་མི་སྲིད། རེ་ཟུང་ལས་ཀྱང་རེ་ཟུང་གིས་ཤ་ཚ་མདོག་གིས་ཁྱེད་རང་གནོད་སྐྱེལ་མི་སྲིད་པ་མིན། གོང་དུ་ཞུས་པ་རྣམས་ཁྱེད་རང་དངོས་གནས་ཤ་ཚ་ཡིན་མ་གཏོགས་སྐུ་ཉིད་ལ་མིང་ཆད་ངན་དེ་འདྲ་བཟོ་འདོད་གཏན་རྩ་བ་ཉིད་མེད་ལགས། གོང་དུ་ཞུས་པ་རྣམས་ལ་ཁྱེད་ཀྱི་ཐུགས་དགོངས་མི་འཚམས་པ་གང་ཡོད་ན་ང་ལ་ཁ་རྡུང་ག་ཚོད་བཏང་ཡང་མི་སྐྱོན་ལགས།

  17. དྲ་གཉིད་ says:
    2012-07-22 at 4:58 am

    སྐྱོན་ནི་སྤང་བྱ་ཡིན་པས་ཤེས་དགོས་ལ་ངེས་པར་དུ་སྤངས་དགོས།།

  18. Testing says:
    2012-07-24 at 11:19 pm

    ༧ དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲི་དང་འབྲེལ་ད་རེས་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དང་ལྷན་དུ་དངོས་ཡོད་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་ལན་འདེབས་གནང་བར་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཡོད། རྩ་བའི་ང་ལྟ་བུ་ཡིན་ན་ཐོག་མ་སྐུ་ཉིད་ལ་རྒྱབ་བསྐྱོར་ཞུ་མཁན་ཀྱི་ཁུངས་སུ་མེད། དེ་ནི་སྐབས་དེ་དུས་ཀྱི་གསར་འགོད་པར་ལན་འདེབས་དང་གཞི་རྩའི་བཀའ་མོལ་གནང་ཕྱོགས་ལ་བརྟེན་ནས་བྱུང་བ་དང་ཆབས་གཅིག་བོད་མིའི་ཆབ་སྲིད་ཀྱི་འཕོས་འགྱུར་ཆེན་པོ་དེ་ལམ་ལྷོང་ཡོང་མིན་ལ་གདེང་ཚོད་བརྙེད་མ་ཐུབ་པའི་དབང་གི་ཡིན། འོན་ཀྱང་སྐུ་ཉིད་ཁྲི་པ་ཆགས་པ་ནས་བཟུང་ད་བར་ཕྱག་ལས་གནང་ཕྱོགས་དང་ལྷག་པར་ཆབ་སྲིད་དང་འབྲེལ་བའི་ལན་འདེབས་དང་ཐུགས་ཐག་ཆོད་པ། ཁ་གསལ་བ། གནད་དུ་འཁེལ་བ་སོགས་ལ་བརྟེན་ད་ནི་སྐུ་ཉིད་ལ་རྒྱབ་བསྐྱོར་གཙང་མ་དང་ལས་དོན་ལམ་ལྷོང་ལེགས་གྲུབ་ཡོང་བར་སྨོན་མཁན་ཞིག་ཆགས་པ་ནི། དཔལ་ལྡན་ཁྲི་པ་མཆོག་གིས་ཆབ་སྲིད་ཀྱི་ལས་དོན་ལེགས་གྲུབ་ཡོང་བཞིན་པའི་མཚོན་རྟགས་ཤིག་ལ་བསམ་ཆོག་པ་ཡིན།

  19. Testing says:
    2012-07-24 at 11:26 pm

    ཡིན་ཡང་རླུང་འཕྲིན་ཁང་གི་དཔལ་ལྡན་རྒྱལ་ནི། གུས་ཞབས་ཀྱི་ཚིག་དང་རྣམ་འགྱུར་སྟོན་ཤེས་མཁན་གྱི་མི་ཞིག་རེད་མི་འདུག

    རྗེས་སུ་བླ་ཆེན་དང་མི་ཆེན་རྣམས་ལ་བཅའ་འདྲི་བྱེད་སྐབས་རྣམ་འགྱུར་ཅུང་ཟད་ཡག་དུ་གཏོང་ན་ལེགས་སྙམ། འདི་བོད་མི་སྤྱི་བོ་གནམ་བརྟེན་ཡོངས་ཀྱིས་གཟིགས་ཡོད་རེད། སྤྱོད་བཟང་ནི་ཀུན་ལ་དགོས་པ་ཞིག་རེད།

  20. Testing says:
    2012-07-24 at 11:36 pm

    ཤར་ཁུག་གིས་གོ་ཡ་མེད་པར་ཅི་བཤད་རེད། ཁོ་རང་མ་གཏོགས་གནས་ཚུལ་ཤེས་མཁན་མི་མེད་ཟེར་མཁན་ཞིག་རེད་ཨེ་འདུག

  21. ཇོ་ཇོ། says:
    2012-07-25 at 1:45 am

    ངས་བྱས་ན། ཤར་ཁུག་དང་བློ་སེང་གཉིས་མཚུངས་བསྡུར་བྱེད་པ་འདི་དྲང་བདེན་ཞིག་མིན་པ་དང་། ཆེད་དུ་རྙོག་མ་གཏིང་སློང་རེད། བཀའ་ཁྲིར་ཤོད་རྒྱུ་ཡོད་ན་བཀའ་ཁྲི་གཅིག་པུར་ཤོད། ཤར་ཁུག་ལ་ཤོད་རྒྱུ་ཡོད་ན་ཤར་ཁུག་གཅིག་པུར་ཤོད། ཤར་ཁུག་གི་ནོར་ན་མཐོ་གང་འཆུག་གི་རེད། བཀའ་ཁྲིས་ནོར་ན་འདོམ་གང་འཆུག་གི་རེད། ངས་བཀའ་ཁྲི་འདིར་འོས་ཤོག་འཕེན་མེད། ད་ལྟའང་བཀའ་ཁྲིའི་གཏམ་བཤད་ཀྱིས་ངའི་དང་པོའི་བསམ་བློ་ནོར་མེད་པ་ར་འཕྲོད་ཡོང་གི་འདུག ཡིན་ནའང་བཀའ་ཁྲི་ཡིན་པའི་རྒྱུ་མཚན་གྱིས་ངས་ད་སྐབས་རྒྱབ་སྐྱོར་དང་གུས་བཀུར་ཞུ་གི་ཡོད། རྒྱབ་སྐྱོར་དང་གུས་བཀུར་ཞུས་ཟེར་དུས། ལྐུགས་པའི་ཞེན་འཁོགས་ཀྱིས་བྱས་ཚད་རྒྱན་དུ་རློམས་པའི་བསྟོད་བསྔགས་རྐྱང་རྐྱང་གི་ངང་ལ་འཇོག་འདོད་མེད། མུ་མཐུད་ནོར་ན་སྐྱོད་བརྗོད་བྱེད་རྒྱུ་ཡིན། ད་དུང་འདས་པའི་ལོ་རྒྱུས་ནང་བཀའ་ཁྲིའི་སྐོར། འདོད་པ་མ་ཁེངས་པའི་དྲི་བ་འགའ་ཡོད་པ་ནས་གཅིག་ནི། ཐའེ་ཝན་གྱི་ཚོགས་པ་ཞིག་གིས་བློ་སེང་ལ་གྲོན་དངུལ་བཏང་བའི་གནས་ཚུལ་དེ་ཡོངས་གྲགས་ཆགས་སོང་ཡང་། བློ་སེང་དང་ཞེན་འཁོགས་ཀྱི་ར་བཟི་བའི་ཕྱོགས་གཏོགས་པ་རྣམས་ཀྱིས་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་སོང་། བློ་སེང་ལ་དག་པ་སྦྱིན་འདོད་པ་རྣམས་ཤོག་དང་། དོན་དག་འདིར་ལན་ཞིག་ཐོབས་དང་། དོགས་པ་ཡོད་པ་ང་གཅིག་པུ་མིན་པས་འདིའི་དོགས་སློང་སེལ་ཐུབ་ན་སྤྱི་སྒེར་ཚང་མར་ཕན་ཐོགས་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme