Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲིའི་ཡོངས་ཁྱབ་འབོད་སྐུལ།

Posted on 2012-01-282012-01-28 By ཀླུ་ 11 Comments on བཀའ་ཁྲིའི་ཡོངས་ཁྱབ་འབོད་སྐུལ།

རྩོམ་རིག

Post navigation

Previous Post: མ་འོངས་ལུང་བསྟན་དང་། ལྷ་སའི་ཨ་ལྕག
Next Post: མེ་ལྕེའི་ཉེ་སར་བཅར་བ།

Comments (11) on “བཀའ་ཁྲིའི་ཡོངས་ཁྱབ་འབོད་སྐུལ།”

  1. lhu says:
    2012-01-28 at 6:05 am

    འདི་ནི་བོད་ནང་གི་བོད་མི་ཞིག་གིས་བཟོས་བ་དང་། གང་ཐུབ་བོད་ནང་གི་དྲ་ལམ་འཕྲིན་ལམ་ལ་དཀྲམ་བཞིན་ཡོད་ཟེར།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-01-28 at 6:10 am

    འགྲིགས་ཤག འགྲིགས་ཤག འོས་ཤིང་འཚམས་པའི་དུས་ཐོག་ཏུ་སྤེལ་བའི་ལས་འགུལ་རེད་དོ། །བཀའ་ཁྲི་རྒྱལ་ལོ། །

  3. བསྟན་འཛིན་འཕགས་པ says:
    2012-01-28 at 9:44 am

    ཤེས་འཇོན་གཉིས་ལྡན་གྱི་བཀའ་ཁྲི་མཆོག་ནས་དུས་ཐོག་བོད་བསྟན་སྲིད་ཀྱི་ཆེད་དུ་ལས་འགུལ་འདི་འདྲ་ཞིག་སྤེལ་གནང་བསྔགས་བརྗོད་དང་འཚམས་འདྲི་ཞུ།་་་མ་ཚད་ཡང་ཁྱེད་ཀྱི་གསུང་པ་བཞིན་དུ་བོད་རིགས་སྤུན་ཟླ་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་ཡུལ་ཁྲིམས་དང་མི་མཐུན་པའི་ལས་འགུལ་མི་སྤེལ་བའི་རེ་བ་ཆེ་།
    དྲ་རྒྱ་འདི་ནང་དྲ་གྲོགས་མི་ཉུང་བ་ཞིག་གི་བཀའ་ཁྲི་ལ་ཟུར་ཟ་དང་ཉེས་སྐྱོན་སོགས་གནང་གི་ཡོད་པས་དྲ་བདག་ཚོའི་འགན་འཁུར་ངེས་པར་དུ་གནང་དགོས་།

  4. ལྷག་པ་ཚེ་རིང་། says:
    2012-01-28 at 11:50 am

    འདི་བོད་ནང་དུ་འབོད་སྐུལ་བྱས་པ་མ་རེད། དེ་མ་གསེས་མ་གཏོགས། རང་གི་མགོ་ལྕོག་ཏུ་འགྱུར་སྲིད།

  5. བོད་པ་ཚང་། says:
    2012-01-28 at 1:30 pm

    ལས་འགུལ་དེ་སྤེལ་སྐབས་ཞི་བའི་སྒོ་ནས་སྤེལ་རྒྱུ་དང་། ཡུལ་ཁྲིམས་དང་མི་འགལ་བ། ཆེ་མཐོང་ལྡན་པའི་སྒོ་ནས་གནང་རོགས་ཞེས་འཁོད་འདུག་པ་དེས་སྐབས་དེའི་ལས་འགུལ་གྱི་ཁ་ཕྱོགས་བསྟན་འདུག འདི། རང་དབང་ཅན་གྱི་ཡུལ་གྲུ་ཁག་ཏུ་ཐད་ཀར་གོ་དགོས་པ་ལས་བོད་དང་བལ་ཡུལ་སོགས་ཀྱི་ནང་འགྲོ་ས་མེད་པའི་གནས་སྟངས་ཤིག་རེད་འདུག སླད་ཕྱིན་ང་ཚོ་བོད་མི་ཚོས་གྲུབ་འབྲས་མེད་པའི་ལས་འགུལ་རིགས་སྤེལ་རྒྱུར་ཐུགས་བསམ་བཞེས་གལ་ཆེ།

  6. སྦྲ་ནག says:
    2012-01-28 at 4:07 pm

    འབོད་སྐུལ་འདི་བོད་ཀྱི་ཕྱི་ལོག་ལ་ཡོད་ནོ་བོད་པ་ཚོ་ལ་འབོད་སྐོལ་གནང་བ་ཞིག་རེད། འདི་བོད་ནང་དུ་འབོད་སྐུལ་གནང་བ་ཞིག་པ་མ་རེད། དེ་མ་གསེས་མ་གཏོགས། ནོར་རེད་ད།

  7. བོད། ལྷ་ཀླུ་གཉན་གསུམ། says:
    2012-01-28 at 5:18 pm

    ལས་འགུལ་གྱི་ངོ་བོ་ནི་འཚེ་མེད་ཞི་བའི་སྒོ་ནས་ཟེར་ནས་ཡང་དང་བསྐྱར་དུ་ཕྱི་བསྡོད་བོད་མི་ང་དང་བཅས་པའི་གླེང་བ་རེད། དངོས་ནས་འཚེ་མེད་ཞི་བའི་གྱེན་བླངས་ཆེན་མོ་ཞིག་བྱེད་ས་བོད་ཡུལ་དུ་ད་ལྟ་ལྷག་ཡོད་དམ། དེ་ཡི་སྐོར་ལ་བོད་ཕྱི་བསྡོད་པ་ཚང་མས་བསམ་གཞིགས་ནན་པོ་བྱེད་རན་རེད་འདུག ད་དུང་། ཕྱི་བསྡོད་བོད་མི་ང་དང་བཅས་པའི་ཁ་རྒྱགས་པ་བཤད་པའི་ཚོད་ཅིག་གཏན་ནས་རེད་མི་འདུག ཁ་ལས་ལག་པ་མྱུར་བའི་ལས་འགུལ་རབ་དང་རིམ་པ་འགོ་ནས་ཁྲིད་དེ་བྱས་ན། གཞི་ནས་བོད་མི་དཀྱུས་མ་དག་མཉམ་ཞུགས་བྱེད་པར་སྙིང་སྟོབས་དང་ནུས་པ་བཅས་ཡོད་པར་གདོན་མི་ཟ་བ་ཡིན། དེ་ཡང་ལས་འགུལ་གྱི་སྣེ་ཁྲིད་མཁན་འགོ་ནས་བྱས་ན། ལས་འགུལ་དེ་ཡང་དོན་དང་ལྡན་པ་ཞིག་དང་གྲུབ་འབྲས་ཡོད་པ་བཅས་ཀྱི་འགན་ལེན་དེ་ཡང་འགོ་ནས་བྱེད་ཐུབ་ངེས་རེད། ད་ནི་ང་ཚོས་ངུས་དེ་བསྡོད་པའི་དུས་མ་ཡིན་པར་དབའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཀྱི་མེ་ལྕེ་དེ་ལས་སློང་བའི་ཤུལ་བཞག་གི་གྲུབ་འབྲས་ལ་ཞུགས་པའི་དུས་རེད།

  8. རིག་པའི་བུ says:
    2012-01-28 at 8:42 pm

    ལས་འགུལ་འདི་ནི་བོད་ཕྱི་ནང་གཉིས་ཀ་འབོད་སྐུལ་གནང་བ་གོ་ན་མི་འགྲིག་ལ་གང་ཡང་མེད་ལ། ཚང་མ་གཅིག་རྒྱབ་གཅིག་སྣོན་གྱིས་ལས་འགུལ་སྤེལ་རྒྱུ་ལས་ས་ཁུལ་རེ་ཟུང་དང་ལུང་ཁུལ་རེ་ཟུང་ལས་སྤེལ་མ་ཐུབ་ན་ཞི་བའི་ལས་འགུལ་ལ་ནུས་བ་ཐོན་པའི་གནས་མེད། རྒྱ་དམག་གིས་ཁྲིམས་ཞིབ་སོགས་གང་ཡང་མེད་པ་ཁ་ཐུག་གིས་བོད་མི་དམར་གསོད་བཏང་མུ་མཐུད་དུ་བཏང་ངེས་རེད་ལ། ད་ལྟ་བཏང་བ་ཤུགས་བ་ནི་མ་འོངས་བ་ཤུགས་ཆེར་འགྲོ་ངེས་རེད། མ་གཞི་ད་ལྟ་དམར་དམག་གིས་བོད་མི་དམར་གསོད་བཏང་བ་ནི་རྒྱ་ནག་གི་ཡུལ་ཁྲིམས་དང་འགལ་བས་ངེས་བར་དུ་བོད་པ་ཀུན་གྱིས་གཅིག་རྒྱབ་གཅིག་གིས་ངོ་རྒོལ་བྱེད་གལ་གལ་ཆེ། ལྷག་པར་བོད་དུ་དེ་ལྟར་གནང་གལ་ཆེ། དེ་ལྟར་མིན་ན་ལངས་མཁན་ཚོ་གྱོང་གུད་རེག་ཅིང་བོད་ཀྱི་འཐབ་རྩོད་ལ་ནུས་ཤུགས་ཐོན་པའི་གནས་མེད། སྤུན་ཟླ་ཚོ། ཨ་མའི་བུ་ཡིན་ན་ལྟེ་མོ་ལྟོས་ནས་མ་འདུག་པ་གཅིག་རྒྱབ་གིས་སྐྱོར་བ་མཁྱེན། ཁྲིམས་དང་མཐུན་པའི་སྒོ་ནས་གཅིག་རྒྱབ་གཅིག་གིས་ཡོང་བ་ཞུ། ཞི་བའི་ལས་འགུལ་གྱི་ཁྱད་ཆོས་ཡང་ཚང་མ་མཉམ་ཞུགས་བྱེད་པའི་གོ་སྐབས་ཡོད་པས་རེད། དཔའ་བོ་དང་ས྄ར་མ། མཁས་བ་དང་དབུལ་པོའི་དབྱེ་བ་མེད་པ་མཉམ་ཞུགས་བྱེད་ཐུབ། ད་ལྟ་གཅིག་རྒྱབ་གཅིག་གུས་་ལངས་མ་ཐུབ་ན་ད་བརི་གྲོངས་བའི་དོན་མེད་རེད་ལ། དམར་ཕྱོགས་ཚོགས་པ་ངན་ལངས་བཏང་བས་བོད་མི་རྣམས་མུ་མཐུད་དུ་དམར་གསོད་བྱེད་ངེས་རེད། གང་བྱུང་གིས་དམར་གསོད་བཏང ངེས་རེད། རྒྱུ་མཚན་ནི་དྲགས་པོས་སྐྱོང་ན་བོད་པས་ཁ་ན་ཉན་པ་འདོད་ནས་བྱེུད་ངེས་རེད། མཐར་བོད་ཅེས་ན་མགོ་གནམ་ལ་འཁུར་མི་ཐུབ་བཟོས་ནས་བོད་འདི་འཇིག་ངེས་རེས།

  9. རིག་པའི་བུ says:
    2012-01-28 at 8:44 pm

    ལས་འགུལ་འདི་ནི་བོད་ཕྱི་ནང་གཉིས་ཀ་འབོད་སྐུལ་གནང་བ་གོ་ན་མི་འགྲིག་ལ་གང་ཡང་མེད་ལ། ཚང་མ་གཅིག་རྒྱབ་གཅིག་སྣོན་གྱིས་ལས་འགུལ་སྤེལ་རྒྱུ་ལས་ས་ཁུལ་རེ་ཟུང་དང་ལུང་ཁུལ་རེ་ཟུང་ལས་སྤེལ་མ་ཐུབ་ན་ཞི་བའི་ལས་འགུལ་ལ་ནུས་བ་ཐོན་པའི་གནས་མེད། རྒྱ་དམག་གིས་ཁྲིམས་ཞིབ་སོགས་གང་ཡང་མེད་པ་ཁ་ཐུག་གིས་བོད་མི་དམར་གསོད་བཏང་མུ་མཐུད་དུ་བཏང་ངེས་རེད་ལ། ད་ལྟ་བཏང་བ་ཤུགས་བ་ནི་མ་འོངས་བ་ཤུགས་ཆེར་འགྲོ་ངེས་རེད། མ་གཞི་ད་ལྟ་དམར་དམག་གིས་བོད་མི་དམར་གསོད་བཏང་བ་ནི་རྒྱ་ནག་གི་ཡུལ་ཁྲིམས་དང་འགལ་བས་ངེས་བར་དུ་བོད་པ་ཀུན་གྱིས་གཅིག་རྒྱབ་གཅིག་གིས་ངོ་རྒོལ་བྱེད་གལ་གལ་ཆེ། ལྷག་པར་བོད་དུ་དེ་ལྟར་གནང་གལ་ཆེ། དེ་ལྟར་མིན་ན་ལངས་མཁན་ཚོ་གྱོང་གུད་རེག་ཅིང་བོད་ཀྱི་འཐབ་རྩོད་ལ་ནུས་ཤུགས་ཐོན་པའི་གནས་མེད། སྤུན་ཟླ་ཚོ། ཨ་མའི་བུ་ཡིན་ན་ལྟེ་མོ་ལྟོས་ནས་མ་འདུག་པ་གཅིག་རྒྱབ་གིས་སྐྱོར་བ་མཁྱེན། ཁྲིམས་དང་མཐུན་པའི་སྒོ་ནས་གཅིག་རྒྱབ་གཅིག་གིས་ཡོང་བ་ཞུ། ཞི་བའི་ལས་འགུལ་གྱི་ཁྱད་ཆོས་ཡང་ཚང་མ་མཉམ་ཞུགས་བྱེད་པའི་གོ་སྐབས་ཡོད་པས་རེད། དཔའ་བོ་དང་ས྄ར་མ། མཁས་བ་དང་དབུལ་པོའི་དབྱེ་བ་མེད་པ་མཉམ་ཞུགས་བྱེད་ཐུབ། ད་ལྟ་གཅིག་རྒྱབ་གཅིག་གུས་་ལངས་མ་ཐུབ་ན་ད་བར་དུ་གྲོངས་བ་དོན་མེད་རེད་ལ། དམར་ཕྱོགས་ཚོགས་པ་ངན་ལངས་བཏང་བས་བོད་མི་རྣམས་མུ་མཐུད་དུ་དམར་གསོད་བྱེད་ངེས་རེད། གང་བྱུང་གིས་དམར་གསོད་བཏང་བྱེད་ངེས་རེད། རྒྱུ་མཚན་ནི་དྲགས་པོས་སྐྱོང་ན་བོད་པས་ཁ་ན་ཉན་པ་འདོད་ནས་བྱེད་ངེས་རེད། མཐར་བོད་ཅེས་ན་མགོ་གནམ་ལ་འཁུར་མི་ཐུབ་བཟོས་ནས་བོད་འདི་འཇིག་ངེས་རེས། གཅིག་རྒྱབ་གཅིག་གི་ལངས་མ་ཐུབ་ན་འཇིག་ངེས་རེད།

  10. རིག་པའི་རལ་གྲི says:
    2012-01-29 at 5:22 am

    རྣ་བ་ཐང་པོ་ཡོད་པ་ཡོངས་དང་། ལྷག་པར་བོད་མིས་ཆོས་ཕྱོགས་དང་། བོད་རྒྱུད་ནང་བསྟན་སྙིང་པོ་མ་རྟོགས་པ་ཡོངས་ལ་ཞུ་རྒྱུར། རང་ལུས་མེ་སྲེག་གིས་ཞི་བའི་ངོ་རྒོལ་འདི། རང་ལས་གཞན་གཅེས་ཀྱི་བརྩེ་བ་དང་། དཀྱིལ་ཤར་ཡུལ་གྲུས་འཁྲུགས་རྩོད་ཀྱིས་འཕོང་མེད་སྟོང་ཚོ་མང་པོའི་ཚེ་སྲོག་གཏོང་བ་ལས་ཀྱང་རྒྱལ་སྤྱི་ཤེས་ལྡན་མི་སྣར་བོད་ནང་གི་གནས་ཚུལ་གསལ་རྗེན་སྟོན་ནུས་པའི་མཁྱེན་རྩལ་བླ་ན་མེད་པ་ཞིག་ཡུ་ངོས་འཛིན་ཞུ་རྒྱུ་ཡིན། དཀྱིལ་ཤར་ཡུལ་གྲུ་ནང་བཞིན་གྱི་དྲག་པོའི་དཔུང་དང་། སྟོབ་ཆེན་འཕོང་མེད་ཀྱི་མཚོན་ནི་ང་ཅག་ལ་མེད་ལ། གྲི་མཚོན་ཁར་ཕན་ཚུན་ཤི་རྨས་ཇི་ལྟར་རུང་འཚེ་བའི་ལས་མ་གཏོགས་འགྲོ་ས་མེད་པས་བོད་ཀྱི་རྩ་བའི་ལང་ཕྱོགས་དང་དམ་བཅའ་དང་རྦད་དེ་འགལ་ནས་སྡད་ཡོད། རང་ལུས་མེ་སྲེག་གི་ལས་འགུལ་འདི་ནི། འཚེ་བའི་ལས་སུ་ངོས་འཛིན་ཞུ་མཁན་ཡོངས་རྫོགས་ཀྱིས་བོད་རྒྱུད་ནང་བསྟན་གྱི་སྙིང་པོར་གོ་རྟོགས་ཅུང་ཟད་མེད་པའི་དན་རྟགས་ཕར་བལྟས་ཚུར་གསལ་རེད། དཔེར་ན། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་བོད་དུ་གདན་དྲངས་ཀྱི་ཆེད་དུ་བཙོན་ཁང་དུ་རང་སྲོག་བཏག་བ་དེ་འཚེ་བའི་ལས་རེད་དམ། རྒྱལ་བུ་སྙིང་སྟོབ་ཆེན་པོས་སྟག་མོར་བཀྲེས་པས་འཆི་ཉེར་སྐུ་ལུས་སྦྱིན་པ་བཏང་བ་དེ་འཚེ་བའི་ལས་རེད་དམ། མ་ཧ་གྷན་དེས་ཤེས་བཞིན་ཧིན་དྷུ་དང་ཁ་ཆེ་བར་གྱི་འཐབ་རྩོད་འདུམ་སླད་རང་སྲོག་་བློས་བཏང་བ་དེ་འཚེ་བའི་ལས་རེད་དམ། མ་ཐང་ལུའུ་ཐ་ཁན་གྱིས་རང་ཉིད་སྔ་ཕྱི་མེད་པར་གསོད་པ་ཤེས་བཞིན་རང་སྲོག་མི་ནག་ལ་མི་དཀར་དག་འདྲ་མཉམ་གྱི་ཐོབ་ཐང་ཐུབ་ཆེད་བཏང་བ་དེ་འཚེ་བའི་ལས་རེད་དམ། སེམས་ཅན་སུ་ཡིན་ནའང་འཇིག་རྟེན་འདིའི་ཐོག་གཅེས་ཤོས་དེ་སྲོག་རེད། དེ་ཡང་གཞན་བྱེ་བ་མང་པོའི་བདེ་སྡུག་གི་ཆེད་ཐབ་ཟད་འུ་ཐུག་གིས་གཏོང་གནང་བ་འདི་འདྲ་ལ། བྱང་ཆུབ་སེམས་དཔའ་བྱ་དཀའ་བའི་སྤྱོད་པ་ཟེར་ངོས་འཛིན་མ་བྱས་ན། བྱང་ཆུབ་སེམས་དཔའ་ཞེས་པའི་འགྲེལ་བ་སུས་ཀྱང་མི་ཤེས།
    སྤྱིར་དགེ་བ་དང་སྡིག་པ། ལྷག་པར་འཚེ་བ་དང་། འཚེ་བ་མེད་པ་ཡོངས་སུ་རྫོགས་པ་དེ་གང་ཟག་སོ་སོའི་ཀུན་སློང་ལ་རག་ལས་པས་ཁོང་ཅག་ཀུན་སློང་ཇི་བཞིན་མངོན་སུམ་དུ་གཞན་སེམས་མཁྱེན་པའི་མངོན་ཤེས་ཅན་མ་གཏོགས་རྟོགས་མི་ནུས་ཀྱང་། རིག་པ་སྨྲ་བ། བོད་རྒྱུད་ནང་བསྟན་ལས་བྱུང་བའི་རིགས་པའི་གཞུང་ལུགས་བེད་སྤྱད་བྱས་ཏེ་དཔྱད་ན། འཚེ་བ་མེད་པའི་ལས་མིན་པ་ཞུ་བཏུབ།

  11. རིག་པའི་རལ་གྲི says:
    2012-01-29 at 5:34 am

    རྣ་བ་ཐང་པོ་ཡོད་པ་ཡོངས་དང་། ལྷག་པར་བོད་མིས་ཆོས་ཕྱོགས་དང་། བོད་རྒྱུད་ནང་བསྟན་སྙིང་པོ་མ་རྟོགས་པ་ཡོངས་ལ་ཞུ་རྒྱུར། རང་ལུས་མེ་སྲེག་གིས་ཞི་བའི་ངོ་རྒོལ་འདི། རང་ལས་གཞན་གཅེས་ཀྱི་བརྩེ་བ་དང་། དཀྱིལ་ཤར་ཡུལ་གྲུས་འཁྲུགས་རྩོད་ཀྱིས་འཕོང་མེད་སྟོང་ཚོ་མང་པོའི་ཚེ་སྲོག་གཏོང་བ་ལས་ཀྱང་རྒྱལ་སྤྱི་ཤེས་ལྡན་མི་སྣར་བོད་ནང་གི་གནས་ཚུལ་གསལ་རྗེན་ཆེས་་སྟོན་ནུས་པའི་མཁྱེན་རྩལ་བླ་ན་མེད་པ་ཞིག་ཏུ་ངོས་འཛིན་ཞུ་རྒྱུ་ཡིན། དཀྱིལ་ཤར་ཡུལ་གྲུ་ནང་བཞིན་གྱི་དྲག་པོའི་དཔུང་དང་། སྟོབ་ཆེན་འཕོང་མེད་ཀྱི་མཚོན་ནི་ང་ཅག་ལ་མེད་ལ། གྲི་མཚོན་ཁར་ཕན་ཚུན་ཤི་རྨས་ཇི་ལྟར་རུང་འཚེ་བའི་ལས་མ་གཏོགས་འགྲོ་ས་མེད་པས་བོད་ཀྱི་རྩ་བའི་ལང་ཕྱོགས་དང་དམ་བཅའ་དང་རྦད་དེ་འགལ་ནས་སྡད་ཡོད། རང་ལུས་མེ་སྲེག་གི་ལས་འགུལ་འདི་ནི། འཚེ་བའི་ལས་སུ་ངོས་འཛིན་ཞུ་མཁན་ཡོངས་རྫོགས་ཀྱིས་བོད་རྒྱུད་ནང་བསྟན་གྱི་སྙིང་པོར་གོ་རྟོགས་ཅུང་ཟད་མེད་པའི་དན་རྟགས་ཕར་བལྟས་ཚུར་གསལ་རེད། དཔེར་ན། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་བོད་དུ་གདན་དྲངས་ཀྱི་ཆེད་དུ་བཙོན་ཁང་དུ་རང་སྲོག་བཏང་བ་དེ་འཚེ་བའི་ལས་རེད་དམ། རྒྱལ་བུ་སྙིང་སྟོབས་ཆེན་པོས་སྟག་མོར་བཀྲེས་པས་འཆི་ཉེར་སྐུ་ལུས་སྦྱིན་པ་བཏང་བ་དེ་འཚེ་བའི་ལས་རེད་དམ། མ་ཧ་གྷན་དེས་ཤེས་བཞིན་ཧིན་དྷུ་དང་ཁ་ཆེ་བར་གྱི་འཐབ་རྩོད་འདུམ་སླད་རང་སྲོག་་བློས་བཏང་བ་དེ་འཚེ་བའི་ལས་རེད་དམ། མ་ཐང་ལུའུ་ཐ་ཁན་གྱིས་རང་ཉིད་སྔ་ཕྱི་མེད་པར་གསོད་པ་ཤེས་བཞིན་རང་སྲོག་མི་ནག་ལ་མི་དཀར་དང་འདྲ་མཉམ་གྱི་ཐོབ་ཐང་ཐོབ་ཆེད་བཏང་བ་དེ་འཚེ་བའི་ལས་རེད་དམ། སེམས་ཅན་སུ་ཡིན་ནའང་འཇིག་རྟེན་འདིའི་ཐོག་གཅེས་ཤོས་དེ་སྲོག་རེད། དེ་ཡང་གཞན་བྱེ་བ་མང་པོའི་བདེ་སྡུག་གི་ཆེད་ཐབ་ཟད་འུ་ཐུག་གིས་གཏོང་གནང་བ་འདི་འདྲ་ལ། བྱང་ཆུབ་སེམས་དཔའི་བྱ་དཀའ་བའི་སྤྱོད་པ་ཟེར་ངོས་འཛིན་མ་བྱས་ན། བྱང་ཆུབ་སེམས་དཔའ་ཞེས་པའི་འགྲེལ་བ་སུས་ཀྱང་མི་ཤེས།
    སྤྱིར་དགེ་བ་དང་སྡིག་པ། ལྷག་པར་འཚེ་བ་དང་། འཚེ་བ་མེད་པ་ཡོངས་སུ་རྫོགས་པ་དེ་གང་ཟག་སོ་སོའི་ཀུན་སློང་ལ་རག་ལས་པས་ཁོང་ཅག་གི་ཀུན་སློང་ཇི་བཞིན་མངོན་སུམ་དུ་གཞན་སེམས་མཁྱེན་པའི་མངོན་ཤེས་ཅན་མ་གཏོགས་རྟོགས་མི་ནུས་ཀྱང་། རིག་པ་སྨྲ་བ། བོད་རྒྱུད་ནང་བསྟན་ལས་བྱུང་བའི་རིགས་པའི་གཞུང་ལུགས་བེད་སྤྱད་བྱས་ཏེ་དཔྱད་ན། རང་ལུས་སྲེག་ནས་ངོ་རྒོལ་བྱེད་པ་འདི་འཚེ་བའི་ལས་མིན་པ་ཞུ་ཐུབ། དགོངས་དག་ལག་ཟུང་ཁ་སྤར་ནང་ནས་བྲིས་ནོར་མང་པོ་ཤོར་འདུག་སྔོན་མའི་མཆན་ནང་དུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme