Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲི་འོས་བསྡུར།

Posted on 2010-10-24 By ཁ་བརྡ་ 4 Comments on བཀའ་ཁྲི་འོས་བསྡུར།

འཇམ་དབྱངས་རྡོ་རྗེ་ལྕགས་རི་ཤར།
(རྩོམ་འབྲི་བས་རེ་བསྐུལ་ལྟར་དབྱིན་ཡིག་གི་མ་ཡིག་ནས་བོད་འགྱུར་བྱས་པ་ཡིན།)

ང་རང་ནི་ཆབ་སྲིད་པ་ཞིག་མིན་ལ། རྩོམ་པ་པོ་ཞིག་ཀྱང་མིན། ཡིན་ནའང་།
སེམས་འཁུར་ཡོད་མཁན་གྱི་མི་སེར་ཞིག་ཡིན་པས།
དངོས་ཤུགས་རྒྱུད་གསུམ་ནས་བོད་ཀྱི་རྩ་དོན་ཆེད་དུ་འདས་པའི་ལོ་བཞི་བཅུ་ཙམ་ལས་ཀ་བྱས་ཡོད།
དེང་སང་གི་བཀའ་བློན་ཁྲི་པའི་འོས་བསྡུར་གྱི་ཁ་ཕྱོགས་ལ་བསམས་ན།
ཁ་བཙུམས་ནས་སྡོད་མི་ཐུབ་པའི་གནད་འགག་ཅིག་ལ་ཐུག་གི་ཡོད་པ་སོང་ཙང་།
གཤམ་གྱི་བསམ་ཚུལ་འདིས།
ས་ཕྱོགས་གང་ཞིག་ན་མི་སུ་ཞིག་ལ་ཐུགས་ཕན་གསོལ་བའི་རེ་འདུན་དང་བཅས་གསལ་བཤད་དུ་བྲིས་པ་ལགས།

བཀའ་བློན་ཁྲི་པའི་འོས་བསྡུར་གྱི་ལུགས་སྲོལ་འདི་ལོ་གྲངས་བཅུ་ཙམ་ཕྱིན་ཡོད་པའི་ནང་དུ་སྟབས་ལེགས་པ་ཞིག་ལ།
ཟམ་གདོང་རིན་པོ་ཆེ་ལྟ་བུ། བཙན་བྱོལ་གཞུང་གི་འཛིན་སྐྱོང་གི་ལམ་སྲོལ་མང་པོ།
ཚད་གཞི་ཡོད་པའི་ཁྲིམས་སྲོལ་བསྒྲིགས་པ་དང་ཆབས་ཅིག་ཏུ། གནའ་སྲོལ་དང་།
རྟིང་ཟབ་པའི་ལོ་རྒྱུས་ཀྱི་བྱ་གཞག
གནས་ཡུལ་རྒྱལ་ཁབ་སོགས་ཕྱོགས་ཡོངས་ནས་གཟིགས་ཐུབ་མཁན་ཞིག་བྱུང་བ་རེད།
ས་གནས་ས་ཐོག་ལ་ཁྲིམས་ལུགས་དབང་ཚད་མེད་པ་དང་གཞུང་ཞིག་འཛིན་སྐྱོང་བྱེད་པ་ལ་དགོས་ངེས་ཀྱི་ཡན་ལག་སྡེ་ཚན་ཆ་ཚང་ཞིག་མེད་པའི་གནས་སྟངས་འདི་འདྲའི་འོག་ལ།
ལས་འགན་འདི་དེ་བས་ཀྱང་དཀའ་རྙོག་ཆེ་རུ་ཆགས་ཡོད།
༸སྐྱབས་མགོན་རིན་པོ་ཆེ་ལ་མི་དམངས་ཀྱི་དད་པ་དང་།
ལོ་རྒྱུས་ཀྱི་ཐོག་བོད་རང་བཙན་ཡིན་པའི་ཡིད་ཆེས། ལམ་དབུ་མའི་ནུས་པ་ལ་བློ་གཏོད་དང་།
ང་ཚོའི་བོད་དུ་ལུས་པའི་སྤུན་ཟླ་ཚོའི་ནུས་སྟོབས་ལ་གདེང་འཇོག་དང་།
བདེན་པ་ལ་བློ་བཅོས་བ་ལ་སོགས་པའི་མཐུས་ཀྱིས་ངེད་ཚོའི་ལས་འགུལ་འདི་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཡོད་པ་རེད།
བཀའ་ཁྲི་གསར་པས་ནུས་པ་འདི་དག་ཤུགས་ཆེ་རུ་བཏང་ནས།
མངོན་འདོད་འདི་དག་མདུན་ནས་མདུན་དུ་དྲངས་ནས་རྒྱུད་རིམ་ལྡན་པའི་མཇུག་འབྲས་ཅིག་སྨིན་ཐུབ་པ་དགོས་ཀྱི་ཡོད་པ་རེད།
དེ་འདྲ་སོང་ཙང་། ངེད་ཚོ་ལ་སྲོལ་རྒྱུན་དང་། ཆབ་སྲིད།
འཛིན་སྐྱོང་སོགས་ཀྱི་ཉམས་མྱོང་གི་ན་ཚད་སྨིན་པ་ཞིག་དགོས་ཀྱི་ཡོད་པས།
དངོས་གནས་སྤྱི་ཚོགས་ནང་གི་འབྲེལ་ཡོད་ལས་གནས་ཁག་ལ་ཞུགས་ནས་ཆ་རྐྱེན་འདི་དག་བསགས་ན་མ་གཏོགས།
འཛམ་གླིང་སྟེང་གི་མཐོ་རིམ་སློབ་གྲྭ་ཡག་ཤོས་ནས་ལག་ཁྱེར་གང་ཞིག་གིས་ཆ་རྐྱེན་འདི་དག་བསྐོང་མི་ཐུབ།
།

མཁས་དབང་ཟམ་གདོང་རིན་པོ་ཆེས་གྱེས་ཐོན་གསུང་བཤད་ཁག་གི་ནང་དུ་གསུངས་པའི་ནང་དུ།
ཐོག་མ་ནས་རང་ཉིད་ཀྱིས་མི་འཇོན་པར་ཁས་ལེན་བྱས་ཟིན་ནའང་།
ཁོང་གི་འདོད་མོས་མེད་བཞིན་དུ།
མི་མང་གིས་འོས་འདེམས་བྱས་ནས་ཁོང་གིས་བཀའ་ཁྲིའི་ལས་འགན་འདི་ལེན་དགོས་བྱུང་ཡོད་པ་གསུངས་ཡོད་པ་རེད།
དེ་འདྲ་སོང་ཙང་།
འཐུས་ཤོར་ཡོད་ཚད་ཀྱི་སྐྱོན་དཀྲིས་ས་མི་མང་རང་ལ་བབས་ཀྱི་ཡོད་པ་དང་མ་ཟད་།
ལྷག་པར་དུ་སྤྱི་འཐུས་ནང་དུ་སྲིད་ཇུས་གཏན་འབེབས་བྱེད་མཁན་གྱི་མི་མང་གི་འཐུས་མི་ཚོ་ལ་བབས་ཀྱི་ཡོད།
བཀའ་བློན་ཁྲི་པའི་འོས་བསྡུར་ནང་དུ་མི་རབས་གསར་པ་ཞིག་སླེབས་ཡོང་དུས།
ངེད་ཚོའི་བཀའ་ཁྲི་ལ་འོས་ངེས་ཞིང་འཇོན་ནུས་ལྡན་ལ་དགོངས་ལོ་བགྲེས་པའི་འོས་མི་འགའ་ཤས་སྐབས་འདིའི་བཀའ་ཁྲི་འོས་བསྡུར་ནང་དུ་ཞུགས་ཀྱི་མེད་པ་རེད།
མི་རབས་གསར་པ་ནི། རང་ཉིད་མ་གཏོགས་འཇོན་པོ་མེད་པ།
གཞན་ཐམས་ཅད་བེད་སྤྱོད་མེད་པ་བཤད་ཐུབ་པའི་མི་རབས་ཅིག་རེད། རྗེ་བཙུན་མི་ལས་
“དམའ་ས་བཟུང་ན་མཐོ་ལ་སླེབས།”གསུངས་པ་རེད།
མི་ལ་རས་པ་ནི་དུས་དང་མི་འཚམས་པར་ངེད་ཚོའི་སྤྱི་ཚོགས་འདི་བསམ་བློའི་མདུན་མཆོངས་ཆེན་པོ་ཞིག་བརྒྱབས་ཟིན་པ་མིན་ནམ།
འགའ་ཤས་ཀྱིས་རང་ཉིད་ཀྱི་འོས་གཞི་སྤྱི་འཐུས་གྲོས་ཚོགས་ནང་དུ་བསྒྲགས་པ་དང་།
བཀའ་ཁྲི་དང་སྤྱི་འཐུས་སུ་འོས་གཞིར་ལོངས་འདོད་ཡོད་མཁན་ཁ་ཤས་ཀྱིས་བོད་གཞུང་གི་འགྲོ་སོང་ཐོག་ནས་ཕེབས་པ་དང་གལ་ཆེན་གྱི་ཚོགས་འདུ་ལ་ཞུགས་ཕེབས་སྐབས།
bylakuppe་བོད་རྒྱལ་ཡོངས་ཚོགས་ཆེན་གྱི་ནང་དུ་གསལ་བསྒྲགས་བྱས་ཡོད་པ་རེད།
འགོ་ཁྲིད་དུ་སླེབས་སྲིད་པའི་མི་འདི་དག་
དྲང་ཚུགས་བརྟེན་པོ་གང་འདྲ་སུ་ཡོང་གི་རེད་དམ།

ང་ཚོའི་གྲོགས་པོ་འགའ་ཤས་ཀྱིས་འདི་ནི་ཡར་ཐོན་ཅན་གྱི་མང་གཙོ་ཡིན་པའི་དཔང་རྟགས་རེད་ཟེར།
ཕྱོགས་ཡག་པ་ཞིག་ནས་བལྟས་ན། མཁས་དབང་ཟམ་གདོང་ལྟ་བུ་མིན་པ།
བྱ་སྤྱོད་འདི་དག་གིས་བཀའ་ཁྲི་གསར་པས་བཙན་བྱོལ་གཞུང་གི་སྲིད་ཇུས་ཇི་འདྲ་གཞི་བཟོས་ཡོད་པ་དེའི་ལེགས་ཉེས་ཆ་ཚང་གི་འགན་ལེན་བྱེད་དགོས་པ་ཡོང་གི་རེད།
ཡ་མཚན་པ་ཞིག་ལ། བཀའ་ཁྲི་དེའི་ལོ་དུས་རྫོགས་པའི་སྐབས།
༸སྐྱབས་མགོན་རིན་པོ་ཆེ་དགོངས་ལོ་བརྒྱད་བཅུ་ལ་ཕེབས་ཀྱི་ཡོད་པ་དང་།
བོད་ལུགས་ལྟར་ན་དགོངས་ལོ་བརྒྱད་བཅུ་གྱ་གཅིག་ལ་ཕེབས་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང་།
དྲི་བ་ཆེན་པོ་ཞིག་སླེབས་ཀྱི་ཡོད་པ་ནི། ངེད་ཚོས་བཀའ་ཁྲི་ལ་སྐྱོན་འཛུགས་བྱེད་རེས་དང་།
སྦྱོང་བརྡར་སྤྲོད་རྒྱུའི་དུས་ཚོད་འདང་ངེས་ཤིག་ཡོད་ཀྱི་རེད་དམ།
ངེད་ཚོ་བཙན་བྱོལ་དུ་ཕེབས་ནས་མང་གཙོ་སྦྱོང་བརྡར་བྱེད་པར་ཡོང་བ་རེད་དམ།
ངེད་ཚོར་ས་གནས་ས་ཁུལ་མེད་པར་མང་གཙོ་ཡང་དག་པ་ཞིག་འཛིན་སྐྱོང་བྱེད་ཐུབ་ཀྱི་ཡོད་པ་འཛམ་གླིང་ལ་བསྟན་པ་ཡོང་བ་རེད་དམ།
གནད་དོན་ཡག་པ་ཞིག་ཡོང་བའི་ཆེད་དུ་བོད་ནང་དུ་བཞུགས་པའི་སྤུན་ཟླ་ཚོས་ཉིན་མཚན་མེད་པར་ངེད་ཚོ་ལ་ཁ་ཕྱོགས་ནས་བལྟ་བཞིན་ཡོད་པ་དང་།
། ཁོང་ཚོ་ལ་མཚོན་ན།
༸གོང་ས་མཆོག་གི་ཉིན་མ་རེ་རེའི་སྐུ་ཚེ་ཕེབས་འགྲོ་གི་ཡོད་པ་ནི་བཟོད་དཀའ་བ་ཞིག་རེད།

གྲགས་ཆེ་བའི་དམངས་སྒྲུང་འདི་འདྲ་ཞིག་ཡོད་པ་རེད།
གཡག་གིས་རང་གི་གྲོགས་པོ་མ་ཧེ་ནས་སྤུ་གཡར་ཏེ་བོད་ནས་ཚ་འཁྱེར་ནས་ཕྱིར་སླེབས་ཡོང་བའི་ཁས་ལེན་བྱས་ཀྱང་།
བོད་ནས་གཡག་ཕྱིར་ནམ་ཡང་ཡོང་མེད་པའི་སྒྲུང་ལྟ་བུ།
བོད་ནང་གི་བོད་མི་ཚོས་ངེད་ཚོ་ལ་རེ་བལྟས་བྱེད་ཀྱི་ཡོད་པའི་གནས་སྟངས་འདིའང་སྒྲུང་འདི་ལྟ་བུ་ཞིག་ཆགས་ཉེས་མིན་འདུག་གམ།

ང་རང་སྒེར་གྱི་ངོས་ནས།
མཁས་དབང་ཟམ་གདོང་རིན་པོ་ཆེའི་སྲིད་ཇུས་ཁ་ཤས་ལ་མོས་མཐུན་མེད་ཀྱང་།
འཇམ་དབྱངས་ནོར་བུའི་དཔྱད་རྩོམ་ནང་དུ་བྲིས་པ་ལྟར་ཁོང་ལ་དགེ་རྒན་བྱེད་པའི་ཉམས་མྱོང་མ་གཏོགས་ཡོད་མ་རེད་ཟེར་ན་ཆེས་བཤད་སྟངས་ལས་སླ་དྲགས་པ་རེད།
བླ་ཆེན་གཞན་དག་མང་པོ་དང་མི་འདྲ་བ།
ཁོང་ནང་ཆོས་ཀྱི་ལྟེ་གནས་ཤིག་ཏུ་སྟབས་བདེ་བའི་ཐོག་ནས་མི་ཚེ་བསྐྱེལ་ཆོག་ཀྱང་།
ཁོང་གིས་ལོ་རྒྱུས་ཀྱི་དུས་སྐབས་ཉག་ཕྲ་བའི་སྐབས་སུ་༸གོང་ས་མཆོག་གི་ཕྱག་རོགས་དང་སྤྱི་ཚོགས་ལ་ཞབས་ཞུ་རྒྱུའི་དཀའ་ཚེགས་དང་དུ་བླངས་བ་རེད།

ཁོང་གིས་བོད་པའི་སྤྱི་ཚོགས་ནང་དུ་སློབ་ཁྲིད་བྱས་ནས་གཞོན་སྐྱེས་བརྒྱ་ཕྲག་མང་པོའི་མི་ཚེའི་འགྲོ་ལམ་བཟོས་བ་རེད།
ཁོང་ལ་བསྟོད་བསྔགས་འདི་འོས་པ་ཞིག་རེད། ད་སྐབས་ཁོང་ཐོན་འགྲོ་གི་ཡོད་པ་རེད།
སྔོན་མའི་བཀའ་ཁྲི་ནང་བཞིན་ངེད་ཚོས་ཁོང་སྐྱིད་པོ་མེད་བཞིན་དུ་ཐོན་འགྲོ་བའི་གནས་སྟངས་དེ་ཆགས་འདོད་མེད་པ་རེད།
མཐའ་ན།
རྒྱ་མི་ཡིས་མི་གྲངས་ས་ཡ་མང་པོ་བསད་པའི་འགན་ལེན་ཡོད་པའི་སྔོན་མའི་འགོ་ཁྲིད་མའོ་ཀྲང་ཞི་སོགས་ལ་འཚོ་གནས་ཀྱི་སྐབས་སུ་གུས་བརྩི་བྱས་ཡོད་པ་རེད།

ངེད་བོད་པ་ཚོས་ད་ནི་ཕྱིར་བལྟས་ནས་ངེད་ཚོའི་ལས་འགུལ་ལ་བསྐྱར་ཞིབ་བྱེད་དགོས་པ་རེད།
ངེད་ཚོས་ལས་རྒྱུ་འབྲས་ནི་དད་པའི་གཞི་རྩ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཡིན་ནའང་ངེད་ཚོས་དྲང་པོ་བདེན་པའི་ཐོག་བྱས་ནས་སྤྱི་ཚོགས་ནང་དུ་ཕྱག་ལས་གནང་མཁན་གྱི་བཀའ་ཁྲི་དཔེར་ན།
ཀུན་བདེ་གླིང་། ཕྲ་རིང་། འཇུ་ཆེན་ཐུབ་བསྟན། བསོད་ནམས་སྟོབས་རྒྱས།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སོགས་ཀྱི་ཞབས་འདེགས་ལ་དགའ་མགུ་ཡིད་རངས་ཞུ་ཤེས་ཀྱི་འདུག་གམ།
ད་ནི་ངེད་ཚོས་བྱབ་ཆུང་གི་བསམ་བློ་གཏོང་སྟངས་དེ་གཡུག་ནས་ལས་རྒྱུ་འབྲས་མི་བརྩི་མཁན་རྒྱ་མི་ལས་ཅུང་གྲགས་ཙམ་བྱེད་དགོས་ཀྱི་འདུག
ག
དུས་སྐབས་ཉག་ཕྲ་བའི་སྐབས་སུ་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུགས་མཁན་ལ་བརྩི་མཐོང་དང་ཆེ་འཇོག་བྱེད་ཤེས་པ་བྱེད་དགོས་ཀྱི་འདུག
དེ་དག་གི་ནང་དུ་ཤེས་ལྡན་པ་འཇམ་དབྱངས་ནོར་བུ་དང་། ལྷ་བཟང་ཚེ་རིང་ཚུད་ཀྱི་ཡོད་པ་རེད།
རྡ་རམ་ས་ལ་དཀའ་ངལ་ཆེ་བའི་སྐབས་སུ་ཁོང་ཚོའི་གློད་གཏོང་དང་ཞབས་འདེགས་ལ་བརྩི་མེད་དང་སྣང་མེད་ལས་སླ་བོ་བྱེད་ཐུབ་ཀྱི་མ་རེད།

༸གོང་ས་མཆོག་གི་དུས་དང་གནས་སྐབས་དང་འཚམས་པའི་དགོངས་བཞེད་ལ་གཞིགས་ནས་སྐབས་སྔོན་མའི་བཀའ་ཤག་གིས་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཕྱོགས་ཀྱི་སྲིད་ཇུས་རྒྱུན་འཛིན་བྱས་ནས།
རྒྱ་ནག་གིས་རྩེད་མོ་ནང་བཞིན་རྩེད་ཀྱིན་ཡོད་ནའང་ཉེ་ཆར་(བོད་མི་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཐོབ་ཐབས་ཀྱི་བསམ་འཆར)
) རྒྱ་ནག་ལ་སྤྲོད་ནས། རྒྱ་ནག་རྩེད་ཐང་གི་ཟུར་གདོང་དུ་བཀར་ཡོད་པ་རེད།
ད་སྐབས་རྒྱ་ནག་གི་འདེམས་ཀ་ལ། ཡང་ན་རྩེད་མོ་འདི་ཕྱིར་བཤོལ་བྱ་རྒྱུ་དང་།
ཡང་ན་རྩེད་མོ་འདི་གཡུག་ནས་གསར་པ་ཞིག་གཞི་ནས་འགོ་འཛུགས་བྱ་རྒྱུ་དེ་རེད། ངས་བསམ་པར།
ཁོང་ཚོས་རྡ་རམ་ས་ལའི་འགོ་ཁྲིད་ཆ་ཚང་བ་ཞིག་བརྗེས་ནས་སྲིད་ཇུས་ཀྱི་རྒྱུད་རིམ་གཅོད་འདོད་ཡོད་པ་རེད།
ཉེར་ཆར་སྤྱི་འཐུས་ལྷན་ཁང་དུ།
སྤྱི་འཐུས་ཁ་ཤས་ཀྱི་སྤྱོད་ལམ་ལ་བརྟེན་ནས་མི་མང་ཚོས་སྤྱི་འཐུས་ཚོ་ལའང་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་ཤེས་ཡོད་པ་རེད།
ངས་འོས་བླུག་མཁན་ཚོས་དེ་ལྟར་བཤད་ཀྱིན་ཡོད་པ་ཐོས་བྱུང་།
ངེད་ཚོས་དྲན་གསོ་དགོས་པ་ཞིག་ལ།
སྤྱི་འཐུས་ལྷན་ཁང་ནང་དུ་སྤྱི་འཐུས་ཡག་པོ་མང་པོ་ཡོད་པ་སོང་ཙང་།
ཚོགས་དུས་དེ་གའི་ནང་དུ་ལྷན་ཚོགས་ཀྱི་རྒྱུད་རིམ་བསྐྱོད་ཐུབ་པ་བྱུང་ཡོད་པ་རེད།
ང་ཚོ་མི་མང་གི་དཀྱིས་ལ།
དེང་སང་ཆབ་སྲིད་དང་མང་གཙོའི་སྐོར་ལ་དོ་སྣང་སླེབས་པ་འདི་ནི་སེམས་ཤུགས་འཕེལ་བའི་དོན་གནད་ཅིག་རེད།
འོས་བསྡུར་གྱི་རྗེས་སུའང་དེ་ལྟར་མུས་མཐུད་ནས་གནས་ཐུབ་པའི་རེ་བ་ཡོད།
སྤྱི་འཐུས་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་ནས་བེད་མེད་རེད་ཟེར་གྱིན་སྡོད་ན་བྱབ་ཆུང་རེད་ལ།
ཚང་མ་བསྡེབས་གཅིག་ཏུ་བརྗེ་ན་ཉེན་ཁ་ཚ་བོ་རེད།
ད་ནི་སྔོན་འགྲོ་འོས་ཤོག་འཕེན་ཟིན་པ་དང་། དངོས་གཞིའི་འོས་བསྡུར་ཕྱི་ལོ་༢༠༡༡
ཟླ་བ་༣་པའི་ནང་དུ་ཡིན་པས་ཟླ་བ་ལྔ་ཙམ་མ་གཏོགས་མེད་པ་རེད།
དེ་འདྲ་སོང་ཙང་མི་མང་ལ་རང་ཆེ་རང་བསྟོད་ཀྱིས་མི་མང་གི་བློ་ཁ་བསྒྱུར་མཁན་ལ་ཁ་མ་གཡེང་ནས།
འདས་ཟིན་པའི་ཉམས་མྱོང་དང་།
༸གོང་ས་མཆོག་གི་རྗེས་འཇུག་ཁུངས་དག་བདེན་དཔང་ཡོད་མཁན་ཞིག་བཅས་ཉམས་མྱོང་ཡོད་མཁན་ཞིག་ལ་འོས་འཕེན་རྒྱུ་ལ་བསམ་བློ་གཏང་རྒྱུ་གལ་འགངས་ཆེན་པོ་རེད།

ང་ཚོས་མཐོང་གིན་ཡོད་པ་ཞིག་ནི་འབུར་དུ་ཐོན་བཞིན་པའི་མང་གཙོའི་ནང་དུ་དར་སྲོལ་གསར་པ་ཞིག་ཀྱང་ཡོང་གི་ཡོད་པ་རེད།
དེ་ནི་གང་ཡང་ཡོང་སྲིད་པ་ཞིག་དང་།
རྒྱ་གར་གྱི་འོས་བསྡུར་ལྟར་སྒོར་མོའི་ནུས་པའང་མང་གཙོའི་ཆ་ཤས་བསྒྲུབ་ཆེད་དུ་སླེབས་ཡོང་གི་ཡོད་པ་རེད།

རྒྱ་གར་གྱིས་དེ་ལྟར་བྱེད་ཐུབ་ཀྱི་རེད། ཡིན་ནའང་ང་ཚོས་དེ་འདྲ་བྱེད་ལོང་མེད་པ་རེད།
ད་ལྟ་ང་ཚོའི་སྤྱི་འཐུས་ཚོས་དགོངས་པ་རྒྱ་ཆེན་པ་བཞེས་ནས།
བཀའ་བློན་ཁྲི་བའི་འོས་མི་ཡིས་བཙན་བྱོལ་གཞུང་ལ་ཉུང་མཐའ་ཡང་ལོ་ཁ་ཤས་གཞུང་ཞབས་བསྒྲུབ་ཡོད་དགོས་པའི་ཁྲིམས་ཤིག་བཟོ་དགོས་ཀྱི་ཡོད།
མཐའ་ན་རྒྱ་གར་གྱི་སྲིད་བློན་ཡིན་ནའང་ཉུང་མཐའ་ལ་གྲོས་ཚོགས་སུ་ཟླ་བ་དྲུག་སྡོད་ཡོད་དགོས་པ་རེད།
།
ཨ་རིའི་སྲིད་འཛིན་ཚོ་སྲིད་འཛིན་ལ་འདེམས་ཐོན་བྱུང་སྐབས་ཡང་ན་མངའ་སྡེའི་བློན་ཆེན་ཡིན་པ་དང་།
ཡོང་ན་གྲོས་ཚོགས་གོང་མའི་ཚོགས་མི་ཡིན་པ་རེད།
ང་ཚོའི་བརྟེན་ལྷིང་མེད་པའི་སྤྱི་ཚོགས་ནང་དུ་དེང་སང་གི་འགྲོ་ཕྱོགས་ཤིག་ལ།
མི་ཚེ་གང་ཚང་ཞབས་ཞུ་བསྒྲུབ་མཁན་ཚོ་ལ་སེམས་ཤུགས་བཅག་ནས། གློ་བུར་དུ།
མཐོ་སློབ་ནས་གསར་དུ་སློབ་ཐོན་པ་ཞིག་གི་གང་འདོད་ཀྱིས་
“ང་ཚོ་ཡང་བསྐྱར་འགོ་ནས་བྱེད་དོ།”ཞེས་ཁོང་ཚོ་ལ་ལབ་ཀྱི་རེད།
The writer is an editorial consultant to the Radio Free Asia and Co-Chair of
International Tibet support Network (ITSN).

རྩོམ་རིག

Post navigation

Previous Post: སྐད་ཡིག་དང་བདག་དབང་།
Next Post: རེ་འབོད་ཀྱི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ།།

Comments (4) on “བཀའ་ཁྲི་འོས་བསྡུར།”

  1. གཞོན་ནུ་ཟླ་མེད། says:
    2010-10-24 at 4:12 pm

    ཡ་ཡ། བསམ་འཆར་ཡག་པོ་བཤད་འདུག འོན་ཀྱང་དུས་ཀྱི་དབང་གིས་ང་ཚོ་བོད་ཀྱི་ལས་དབང་འདི་སྐྱོབས་ཐུབ་ཀྱི་མེད་པ་འདྲ་འདུག བཀའ་ཁྲིད་ལ་སྔོན་འགྲོ་ཆ་རྐྱེན་གང་ཡང་མི་དགོས་པ་དེས། ང་ཚོའི་སྤྱི་ཚོགས་འདིའི་ལས་དབང་ཤེས་ཀྱི་འདུག ད་དུང་ལས་ཀ་གང་ལ་ཡང་ཉམས་མྱོང་མེད་པ་དེས། ད་དུང་ཨག་གསར་ལ་དགའ་བ་དེས། ང་ཚོ་གཡག་ལ་ཞོན་ནས་གཡག་གི་ལམ་ཁ་ནས་མ་རྒྱུགས་པར། གཡག་ལ་ཞོན་ནས་མོ་ཀྲའི་ལམ་ཁར་རྒྱུགས་ནས། མོ་ཀྲ་དང་འགྲན་བསྡུར་བྱེད་ཀྱི་ཡིན་ཟེར་གི་ཡོད་པ་རེད། ད་ལྟོས་སྡོད་དང་ལྟད་མོ་ཡོད་ཀྱི་རེད།

  2. Ogyend says:
    2010-10-24 at 10:12 pm

    འཇམ་དབྱངས་རྡོ་རྗེ་ལགས། ངས་ཁྱེད་ངོ་ཤེས་ཀྱི་ཡོད། ཁྱེད་ཀྱིས་བསམ་ཚུལ་དེ་ཁ་གསལ་པོ་བཟོས་ན་མཁས་དབང་བློ་བཟང་སེང་གེ་ལ་བཀའ་ཁྲིའི་འོས་མ་བླུག་ཟེར་བ་རེད་འདུག ཡང་འདིར་ཟངས་གདོང་རིན་པོ་ཆེའི་སྐོར་ཇི་ཙམ་གསུངས་ནའང་སུས་ཀྱང་ཁོང་ལ་འོས་འབུལ་ཐུབ་ཐབས་མེད་པ་ཞིག་ཆགས་ཚར་བ་ཡིན་པ་མཁྱེན་གྱི་ཡོད་ངེས་དང། དེ་ནས་ལྷ་བཟང་ཚེ་རིང་ནི་མི་རང་ཞེན་ནམ་ང་རྒྱལ་ཆེ་བས་གཞན་སུ་ལའང་ཁས་མི་ལེན་ཟེར་མཁན་ཞིག་ཡིན་པས་ཁོང་ལྟ་བུ་ཞིག་ལ་བཀའ་བློན་ཁྲི་པའི་གོ་གནས་མི་རན་པ་ཡིན། འཇམ་དབྱངས་ནོར་བུ་ཅུང་དྲག་ནའང་ཁོང་ལ་ལས་དོན་ཆེན་པོ་འདི་འདྲར་རྒྱུན་སྲིང་ཐུབ་པའི་སྙིང་སྟོབས་མེད་མཁན་ལས་དུས་ཡུན་ཐུང་ཐུང་གི་ལས་གཞིའི་རིགས་ལ་སྒྲུབ་འབྲས་ཆེན་པོ་འདོན་ཐུབ་མཁན་གྲས་ཤིག་རེད། གཞན་ཁྱེད་ཀྱིས་བཀའ་ཁྲི་གོང་མ་རྣམ་པ་ནི་དྲང་པོ་བདེན་པའི་ཐོག་ནས་ཕྱག་ལས་གནང་མཁན་གསུངས་པར་ཕྲན་བུ་འོས་པ་མ་མཐོང། ཁོང་རྣམ་པས་བརྟན་པོ། མཁས་པ། རྒྱུན་གནས་ཐུབ་པའི་ཕྱག་ལས་གནང་མཁན་གྲས་ཡིན་པར་རྩིས་དགོས་པར་བསམ། སྤྱིར་བཏང་ཁྱེད་ནི་ཆབ་སྲིད་ཐོག་མཁྱེན་རྒྱ་བཟང་པོ་ཡོད་མཁན་ཞིག་ཏུ་རྩིས་ཀྱི་ཡོད་ཀྱང་ད་ལན་གྱི་དགོངས་འཆར་འདི་ལ་བལྟས་དུས་རང་ཉིད་དྲང་མདོག་ཁ་པོའི་ཚུལ་ཞིག་བསྟན་འདུག་པས། སྤྱོད་ཚུལ་འདིའི་དམིགས་ཡུལ་གཞན་ཞིག་མེད་དམ་སྙམ་པའི་དོག་པ་ཞིག་ཤར་བྱུང། མདོར་ན་ང་ཚོས་ཇི་ཙམ་བཤད་ཀྱང་བོད་མི་རིགས་སྤྱིའི་བསོད་ནམས་ལ་རག་ལུས་པ་ལས་ཡུལ་གྱར་བར་བྱ་ཐབས་ཅི་ཞིག་ཡོད། ང་ཚོས་མཐུན་པ་སྤུན་བཞིའི་སྒྲུང་ལ་བསམ་ནས་མི་རེ་ངོ་རེ་ནས་འགན་ཞིག་བླངས་ན་ང་ཚོའི་འདོད་དོན་འགྲུབ་པའི་རེ་བ་ཆེ། བཀྲིས་བདེ་ལེགས་ཞུ།

  3. མགྲོན་པོ། says:
    2010-10-26 at 3:19 am

    གོང་གི་རྩམ་ཆོས་འདི་འབྲི་མཁན་འཇམ་དབྱངས་རྡོ་རྗེ་ལགས་རེད་དམ་ཡང་ན་བསྒྱུར་མཁན་ཁོ་རེད།

  4. གངས་ཕྲུག says:
    2010-10-26 at 5:47 am

    ༄༎ འཇམ་དབྱངས་རྡོ་རྗེ་ལགས་ཀྱི་གསུངས་སྟངས་ལ་ལྟས་པ་ཡིན་ན། སྐུ་ཉིད་རང་གི་ཉམས་མྱོང་དང་ཤེས་ཡོན་སོགས་ཁྱབ་སྒྲག་གནང་གི་ཡོད་པ་གསལ་པོ་རེད་འདུག་ལྷག་པར་དུ་ཁྱེད་རང་ཉིད་དབུ་གཙང་སྤྱི་འཐུས་སུ་ལངས་ཀྱི་ཡོད་པར་འོས་ཀྱི་ཆེད་དུ་བཀུར་འོས་སྤྱི་འཐུས་ཀྱི་བྱས་སྟངས་མ་འགྲིག་པ་སོགས་བཤད་ཀྱི་འདུག་དེ་ཡི་རྒྱུ་མཚན་གསལ་པོ་རེད་ དཔེར་ན་ སྤྱི་འཐུས་ཁ་ཤས་ཀྱི་འོས་གཞི་གྲོས་ཚོགས་སུ་བསྒྲགས་པ་ཞེས་པ་དེ་ཁོང་གི་གཏད་སྤྱི་འཐུས་ཚེ་བརྟན་ནོར་བུ་རེད་འཇམ་རྡོ་ཡི་འདི་བཤད་དགོས་དོན་ནི་ཁོང་གཉིས་ཀ་བལ་ཡུལ་དུ་བཞུགས་ཀྱི་ཡོད་ཁོང་གི་འོས་ཀྱི་ཆེད་དུ་གསུངས་པ་ཞིག་རེད་འདུག་དངོས་གནས་ད་ལྟས་མོ་འདུག་སྤྱི་དོན་ཁ་ལ་ཁུར་རང་དོན་ཁོག་ཏུ་བཅུག་ཞེས་པ་དེ་མི་འདི་ཡི་ཤེས་ཀྱི་འདུག་ འཇམ་དབྱངས་རྡོ་རྗེ་ལགས་སྐོར་ནས་མ་གསུངས་པར་ཁར་ཐུག་གསུངས་ན་་ ང་དབུས་གཙང་སྤྱི་འཐུས་ལ་ལངས་ཀྱི་ཡོད་་མི་མང་གི་ང་ལ་འོས་བླུག་རོག་ཞེས་ཁ་ཐུག་གསུངས་ན་ཡག་པོ་རེད་མང་གཙོའི་འགྲོ་སྟངས་དང་མཐུན་པ་སྤྱི་དོན་ཁ་རུ་ཁུར་ནས་བཀུར་འོས་པའི་མི་མངས་པོ་ཞིག་ལ་སྨད་བཤད་བྱས་ན་ཡག་པོ་མི་འདུག་་
    ཁྱེད་ཀྱི་རྒན་པ་དང་སྤྱི་ཚོགས་ཞབས་འདེབས་བསྒྲུབས་མཁན་དང་ཤེས་ལྡན་པ་དག་ལ་གུས་བརྩི་བྱེད་ཀྱི་མི་འདུག་གསུངས་པ་དེ་དངོས་གནས་ཁྱེད་རང་ལ་ཐུག་ཁག་མི་འདུག་འཇམ་རྡོར་ལགས་ལོ་མང་རིང་རྒྱ་གར་གཞུང་ལ་ཞབས་ཕྱི་ཞུས་ནས་བཞུགས་ཡིན་ཙང་བཙན་བྱོལ་གཞུང་གི་གནས་སྟངས་དངོས་གནས་དེ་མཁྱེན་གྱི་མེད་འདྲ་། གོང་དུ་ཁྱེད་ཀྱི་མཚན་བརྗོད་པའི་རྒན་རབས་རྣམས་ཀྱི་སྐུ་ལས་རྒྱབ་པའི་འབྲས་བུ་ལ་ང་ཚོ་དེ་རིང་གི་བརྩོད་པ་རྒྱབ་རྒྱུ་ཡོད་པ་འདི་རེད་ ད་ལྟ་བར་དུ་རྒན་རབས་དང་ཤེས་ལྡན་པ་དག་ལ་གུས་བརྩི་མི་བྱས་མཁན་མི་སུ་གཅིག་མཐོང་མ་སོང་ གུས་བརྩི་མི་བྱས་མཁན་དང་རྒན་རབས་དང་ན་གཞོན་གཉིས་ཀྱི་བར་ལ་འགལ་འདུ་བཟོ་མཁན་དེ་འཇམ་རྡོར་ལགས་ཁྱེད་རང་རེད་འདུག་དེ་མཁྱེན་པ་བགྱིས། ངས་སྔོན་མ་ནས་ཁྱེད་ལ་གུས་བརྩི་བྱས་ཀྱི་ཡོད་གཞུང་ཞབས་ཟུར་པ་དང་ཤེས་ལྡན་པ་ཞིག་ངོ་འཛིན་གྱི་ཡོད་་ ངའི་ཙ་ཆེན་འོས་ཤོག་དེ་ཁྱེད་ལ་བླུག་པ་ཡིན་ དེ་རིང་ཁྱེད་ཀྱི་རྩོམ་དེ་ཡི་ངའི་ལྟ་སྟངས་ལྡོག་ཕྱོགས་སུ་སླེབས་སོང་ ཁྱེད་ཀྱི་གསུངས་པ་ལྟར་རྩོམ་པ་པོ་རེད་མི་འདུག་་་གཡོ་རྒྱུ་ཅན་གྱི་ནང་རུལ་པ་ཡི་ཆབ་སྲིད་པ་ཞིག་ཡིན་པ་ཁྱེད་ཀྱི་རྩོམ་འདི་ཡི་ཁ་གྲགས་སོང་།་ ཁྱེད་ཀྱི་སུ་ལ་རྒྱབ་བསྐྱོར་བྱེད་ཀྱི་ཡོད་ན་ དངོས་སུ་མིང་སྟོན་ནས་བཤད་ན་བཟང་གི་རེད། མི་མང་ནང་ལ་ཉམས་མྱོང་དང་ཤེས་ཡོན་འདོད་བཤད་པའི་ཕན་འབྲས་ཡོད་མ་རེད། ཁྱེད་ཀྱི་ད་དུང་7གོང་ས་མཆོག་གི་རྗེས་འཇུག་ཁུངས་དག་ཡིན་པ་ཟེར་ན་ག་རེ་གསུངས་ཀྱི་ཡོད་ ད་ལྟ་བཀའ་སྤྱི་གཉིས་ཀྱི་འོས་མི་དེ་ཚོ་ གོང་ས་མཆོག་གི་རྗེས་འཇུག་མ་རེད་གསུངས་འདུག་་ གོང་དུ་བཀུར་འོས་པའི་བཀའ་སྤྱི་གཉིས་ཀྱི་འོས་མི་ཚོ་ལ་གུས་བརྩི་མེད་པ་ཐུང་ཆུང་་བྱེད་པ་དེ་ལ་བློ་ཕམ་ཡོད། ད་ནས་ངས་ཁྱེད་ལ་འོས་འཕེན་གྱི་མིན།་ རྗེས་སུ་མཇལ་ཡོངས། གངས་ཕྲུག་ནས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme