Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲིར་ནེའུ་ཡོག་མི་མང་གིས་ཕེབས་བསུ་རྒྱ་ཆེར་བྱས་འདུག

Posted on 2012-02-27 By ཁ་བརྡ་ 36 Comments on བཀའ་ཁྲིར་ནེའུ་ཡོག་མི་མང་གིས་ཕེབས་བསུ་རྒྱ་ཆེར་བྱས་འདུག

གསར་འགྱུར།

Post navigation

Previous Post: བོད་ཀྱི་དེང་དུས་དཔར་རིས་སྒྱུ་རྩལ་འགྲེམས་སྟོན་ཞིག
Next Post: ༼འོད་ཐིག༽་རྩོམ་སྐུལ་གསལ་བསྒྲགས།

Comments (36) on “བཀའ་ཁྲིར་ནེའུ་ཡོག་མི་མང་གིས་ཕེབས་བསུ་རྒྱ་ཆེར་བྱས་འདུག”

  1. མིའུ་ཕྲུག says:
    2012-02-27 at 10:03 pm

    བཀའ་ཁྲི་འམ་སྲིད་སྐྱོང་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལྷན་དུ་ཁྱེད་ནི་ང་ཚོའི་རེ་བ་དང་གཟི་བརྗིད་སྤོབས་པ་དང་མདོར་ན་ང་ཚོའི་ཡོད་ཚད་ཡིན། ཁྱེད་ནམ་ཡང་རྒྱལ་གྱུར་ཅིག།

  2. ཁཱ་ཏ་ཁ་ཏ་བ། says:
    2012-02-27 at 10:18 pm

    ང་དངོས་གའས་དགའ་སོང། སོ་སོིའ་མི་ལ་སོ་སོས་མ་རྩིས་ག་ལ་འགྲིགས། རྣམ་འགྱུར་ཙམ་མ་ཡིན་པར་ནང་ནས་དད་དགོས་རྒྱུ་གལ་འགངས་ཆེ། ང་ཚོས་ཁོང་ལ་ཆེ་མཐོང་སྤྲད་དགོས་དང་དགོས། ཁོང་གིས་ཀྱང་ང་ཚོའི་ལས་ཀ་བྱེད་ང་བྱེད། དད་པ་དམ་ཚིག་ཡག་པོ་རེད།

  3. ཨ་མ་ཆང་མ། says:
    2012-02-27 at 11:06 pm

    གློག་བརྙན་ཐུང་ཐུང་དེས་རེ་ཞིག་ང་ལ་བོད་རང་དབང་ལྡན་པའི་སྲིད་བློན་གྱི་ཕེབས་བསུ་ལྟ་བུའི་ངུ་མ་རྒོད་ཀྱི་ཚོར་བ་ཞིག་བྱུང་། ལྷག་པར། བོད་ནས་བླངས་པའི་རྒྱབ་ལྗོངས་གླུ་གཞས་དེས་ཚོར་ཤུགས་དེ་བས་སྦྱིན་བྱུང་། བོད་རྒྱལ་ལོ།

  4. Akhu Toenpa says:
    2012-02-27 at 11:39 pm

    ༈ ནིའུ་ཡོག་གི་གོ་སྒྲིག་ཚོགས་པར་སྙིང་ནས་ཐུགས་རྗེ་ཞུ་རྒྱུ་ཡིན། སྒྲ་སྒྲིག་ཡག་པོ་ཞེ་དྲག་གནང་འདུག་འོན་ཀྱང་ཨ་རི་དོན་གཅོད་མཆོག་དང་གོ་སྒྲིག་ཚོགས་པར་ཞུ་རྒྱུ་ལ། ང་ཚོའི་བཀའ་བློན་ཁྲིད་པ་མཆོག་ལ་སྐུ་སྲུང་བ་ཞིག་གྲ་སྒྲིག་གནང་མ་ཐུབ་པར་བློ་ཕམ་ཆེན་པོ་བྱུང༌། མཁས་དབང་བཀའ་བློན་ཁྲིད་པ་མཆོག་ནི། བོད་ཞེས་བྱེས་གཉིས་ནས་༧གོང་ས་མཆོག་གི་རྗེས་ལ་སྲིད་དོན་གྱི་ཆ་ནས་ཁོང་ལས་ལྷག་པ་མེད། དེར་བརྟེན་ཁོང་ས་གནས་གང་དུ་ཕེབས་ཀྱང་ས་གནས་ཁག་ནས་ངེས་པར་དུ་སྐུ་སྲུང་བ་སྒྲ་སྒྲིག་གནང་ཡ་འདི་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན། ཕྱི་རྒྱལ་འཁབ་གཞན་གྱི་བལྟ་སྟངས་ལ་ཡང་ཡག་པོ་ཡོད་པ་མ་ཚད་ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་ཀྱང་སྤོབས་པ་སྐྱེད་འོས་པ་ཞིག་ཏུ་གྱུར། ང་རང་ཚོའི་དཔོན་པོ་འམ་སྲིད་འཛིན་མཆོག་ལ་སོ་སོའི་ངོས་ནས་བརྩི་ཐོང་སྤྲོད་མ་ཐུབ་པ་ཡིན་ན་ཕྱི་རྒྱལ་འཁབ་གཞན་གྱི་བརྩི་ཐོང་སྤྲོད་རྒྱུ་ཁག་པོ་རེད། མ་འོངས་པར་བཀའ་བློན་ཁྲིད་མཆོག་ས་གནས་གང་དུ་ཕེབས་ཀྱང་བོད་གཞུང་ནས་ས་གནས་ཁག་ལ་སྐུ་སྲུང་སྒྲ་སྒྲིག་དགོས་རྒྱུ་བཀའ་སྒོ་གནང་རོགས་གནང༌། སོ་སོའི་སྲིད་འཛིན་ལ་ཐོང་ཆུང་མ་གནང་རོགས། དེ་ང་རང་བློ་ཆུང་ཞིག་གི་འབོད་སྐུལ་ཡིན། ཐུགས་རྗེ་ཆེ།།

  5. ཚ་ཕྲུག་རྒྱལ། says:
    2012-02-27 at 11:59 pm

    ཨ་རིའི་ནིའུ་ཡོག་ཏུ་གནས་སྡོད་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་མི་རིགས་ཀྱི་སྲིད་བློན་ནམ་བཀའ་ཁྲི་མཆོག་ལ་གུས་བཀུར་དང་ལྡན་པའི་ཕེབས་བསུ་ཞུས་འདུག་པར་སྤྲོ་བ་ཕེལ། ཁོང་ལ་གུས་བཀུར་བྱས་པ་ནི་བོད་མི་རིགས་ལ་གུས་བཀུར་བྱས་པ་རེད་ལ། སྲིད་བློན་ཁོང་ལ་ཆེས་ཐང་ཇི་ཙམ་གནང་བ་དེ་ཙམ་གྱིས་བོད་མི་རིགས་ལ་ཆེས་ཐང་འཇོག་པ་རེད། བོད་ཀྱི་སྲིད་བློན་གྱི་དབང་ཐང་ཇི་ཙམ་དར་བ་ཡིན་ན། བོད་མིའི་དབང་ཐང་ཡང་དེ་ཙམ་དར་སོང་བ་རེད། བོད་མིའི་སྲིད་བློན་གྱི་གཟི་བརྗིད་ཇི་ཙམ་ཆེ་བ་ཡིན་ན། བོད་འདི་གཟི་བརྗིད་ཆེ་སོང་བ་རེད། གང་ལྟར་བོད་ཀྱི་སྲིད་བློན་འདི་ནི་བོད་མིའི་སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཡིན་པས། བོད་མིའི་སྲིད་བློན་འདིའི་ལས་དོན་གང་ཞིག་ཡར་རྒྱས་དང་མར་རྒྱས་ཅི་ཞིག་འགྲོ་བ་དེ་ཙམ་གྱི་བོད་མིའི་ལས་དོན་ཡར་འདེབས་དང་མར་འདེབས་འགྲོ་བཞིན་ཡོད་པས་གངས་ལྗོངས་ལར་རྒྱ་ཅན་གྱི་བོད་མི་ཚོས་བརྗེད་མི་ཉེས།

  6. ལྷོ་མཐའི་ཕོ་ཉ says:
    2012-02-28 at 12:07 am

    སྲིད་སྐྱོང་བ་མཁས་དབང་བློ་བཟང་སེང་གེ་ལགས་འདི་ལྟར་གཟི་བརྗིད་ཀྱིས་མི་མང་གི་མདུན་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས་ཞུས་ན་ལོ་གསར་པའི་ནང་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་མ་གཟིགས་པར་ཉིན་གསུམ་རིང་སྐུ་ལྷོད་བཞུགས་གནང་བར་ངོ་རྒོལ་ཡོད། མ་འོངས་བར་འདི་ལྟར་བོད་ནང་གི་བོད་མི་ཚོའི་སེམས་ཁོངས་སུ་འདི་ཕྱོགས་ཀྱི་ལྷོད་གཡེང་གི་རྣམ་པ་དེ་མི་འཇོག་པའི་རེ་སྐུལ་ཞུ་རྒྱུ་ཡིན།

  7. བོད་ལ་ཞེན། says:
    2012-02-28 at 12:49 am

    རྒྱ་ནག་པོས་བཤད་སྟངས་ལྟར་བཤད་ན། སྲིད་སྐྱོང་བ་བློ་བཟང་སེང་གེས་སྣེ་ཁྲིད་པའི་བོད་གཞུང་གི་ཡང་དག་པའི་སྲིད་ཇུས་འོག་བོད་མི་ཚོས་རྡོག་རྩ་གཅིག་ཏུ་སྦྲིལ་དགོས་རེད།

  8. གླིང་ཕྲུག་ཚེ་རིང་ says:
    2012-02-28 at 1:05 am

    དཔེ་ཡག་པོ་འདུག
    བོད་རང་དབང་ཡོད་པའི་དམངས་གཙོའི་སྲིད་འཛིན་ཞིག་ཡིན་པའི་ཚོར་སྣང་བྱུང་སོང་ བོད་དུ་འདི་འདྲ་བྱུང་ན་ཅི་མ་རུང་སྙམ་པའི་མིག་ཆུ་ཅུང་ཟད་བྱུང་སོང་།

  9. ཀརྡོ་གཉེར་ཕྱག་པ་ says:
    2012-02-28 at 1:08 am

    སྲིད་སྐྱོང་རང་ཁ་རང་གསོ། གསར་གཏོད། རྡོག་རྩ་ཆིག་སྒྲིལ་མཆོག་ལ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཡོད་ལགས།

  10. ཀརྨ་ཡེ་ཤེས says:
    2012-02-28 at 2:34 am

    བཀའ་ཁྲི་དང་སྣེ་ལེན་པ་ཡོངས་ལ་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།

  11. བསྟན་འཛིན་ says:
    2012-02-28 at 3:01 am

    ངོ་མ་འདི་འདྲ་བྱེད་དགོས་པ་རེད། རང་མི་རང་གིས་བཀུར་དགོས་པ་རེད། ཁྱད་པར་དུ་བདེ་སྲུང་དང་། དྲིལ་སྒྲོག་གི་སྐོར་ལ་བོད་གཞུང་གིས་ཤུགས་རྒྱག་དགོས་པ་རེད། འདི་ལྟར་བྱས་ན་ང་ཚོར་རྒྱལ་ཁབ་དང་མི་དམངས་ཡོད་པའི་སྤྲོ་སྣང་སྟེར་ཞིང་མི་སེམས་སྤྲོ་བོར་འགྱུར།

  12. གསང་གྲོལ། says:
    2012-02-28 at 3:21 am

    ངའི་ངོ་དེབ་སྟེང་དུ་འདིའི་སྐོར། Sakar tashi མི་མང་གིས་བདམས་པའི་དབུ་ཁྲིད་ལ་མི་མང་གིས་འདི་ལྟར་བརྩི་མཐོང་དང་ཕེབས་བསུ་གཟབ་རྒྱབ་གནང་བ་ངོ་མ་དགའ་ནི་ཞིག་རེད།
    Jigme Amchok ཤིང་གིས་ཤིང་བཀྱག་ན་ལྷ་ཁང་ད​ང་གསེར་ཁང་།།མི་ཡིས་མི་བརྩི​ས་ན་བླ་མ་དང་དཔོན་པོ་ཟེར་བ་​བཞིན་ཚང་མས་འཁུར་ཉམས་ལེན་དང​་གུས་བརྩི་ལྟར་བྱས་པ་མཐོང་ན​ས་བོད་མི་རིགས་འདིའི་ཅིག་བྱ​ེད་ཐུབ་པ་འདུག་ག་་་་བསམ་ནས་​ཧ་ཅང་དགའ་བྱུང།
    Tashi Gyatso དཔེ་མི་སྲིད་པའི་ཡག་པོ་ཕེབས​་བསུ་ཞུས་འདུག། ང་ཚོའི་དཔོན་པོ་ལ་རང་ངོས་ནས​་མ་བཀུར་ན་སུ་ཡིས་བཀུར།

  13. Dhipam surya says:
    2012-02-28 at 4:28 am

    བཀའ་ཁྲི་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་
    སྤྱི་མཐུན་ཚོགས་པས་གྲ་སྒྲིགས་དཔེ་མི་སྲིད་གནང་འདུག་སྙིང་ནས་
    དགའ་བསུ་ཞུ།
    མ་འོངས་པ་བཀའ་ཁྲི་མཆོག་གང་དུ་ཕེབས་ཡང་སྐུ་སྲུང་སོགས་
    མཁན་ཁུར་ཡག་པོ་གནང་རོགས་གནང་ཞུ་རྒྱུ་གཙོ་བོ་ཡིན།
    དེ་མིན་ཆོས་ཟབ་ས་བདུད་ཟབ་ཟེར་བའི་དཔེ་ལྟར་གནོད་པ་བྱེད་མཁན་
    མི་ངན་དེ་འདྲ་ཡོད་མི་སྲིད་པ་མ་རེད།
    བཀའ་ཁྲི་རྒྱལ་ལོ། བོད་རྒྱལ་ལོ། བདེན་པ་རྒྱལ་ལོ།

  14. བསོད་ནམས། says:
    2012-02-28 at 6:05 am

    མི་མང་གིས་ཁོ་ལ་རྒྱབ་སྐྱོར་མ་བྱས་པ་བསམ་པ་མེད། ཡིན་ན་ཡང་ཡང་ཁོས་མི་མང་ལ་ཅི་བྱེད་རྒྱུ་བལྟ་རྒྱུ་ལྷག་ཡོད།

  15. སྦྲ་ནག་གཡག་སྙིང་། says:
    2012-02-28 at 6:09 am

    ནེའུ་ཡོག་གི་ཨ་མའི་བུ་བུ་མོ་ཚང་མར་བཀའ་དྲིན་ཆེ། གྲབས་སྒྲིགས་བྱེད་མཁན་ཚང་མར་བཀའ་དྲིན་ཆེ། ལྷག་བསམ་ཟེར་བའི་བརྙན་པར་མཁོ་སྤྲོད་བྱེད་མཁན་བཀའ་དྲིན་ཆེ། སྲིད་བློན་བློ་བཟང་སེང་གེ་བཀའ་དྲིན་ཆེ། གླུ་བ་བློ་ཁོག་ཅན་པོ་བཀའ་དྲིན་ཆེ།

    དེང་རབས་མི་ཆོས་ཟེར་བ་འདི་འདྲ་ཞིག་ལ་ཟེར་གྱི་ཡོད། རྒྱལ་སྲིད་ཟེར་བ་བསྐྱར་བཞེངས་འདི་འདྲ་བྱས་ནས་འགོ་འཛུགས་དགོས་བ་འདྲ། བོད་མགོ་ནག་དགའ་འོས་བ། རྒྱ་དམར་པོ་ཞེད་དགོས་བའི་ཆབ་སྲིད་ཀྱི་ལས་གཞི་ཆེན་མོ་ཞིག་འགོ་བརྩམས་འདུག་པ་མིག་མཐོང་ལག་ཟིན་རེད་འདུག

    ང་ཚོས་ནམ་རྒྱུན་ཡིན་ན་བཙན་བྱོལ་གཞུང་དང་སྤྱི་ཚོགས་ཀྱིས་ཅིག་འཇོན་མ་སོང་། ཉིག་འཇོན་མ་སོང་ཞེས་ཤེས་མདོག་མདོག་མང་པོ་ཞིག་བཤད་སྡོད་ཀྱིན་ཡོད་པ་རེད། ད་ལྟ་ང་ཚོའི་སེམས་དགའ་སྐྱོའི་ཀློང་ལ་གཡུག་པར་བྱེད་པའི། ང་ཚོའི་མིག་ཆུ་མོའི་ཁ་རུ་གཡེང་བར་བྱེད་པའི་བརྙནའཕྲིན་འདི་བཙན་བྱོལ་གཞུང་གི་བྱས་རྗེས་རེད། བཙན་བྱོལ་པ་ཡི་བྱས་རྗེས་རེད། བརྙན་འཕྲིན་འདིའི་རྒྱབ་ལོག་ན་ལོ་ངོ་ང་བཅུ་ལྷག་གི་རང་ལ་ཁྲག་དང་། མིག་ཆུ། རྔུལ་ཆུ་རྫོགས་མཐའ་མེད་པར་ལུད་པ་དེ་ཡོད། མིའི་ལུང་པར་སྐྱེ་དགའ་ན་འཆིའི་འཚོ་བ་རོལ་བ་དེ་ཡོད། ད་དུང་དེ་བས་ག་ལ་ཚད། འདིའི་རིགས་ལ་ང་ཚོས་བརྩི་བཀུར་དང་གདེང་འཇོག་བྱེད་དགོས།

    མདོ་དོན་བོད་ཕྱི་ནང་གང་ལ་བལྟས་ན་དུས་དང་མི་གཉིས་ཀ་འགྱུར་ནས་ཆབ་སྲིད་ཀྱི་བསམ་བློ་དང་ལས་འགུལ་སྤེལ་སྟངས་སོགས་ཡང་འགྱུར་འགྲོ་གིན་འདུག འགྱུར་ཡང་འགྱུར་དགོས། དགའ་བ་ལ།

    ང་ཚོ་ཚང་མའི་ལས་འགན་ནི་ང་ཚོའི་ཕུན་སུམ་ཚོགས་པའི་ལོ་རྒྱུས། རིག་གཞུང་། སྐད་དང་ཆོས་ལུགས་གོམས་སྲོལ་སོགས་གངས་ཅན་པ་ཚང་མ་མཉམ་པོ་དམ་པོར་འཆིང་བྱེད་འདི་ཚོའི་སྒང་ལ་དུས་དང་མཐུན་པའི་ཁ་སྣོན་གསར་བ་བྱེད་རྒྱུ་དེ་རེད། ནེའུ་ཡོག་གྲོང་ཁྱེར་ཆེན་མོའི་མགོ་ནག་རྩམ་ཟན་ཚོས་ད་རེས་ཆིག་སྒྲིལ་གྱི་ནུས་བ་གསར་བ་དེ་འདྲ་ཞིག་ཐོན་འདུག ཡིན་ཙང་ང་ཡིས་རང་གི་སྙིང་དཀྱིལ་ནས་ཚིལ་ལུ་བཀོག་ནས་ཁྱེད་ཚོར་སྤྲིང་། ཐུགས་རྗེ་ཆེ།

    བོད་རྒྱལ་ལོ།

  16. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2012-02-28 at 7:47 am

    ང་ནི། ཚང་མའི་རྐུབ་ལ་མགོ་གཏུགས་ནས་འགྲོ་མཁན་གྱི་གྲས་དེ་མིན། དེར་བརྟེན། འདི་ལ་རང་གི་ཚོར་སྣང་མདོར་ཙམ་བརྗོད་འདོད་བྱུང་།

    དང་པོ།
    བཀའ་ཁྲི་དང་ཁོང་གི་འཛིན་སྐྱོང་ལ་བརྩི་བཀུར་ཞུ་གིན་ཡོད་། རྒྱུ་མཚན། བཀའ་ཁྲི་ལགས། བོད་རིགས་ཀླད་པ་ཡོད་མེད་གཉིས་ཀས་བདམས་པ་རེད་།

    གཉིས།
    ནེའུ་ཡོག་དང་ནེའུ་རྗེར་སུའི་མི་མང་གི་ཕེབས་བསུ་དེ་ལ་ཡང་དགའ་བསུ་ཞུ། ཕེབས་བསུའི་འགོ་མཇུག་བར་གསུམ་ལ་བལྟས་བ་ཡིན། ང་ལ་ཚོར་སྣང་གཉིས་བྱུང་།

    ཚོར་སྣང་དང་པོ་དེ་། མི་མང་གིས་དགའ་སྤྲོའི་ངང་ནས་བཀའ་ཁྲི་ལ་ཕེབས་བསུ་གནང་སོང་། དེ་ཡག་པོ་འདུག་དྲན་སོང་།

    ཚོར་སྣང་གཉིས་པ་དེ་། ཕེབས་བསུ་གནང་སྟངས་ཀྱི་ཁྲོད་ན། བཀའ་ཁྲི་བླ་མ་བཟོ་གི་ཡོད་པའི་སྣང་བརྙན་འགའ་ཡང་འདུག བོད་མི་ཚོས་། བཀའ་ཁྲི་བླ་མ་མ་བཟོས་ན་ཡག་གི་རེད་དྲན། སྤྱིར་བཏང་ནས་། བོད་རིགས་རྣམས་། མཇལ་ཁ་ཞུ་བ་དང་ཕྱག་འཚལ་བ། བྱིན་རླབས་ཞུ་བ་སོགས་ལ་དགའ་བོ་ཡོད་རུང་། ད་ཡོད་བཀའ་ཁྲི་འདི་བླ་མ་མ་བཟོས་ན་ཡག་གི་དྲན།
    འདི་བླ་མ་འདྲ་བོ་ཆགས་སོང་ན། འགྱུར་བ་མང་པོ་འགག་འགྲོ་གི་རེད་དྲན། གོང་གི་འདི་གཉིས་ང་ལ་བྱུང་བའི་ཚོར་སྣང་ཙམ་ཡིན། དེ་ཙམ་ཞུ།

  17. བསྟན་འཛིན་ says:
    2012-02-28 at 7:53 am

    འདི་འདྲའི་བོད་པའི་ཆིག་སྒྲིལ་ནི་རྒྱ་དམར་གྱིས་མཐོང་ན་སྙིང་ལ་ན་ཟུག་འབྱུང་ནི་རེད། བཀོད་སྒྲིག་པ་རྣམས་ཀྱིས་ལེགས་པོ་བྱས་འདུག

  18. རྨ་རྒྱལ་སྤོམ་ར། says:
    2012-02-28 at 8:00 am

    སྲིད་སྐྱོང་བ་མཁས་དབང་བློ་བཟང་སེང་གེ་ལགས་འདི་ལྟར་གཟི་བརྗིད་ཀྱིས་མི་མང་གི་དགའ་བསུ་ཞུས་པ་ངོ་མ་ཧ་ལས་པའི་ཡག་པོ་འདུག། མིག་ཆུ་དབང་མེད་དུ་ཤོར་སོང་། བོད་ནང་ཡིན་ན་ཅི་མ་རུང་།

  19. ཐུབ་པ། says:
    2012-02-28 at 8:48 am

    xxxxxxxxxxxxxxxxxxx

  20. རྨ་རྒྱལ་སྤོམ་ར། says:
    2012-02-28 at 9:49 am

    ཐུབ་པ་ལགས་ཁྱེད་ཀྱི་ཁོག་པ་ན་སྙིང་་མེད་པ་འདྲ། ་འོ་ན་བསམ་བཞིན་དུ་འཆོར་ཁ་ཕན་ཚུན་དཀྲུག་ཤིང་ཞིག་བྱེད་བསམ་གི་ཡོད་པ་འདྲ། རི་འདིའི་ཕར་རྒྱབ་ན་ཡོད་པའི་ཨུ་ཅག་གི་དགྲ་བོའི་ཁྱེད་ལྟ་བུ་ལ་རྒྱབ་སྐྱོར་བྱེད་པ་མ་ཚད་ཁྱེད་ལ་དགོས་པའི་སྒོར་མོ་མང་པོ་སྤྲད་རྒྱུ་རེད། ད་དུང་སྐད་ཆེ་ཞིག་ཡིན་ད། དགྲ་དགའ་གཉེན་སྡུག་ངོ་མ་ཁྱེད་ཀྱི་ཟེར་སྟང་རེད་ནོར་མི་འདུག། ངས་ཁྱེད་ཀྱི་ཟིན་བྲིས་གློག་སྐབ་ཡང་མིག་ཆུ་དབང་མེད་དུ་ཤོར་སོང་། དཀོན་མཆོག་དཔང་དུ་འཇོག། གྲོགས་པོ་ལགས་ངོ་མ་ཁྱེད་ལ་བསམ་བློ་དེ་མ་སྟོག་གཞན་འཁོར་གི་མི་འདུག་ནི་འེ་རེ་་་་་ཡ་ཡ་ངོ་མ་ད་ཅི་བྱེད།

  21. པ་སངས། says:
    2012-02-28 at 9:52 am

    ཁ་བཏགས་འཐེན་ན་བླ་མ་ཡིན་པའི་འདུ་ཤེས་རང་གིས་བསམ་བློ་ཀུ་དོགས་པས་རེད། ཁ་བཏགས་བླ་མར་མ་གཏོགས་འབུལ་མི་ཆོག་པ་དེ་ནི་ང་ཚོའི་བོད་ཀྱི་གདོད་པའི་བསམ་བློའི་ནང་ཡོད་པའི་ཁ་བཏགས་ཀྱི་བེད་སྤྱོད་རེད། ཁ་བཏགས་ནི་ལྷག་བསམ་མཚོན་བྱེད་དང་དགའ་གུས་མཚོན་བྱེད་རེད། འདི་ལ་མ་འགྲིག་པ་གང་ཡང་མི་འདུག
    བརྙན་ཐུང་འདིའི་རྒྱབ་ལྗོངས་ཀྱི་གླུ་གཞས་དང་བོད་རིགས་མི་མང་གི་ཆིག་སྒྲིལ། བོད་མིའི་ནང་འཆམ་དང་ནང་འགྲིག་གི་ངོས་ངོ་མ་ཞིག་མཐོང་གིན་འདུག
    བོད་མིས་རང་མི་ལ་བཀུར་དགོས་པ་དང་བོད་མིའི་རང་མིར་བརྩི་དགོས་པ། ལྷག་པར་དུ་བཀའ་འཁྲི་ནི་མི་མིག་ཕྱེ་ཡོད་མེད་དང་ཀླད་པ་ཡོད་མེད། ཆབ་སྲིད་གོ་རྟོགས་ཡོད་མེད་ཚང་མ་མཉམ་འཛོམས་ཀྱིས་འདེམས་ཐོན་བྱུང་བ་ཡིན་པས། གལ་ཏེ་ཁྱེད་ཀྱིས་འོས་ཤོག་ཁོང་ལ་མ་འཕེན་ཡང་། དེ་རིང་དམངས་གཙོའི་འབྲས་བུ་ལ་ང་ཚོས་བརྩི་བཀུར་བྱ་དགོས་པ་ལྟར། དེ་རིང་བོད་མི་ཚོས་ང་ལ་དགའ་ཚོར་ཆེན་པོ་དང་ཚོར་བ་ཤུགས་ཆེན་སྤྲད་པ་མ་ཟད། ཉིན ཞིག་ང་ཚོ་བོད་མི་ཚོ་འདི་ལྟར་མཇལ་ན་སྤྲོ་བ་ལ།

  22. པ་སངས། says:
    2012-02-28 at 9:58 am

    ངོ་མ་རེད། རྒྱ་ནག་གིས་སྔ་ཕྱི་རུ་བོད་མི་ཚོའི་ནང་འཆམ་ལ་ཐེ་གཏོགས་དང་འགལ་ཟླར་འགྱུར་བའི་རེ་སྒུག་བྱེད་ཡོད། ཡིན་ན་ཡང་དེ་རིང་གི་བོད་མིས་རང་མིར་བཀུར་བའི་ངོས་འདིར་མཐོང་ན་རྒྱ་ནག་ཁོང་ཁྲོ་ཟ་ངེས་རེད། ང་ཚོས་བོད་མིར་རང་བཀུར་བྱེད་པ་འདི་ཡིས། ད་ལྟ་བོད་མི་ཚོར་སྡུག་བསྔལ་དང་ཚབས་ཆེན་གནས་སྟངས་ཁྲོད་དུ་ཡོད་པ་ལ་ཚང་མས་གཅིག་སྒྲིལ་གྱི་ནུས་པ་སྟོན་ཡོད་པ་མ་ཟད། བཀའ་འཁྲི་མཆོག་གིས་ཀྱང་བོད་མི་ཚོས་ཁོང་ལ་རེ་བ་ག་ཚོད་བཅོལ་ཡོད་མེད་སྐུལ་མ་བཏང་བ་རེད། ད་དུང་ཐུག་པ་ཟེར་བའི་བོད་མི་ཁྱེད་ལྟ་བུ་ཡིས་ག་དུས་ཡིན་ཡང་ནང་འཆམ་གྱོད་འགྲིག་ཡོང་བར་ཁ་གཏད་བཅག་པ་དང་། ག་དུས་ཡིན་ཡང་བོད་མི་ལ་དགའ་དགོས་པའི་ལས་ཀྱི་སྣེ་མོ་རེ་མཐོང་ན་སྐད་ཆ་ངན་པ་རེ་དང་སྐྱོན་རེ་བཙལ་རྒྱུ་ཨེ་ཡོད་པར་ལྟོས་ནས་བསྡད་འདུག
    བོད་མི་གནས་སྟངས་ཚབས་ཆེན་ཁྲོད་ཡོད་པ་རེད། བོད་མི་ཚོ་ཉིན་མཚན་མེད་པར་ངུ་ངག་གི་ཁྲོད་དུ་གནས་ཡོད། བཀའ་འཁྲིས་ཀྱང་བོད་མིའི་གནས་སྟངས་རྒྱལ་སྤྱིའི་གསར་ཁང་གི་ཁག་གི་བཅར་འདྲི་ལ་ནན་ཏན་གྱིས་ལན་འདེབས་དང་དྲིལ་བསྒྲགས་བྱེད་ཀྱིན་འདུག བོད་མི་ཚོས་གཟབ་རྒྱས་དང་རང་བཀུར་བྱེད་ན་རྒྱལ་སྤྱིའི་གསར་འགོད་པ་ཚོས་ཀྱང་འུར་ལངས་ནས་ཡོང་གི་རེད། ཏོག་ཙམ་བསམ་བློ་གཏོང་རོགས། ནང་དཀྲུག་མ་བྱོས་རོགས། སྐུ་མཁྱེན། རང་མི་ལ་ཅུང་ཙམ་གྱིས་གུས་བཀུར་བྱ་རོགས། སྐུ་མཁྱེན།

  23. པ་སངས། says:
    2012-02-28 at 10:02 am

    བཀའ་འཁྲི་ནམ་རྒྱུན་བོད་ལྭ་གྱོནཔར་དགའ་བ་ལྟར་དེ་རིང་བོད་མི་ཚོས་ཀྱང་ཕ་ཡུལ་གྱི་བོད་ལྭ་གྱོན་ནས་ངོ་གདོང་འཛུམ་དང་བརྩེ་བས་དགའ་བསུ་བྱེད་པའི་རྣམ་པས། ཕ་་ཡུལ་བོད་དུ་ལོག་འགྲོ་གི་ཡོད་པའི་སེམས་ཚོར་ཆེན་པོ་སྐྱེས་སུ་བཅུག་སོང་། བོད་མི་ཡ་རབས་ཚོ། ཨ་མའི་བུ་དང་བུ་མོ་ཚཽ།སྤྱི ཚོགས་ཀྱི་སྣེ་ཟུར་འདི་འདྲ་མཐོང་ནས་ངོ་མ་བོད་མིའི་ནང་ཁུལ་གྱི་ཆིག་སྒྲིལ་ཟེར་བ་གང་འདྲ་གལ་ཆེན་པོ་ཡིན་པ་མཐོང་སོང་། ཆིག་སྒྲིལ་དང་མཉམ་ལས་ཀྱིས་བོད་མི ཚང་མར་སེམས་ཚོར་དངོས་ཤིག་སྤྲོད་ངེས།

  24. རྨ་རྒྱལ་སྤོམ་ར། says:
    2012-02-28 at 10:18 am

    པ་སངས་ལགས་གི་གསུངས་མ་ངོ་མ་རེད། སོ་སོའི་རྒྱབ་སྐྱོར་བྱེད་མ་ཐུབ་ཀྱང་དྲྭ་ལམ་ཁག་ལ་འཛུལ་ནས་སྤུན་ཟླ་ཕན་ཚིན་དཀྲུག་ཤིང་བྱེད་འེ་ཐུབ་ལྟ་རྒྱུ་ནི་མོ་ཆོས་ལས་འདས་པ་ཞིག་རེད། དེ་ནི་དེང་སྐབས་རྒྱ་གོང་ཁྲན་དགོའི་པའི་ལག་ཆ་དངོས་དེ་རེད། དེ་བས་ཚངས་མ་མཉམ་དུ་འགྲོ། ང་ཚོ་གཅིག་སྒྲིལ་བྱེད། ནང་ཁལ་མཐུན་མོ་བྱེད། དགྲ་བོ་ཕམ་པར་བྱེད། བོད་རྒྱལ་ལོ་་་་་་་་་་

  25. མགོན་པོ་ཕྱག་གཉིས་པ། says:
    2012-02-28 at 10:41 am

    མི་མང་གིས་འདེམས་པའི་བཀའ་ཁྲི་མཆོག་ལ་མི་མང་གིས་ཕེབས་བསུ་ཡག་པོ་གནང་འདུག་པ་དེ་ཡག་པོ་རེད། མི་མང་གིས་འཚང་ཁ་ཤིག་ཤིག་གིས་བཀའ་ཁྲི་མཆོག་ལ་ཁ་བཏགས་འཐེན་པ་དང་ལག་འཇུ་བྱེད་པ་དེས། མགོ་དམངས་གཉིས་ཀྱི་བར་ཐག་ཉེ་རུ་ཕྱིན་འདུག་པ་ཚོར། བླ་མ་ཞིག་གིས་མགོ་ཁྲིད་ན་དེ་ན་བར་ཐག་ཅིག་ཡོད་པ་རེད། མི་མང་ནང་ལ་དངོས་སུ་འདྲེས་ཁག་པོ་རེད།
    ད་ངོ་མ་མི་ཆོས་དང་མཐུན་པའི་ལས་འགུལ་གང་ཞིག་གི་མགོ་རྩོམ་གྱི་ཡོད་པ་འདྲ། བོད་ནང་ལ་དོན་དག་ཅིག་བྱུང་དུས། བཀའ་སྤྱི་གཉིས་ཀྱིས་ཕྱི་རུ་ལས་འགུལ་སྤེལ་བར་དངོས་སུ་འགན་འཁུར་གྱི་ཡོད་པ་དང་། གསར་འགོད་གསལ་བསྒྲགས་སྐྱོང་གི་ཡོད་པ། གནད་ཡོད་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་ལས་ཁུངས་ཁག་ལ་བོད་ནང་གི་གནས་ཚུལ་སྙན་འབུལ་ཞུ་བཞིན་པ་འདི་ཚོ་ངོ་མ་ཡག་པོ་འདུག སྔོན་མ་ཡིན་ན། བཀའ་སྤྱི་གཉིས་ནས་འགན་ཁུར་བའི་ལས་འགུལ་ཞིག་མཐོང་མ་མྱོང་། ད་དུང་ལས་འགུལ་མ་སྤེལ་ཟེར་ནས་བཀག་འགོག་བྱས་པ་རེད།
    བཀའ་ཁྲི་མཆོག་ཨ་རིར་ཕེབས་པའི་ཉིན་ཤས་ཀྱི་དུས་ཚོད་ཐུང་ངུ་དེ་དམ་འཛིན་གནང་ནས། ཁེ་ན་ཌའི་རྒྱལ་ས་ཨོ་ཁྲ་ཝ་ལའང་ཕེབས་ཏེ་དེར་གསུང་བཤད་ཡག་པོ་གནང་སོང་ཟེར། གང་ཉིད་ཀྱི་རླབས་ཆེ་བའི་ཕྱག་ལས་ཁག་ལ་བར་ཆད་མི་ཡོང་ཞིང་སྔར་ལས་ཐུགས་བསྐྱེད་ཆེས་ཆེར་གནང་བའི་རེ་བ་ཡོད།

  26. གངས་སྨྱུག says:
    2012-02-28 at 12:48 pm

    སྲིད་སྐྱོང་ལགས་སུ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་ཡོད་པ་དེ་བཞིན་ལས་དོན་ཀུན་ལ་གེགས་མེད་ལྷུན་གྲུབ་ཡོང་བར་སྨོན།

  27. སྐྱུྐྱུྱུ་རྩི་ནས། says:
    2012-02-28 at 6:26 pm

    མི་མང་ནས་ཆེ་མཐོང་ཞུ་དགོས་ལ་རང་གི་དཔོན་པོ་ཞིག་ཡིན་པས་ཆ་ནས་ལས་འགན་ཞིག་ཀྱང་ཡོད། མི་མང་གིས་ཆེ་མཐོང་ཞུས་པ་བཞིན་དུ་བཀའ་ཁྲི་མཆོག་ནས་ཀྱང་དོན་ལ་མངགས་པའི་མངགས་པ་ཞིག་གནང་དགོས།
    དམིགས་བསལ་ད་ལྟའི་བོད་ནང་གི་གནས་སྟངས་ལ་གཟིགས་ཏེ་རྒྱལ་སྤྱི་དང་། རྒྱལ་ཁབ་ཁག་ལ་དྲིལ་བསྒྲགས་ཀྱི་

  28. བསྟན་འཛིན་ says:
    2012-02-28 at 8:56 pm

    མཆན་འགོད་པ་ལ་ལས་གཞན་ལ་ཁྱད་གསོད་བྱེད་ས་ནས། རང་ཉིད་ཀྱི་ཁོག་པ་འགྲེམ་སྟོན་བྱེད་ཀྱིན་ཡོད་པ་ཤེས་པར་མཛོད།

  29. རྒོལ་མདའ། says:
    2012-02-29 at 5:18 am

    ནེའུ་ཡོག་བོད་རིགས་ཚོགས་པའི་གོ་བསྒྲིག་པར་ཐུགས་རྗེ་ཆེ། ད་ཐེངས་བཀའ་འཁྲི་མཆོག་ལ་གུས་སྲོལ་ལྡན་པའི་སྒོ་ནས་ཕེབས་བསུ་རྒྱུ་ཆེར་གནང་བ་ལ་སྙིང་ནས་དགའ་བས་རྗེས་སུ་ཡིད་རངས།
    གཞིས་ལུས་སྤུན་ཟླ་ཚོའི་མཐོང་ན་སྙིང་སྟོབས་སྐྱེ་ངེས་རེད།

  30. གཉན་ཆེན་ཐང་ལྷ་ says:
    2012-02-29 at 9:35 am

    བོད་ཀྱི་སྲིད་བློན་མཆོག་ད་རེ་ནེའུ་ཡོག་ཏུ་ཕེབས་པ་སྤྲོ་སེམས་ཆེན་པོའི་ངང་ནས་དགའ་བསུ་ཞུ།
    བོད་ཀྱི་ལོ་རྒྱུས་སྟེང་འགོ་ཁྲིད་མཁན་ཡག་པོ་མང་པོ་བྱུང་ཡོད་པ་རེད། རྗེས་འདེད་མཁན་ཀླ་སུ་ཀློས་སེ་རྐྱང་རྐྱང་ལས་མེད། ཕང་ང་ལ།

  31. བོད་པ། says:
    2012-02-29 at 1:55 pm

    ཨ་ལ་ལ་ཧོ། ཨེ་མ་ཧོ། བོད་ཀྱི་ཆབ་སྲིད་དབུ་འཕང་མཐོ་བར་ཤོག།
    ངོ་མཚར་ཆེ། རྟེན་འབྲེལ་ཡག། རང་དབང་བདེན་མཐའ་མྱུར་དུ་གསལ་བར་ཤོག།
    སྐུ་བསོད་རྒྱས། དགེ་མཚན་འབར། སྲིད་བློན་བསམ་པའི་དོན་ཀུན་འགྲུབ་པར་ཤོག།
    བཀྲ་ཤིས་ཤོག། ཕུན་ཚོགས་ཤོག། ༧གོང་ས་མཆོག་གི་ཐུགས་བཞེད་འགྲུབ་པར་ཤོག།

  32. ་ says:
    2012-02-29 at 2:57 pm

    xxxxxxxxxxxxxxxxxxxxxx

  33. མཁས་གྲུབ says:
    2012-02-29 at 10:24 pm

    ངས་སྔོན་མར་ཁོང་ལ་འདེམ་ཤོག་འཕང་མེད། འོན་གྱང་ཁོང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བསླེབས་དུ་སྤོབས་པ་དང་སྤྲོ་སྣང་ལན་མང་གཏེར་མྱོང་། དེ་ན་ད་ལན་ཕེབས་བསུ་ལ་བཅར་ནས་ཁ་བཏགས་ཤིག་འབུལ་བའི་གོ་སྐབས་བྱུང་སོང་།

  34. བཀྲ་ཤིས། says:
    2012-02-29 at 11:40 pm

    བོད་མི་དམངས་ཀྱི་བསམ་དོན་གྲུབ་པ་ཤོགམགྱོགས་པོ་ཚང་མ་བོད་ལ་ལོག་ཐུབ་པ་ཤོག

  35. Gonpo says:
    2012-03-01 at 1:51 pm

    ང་ནི་དེང་སང་དབང་གནང་བ་དང་ཁྲི་མཐོན་པོའི་སྟེང་གི་དུས་རབ་དྲུག་པ་བདུན་པའི་ནང་རྒྱ་ནག་རྒྱལ་པོའི་བྱེད་སྟངས་ནང་འདྲེན་བྱས་ནས་ཆོས་དང་མི་འཐུན་པའི་འཁྲབ་སྟོན་མཐོང་དུས་ངུ་ཤོར་བ་དང་རླུང་ལང་གི་འདུག

    དེ་རིང་སྲིད་སྐྱོང་མཆོག་ལ་མི་དམངས་གི་སྣེ་ལེན་གནང་སྟང་མཐོང་དུས་དགའ་ནས་ངུ་ཤོར་སོང་ཁ་བ་གངས་ཅན་པ་ཚོ་
    ང་ཚོ་བོད་པ་ཡིན། ཆོས་ལུགས་ནང་པ་སངས་རྒྱས་པ་ཡིན། འདི་ཤུགས་རྒྱབ་ཤོག་་་་་་ད་ནས་ཟུང་ཆོས་ལུགས་འདི་ལྔ་དྲུག་མ་ཡིན་པར་བན་དེ་དང་བོན་པོ་ཙམ་ལ་གོམ་འདྲིན་གནང་ཤོག་ཨ

  36. འབའ་བློ། says:
    2012-03-04 at 4:03 am

    སྲིད་སྐྱོང་ལགས་དང་ནེའུ་ཡོག་གི་བོད་མི་ཚང་མ་ལ་བཀའ་དྲིན་ཆེ་ཞུ། སྲིད་སྐྱོང་མཆོག་ལ་ཞུ་རྒྱུ་ལ་ཁྱེད་ག་བ་ཕེབས་ན་རླུང་འཁོར་
    གྱི་མདུན་ལ་མ་བཞུག་རོགས་གནོང་། གང་ཡིན་ཟེར་ན་ཁྱེད་ནི་བོད་ཀྱི་སྲིད་སྐྱོང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme