Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲིའི་འོས་མི་གསུམ་གྱི་ད་ལྟའི་ལས་གནས་ལ་དཔྱད་པ།

Posted on 2011-03-18 By ཁ་བརྡ་ 31 Comments on བཀའ་ཁྲིའི་འོས་མི་གསུམ་གྱི་ད་ལྟའི་ལས་གནས་ལ་དཔྱད་པ།

བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པའི་གཏམ། ཚེ་རིང་དོན་གྲུབ་ནས་བསྒྱུར།

བཀྲིས་དབང་འདུས་ལགས།
བཀྲིས་དབང་འདུས་ལགས་ཀྱི་ལས་གནས་འཚོལ་ཞིབ་བྱེད་རྒྱུ་དེ་ནི་བཀྲས་མཐོང་དང་བློ་སེང་གཉིས་ཀྱི་ལས་གནས་ལས་ཧ་ཅང་སྟབས་བདེ་བ་ཞིག་རེད། ཉེ་སྔོན་བར་དུ་ཁོང་གིས་སྦི་རི་སལ་བོད་ཀྱི་དོན་གཅོད་ཁང་(Representative at the Bureau du Tibet)ངམ་བོད་ཀྱི་དོན་གཅོད་(Office of Tibet)ཀྱི་སྐུ་ཚབ་ཕྱག་ལས་གནང་། འོན་ཀྱང་ཕྱི་ལོ་༢༠༡༠ ལོའི་ཟླ་བ་བཅུ་གཉིས་བའི་ནང་བཀའ་ཁྲིའི་འོས་མིར་ཞུགས་ཕྱིར་ལས་གནས་ནས་དགོངས་པ་ཞུས། ཡིག་ཚང་དེ་ནི་གལ་ཆེའི་ཡིག་ཚང་ཞིག་ཡིན་པ་སྟེ་ཡོ་རོབ་མཐུན་ཚོགས་ཀྱི་སྒྲིགས་འཛུགས་ཁག་(European Union institutions)དང་། ཡོ་རོབ་གྲོས་ཚོགས། ཡོ་རོབ་ལྷན་ཚོགས་(European Commission)སོགས་ལ་འབྲེལ་མཐུན་གནང་གི་ཡོད།

ཡིག་ཚང་འདི་ནི་ཕྱི་དྲིལ་ལྷན་ཁང་གི་འཛིན་སྐྱོང་འོག་ཡོད་པ་དང་། ཡོ་རོབ་མཐུན་ཚོགས། ནུབ་ཕྱོགས་ཡོ་རོབ། བྱང་ཨ་མི་རི་ཀའི(North America)བཅས་ཀྱི་༸གོང་ས་མཆོག་གི་སྐུ་ཚབ་དང་བཙན་བྱོལ་སྲིད་གཞུང་གི་དོན་གཅོད་ཡིག་ཚང་ཡང་ཡིན་པས་ཁོང་གི་ལས་གནས་ནི་དོན་གཅོད་མཁན་གྱི་ལས་གནས་དང་མཚུངས་ཆོས་སུ་གྱུར་ཡོད།

ཁོང་ཡིག་ཚང་འདིའི་ལས་ཡུན་སྐབས་ཀྱི་གནས་ཚུལ་ཏོག་ཙམ་ལས་ལག་གསོན་མ་བྱུང་། འོན་ཀྱང་མཐའ་བསྡོམ་བྱས་ནས་བརྗོད་ན། ཁོང་གིས་བཀའ་ཤག་དང་སྐུ་སྒེར་ཡིག་ཚང་གི་ཕྱག་ལས་བསྒྲུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་བརྗོད་ཐུབ། ཡིག་ཚང་འདི་དབུ་བརྙེས་མ་ཐག་ཁོང་ཡིག་ཚང་འདིའི་ལས་གནས་འཁུར་མཁན་དུ་བདམས། དེའི་སྔོན་ཡིག་ཚང་འདི་ནི་ཡོ་རོབ་ལྷན་ཚོགས་ཀྱི་མཉམ་ལས་ལས་གནས་ཁང་ཡིན་པ་(EU coordination office)དང་བོད་ཀྱི་ཡིག་ཚང་ནི་པད་རིལ་སིའི་(Paris) ཁྲིམས་འོག་ཏུ་སྟངས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་། ཕྱི་ལོ་༢༠༠༨ ལོའི་ཟླ་བཞི་བའི་ནང་སྦི་རིལ་སལ་(Brussels)ཡིག་ཚང་བོད་ཀྱི་ཡིག་ཚང་ལ་བསྒྱུར་བ་དང་། པ་རིལ་སིའི་བོད་ཀྱི་ཡིག་ཚང་ནི་(Office of Tibet in Paris) སྦི་རིལ་སལ་གྱི་ཡིག་ཚང་གི་ཡན་ལག་ཏུ་གྱུར། ཕྱི་ལོ་༢༠༠༩ ལོའི་ཟླ་བ་དང་པོའི་ནང་ཁོང་ནི་ནེའི་ཡོག་གི་དོན་གཅོད་ལས་གནས་ནས་གསར་དུ་དབུ་བརྙེས་བའི་སྦི་རིལ་སལ་བོད་ཀྱི་ཡིག་ཚང་གི་འགན་འཛིན་དུ་ལས་གནས་སྤར།
ཁོང་གིས་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་འཁུར་བའི་ཐོག་ནས་འཇུག་བསྡོམ་ཞིག་བརྒྱབ་ན། ཁོང་གི་འགན་འཁུར་གཙོ་བོ་ནི་ཕྱི་སྲིད་ལས་དོན་པ་ཞིག་ལས་སྲིད་ཇུས་བཟོ་མཁན་ཞིག་མ་ཡིན་ཏེ་རྡ་རམ་ས་དང་ཡོ་རོབ་ལྷན་ཚོགས་ཀྱི་འབྲེལ་མཐུན་རྒྱུན་སྐྱོང་གནང་རྒྱུ་དེ་ཡིན། བཀའ་ཤག་གིས་དམིགས་བསལ་གྱིས་ཡོ་རོབ་དང་འབྲེལ་བའི་ལས་དོན་སྔ་ས་ནས་འཆར་འགོད་བྱས་ཟིན་པ་རྣམས་ཁོང་གིས་དེ་དག་བསྒྲུབ་པར་འབད་འབུངས་བྱེད་རྒྱུ་དེ་ཡིན། ད་དུང་གཅིག་བརྗོད་ན། ཁོང་ནི་ཡོ་རོབ་ལྷན་ཚོགས་དང་རྡ་རམ་ས་ལ་གཉིས་ཀྱི་བརྒྱུད་ལམ་ལྟ་བུ་སྟེ་ཁོང་གིས་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་དག་ཡོ་རོབ་ལྷན་ཚོགས་ལ་སྙན་ཞུ་དང་རེ་འབོད་བྱེད་རྒྱུ། ཡོ་རོབ་ལྷན་ཚོགས་ཀྱི་རྣམ་འགྱུར་དང་གནས་བབས་སོགས་རྡ་རམ་ས་ལར་སྙན་ཞུ་དང་བཙན་བྱོལ་སྲིད་གཞུང་གིས་སྲིད་ཇུས་ཅི་ཞིག་བཀོད་ན་ཕན་འབྲས་ཡོད་པའི་དགོངས་ཚུལ་བརྗོད་རྒྱུ་དེ་ཡིན།

འགྱུར་རྩོམ།

Post navigation

Previous Post: མདོ་སྨད་ཀླུ་ཆུའི་གྲ་བ་ཞིག་གིས་སེམས་ཀྱི་ན་ཟུག་ཕྱིར་བསྒྲགས་པ།
Next Post: བོད་ནང་གི་ཤེས་ཡོན་པས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་གླེང་བ།

Comments (31) on “བཀའ་ཁྲིའི་འོས་མི་གསུམ་གྱི་ད་ལྟའི་ལས་གནས་ལ་དཔྱད་པ།”

  1. ཐབས་ཇུས་ཞིབ་འཇུག་ཚོགས་པ། says:
    2011-03-18 at 9:22 pm

    བོད་རྒྱལ་ཁབ་དང་བོད་མི་དམངས་ལ་སྙིང་ནས་བརྩེ་བའི་བོད་མི་ཡོངས་ལ་འབོད་བསྐུལ་ཞུ་རྒྱུ།

    སྐུ་ངོ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་མི་ལོ་བཞི་བཅུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པ་དང་། 
དེ་བཞིན་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་མི་ལོ་ཉི་ཤུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པར་བརྟེན།

    དེང་སང་རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ངོ་མ་བཞུགས་པའི་དུས་འདིར། 
མི་རབས་གསར་པ་ཞིག་བོད་རྒྱལ་ཁབ་ཀྱི་བཀའ་བློན་ཁྲི་བར་བྱུང་ན།
    ཕྱོགས་ཡོངས་ཀྱི་བོད་དོན་ཐབས་ཇུས་དང་འཐབ་རྩོད་ལ་བསྒུལ་ཤུགས་ཆེན་པོ་ཞིག་སྤྲད་ངེས་པས་མ་ཚད། 
ད་ལན་མཁས་དབང་བློ་བཟང་སེང་གེ་ལ་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་གོ་སྐབས་སྤྲད་ན།
    བོད་གངས་ཅན་ལྗོངས་ཀྱི་མ་འོངས་པའི་རྒྱུན་འཛིན་ལོ་གཞོན་ཀུན་གྱི་རེ་བ་དང་སྤོབས་པ་སྔར་ལས་ལྷག་པ་གོང་འཕེལ་ཆེན་པོར་བཏང་ཐུབ།

    སྤྱིར་བཏང་མི་ཞིག་རྒྱལ་ཁབ་ཀྱི་གཙོ་འཛིན་མི་ལོ་བཅུ་ཕྲག་དུ་མར་ཡང་བསྐོར་བསྐྱར་བསྐོར་ཡུན་རིང་བྱས་ན། 
བོད་དོན་ལ་ཕན་པའི་དགེ་མཚན་མེད་པར་མ་ཟད་དམངས་གཙོའི་ལྡོག་ཕྱོགས་སྒེར་གཅོད་རིང་ལུགས་རྙིང་པ་ཚོས་བྱེད་བཏང་སྟེ།
དམངས་གཙོ་རྫུན་མ་ཞིག་ང་ཚོས་ལག་བསྟར་བྱས་པ་ལྟ་བུའི་སྣང་ཚུལ་ངན་པ་ཞིག་རྒྱལ་སྤྱིའི་མིག་ལམ་ལ་བསྐྲུན་ངེས་པས།
    བཀའ་བློན་ཁྲི་བའི་ལས་དུས་རྫོགས་པའམ་རྩ་དགོངས་ཞུས་ནས། ཡང་བསྐྱར་བཀའ་བློན་ཁྲི་བར་མི་འཛེགས་པའི་སྔོན་འགོག་ད་ལྟ་ནས་བྱས་ན།
    བོད་མི་ནང་ཁུལ་གྱི་མཐུན་ལམ་ཡར་རྒྱས་དང་བོད་རྒྱལ་ཁབ་ཀྱི་དམངས་གཙོ་ཚད་ལྡན་ཡོང་བ་ལ་མིག་རྒྱང་རིང་བའི་བྱ་བ་བཟང་པོ་ཞིག་རེད།

  2. Ogyend says:
    2011-03-18 at 9:49 pm

    སྐུ་ངོ་བཀྲིས་དབང་འདུས་ལགས་ཀྱིས་ཉེ་ཆར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་གོ་སྒྲིག་བྱས་པའི་བགྲོ་གླེང་གི་མཇུག་བསྡོམ་གསུང་བཤད་ནང་། བོད་མི་ཚང་མས་འོས་ཤོག་ངེས་པར་དུ་བླུག་དགོས་པ་དང། གལ་ཏེ་བོད་མི་སུ་འདྲ་ཞིག་གི་འོས་མ་བླུགས་ཚེ་མ་འོངས་པར་བོད་གཞུང་ལ་སྐྱོན་བརྗོད་དང་དགོངས་འཆར་གང་འབུལ་རུང་དེ་ལ་ངོས་ལེན་རྩ་བ་ནས་གནང་གི་མིན་ཞེས་གསུངས་སོང། གསུང་བཤད་འདིས་ཁོང་ནི་དངོས་གནས་གཞུང་ཞབས་པའི་ཁྱད་ཆོས་ཙམ་ལྡན་པ་ཞིག་ལས་སྲིད་དོན་པའི་ཁྱད་ཆོས་རྩ་བ་ནས་མེད་པ་ཞིག་གསལ་པོ་ཆགས་ཀྱི་འདུག འོས་ཤོག་བླུག་རྒྱུ་ནི་ཆབ་འབངས་ཀྱི་ཐོབ་ཐང་ཞིག་མ་གཏོགས་ལས་འགན་ཞིག་མ་ཡིན་པ་མཁྱེན་དགོས། འོས་ཤོག་བླུག་སྐབས་རང་ཉིད་ལ་འོས་པའི་འོས་མི་ཞིག་མེད་ཚེ་མི་དེ་ལ་བཙན་དབང་གིས་འོས་བླུག་དགོས་བཟོས་པ་ཡིན་ན་ཁོས་འོས་ཚུལ་དང་ལྡན་པ་ཞིག་བླུག་དཀའ་བས་ཁོང་གི་འོས་རྩིས་མེད་དུ་འགྲོ་སྲིད་པ་ཡིན་དུས་འོས་ཤོག་དེ་འོས་བསྡུ་ལྷན་ཁང་གི་རྒྱུ་གྲོན་དང་འོས་བསྡུའི་བརྒྱ་ཆ་ལ་གནོད་པ་ལས་ཕན་ཐོགས་གང་ཡང་མེད་པ་སྐུ་ངོ་མཆོག་གིས་མ་མཁྱེན་པ་དེར་བློ་ཕམ་ཆེན་པོ་ཡོད།

  3. བཀྲ་ཤིས་སྒྲོལ་མ། says:
    2011-03-18 at 11:06 pm

    སྐུ་མཁྱེན། དངོས་ཡོད་ཀྱི་ལོ་རྒྱུས་ཤེས་བཞིན་དུ་ཕྱོགས་ཞེན་དབང་དུ་སོང་སྟེ་བློ་སེང་ལ་མཁས་དབང་འདྲ་བོ་མ་ལབ་རོགས། དོན་དངོས་ཁོང་ནི་མཁས་དབང་གི་ཕྱག་འཁྱེར་ཡོད་མཁན་ཞིག་མ་རེད་ལ། ཉམས་ཞིབ་པ་རྒན་པའི་གོ་གནས་ཀྱང་མེད་ཀི། ཁོང་ལ་ཡོད་པ་ནིཧར་ཝ་དྲིའི་ནང་གི་འཕྲལ་སེལ་ཉམས་ཞིབ་པ་ཞིག་དང་། དེ་ཡང་ཉམས་པ་རྒན་པ་ཞིག་གི་ལག་གཡོག་ཡིག་ཆ་འཚོལ་རོགས་བྱེད་མཁན་གྱི་ཉམས་ཞིབ་ལས་རོགས་པ་ཞིག་རེད། དེ་ཡང་དུས་ཚོད་ལོ་གཅིག་རེའི་མཚམས་སུ་ལས་ཡུན་བསྐྱར་ཞུ་བྱེད་དགོས་པའི་ལས་དཀའ་ཞིག་རེད། དངོས་ཡོད་དེ་འདྲ་ཞིག་རེད།

  4. བདུད་ནག་བུ་ནས་ says:
    2011-03-19 at 12:14 am

    སྤྱི་གཏང་ཁོང་རྣམ་པ་ཚོས་བོད་མི་རིགས་ཀྱི་དོན་ལ་ལྷག་སེམས་དང་སྤྱི་སེམས་ཡོད་མཁན་ཤ་སྟག་རེད་ལ་ལོ་ངོ་མང་པོ་ཞིག་ལ་བོད་གཞུང་དང་བོད་མི་དམངས་ཀྱི་དོན་ལ་ཕྱག་ལས་མང་པོ་གནང་མྱོང་མཁན་དེ་འདྲ་རེད།
    ཡིན་ན་ཡང་དེང་སང་བོད་མི་མང་པོ་ཞིག་གི་བཀྲ་ཤིས་དབང་འདུས་ལགས་ལ་འོས་ཤོག་དགོས་རེད་གསུང་ཚུལ་འདུག་འགྲིག་གི་རེད་ཁོང་ནི་བོད་མི་དམངས་ཀྱི་དོན་ལ་ལོ་ངོ་བཞི་བཅུ་ཙམ་ལ་ཕྱག་ལས་གནང་མྱོང་མཁན་དེ་འདྲ་རེད་མ་ཟད་ཉེ་ཆར་འོས་མི་གསུམ་ནང་ནས་ཉམས་མྱོང་ཆེན་པོ་ཡོད་མཁན་བཀྲ་ཤིས་དབང་འདུས་ལགས་རང་རེད།
    ཡིན་ན་ཡང་ཉམས་མྱོང་ཙམ་ལ་མ་ལྟོས་པ་ཕྱོགས་ཐམས་ཅད་ནས་བལྟ་དགོས་པ་གལ་ཆེན་ནང་གི་དོན་ཆེན་རེད་ལ།
    ཉེ་ཆར་སྐུ་ངོ་བཀྲ་ཤིས་དབང་འདུས་བཀའ་ཁྲི་སླེབས་པ་ཡིན་ན་རྗེས་སུ་ཡིད་རངས་ཡོད་གང་ཡིན་ཟེར་ན་ཁོང་ནི་དངོས་གནས་བོད་རིགས་ཀྱི་དོན་ལ་ཕྱག་ལས་གནང་ནས་བོད་གཞུང་ལ་རྒྱབ་སྐྱོར་འདི་འདྲ་བྱ་ཐུབ་མཁན་དེ་འདྲ་རེད།
    ཡིན་ན་ཡང་ཀ་དུས་ཡིན་ན་བཀའ་བློན་ཁྲི་པ་མི་རྒན་འཁོགས་ཚོ་རྐྱང་རྐྱང་བྱེད་བསྡད་པ་ཡིན་ན་མ་འོངས་པ་ཀ་འདྲ་ཡོང་ས་རེད་དེ་ལ་ངེས་པར་ཏུ་ཐུགས་ལ་བཞག་དགོས་འདུག
    ཉིན་གཅིག་བཀའ་བློན་ཁྲི་པའི་ལས་འགན་འདི་གཞོན་སྐྱེས་ཚོ་འགོ་ལ་སླེབས་པ་ཡིན་ན་གཞོན་སྐྱེས་ཚོ་ལ་ཉམས་མྱོང་གང་ཡང་ཡོད་མ་རེད་དེ་འདྲ་སོང་ཙམ་བོད་མི་དམངས་ཚོ་ཡིན་འདྲ་སྐུ་ངོ་བཀྲ་ཤིས་དབང་དབང་འདུས་ལགས་ཡིན་ན་འདྲ་གོང་ལྟ་ཚང་མའི་ཐུགས་ལ་ཡག་པོ་བཞག་དགོས་པ་གལ་ཆེ།

  5. བོད་པ་ཚང་། says:
    2011-03-19 at 1:08 am

    བཀའ་ཁྲིའི་འོས་མི་གསུམ་གྱི་ད་ལྟའི་ལས་གནས་ལ་དཔྱད་པ། ཞེས་པའི་བློ་སེང་སྐབས་ཀྱི་ལས་གནས་ལ་གཞིགས་ན། བློ་སེང་གི་ཚོང་ཧ་ལོག་ཉེན་ཆེ། གཅིག་བྱས་ན། ད་ལན་བཀའ་ཁྲིའི་དངོས་གཞིའི་འོས་གྲངས་མཐོ་ཤོས་བཀའ་ཟུར་བཀྲས་མཐོང་དང་། དེ་ནས་བཀའ་ཟུར་བཀྲ་འདུས། མཐའ་མ་བློ་སེང་སླེབས་སྲིད་པའི་ལྟས་ཤིག་ཀྱང་མཐོང་། གང་ལྟར་བོད་མི་འོས་བླུག་ཆོག་པ་རྣམས་ཀྱིས་སང་ཉིན་གྱི་དུས་ཚོད་གལ་ཆེན་དེ་ངེས་པར་དུ་ལོངས་སུ་སྤྱད་པའི་རེ་སྐུལ་ཞུ།

  6. བོད་པ་ཚང་། says:
    2011-03-19 at 1:21 am

    ངའི་སེམས་ལ་དོགས་པ་ཞིག་ངང་གིས་སླེབས་སོང་། བློ་སེང་ལགས་ཀྱིས་རང་གི་སྡོད་གནས་བྷོས་ཊོན་(Boston)དུ་ཁྱབ་བསྒྲགས་གནང་ཁ་གདན་འདྲེན་ཞུས་ཀྱང་རྗེས་ལ་ཡིན་པའི་རྣམ་པ་བསྟན་ནས་ཕེབས་མི་འདུག སྤྱིར་བཏང་ཆབ་སྲིད་ཀྱི་སྟེགས་བུར་བཞེང་མཁན་ཞིག་ཡིན་ན། སོ་སོ་སྡོད་སར་ཁྱབ་བསྒྲགས་ཤུགས་ཆེ་ཤོས་བྱེད་ཀྱི་ཡོད་པ་དངོས་འབྲེལ་རེད་ལ། རང་ཉིད་ལ་སྐྱོན་ཡོན་གང་ཡོད་དེ་གའི་མི་མང་གིས་མགོ་ཡག་ཤོས་འཚོས་ཤིང་། ལེགས་པའི་ཆ་ཡོད་ན། ས་གནས་དེ་ནས་འོས་མང་ཙམ་རག་ཐབས་ཀྱི་འབད་བརྩོན་ཆེ་ཤོས་བྱེད་ངེས། འོན་ཀྱང་བློ་སེང་ལགས་ཀྱིས་སོ་སོའི་སྡོད་གནས་སུ་ཁྱབ་བསྒྲགས་དང་བགྲོ་གླེང་གི་ཆ་ཤས་མ་བླངས་པ་དེས་སེམས་ལ་ཐེ་ཚོམ་ཞིག་སྐྱེས་ཆུག་སོང་།
    དྲྭ་གྲོགས་ཚོས་དེའི་ཐད་ཐུགས་སྣང་བྱུང་ཡོད་དམ།

  7. tenzin dhargay says:
    2011-03-19 at 1:23 am

    བཀྲ་ཤིས་སྒྲོལ་མ་ལགས། ངས་ཁྱེད་ལ་སྐུ་མཁྱེན་ཞུ་ཡི་ཡོད། ཁྱེད་ནས་དངོས་ཡོད་ཀྱི་ལོ་རྒྱུས་གནས་ཚུལ་མ་མཁྱེན་པའི་ཐོག་ཕྱོགས་ཞེན་དབང་དུ་སོང་སྟེ། བློ་བཟང་སེང་གེ་ལགས་སུ་རྫུན་གཏམ་སྒྲོག་པ་ནི། ཁྱེད་ངོ་སྣོང་དགོས་པ་ཞིག་རེད་སྙམ། རང་ཉིད་ཀྱིས་ད་བར་། མཁས་དབང་ཞུ་མྱོང་མེད་ཀྱང་། ཁྱད་ལས་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད།། ཁོང་མཁས་དབང་ཡིན་མིན་ལ་མ་སྟོད་པར། བཙན་བྱོལ་ནང་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན། བཀའ་ཁྲི་བྱེད་འདོད་ཡོད་པ་ སྤོ་བ་ཡོད་པ་ བཤུགས་ཡོད་པ་དེ་འདྲ་ཞིག་ག་བར་འདུག་གསུང་དང་། བཀྲ་སྒྲོལ་ལགས། ཧ་ཧ་ཧ་ ཁྱེད་ནས་འོས་འཕེན་འདོད་མེད་ཀྱང་འཕྱ་སྨོད་བྱེད་མི་ཉན།། །།
    འཕན་པོ་བསྟན་དར་པས།

  8. རིན་པོ་ཆེ། says:
    2011-03-19 at 1:48 am

    ཐབས་བྱུས་ཞིབ་འཇུག་ཚོགས་པས་ཞིབ་འཇུག་ག་རེ་གནང་གི་ཡོད་ན་སོ་སོས་རྒྱབ་སྐྱོར་བྱེད་སའི་བཀའ་བློན་ཟུར་པ་བཀྲིས་དབང་འདུད་ལགས་ཀྱི་མིང་ཡང་བཀྲིས་རྣམ་རྒྱལ་ཞེས་ནོར་ནས་བྲིས་འདུག་གལ་ཏེ་ངའི་གོ་བ་ལེན་སྟངས་ལྟར་བྱས་ན་ཕལ་ཆེར་བསྟན་འཛིན་རྣམ་རྒྱལ་ལ་གོ་དགོསཔ་རེད་འདུག་བཀྲིས་དབང་འདུད་ལགས་མི་བཟང་པོ་དང་ཧ་ཅང་གི་ཡག་པོ་རེད་བོད་མིར་དགོས་པའི་མི་ཡག་པོ་སུ་གང་ལ་ཕོགས་སྡུག་གཏང་གི་མ་རེད།འོན་ཀྱང་ཁོང་སྐུ་ཚབ་དོན་གཅོད་གནང་ན་ཡག་ཤོས་རེད།བཀའ་ཁྲིའི་ལས་སྐལ་ཁོང་ལ་མི་འདུག་བློ་སེངྒེ་ལ་མཚོན་ན་ཤེས་ཡོན་དང་པྱི་མིར་འབྲེལ་ཐུག་བྱ་རྒྱུ་མཚོན་བོད་དོན་དྲིལ་བསྒྲགས་ལ་སོགས་བྱ་རྒྱུའི་ཐད་ཧ་ཅང་འཇོན་པོ་འདུག་ད་རེས་འོསབསྡུའི་དྲིལ་བསྒྲགས་གང་ལེགས་བྱུང་སོང་བས་དྲང་པོ་བཤད་ན་སྔ་འཔྲོས་ལོ་ལྔ་རིང་སྤྱི་འཐུས་ནང་སླེབས་ནས་དེ་ནས་ཏེངས་རྗེས་མའི་ནང་བཀའ་ཁྲི་ལངས་ན་བརྒྱ་ཆ་བརྒྱ་ཐམ་པ་ཤེས་འཇོན་གནིས་ལྡན་དང་ཉམས་མྱོང་མེད་པའི་སྟོང་ཆ་དེ་ཁ་གསབ་ཐུབ་ཀྱི་རེད་དྲན་ཡང་ད་ཆ་བཀའ་ཁྲིའི་འོས་གཞིའི་ནང་ལངས་ཚར་དུས་ཕལ་ཆེར་སང་ཉིན་གྱི་དངོས་གཞིའི་འོས་བསྡུའི་སྐབས་ཕྲན་བུའི་བློ་ཕམ་ངང་བཀྲས་མཐོང་བསྟན་རྣམ་ལ་མི་འདོད་བཞིན་དུ་འོས་འཐོབ་པར་བཀྲིས་བདེ་ལེགས་ཞུ་དགོས་ཆགས་རྒྱུ་ཡིན་ན་ད་ལྟ་ནས་བསམ་བློའི་གྲ་སྒྲིག་བྱས་ན་རྗེས་ལ་ཡང་བསྐྱར་སླེབ་པའི་རེ་བ་ཡོང་སྲིད་དོ།

  9. རིན་པོ་ཆེ། says:
    2011-03-19 at 1:53 am

    ཏེངས་ཞེས་པ་ཐེངས་ལ་ནོར་བཅོས་དང་གནིས་ཞེས་པ་གཉིས་ལ་ནོར་བཅོས་ཡོང་བ་ཞུ།བྲིས་ཐེངས་གཅིག་ལ་བྲིས་ཙང་ཡིག་ནོར་རེ་ཟུང་ཡོང་གི་འདུག

  10. ལྕགས་ཐར་སྐྱབས says:
    2011-03-19 at 1:57 am

    ད་ཡིན་ན། སང་ཉིན་གྱི་འོས་དེ་ངས་འཕྲོ་བརླག་རྩ་བ་ནས་གཏོང་གིན་མིན་ལ་ངའི་འོས་གཅིག་པུ་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་འབུལ་རྒྱུ་ཡིན། ཕྱོགས་ལྷུང་བ་དང་མུན་ཐོམ་པ་སུ་རྣ་བར་མི་འགྲོ་ཡང་ཐབས་ཤེས་མེད

  11. བན་ནག་ཚང་ says:
    2011-03-19 at 2:39 am

    རྒན་འཁོགས་བཀྲ་ཤིས་དབང་འདུས་ནི་དངོས་གནས་བོད་མི་རིགས་ཀྱི་དོན་ལ་སྤྱི་སེམས་ཡོད་མཁན་ཞིག་ཡིན་པ་ངའི་ར་སྤྲོད་ཐུབ་ཡིན་ན་ཡང་བོད་མི་དམངས་ཀྱི་དོན་ལ་སྤྱི་སེམས་ཡོད་ན་བཀའ་བློན་ཁྲི་པ་བྱ་དགོས་པའི་ངེས་པ་ཡོད་མ་རེད་བཀའ་བློན་ཁྲིའི་ཟུར་ནས་ཁོང་ལ་རོགས་པ་བྱས་ན་འགྲིག་གི་རེད།
    རྒན་པོ་ཁོང་ནི་དངོས་གནས་ལོ་ཁ་ཤས་ཅིག་གི་མི་རང་རེད།

  12. བན་ནག་ཚང་ says:
    2011-03-19 at 3:08 am

    ལྕགས་ཐར་སྐྱབས་ལགས།
    སེམས་ལ་ཡག་པོ་ཞིག་གཏོང་རོགས་གནང་མ་གཏོགས་འགྲིག་གི་མི་འདུག
    ད་ལྟ་ང་ཚོ་བོད་རིགས་པའང་བོད་མི་དམངས་ལ་དཀའ་ངལ་འདི་འདྲ་སླེབས་འདུག་དགོས་པའི་རྒྱུ་ག་རེ་རེད།
    དེ་ཡང་བོད་རྒྱལ་ཁབ་ཆེན་པོ་འདི་བཙན་བྱོལ་བ་ཆགས་དགོས་པའི་རྒྱུ་མཚན་གང་ཡིན།
    གནའ་བོའི་སྐུ་དྲག་ཚོ་ལ་རྒྱ་ནག་གཞུང་གི་དངུལ་སྤྲས་ནས་སྐུ་དྲག་ཚོ་བོད་རྒྱལ་ཁབ་ཆེན་པོ་འདི་རྒྱ་ནག་ལ་བཙོང་པ་ཡིན་པ་ད་དུང་ཧ་གོ་མ་སོང་ངམ།
    གལ་ཏེ་མི་ཚོ་ལ་རྒྱབ་སྐྱོར་བྱེད་པ་ཡིན་ན་བྱེད་གཏང་ཡོད་རེ་ལོ།

  13. བན་ནག་ཚང་ says:
    2011-03-19 at 3:20 am

    དེ་ཡང་བཀྲས་མཐོང་ལ་རྒྱབ་སྐྱོར་རྩ་བ་མེད་གང་ཡིན་ཟེར་ན་བོད་མི་རིགས་ཀྱི་སྡུག་བསྔལ་ཡོང་ཆོག་མཁན་དེ་ཚོའི་རིགས་དེ་རེད་ལ་བོད་གཞུང་གི་སྒོར་འབུམ་དགུ་དང་ལྷག་ཟ་འགྲོ་མཁན་དེ་ཚོའི་རིགས་དེ་རེད།
    དཔྱད་པ་ཡག་པོ་བྱེད་ནས་འོས་བླུག་དགོས་པ་གལ་ཆེའོ།

  14. ལྕགས་ཐར་སྐྱབས says:
    2011-03-19 at 3:49 am

    བན་ནག་ཚང་ལགས། ངས་བྱས་ན་ཁྱེད་རང་བསམ་བློ་ཡག་པོ་གཏོང་དགོས་འདུག བོད་ས་ཤོར་དགོས་དོན་དང་ང་ཚོ་བཙན་བྱོལ་ཆགས་དགོས་དོན་སྐུ་དྲག་བྱིངས་དང་ལྷག་བསམ་རྣམ་དག་གི་བོད་འབངས་རྣམས་ལ་གཡུགས་ན་ག་ལ་འགྲིགས། དེ་ནི་མཁས་མིང་འཁུར་བའི་བླ་སྤྲུལ་འམ་ཕྱི་སྡོད་རྒྱ་མིར་ཁས་ལེན་བྱ་མཁན་ལྟ་བུའི་རྒྱུག་ཁྱི་རེ་ཟུང་དང་ཞར་མཆོངས་ཁོ་ན་རྒྱག་མཁན་ཁྱོད་ལྟ་བུའི་བླུན་པོ་ཁ་ཤས་ལ་དམར་ཕྱོགས་རྒྱབ་སྐྱོར་གྱི་ནུས་པ་ཆེན་པོ་ཐོབ་ཏེ་བྱུང་བ་ཞིག་ལས་སྐུ་དྲག་རྣམས་ཀྱི་བོད་ས་བཙོངས་པ་རྩ་བ་ནས་མ་རེད། བྱུང་ན་ལོ་རྒྱུས་དང་༡༧༠༠ཙམ་བྲིས་པའི་རང་རྣམ་འགའ་ཞིག་ལ་ཞིབ་པར་ཀློག་དང་། ད་ལན་འོས་དེ་འཕྲོ་བརླག་ཏུ་སོང་ཡང་། ལོ་ལྔའི་རྗེས་ནས་ནོར་ཀྱི་མ་རེད། 

  15. བན་ནག་ཚང་ says:
    2011-03-19 at 5:16 am

    ངའི་འོས་དེ་སང་ཉིན་མཁས་དབང་བློ་བཟང་སེང་གེ་ལ་བླུག་ཡེ་ཐག་བཅད་ཚར་ཡིན་ངའི་འོས་དེ་ཡང་ཆོལ་ཁ་ཕྱོགས་རིགས་ཕྱོགས་ལའང་སོང་བ་མ་ཡིན་པ་དངོས་གནས་རྟགས་དང་རྒྱུ་མཚན་མང་པོ་ཞིག་ལ་ལྟོས་ན་སེམས་ཐག་བཅད་པ་ཡིན།
    མི་དམངས་ཚོ་ཡིན་ནའང་འོས་ཤོག་འཕྲོ་བརླག་ཏུ་མི་འགྲོ་པའི་རེ་བ་ཆེན་པོ་ཡོད།
    མི་གཞན་པའི་གནོད་ཤུགས་འོད་དུ་མ་སོང་པའི་ཐོག་ནས་རང་ཐག་རང་གིས་བཅད་ནས་བླུག་པ་ཡིན་ན་འོས་ཡང་དག་པའང་ཚད་དང་ལྡན་པ་དེ་ཆགས་ཀྱི་རེད།

  16. རིན་པོ་ཆེ། says:
    2011-03-19 at 5:32 am

    སྤྱིར་ན་སོ་སོའི་འདོད་མོས་དང་རྒྱབ་སྐྱོར་ཡོད་མིན་ལ་མ་ལྟོས་པར་བཀའ་ཁྲིའི་འོས་མི་གསུམ་ནི་བཙན་བྱོལ་བོད་མིའི་ནང་གི་མང་མོས་འོས་འདེམས་བྱུང་བའི་མི་ཕུད་བྱུང་གི་གྲས་རེད།དངོས་ཡོད་གནས་ཚུལ་དང་དཔང་རྟགས་གཞི་མར་ཡོད་པའི་སྐྱོན་འཛུགས་བྱ་རྒྱུ་ཡོད་ན་ལས་དེ་མིན་རང་གི་འདོད་མོས་མེད་ན་གང་བྱུང་གིས་གཞི་མེད་སྐྱོན་འཛུགས་དང་མིང་ཆད་བཟོས་ན་དེ་ནི་བོད་མིའི་ཡ་རབས་བཟང་སྤྱོད་དང་བརྒལ་བ་མ་ཟད།དོ་བདག་སོ་སོའི་རང་གཤིས་ངན་པ་པྱིར་མངོན་ནས་གཞན་ལ་འཕྱ་སྨྲོས་ལྟ་ཞོག་རང་ཉིད་ཀྱི་སྤུད་ཚད་པྱིར་བསྒྲགས་བྱས་ཡོང་གི་ཡོད་ན་སླད་ཚིག་རྩུབ་དང་མི་གཞན་ལ་ཁ༌ངན་ཚིག་ངན་གླེང་མི་ཡོང་བ་ཞུ།བཀྲས་མཐོང་གི་བོད་གཞུང་གི་འབུམ་དགུ་ག་དུས་བར་བཟོས་བྱས་པ་རེདདམ།གཞི་མེད་སྐྱོན་འཛུགས་བྱས་ན་མིང་གཞན་བེད་སྤྱད་ཀྱང་སུ་ཡིན་རྩད་གཅོད་བྱ་རྒྱུར་ངལ་བ་དེ་ཙམ་མེད་དུས་རང་གི་རང་ལ་དཀའ་ངལ་འཕྲད་སྲིད།དེ་སྔ་དམངས་གཙོ་གསར་ཤོག་ནང་འབུམ་དགུ་པ་ལ་ཕྱྱག་འཚལ་ལོ་ཞེས་མི་ལ་མིང་ཆད་བཟོ་མཁན་དང་དེའི་སྐབས་ཀྱི་རྩོམ་སྒྲིག་པའི་མིང་འཁུར་ཅན་དག་གིས་མཇུག་ཏུ་བཀྲས་མཐོང་ལ་དགོངས་སེལ་ཞུས་ཟིན་ན་ཡང་བསྐྱར་ནང་དོན་གང་ཡང་མགོ་མ་ཚོད་པར་བསྐྱར་བཤད་བྱས་ན་དོན་སྙིང་གང་ཡང་མེད།

  17. རང་གྲོལ། says:
    2011-03-19 at 6:08 am

    བཀྲས་མཐོང་གིས་གཞུང་དངུལ་འབུམ་དགུ་ཟས་པ་བདེན་པ་ཡིན་ན། བློ་སེང་གིས་རྒྱ་དམར་གྱི་གཞུང་ནས་དངུལ་བླངས་པ་བདེན་པར་འགྱུར་སྲིད། ཐག་པའི་སྣེ་མོ་ནི་ཧ་ཝ་ཌིར་ཡོད་པའི་ཐའེ་ཝན་གྱི་རྒྱ་མོ་དེ་ནས་བྱས་་་་་་་་་་་ཐའེ་ཝན་་་་་དེ་ནས་་་་་་་་་་རྒྱ་ནག་ནས་བྱས་་་་་་་་་་དེ་ནས་དེ་དང་དེ་ལ་སོགས་པའོ།།

  18. BBC says:
    2011-03-19 at 6:48 am

    ནག་པོའི་ཚང་ལགས། སེམས་ཁྲལ་མི་དགོས། དཔྱད་པ་ལན་མང་དུ་བྱས་ཟིན། དཔྱད་པ་བྱས་ནས་ཟླ་ངོ་ལྔ་ལ་ཐོན་ཐལ། དཔྱད་པའི་ཁྱབ་ཚད་ཀྱང་མ་སུ་རི་ནས་འགོ་བཙུགས་ཏེ། སིམ་ལ་དང་། དེ་ནས་རྡོར་གླིང་། དེ་ནས་རྡ་རམ་ས་ལ། དེ་ནས་ཨ་རི། དེ་ནས་སླར་ཡང་རྡ་ས། དེནས་སླར་ཡང་ཨ་རི། སོགས་གཟུགས་མེད་སེམས་དང་ཉན་སྣ་བཏང་བ་ཡིན། དཔྱད་ཚུལ་ཡང་འབྲུ་ཞིབ་ལ་ཚགས་ཧ་ཅང་དམ། ཧོལ་རྒྱུགས་རྩ་བ་ནས་མེད། ལོངས་མཆོངས་རྩ་བ་ནས་བརྒྱབ་མེད། རིགས་པའི་ལམ་ནས་བརྡར་ཤ་བཅད་དེ་ཚད་མས་ངེས་པ་རྙེད་ཟིན། བཤད་པའི་རྣམ་གྲགས་མང་ལ། དེ་ལས་ཀྱང་རྫུན་རྐུབ་བརྡོལ་བའི་རྣམ་གྲངས་མང་བ་དེ་འདྲ་རེད་མི་འདུག གང་བཤད་དོན་ལ་གནས་འདུག བྱས་པ་ལ་རྗེས་འདུག དྲུད་པ་ལ་ཤུལ་འདུག ཁ་སྟོང་ནང་གི་ལྕེ་སྟོང་རེད་མི་འདུག མི་དམངས་མགོ་བོ་རྨོངས་ཆེད་གང་ཐོན་ཁ་ནས་བཤད་མི་འདུག
    ད་ཆ་དོན་དངོས་ཁ་གསལ་ཆགས་དུས་ཁྲམ་པའི་གཡོ་འོག་ཏུ་འཛུལ་ན་མི་དེར་ལེགས་ཉེས་རྣམ་པར་འབྱེད་པའི་བློ་གྲོས་མེད་པ་དང་། ཤེས་ཡོན་མེད་པ་སོགས་རང་གི་དེ་ཁོ་ན་ཉིད་གསལ་བར་སྟོན་པ་ཙམ་དུ་ཟད་དོ། །

  19. BBC says:
    2011-03-19 at 6:50 am

    ནག་པོའི་ཚང་ལགས། སེམས་ཁྲལ་མི་དགོས། དཔྱད་པ་ལན་མང་དུ་བྱས་ཟིན། དཔྱད་པ་བྱས་ནས་ཟླ་ངོ་ལྔ་ལ་ཐོན་ཐལ། དཔྱད་པའི་ཁྱབ་ཚད་ཀྱང་མ་སུ་རི་ནས་འགོ་བཙུགས་ཏེ། སིམ་ལ་དང་། དེ་ནས་རྡོར་གླིང་། དེ་ནས་རྡ་རམ་ས་ལ། དེ་ནས་ཨ་རི། དེ་ནས་སླར་ཡང་རྡ་ས། དེནས་སླར་ཡང་ཨ་རི། སོགས་སུ་གཟུགས་མེད་སེམས་དང་ཉན་སྣ་བཏང་བ་ཡིན། དཔྱད་ཚུལ་ཡང་འབྲུ་ཞིབ་ལ་ཚགས་ཧ་ཅང་དམ། ཧོལ་རྒྱུགས་རྩ་བ་ནས་མེད། ལོངས་མཆོངས་རྩ་བ་ནས་བརྒྱབ་མེད། རིགས་པའི་ལམ་ནས་བརྡར་ཤ་བཅད་དེ་ཚད་མས་ངེས་པ་རྙེད་ཟིན། བཤད་པའི་རྣམ་གྲངས་མང་ལ། དེ་ལས་ཀྱང་རྫུན་རྐུབ་བརྡོལ་བའི་རྣམ་གྲངས་མང་བ་དེ་འདྲ་རེད་མི་འདུག གང་བཤད་དོན་ལ་གནས་འདུག བྱས་པ་ལ་རྗེས་འདུག དྲུད་པ་ལ་ཤུལ་འདུག ཁ་སྟོང་ནང་གི་ལྕེ་སྟོང་རེད་མི་འདུག མི་དམངས་མགོ་བོ་རྨོངས་ཆེད་གང་ཐོན་ཁ་ནས་བཤད་མི་འདུག
    ད་ཆ་དོན་དངོས་ཁ་གསལ་ཆགས་དུས་ཁྲམ་པའི་གཡོ་འོག་ཏུ་འཛུལ་ན་མི་དེར་ལེགས་ཉེས་རྣམ་པར་འབྱེད་པའི་བློ་གྲོས་མེད་པ་དང་། ཤེས་ཡོན་མེད་པ་སོགས་རང་གི་དེ་ཁོ་ན་ཉིད་གསལ་བར་སྟོན་པ་ཙམ་དུ་ཟད་དོ། །

  20. བཀྲ་ཤིས་སྒྲོལ་མ། says:
    2011-03-19 at 7:09 am

    དུས་ཚོད་ཀྱི་ཁོམ་གསེང་ཞིག་ལ་འདིར་འཁྱུག་ཙམ་ཞིག་མིག་ཤད་ཅིག་བྱེད་དུ་ཡོང་བ་ཡིན། འདིར་བལྟ་དུས་འཕན་པོ་བསྟན་དར་ཞུ་བ་ཞིག་གིས་ང་ལ་ཅིག་བྲིས་འདུག བཀླགས་པ་ཡིན། འོན་ཀྱང་ཁོའི་ཕྱོགས་ཞེན་གྱི་མིག་གཉིས་ལོང་བ་ཙམ་ལས་རྩ་བའི་ངེད་གཉིས་ཀྱི་འདོད་ཚུལ་གཅིག་པ་རེད། གུས་མོས་ཀྱང་བློ་སེང་ལ་ཡོན་ཏན་དུལ་འབྲུ་ཙམ་དང་སྣ་གཅིག་ཀྱང་མི་འདུག་ཅེས་ལབ་རྒྱུ་རྩ་བ་ནས་མ་བྱུང་། མཁས་དབང་མ་རེད་ལབ་ཡིན། དེ་ནི་མཁས་དབང་རེད་ཅེས་ཉིད་ཀྱིས་ཀྱང་ལབ་ཀྱི་མེད་ཚོད་རེད། དེས་ན་ངེད་གཉིས་ལ་རྩོད་པ་མི་འདུག
    དེ་ནས་བདུད་ནག་བུ་ཞུ་བ་ཞིག་གིས་ང་ལ་ཅིག་ལབ་འདུག བལྟ་དུ་ཙ་ནས་མཁས་དབང་ཡིན་མིན་ལས་འཁྱེར་ཡོད་མེད་ཀྱིས་ཐག་ཆོད་ཀྱི་མ་རེད་འདྲ་བོ་ཞིག་ལབ་འདུག ཚིག་སྦྱོར་དེ་འདྲ་མ་རེད་དེ་དོན་དག་དེ་ག་རང་རེད། འདི་ལ་ངོས་ལེན་བྱེད་རྒྱུ་ཡིན། འོན་ཀྱང་འདི་སྤྱིར་བཏང་མཁས་དབང་ཡིན་མིན་དེ་ལག་འཁྱེར་གྱིས་ཐག་ཆོད་ཀྱི་མ་རེད་ལབ་པ་དེ་གཅིག་པོ་ལ་ངོས་་ལེན་བྱས་པ་ཡིན་མ་གཏོགས་བློ་སེང་མཁས་དབང་ཡིན་པ་ངོས་ལེན་བྱས་པ་མིན། འདི་མགོ་ཚོས་དགོས། མ་གཞི་མཁས་དབང་ཞེས་ལབ་དུས་མཁས་པའི་དབང་པོ་ཞེས་པའི་བསྡུས་ཚིག་རེད། མཁས་པའི་དབང་པོ་ལབ་ན་མཁས་པ་ཐམས་ཅད་ཀྱི་མཆོག་གམ་རྩེ་མོ་ལ་གོ་དགོས་པ་རེད། འདི་བོད་ཀྱི་བརྡ་ཡི་རྣམ་གཞག་གི་སྤྱི་འགྲོས་རེད། བློ་སེང་ལ་ལག་འཁྱེར་མེད་པ་གཅིག་པོའི་ཐོག་གནས་མཁས་དབང་ཡིན་པ་ངོས་ལེན་བྱེད་མ་ཐུབ་པ་མ་ཡིན་པར། དེ་ལས་ཀྱང་ཁོང་གི་ཤེས་བྱ་རིག་པའི་རྩལ་དང་བློ་གྲོས་ཀྱི་ཐོག་ནས་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག གནད་འགག་འདི་རེད། ལག་འཁྱེར་མེད་པ་དེ་ཡང་གནད་དོན་གཅིག་རེད། གང་ཡིན་ཟེར་ན་བློ་སེང་གིས་ཁོང་ཧ་ཝར་དྲིའི་མཁས་དབང་ཡིན་ཚུལ་བཙན་བྱོལ་སྤྱི་ནང་མང་པོ་བསྒྲགས་པ་རེད། དངོས་གནས་བྱས་བཙན་བྱོལ་སྤྱི་ཚོགས་ལ་མགོ་ཚོས་མཁན་གྱི་མི་གཅིག་ཀྱང་མེད། འདི་ཚོ་ལ་མགོ་བསྐོར་ག་ཚད་བཏང་ཀྱང་མགོ་ཚོས་ཀྱི་མ་རེད་བསམ་ཏེ་སྐད་ཆ་དེ་འདྲ་བཤད་པ་ཡིན་ཚོད་རེད། འོན་ཀྱང་རྒྱ་ནག་གཞུང་གིས་རྩིས་ལོག་བྱས་ཡོད་མེད་མི་ཤེས་ཏེ་བློ་སེང་གིས་རྩིས་ལོག་བརྒྱབ་ཡོད་ཐག་ཆོད་རེད། མི་བདེན་གི་བསམ་ན་སང་ཉིན་ང་ཚོས་བལྟ་དང་ཤེས་ཀྱི་རེད།

  21. བོད་ལ་དགའ། says:
    2011-03-19 at 8:35 am

    ཧ་ཅང་ཡ་མཚན་པ་ཞིག་ལ། མི་འགའ་ཤས་ལ་བདེན་པ་ངོ་སྤྲད་ཀྱང་མཐོང་གི་མི་འདུག དེ་ག་རེ་ཡིན་ན། བློ་སེང་མཁས་དབང་མིན་པ་ཐུན་མོང་ཐོག་ཐག་གིས་ཆོད་པ་ཞིག་རེད། ད་དུང་ཨུ་ཚུགས་རྒྱག་དོན་ཅི་རེད། ལས་གནས་ཀྱང་འཕྲལ་སེལ་ཉམས་ཞིབ་པ་ཞིག་ཟེར་ཀྱང་ཆོག་པ་རེད། དེ་ཡང་གསལ་བོ་གསལ་རྐྱང་རེད།

    ཉེ་སྔོན་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ཞུ་བ་ཞིག་གིས་ཀྱང་ཨུ་ཚུགས་ཀྱིས་རང་འགྲེལ་འདྲ་ཞིག་རྒྱབ་ཡོང་གི་འདུག འདི་དག་བློ་སེང་ལ་བཟང་བྱས་པ་མ་རེད། ངན་བྱས་པ་རེད། ག་རེ་ཡིན་ན་མིན་ན་བདེན་པ་རང་བཤད་དགོས་པ་རེད།

    བློ་སེང་ནི་གཞོན་སྐྱེས་རེ་བ་ཅན་ཞིག་རེད། ད་ཐེངས་མ་ཐོབ་ནའང་རྗེས་མར་རེ་བ་རྒྱག་དགོས་པ་རེད། རྒྱབ་སྐྱོར་བ་དག་གི་བྱ་སྤྱོད་ཀྱིས་ཁོང་གི་འོས་ཤོག་ལ་གནོད་ཡོང་གི་མེད་འགྲོ་བསམ་གྱི་འདུག་ མ་འོངས་པའི་ཁོང་གི་མདུན་ལམ་ལའང་གནོད་ཡོང་གི་མེད་འགྲོ་བསམ་གྱི་འདུག་ བསྟོད་མ་ཤེས་པས་བསྟོད་པ་ལས། སྨད་ཤེས་མཁན་ཞིག་གིས་སྨད་ན་དགའ། །ཟེར་བའི་དཔེ་ལ་མི་འགྲོ་བའི་ངེས་པ་མི་འདུག

  22. ལྕགས་ཐར་སྐྱབས་ says:
    2011-03-19 at 9:45 am

    འོ་ཡ། ད་མང་པོ་མི་བཤད། ༕སང་ཉིན་འོས་འཕེན་པར་འགྲོ་རྒྱུ་ཡིན། 

  23. བདུད་ནག་བུ་ནས་ says:
    2011-03-19 at 9:46 am

    འོ་འོ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌བཀྲ་ཤིས་སྒྲོལ་མ་ཁྱོད་ཀྱིས་ང་ལ་ལེན་ལོག་པ་སྟེ་ཡང་དངོས་གནས་ཡ་མཚན་རང་རེད།
    དེ་ཡང་མཁས་དབང་བློ་བཟང་སེང་གེ་ལགས་ལ་མཁས་དབང་ཞེས་ལབ་པ་ཡིན་ན་ག་རེ་འགྲིག་གི་མི་འདུག
    གོང་གི་ཁྱོད་ཀྱིས་བཤད་པ་བལྟ་མཁས་དབང་ཟེར་བ་དེ་རྩེ་ཕུགས་མཁན་ཞིག་ལ་ངོ་འཛིན་བྱ་དགོས་ཟེར།
    ཁྱེད་ཀྱི་བཤད་སྟངས་བལྟ་ན་བོད་སྤྱི་ཚོགས་ནང་དུ་མཁས་དབང་བའི་མིང་ཐོག་མཁན་ཞིག་ཤིན་ཏུ་ཁག་པོ་མིན་འགྲོ།
    དེ་ཡང་ཡི་གེའི་ཚིག་ལ་མ་ལྟོས་དོན་ལ་བལྟས་མི་ཞིག་ཡིན་ན་ཡང་མི་དེའི་ཕྱི་བའི་གཟུགས་ལ་མ་ལྟོས་ནང་ལ་བལྟས་ལོ།

  24. བདུད་ནག་བུ་ནས་ says:
    2011-03-19 at 11:23 am

    བལྟས་མོ་བལྟ་སང་ཉིན་ནི་དངོས་གཞིའི་འོས་བསྡུ་རེད།
    དེང་རིང་སྔོན་ནས་ཉལ།

  25. མེ་ཏོག་དཀར་པོ། says:
    2011-03-19 at 12:10 pm

    རེད། སང་ཉིན་་་་་་་་་བཀྲས་མཐོང་ལ་འོས་འཕེན་རྒྱུ་ཡིན།
    ཚང་མར་ཁམས་བཟང་ངང་་་ཡིན་ད།
    འོ། འབྲུག་དང་བལ་ཡུལ་དུ་འོས་འཕེན་སྐོར་ལ་བློ་འཚབ་འདུག གང་འདྲ་ཞིག་ཡོངས་རྒྱུ་ཡིན་ནམ།

  26. ལི་ཐང་རྒྱ་མཚོ། says:
    2011-03-19 at 12:14 pm

    བལྟས་མོ་འདུག བོན་ནག་དེ་དངོས་གནས་བོད་དོན་ཐད་ནག་པོ་ནག་ཀྱང་རེད་འདུག་ཀྱང་ད་དུང་བློ་སེང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར་སྐད་ཆ་རྫིག་ཐག་ཆོད་ཤོད་ཀྱིན་འདུག ངོ་མ་ཁྱེད་སྙིང་རྗེ། མིང་ནག་པོ། བསམ་བློ་ནག་པོ། ཤེས་ཡོན་ནག་པོ། ནག་པོ་ཕུན་ཚོགས་ཀྱི་བོན་ནག། ཁྱེད་ཀྱིས་བློ་སེང་ལ་རྒྱབ་སྐྱོར་བྱེད་པ་ནི་བསྟན་འཛིན་རབ་རྒྱས་ཀྱིས་བློ་སེང་ལ་རྒྱབ་སྐྱོར་བྱེད་པ་དང་ཤིན་ཏུ་མཚུངས། དེ་ཡང་ཁ་སང་བཀའ་ཁྲིའི་བགྲོ་གླེང་སྐབས་ཨ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་བསྟན་འཛིན་རབ་རྒྱས་ལ་བློ་སེང་ལ་རྒྱབ་སྐྱོར་བྱེད་དགོས་པའི་དགོས་པ་རྒྱུ་མཚན་བྲིས་པའི་ལན་དུ། བློ་སེང་ཕྱི་ནས་མཚར་བའི་བོད་པྲུག་ཡིན་པ་མ་ཟད་བོད་སྐད་ལ་ལྷད་མེད་པ་དེས་བོད་ལ་ཞེན་པའི་རྟགས་ཀྱིས་ཡིན་ཟེར་བར། ཨ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་དེ་འདྲ་མ་རེད། བློ་སེང་རྒྱ་གར་ནང་མཚར་ལོངས་བྱུང་བ་མ་ཟད་མཐོ་སློབ་ཀྱང་རྒྱ་གར་དུ་ཕྱིན་པ་ཁོང་རང་གི་ཤོད་ཀྱི་འདུག་པས་ད་འདྲ་མ་རེད་ཅེས་ཁོང་ི་རྒྱབ་སྐྱོར་བྱེད་ཚུལ་མ་ཤེས་པེ་གསལ་བཤད་གནང་བ་དང་གཅིག་མཚུངས་རེད། ཁྱེད་ཚོའི་རིགས་ནས་རྒྱུ་མཚན་དང་གནས་ལུགས་ལ་དཔྱད་པ་མེད་པར་ཡུལ་ལུང་དང་ཕྱོགས་ཞེན་གྱི་གནམ་འཕང་གཅོད་བཞྀན་པར་ང་ཚོ་བློ་འཕམས་ཡོད།

  27. ལ་སྟོད་བུ། says:
    2011-03-19 at 12:21 pm

    ལི་ཐང་རྒྱ་མཚོའི་དགག་ཡུལ་བོན་ནག་ཅེས་པ་ཞིག་མཆན་འགོད་པའི་ནང་དུ་མ་མཐོང་བས་མིང་ཅན་གྱིས་ལུང་བསྟན་པ་ཡིན་ས་རེད།

  28. ལ་སྟོད་བུ། says:
    2011-03-19 at 12:23 pm

    ཨ་མིང་ཅན་ཞེས་བཅོས་རོགས།

  29. ཁ་བརྡ་ཚང་། says:
    2011-03-19 at 2:55 pm

    གོང་དུ་བན་ནག་ཚང་དང་ BCC ཟེར་མཁན་གཉིས་ནས།
    དྲ་གྲོགས་ནང་ཁུལ་དུ་ཚིག་རྩུབ་དང་འཐབ་འཛིང་བྱེད་པའི་བསམ་ཚུལ་སྤེལ་འདུག་སྟབས།
    དེ་གཉིས་ཀ་གནས་སྐབས་སུ་བཀག་ཡོད། ད་དུང་། BCC ཡི་(IP)ཨང་གྲངས་ཐོག (CNN)མིང་ཅན་ཞིག་གིས་ཀྱང་མཆན་བུ་སྤེལ་གྱི་འདུག་པས།
    དེ་ཡང་བཀག་ཡོད། ཚོགས་པ་གཞན་གྱི་མིང་སོགས་བེད་སྤྱོད་གཏོང་བཞིན་པའི་གནད་དོན་འདིའི་ཐད། ཁ་བརྡས་གསལ་བསྒྲགས་ཤིག་སྤེལ་ཏེ་སྟངས་འཛིན་བྱེད་གི་ཡིན།
    དེ་དོན་དྲ་གྲོགས་ཚང་མས་མཁྱེན་པ་གནང་རོགས།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  30. བན་ནག་ཚང་ says:
    2011-03-20 at 2:47 am

    ལྷུན་རྒྱས་ཚོ་མཁྱེན་དགོས་པ་ཞིག་ལ་ངའི་མིང་ལ་བན་ནག་ཡིན་མ་གཏོགས་བོན་ནག་མིང་རྩོད་གཞི་དང་འབྲེལ་བ་མེད་པ་གཞན་ལ་ཁ་ངན་ཚིག་ངན་མ་བརྒྱག་རོགས།

  31. བསྟབ་འཛིན་ངག་དབང་། says:
    2011-03-20 at 8:37 am

    གྲོགས་པོ་ལགས་ཁྱོད་དེ་རིང་ཁྱོད་ཀྱི་མིག་གཉིས་དང་ལག་པ་དེ་བེད་སྤྱོད་བྱུང་སོངངམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme