Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་བློན་ཁྲི་པ་ཉམས་མྱོང་དང་རྟུལ་ཕོད་ཅན་ཞིག་དགོས།

Posted on 2010-08-202010-08-20 By ཁ་བརྡ་ 2 Comments on བཀའ་བློན་ཁྲི་པ་ཉམས་མྱོང་དང་རྟུལ་ཕོད་ཅན་ཞིག་དགོས།

འགར་ཚེ་རྒྱལ།

ཅི་སྟེ་ཁ་ཤས་ཀྱིས་ཡག་རབ་རྒྱན་རབ་ཀྱིས་རྒྱན་བསྟོད་མང་པོ་ཞིག་བརྒྱན་ནས་ཡོད་མཁན་དེ་ཚོ་དང་། ཡང་ཁ་ཤས་ཤིག་ནས་བཀའ་བློན་ཁྲི་པར་ཁོ་རང་གིས་འཇོན་རབ་ཀྱི་རྨི་ལམ་གཏོང་མཁན་དེ་ཚོའི་སུ་གཅིག་ཀྱང་ཁོ་བོས་ནི་བཀའ་ཁྲིར་འོས་འདེམས་བྱས་མེད། ཡིན་ཡང་ཁོ་ཚོར་སྐྱོན་ཉེས་ཀྱི་ཕྱོགས་ཆ་ལྡན་པའི་སྐད་ཆ་ཁོ་བོར་གང་ཡང་བཤད་རྒྱུ་མེད་མོད། འོན་ཏང་ཁོ་བོ་ཡང་ད་ལྟའི་བར་ཁོར་ཡུག་འདི་ལ་རྣ་བ་གཏད་ནས་ཡོང་མཁན་ཞིག་ཡིན་ལ། ལྷག་པར་ཆེ་ཆེ་གྲགས་གྲགས་ཚོའི་མི་གཤིས་ཀུན་སྤྱོད་སོགས་ལ་དུས་རྒྱུན་ཟུར་ཉན་དང་གཟབ་བལྟ་རྟོག་ཚོར་བྱེད་རྒྱུར་དགའ་མཁན་ཞིག་ཡིན་སྟབས། ཁོ་བོར་ཡང་ཁོ་བའི་ཚོད་ཀྱིས་ལྟ་སྟངས་ཤིག་ཡོད།
ང་ཚོའི་སྤྱི་ཚོགས་འདིའི་ནང་ནད་ཡམས་ཤིག་ཡོད་པ་ནི་སྐབས་འཚོལ་བ་ཚོའི་ཕྱི་ཚུལ་གྱི་བྱ་སྤྱོད་ཀྱིས་མི་སེམས་འགུགས་ཐབས་ཀྱི་འཁྲབ་སྟོན་དེ་རེད། སྟེགས་མཐོའི་ཐོབ་དབང་དེ་རྩོལ་སྒྲུབ་བདག་བཟུང་སྐབས་སུ་མ་བབ་པ་དང་ལག་ཏུ་མ་བསྟར་བའི་སྔ་རོལ་དུ་སྐབས་འཚོལ་བ་ཚོ་ནི་མི་སེར་དཀྱུས་མ་ཚོའི་ཡིད་སེམས་འཕྲོག་པའི་མཛེས་མ་ལྟ་བུ་ཞིག་ཏུ་གྱུར་ཡོད། གཞི་ནས་ཁོ་ཚོའི་འདོད་ཐོག་ལ་རྟ་རྒྱུགས་ཏེ་རྩོལ་སྒྲུབ་དེ་བཞིན་འགྲུབ་ཉིན་ནས་དང་ཐོག་ཨ་གསར་ཀྱིས་ཆོག་ཆོག་ཡག་ཡག་གི་ངོས་ནས་བསྐྱོད་ན་ཡང་། ག་ལེ་ག་ལེར་ཁོ་ཚོའི་སྔར་འཁྲབ་སྟོན་སྐབས་ཀྱི་ངོ་གདོང་དང་ལྟ་བ་སྤྱོད་པ་ཚང་མ་རིམ་གྱིས་འགྱུར་ཏེ། དཀྱུས་མའི་མི་སེར་ཚོའི་གོང་ནས་དབང་ཡོད་ཀྱི་སྐད་ཆ་རྫིག་པོ་རེ་ཧམ་ཉམས་ཀྱིས་བཤད་ནས་ཉི་མ་གཏོང་བ་དང་། རང་དོན་དང་རང་ཕྱོགས་ཞར་བྱུང་གིས་དབྱིངས་ལ་འདེགས་ཐུབ་བྱེད་པའི་རང་གཤིས་ཤིག་ཕྱིར་མངོན་ནས་ཡོང་ཞིང་། བོད་སྤྱི་བའི་ལས་དོན་ཁྲལ་ལྟ་བུའི་ངོས་ནས་ཟ་ཟུར་ཙམ་ཞིག་ལ་འཇུས་ནས་འདུག་པ་ལས་ཁ་ཚ་དགོས་གཏུགས་ཀྱིས་སྒྲུབ་དགོས་པ་དག་ལྷོད་དང་གཡེང་ནས་བཞག་སྟེ་རུལ་དུ་འཇུག་གི་རེད། དེ་དུས་སྔོན་ཆད་ཁྱོད་ཀྱིས་སྤྱི་བོར་བཟུང་སྟེ་ཡར་ལ་བཏེགས་པའི་མི་དེར་གཞི་ནས་ཁྱོད་རང་ཡང་ཁོང་ཁྲོ་དང་ཞེན་པ་ལོག་སྲིད། དེ་ནི་ཁེ་ཕན་ཞིག་གི་ཆེད་དུ་མཛེས་མ་ཞིག་གིས་ཁྱོད་ལ་འཛུམ་བསྟན་དེ་ཕམ་ཉེས་བཏང་བ་ལྟ་བུར་ཕ་རོལ་དེའི་དམིགས་ཡུལ་ཡོད་པའི་བསླུ་བྲིད་ཀྱིས་ཁྱོད་རང་མགོ་འཐོམ་དུ་བཅུག་པ་རེད། དེ་བས་ན་བོད་དམངས་ཁྲོད་དུ་ཤོད་སྲོལ་ཞིག་ལ་༼མི་ཁོག་མིས་མི་ལོན།།རྡོ་ཁོར་ཆུས་མི་ལོན་༽ཟེར་བའི་ཞལ་གདམས་འདིའི་དོན་སྙིང་ག་དུས་ཡིན་ན་བསམ་བློ་གཏོང་དགོས་པའི་ལེགས་བཤད་ཅིག་ཡིན་པ་ཤེས་དགོས།
གང་ལྟར་ཁྱོད་རང་གིས་བཤད་པ་བཞིན་ཁྱོད་རང་དོན་དངོས་བོད་སྤྱི་དོན་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་ཕྱིན་རང་ཉིད་ཀྱི་ངོས་ནས་བཀའ་ཁྲིའི་འོས་མི་དེ་དགྲ་གཉེན་གང་ཞིག་འདེམས་ན་ཕྱོགས་གཏོགས་ཀྱི་ལྟ་བ་དེ་ཡལ་བར་དོར་ནས་རྟོག་ཞིབ་གཟབ་ནན་གྱིས་འོས་འདེམས་དེ་ནོར་དུ་མ་འཇུག་ནི་རྒྱུ་གལ་ཆེན་པོ་རེད་སེམས།
ད་ལྟའི་ང་ཚོའི་བོད་མི་རིགས་ནི་རྒྱ་ནག་གི་སྡེར་འོག་ན་གཉོམ་ལྷེང་ངེར་གཞིས་བཞུགས་པ་ཚོར་རང་དབང་དང་ཐོབ་ཐབ་མེད་པར་དཀའ་སྡུག་གང་མང་ཞིག་མྱངས་མྱོང་བཞིན་ཡོད་ནའང་། ཁོ་ཚོའི་ཆེད་དུ་སྐད་ཆ་བཤད་མཁན་དང་ཁོ་ཚོའི་ཆེད་དུ་རང་སྲོག་གཏོང་མཁན་ནི་བོད་ནང་གི་དཀྱུས་མའི་མི་སེར་ཕལ་བ་དང་རྩོམ་པ་པོ་སྐོར་ཞིག་ལས། ཆེ་ཆེ་རྫིག་རྫིག་གིས་མཐོན་པོའི་སྟེགས་ན་འགྱིང་བའི་འགོ་ཁྲིད་དང་མཁས་དབང་འགའ་ཤས་ཀྱི་བྱེད་སྟངས་བྱས་ཉེས་ནི་ཇི་འདྲ་ཞིག་ཡིན་པ་ང་ཚོས་ཤེས་གསལ་རེད།
ང་ཚོ་ཕྱི་ན་ཡོད་པའི་བཙན་བྱོལ་བ་ཚོ་ལ་ནི་འགྲོ་བ་མིའི་རིགས་ལ་དབང་བའི་འདྲ་མཉམ་གྱི་རང་དབང་དང་ཐོབ་ཐང་ཡོད་པ་མ་ཟད། གཞིས་བཞུགས་པ་ཚོ་ནང་བཞིན་རྒྱ་ནག་གི་བཙན་དབང་འོག་དཀའ་ངལ་མནར་སྡུག་ཅི་ཡང་མྱོང་མི་དགོས་པར་རང་དབང་གི་ལུང་པ་ཞིག་ན་སྐྱིད་སྐྱིད་བདེ་བདེའི་ངང་འཚོ་ཡོད་སྟབས། འུ་ཚོས་ནི་རང་ཉིད་ཁོ་ནའི་ཆེད་དུ་འདུར་རྒྱུགས་ཀྱིས་རང་ཁེ་གཉེར་ནས་མི་འདུག་པར་གཞིས་ལུས་པ་ཁོ་ཚོའི་ཆེད་དུ་ཤ་ཞེན་དང་ལ་རྒྱས་འགྲེང་སྟེ་ཧུར་བརྩོན་ཆེར་བསྐྱེད་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཐབ་རྩོད་བྱེད་དགོས་ངེས་རེད། མདོར་བསྡུས་ནས་བཤད་ན་སྟོབས་ཤུགས་དང་འཐབ་རྩོད་དེ་ནི་སོ་སོ་རང་ཉིད་ཀྱི་ཆེད་དུའང་རེད།
དེ་མཚུངས་སྐབས་སུ་བབ་པའི་ང་ཚོའི་བཀའ་བློན་ཁྲི་པ་ནི་སྤྱིའི་ཆ་ནས་བལྟས་ན་བོད་མི་རིགས་ལ་ཕམ་ཉེས་ཆག་འཇིག་ཆེ་བའི་དུས་མཚམས་འདིར་ཧ་ཅང་གི་གལ་ཆེན་ཞིག་རེད། ཡིན་ཡང་བཀའ་བློན་ཁྲི་པ་དེ་ང་ཚོ་ཕྱི་ན་ཡོད་པའི་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདིའི་ཁྱབ་རྒྱ་གཅིག་པོར་དམིགས་པའི་བཀའ་བློན་ཁྲི་པ་ཞིག་མ་ཡིན་པར་བོད་གཞིས་བྱེས་གཉིས་ཀྱི་བཀའ་བློན་ཏེ། བོད་ནང་ཁུལ་གྱི་བདེ་སྡུག་ལ་ལྷག་བསམ་གྱིས་བལྟ་ཐུབ་པའི་རྟུལ་ཕོད་ཅན་དང་། བོད་མིའི་དཀའ་སྡུག་ཁ་སེམས་གཉིས་མེད་ཀྱིས་བཤད་ཐུབ་པའི་རྟུལ་ཕོད་ཅན། བོད་སྤྱི་བའི་ལས་དོན་གང་བློ་ཐག་རྦད་བཅད་ཀྱིས་སྒྲུབ་ཐུབ་པའི་རྟུལ་ཕོད་ཅན་ཏེ་ཉམས་མྱོང་དང་སྙིང་སྟོབས་ཟུང་འབྲེལ་གྱིས་ཕྱུག་པ་ཞིག་དགོས་པ་ལས། བོད་མི་སྤྱི་བོ་གནང་བསྟན་ཀྱི་བདེ་སྡུག་གོང་ས་ཡིད་བཞིན་ནོར་བུ་ཁོང་གཅིག་པུའི་ཕྲག་ཏུ་གཏད་དེ། བཙན་བྱོལ་བོད་གཞུང་གི་སྤྱི་ཚོགས་འདི་གཅིག་པོའི་གཞུང་མང་གཉིས་ཀྱི་ལས་དོན་ཙག་ཙིག་ཙམ་ཞིག་ལྷོད་གཡེང་གིས་བསྒྲུབ་ཞོར་ཉི་མ་བསྐྱལ་ཐུབ་ཀྱིས་འགན་འཁུར་བ་ནི་དེ་ནི་མིང་ཐོབ་ཙམ་གྱི་བཀའ་བློན་ཁྲི་པ་ཡིན་པ་ལས་མིང་དོན་མཚུངས་པའི་བཀའ་བློན་ཁྲི་པ་མ་ཡིན།
ཁོ་བོས་བལྟས་ན་འདས་སོང་ནས་ད་ལྟའི་བར་བཀའ་བློན་ཁྲི་པར་ལངས་མཁན་ཚོར་བཙན་བྱོལ་སྤྱི་ཚོགས་ནང་རང་རང་སྐབས་བབ་ཆེད་སྒྲུབ་ཀྱི་ལས་དོན་ཙག་ཙིག་རེ་སྟོན་དུ་ཡོད་ནའང།བོད་སྤྱི་ཡོངས་ཀྱི་ངོས་ནས་བལྟས་ན་ཁོ་ཚོ་གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱི་རྒྱབ་ལྗོངས་འོག་མིང་ཐོབ་ཙམ་གྱིས་ལངས་པའི་བཀའ་བློན་ཁྲི་པ་རྐྱང་རེད་ལ། ད་རེས་བཀའ་བློན་ཁྲི་པའི་འོས་འདེམས་སྐབས་འདིར་བཀའ་བློན་ཁྲི་པར་རང་ངོས་ནས་ཁས་འཆེས་ཀྱིས་ལངས་མཁན་འགའ་རེ་ཡོད་པ་དེ་ཚོས་ཀྱང་སྔར་ཀྱི་བཀའ་བློན་ཁྲི་པ་ཚོའི་གཙོ་སྒྲུབ་འོས་འགན་གྱི་ཚད་བབ་གཞི་ལ་བཞག་སྟེ། སྒྲུབ་མི་ཕོད་པ་དང་མི་ཐུབ་པ་ཞིག་མེད་པའི་འདུ་ཤེས་ཀྱིས་ཕ་ཤུལ་བུ་འཛིན་གྱི་ཚུལ་ལྟར་མིང་ཐོབ་ཙམ་གྱིས་ལངས་དགོས་བསམ་པ་རེད་སེམས།
འདི་ནི་ད་ལྟའི་བར་བརྒྱུད་པའི་བཀའ་བློན་ཁྲི་པར་ལངས་ཕྱོགས་འགན་བབ་ཀྱི་ལུགས་སྲོལ་ལྟ་བུ་ཞིག་ཆགས་ཡོད་ནའང་། དོན་དངོས་སུ་བཀའ་བློན་ཁྲི་པ་ནི་བོད་མི་རིགས་ཀྱི་ད་ལྟའི་གནས་བབ་ལ་དཔག་པའི་དགོས་གལ་རང་བཞིན་ཅན་ཞིག་ཡིན་སྟབས། དེ་ནི་ཁ་བདེ་མགོ་བདེའི་སྲིད་དོན་པ་ཚོས་གོ་སྐབས་མིང་ཐོབ་ལེན་ས་ཞིག་མ་རེད་ལ། མཁས་དབང་ཡིན་མདོག་གིས་མིང་ཐོབ་ལག་འཁྱེར་འགའ་བམ་བརྩེགས་ཀྱིས་བསྟན་ནས་གོ་ཐོབ་ཁེ་གྲགས་ལེན་ས་ཞིག་དེ་བས་མ་རེད་སེམས།།
མདོར་བསྟན་དུ་བཤད་ན་མི་འགའ་ཞིག་གིས་བཀའ་བློན་ཁྲི་པར་འོས་ཆོས་སུ་མི་དེའི་སློབ་སྦྱོང་བྱས་པའི་བརྒྱུད་རིམ་གོ་ཐོབ་དང་། ལས་དོན་སོགས་ཆེ་བསྟོད་འུད་སྒྲོགས་ཀྱིས་ཤེས་ཡོན་སློབ་སྦྱོང་ཡོད་པའི་ངོས་ནས་བཀའ་བློན་ཁྲི་པར་འོས་འཚམ་ཡིན་པའི་འཛིན་སྟངས་དེ་ཙམ་གྱིས་ནི་བཀའ་བློན་ཁྲི་པ་མ་ནོར་ཡང་དག་ཅིག་ཡོང་བའི་ཐག་གཅོད་བྱེད་མི་ཐུབ། གཙོ་བོ་བཀའ་བློན་ཁྲི་པ་ནི་བོད་སྤྱི་བའི་བཟང་ཕྱོགས་ཀྱི་ལས་དོན་གང་ལ་ལྷག་བསམ་རྣམ་དག་དང་། ལས་དོན་གང་ལ་དཔྱོད་ཤེས་ཀྱི་སྒོ་ནས་ཉམས་མྱོང་ཡོད་པ། བོད་སྤྱི་བའི་ལས་དོན་གང་སྒྲུབ་པར་དཀའ་སྡུག་ལ་གདོང་ལེན་བྱེད་ཐུབ་པ། ལྷག་པར་བོད་རྒྱའི་དཀའ་རྙོག་སྐབས་རྒྱ་ནག་གི་བྱུས་ཉེས་ལ་གདོང་གཏད་དེ་བློ་སྤོབས་དང་དཔའ་མཛངས་རྟུལ་ཕོད་ཡོད་པ། དེ་མིན་བཟང་ངན་དབྱེ་འབྱེད་ཀྱིས་ལྐོག་ཟ་རུལ་སུངས་ལ་འགྲམ་ལྕགས་བཞུ་ཐུབ་པ། མི་སེར་དཀྱུས་མའི་བདེ་སྡུག་ལ་དྲང་བདེན་ཕུར་ཚུགས་སུ་ལྟ་ཐུབ་པ། བོད་མིའི་ཆོས་དང་རིག་གཞུང་གང་ན་ཉམས་ཆགས་སུ་འགྲོ་བ་དེ་གཞི་ལ་བཟུང་ནས་སྲུང་སྐྱོབ་ཀྱིས་ཆོས་དང་རིག་གཞུང་ནི་བོད་མི་རིགས་ཀྱི་ཚེ་སྲོག་ལྟ་བུར་བདག་གཉེར་རྒྱུན་འཛིན་སྤུས་གཙང་བྱེད་པའི་ལས་འགན་སྒྲུབ་ཐུབ་པ། གང་ན་བོད་མིའི་སྤྱི་ཚོགས་དང་ཁོར་ཡུག་ལ་གནོད་པའི་བྱས་ཉེས་དང་བྱ་སྤྱོད་མི་ལེགས་པ་ཡོད་ན་དེ་ཕམ་ཉེས་གཏོང་བའི་བློ་སྤོབས་ཡོད་པ། གང་ན་བོད་མིའི་སྤྱི་ཚོགས་ལ་དགོས་གལ་གསར་གཏོད་ཀྱི་རིག་གནས་གསར་པ་ཡོད་ན་དེ་ནང་འདྲེན་ཁྱབ་བརྡལ་གཏོང་བའི་ཆོད་སེམས་ཡོད་མཁན་ཞིག་ཡིན་དགོས་པར་སེམས་སོ།།
འདི་ནི་ཁོ་བོ་སྒེར་གྱི་ལྟ་ཚུལ་ཙམ་ཞིག་ཡིན་པས་གཞན་སུས་ཀྱང་ལྟ་ཚུལ་འདི་ལ་རང་འདོད་ཀྱིས་མི་འཐད་པའི་དགག་སྒྲུབ་དག་གསེད་ཀྱིས་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་ཆོག འོན་ཏང་བརྗོད་སྟངས་ཀྱི་བབ་མ་བདེ་བ་དང་མ་འགྲིག་པའི་བཤད་ཉེས་ཡོད་ན་སུ་ལ་སེམས་ངོར་ཕོག་ཐུག་མི་འགྲོ་བར་ཞུ།
མཐའ་དོན་ཁྱོད་ཀྱིས་བརྩད་རྙེད་ཀྱི་བཀའ་བློན་ཁྲི་པའི་འོས་མི་ནི་དེ་འདྲ་ཞིག་ཡིན་ནམ། གཞན་ཁྱོད་རང་བཀའ་བློན་ཁྲི་པར་ལངས་རྒྱུ་ཡིན་ཟེར་བའི་བློ་སྤོབས་དེ་བཞིན་གོང་གསལ་གྱི་བཀའ་བློན་ཁྲི་པའི་འོས་ཆོས་དེ་དག་ཁྱེད་ལ་ལྡན་ནམ། གལ་སྲིད་ཁྱེད་རང་བཀའ་བློན་ཁྲི་པར་འོས་འདེམས་བྱུང་བ་ཡིན་ན་གང་གི་དོན་བྱ་དེ་དག་འཐུས་ཚང་གིས་སྒྲུབ་ཐུབ་བམ་ཞེས་དྲི་བ་འདི་ཙམ་ཞིག་སྤྱི་ལ་ཕུལ་ཏེ་མཇུག་བསྡུ་རྒྱུ་ཡིན།

རྩོམ་རིག

Post navigation

Previous Post: བོད་མི་མང་དང་བོད་གཞུང་གི་ངོས་ནས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་བཟུང་བའི་རྣམ་འགྱུར་ཐད་བསམ་ཚུལ་བཤད་རྒྱུ་ཨེ་ཡོད།
Next Post: དབྱངས་ལ་ཐིམ་པའི་བོད། ཐོན་ལ་ཉེ་བའི་གློག་བརྙན་ཞིག

Comments (2) on “བཀའ་བློན་ཁྲི་པ་ཉམས་མྱོང་དང་རྟུལ་ཕོད་ཅན་ཞིག་དགོས།”

  1. thubtenchoglang says:
    2010-08-20 at 9:37 pm

    འགར་ཚེ་རྒྱལ་ལགས། ཁྱེད་རང་གི་ཐུགས་ལ་ཡོད་པའི་བཀའ་ཁྲིའི་འོས་གཞི་གསལ་བསྒྲགས་གནང་ན་ད་ལྟ་ཕྱིས་དྲགས་ཡོད་པ་མ་རེད།།

  2. མི་འཁྱམ། says:
    2010-08-21 at 12:14 am

    སྐུ་ཞབས་འགར་ཚེ་རྒྱལ་ལགས། ད་ལྟ་བཀའ་སྤྱི་གཉིས་ལ་གླེང་སློང་ཆེན་པོ་བྱུང་བའི་སྐབས་འདིར། འགར་ལགས་གིས་ལོ་ངོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཉམས་མྱོང་དང་རྒྱུས་ལོན་བྱས་ཏེ་འདས་ཟིན་པའི་བཀའ་བློན་ཁྲི་བ་དང༌། ད་ལྟའི་འོས་གཞིའི་ནང་དང་བླང་གི་བཀའ་བློན་ཁྲི་བའི་སྐོར་གནད་ལ་འཁེལ་བ་དང་དྲང་བོ་དྲང་རྐྱང་གིས་བསམ་ཚུལ་ཡག་པོ་གསུངས་འདུག ཡིན་ཡང༌། སྐུ་ཉིད་བཙན་བྱོལ་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་པ་ལྟར་ཀྱིས་འབྱུང་འགྱུར་བཀའ་བློན་ཁྲི་པ་ལ་སུ་འོས་མིན་གྱི་སྐད་ཆ་ཞིག་གསུང་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme