Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲི་བགྲེས་གཞོན་གཉིས་ལ་མིག་ཟུར་འཕངས་བ།

Posted on 2011-06-03 By ཁ་བརྡ་ 6 Comments on བཀའ་ཁྲི་བགྲེས་གཞོན་གཉིས་ལ་མིག་ཟུར་འཕངས་བ།

འདྲེ་མགོ་རྡོ།

ང་བློ་སེང་ལ་ཐོག་མ་ནས་རེ་བ་བྱེད་མཁན་ཞིག་མིན་ལ། ད་ལྟའང་དེ་ག་རང་ཡིན། ཁོ་ལ་ཁོའི་བློ་ངོར་མི་ཤོངས་པའི་གོ་གནས་ཤིག་ཐོབ་པ་ནི་གཅིག་བྱས་ན་རྒྱ་ཆེའི་མི་མང་གི་སྤྱན་ལ་ན་ཚ་འདྲ་བྱུང་ནས་གནང་བ་ཡིན་སྲིད་པ་མ་རེད། གང་ལྟར་བློ་སེང་ལ་བོད་དང་འབྲེལ་བའི་ཞགས་རྩི་བརྒྱ་ཆའི་ལྔ་བཅུ་ནས་མར་ཟགས་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་ཡིན་པར་སོང་། ཟམ་གདོང་བླ་མའི་རྗེས་མཐུད་ཐུབ་རྒྱུ་ལ་རེ་བ་འདྲ་རྒྱག་མཁན་མེད་པ་རེད།

ཡིན་ནའང་། ཟམ་གདོང་བླ་མས་རང་ཉིད་ཀྱི་ལོ་བཅུའི་འཛིན་སྐྱོང་གི་དུས་ལ། ༧གོང་ས་མཆོག་ལ་གསོལ་བ་ཕུར་ཚུགས་སུ་བཏབས་པ་ཡིན་ནམ། གང་ལྟར་འགན་ལྟེ་བ་དེ་༧གོང་ས་མཆོག་ལ་ཡོད་པ་ཞིག་གི་ཐོག་ནས་གནས་ཐུབ་སོང་བ་རེད། དེའི་མ་ཚད་བོད་གཞུང་གི་མཚན་ལ་སོགས་པའང་བརྗེ་བོ་མ་རྒྱབ་པར་སྡིག་པ་མིག་བཙུམ་རྒྱབ་ཟིན་པ་རེད། ཡིན་ནའང་། ད་ལྟ་ན་གཞོན་བློ་སེང་སླེབས་སྐབས་ཁོང་ལ་བློ་ཁོག་བླ་མེད་ཅིག་རྒྱས་ནས། གྲོས་ཚོགས་སུ་༧གོང་ས་མཆོག་གི་བཀའ་དེ་དེ་བཞིན་ཞུ་དགོས་པའི་ཐ་ཚིག་དང་། རྟིང་སྐུལ་བྱས། རང་ཉིད་ཀྱིས་རླབས་ཆེན་ཞིག་བྱེད་ཐུབ་པའི་འགྱིང་ཉམས་བྱས་པ་རེད། དེས་དབང་གིས་མི་རྣམས་ཀྱིས་བློ་སེང་གིས་འགན་འདི་འཁྱོག་གི་ཡོད་ན། ཅི་ལྟར་ཁུར་གྱི་ཡོད་མེད་ལ་སོགས་པར་བསམ་བློ་ཞིབ་ཏུ་གཏོང་བཞིན་སེམས་ཁྲལ་བྱེད་བཞིན་པ་རེད།

བཀའ་ཁྲི་སྔ་རྗེས་གཉིས་ལ་འདྲ་ས་ཅུང་ཙམ་ཞིག་ཡོད་པ་ནི། རང་སྣང་ར་ཅོ་འདྲ་བོ་ག་ས་གང་དུ་བསྐྱངས་རྒྱུ་དེ་ཡིན་པ་ལས། ༧རྒྱལ་བ་རིན་པོ་ཆེ་དགོངས་གཞི་སྒྲུབ་མ་སྒྲུབ་ཟེར་བ་སོགས་ནི་ད་དུང་ལོ་རྒྱུས་ཀྱི་གསལ་བཤད་ལ་སྒུག་རྒྱུ་དེ་རེད། ཁ་སང་ཚོགས་ཆེན་ཐེངས་གཉིས་པའི་མཇུག་སྡོམ་གསུང་བཤད་སྐབས། ༧གོང་ས་མཆོག་གིས་བོད་ཀྱི་ཐོག་མའི་སྲིད་སྐྱོང་བ་ནས་ད་ལྟའི་ཟམ་གདོང་གི་སྐབས་ཞེས་” ཟམ་གདོང་ ” གཅིག་པུ་མ་གཏོགས་གང་ཡང་གསུངས་མ་སོང་བསམ་སོང་། མཛད་སྒོ་མ་ཚོགས་སྔོན་ལ་ཟམ་གདོང་རིན་པོ ཆེར་བསྟོད་བསྔགས་མཛད་སྒོ་འཚོགས་པ་རེད། དངོས་གནས་བྱས་ན་༧གོང་ས་མཆོག་ལའང་སྐབས་དེ་ནི་བཀའ་ཁྲི་ཁོང་ལ་ཕེབས་སྐྱེལ་ཞུ་སའི་སྡིངས་ཆ་ཞིག་ཆགས་ཡོད་པ་མ་ཟད། བསྟོད་བསྔགས་རེ་བཏང་ནའང་མ་འགྲིག་པ་མེད་ཀྱང་ཚིག་གཅིག་གསུངས་མ་སོང་། དེ་ནི་དངོས་གནས་ངེད་ལ་མཚོན་ལ་དོགས་གཞི་ཞིག་ཡིན། དོགས་གཞི་ཅི་ལྟར་ཡིན་ཞེ་ན། ཀརྨ་པ་ལ་སོགས་པའི་གསུངས་པའི་རྒྱལ་བའི་དགོངས་གཞི་རྟོགས་མཁན་དང་སྒྲུབ་མཁན་གོང་ན་མེད་པ་ཟེར་བ་དེར་དོགས་པ་ཡིན།

འདི་ལྟར་ལྟོས་དུས། བློ་སེང་གིས་བོད་མི་མང་གི་མདུན་ནས་དོན་དམ་གྱི་བརྩེ་བ་དང་དབུ་ཁྲིད་ཀྱི་ཆེ་མཐོང་སློང་འདོད་ཡོད་ན། ” སྒྲིག་འཛུགས་” ཟེར་བ་ལ་སོགས་པ་ཞེད་ནས་བྲོས་འགྲོ་བའི་ངང་ཚུལ་གྱི་འཐབ་རྩོད་བྱེད་སྟངས་འདི་རིགས་ལ་ཡིན་གཅིག་མིན་གཅིག་བསྒྱུར་ཐབས་བྱེད་དགོས་པ་རེད། ཁོང་གིས་བོད་སྐད་ཡིག་དང་། བོད་ཀྱི་རིག་གཞུང་ལོ་རྒྱུས་སོགས་མ་ཤེས་ན་སྐྱོན་མེད་ལ། དེའི་ཆེད་མི་བཙལ་ཀྱང་རྙེད་ཀི་རེད། ཁོང་གིས་གཙོ་བོ་རང་གི་ཆེད་ལས་དང་འབྲེལ་བའི་རྒྱལ་སྤྱིའི་ཁྲིམས་ཀྱི་སྒང་ནས་བོད་ལ་འཛུལ་སའི་ས་ཁུངས་ཤིག་འཚོལ་དགོས་ཀྱི་རེད། དེ་ཁོང་གི་བཀའ་ཁྲིའི་སྒྲུབ་བྱ་བླ་མེད་དེ་ཡིན་རྒྱུ་རེད། བཅའ་ཁྲིམས་བསྐྱར་བཅོས་དེའང་བོད་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་བཟོ་རྒྱུ་ལས། ” ཚོང་མ་འགྲིག་སྔོན་ནས་དངོས་པོར་བདག་པོ་རྒྱག་གི་” ཡིན་ཟེར་བའི་རྒྱ་ནག་གི་མཐོང་ཆུང་ལ་ཡ་བྱེད་རྐྱང་བྱས་ན། ནམ་ཞིག་ཁ་འཐོར་དགུ་འཐོར་དུ་འགྲོ་རྒྱུ་ནི་གདོད་མི་ཟ་བ་ཞིག་རེད་དོ།
༢༠༡༡། ༦། ༢། ཉིན།

སྣ་ཚོགས།

Post navigation

Previous Post: ཁ་ཡག་ལུང་པ་གང་བཤད་ན།
Next Post: ཡང་ཀླུ་མཁར་བྱམས་གླེང་སྟངས་ཤིག།

Comments (6) on “བཀའ་ཁྲི་བགྲེས་གཞོན་གཉིས་ལ་མིག་ཟུར་འཕངས་བ།”

  1. dawa says:
    2011-06-03 at 4:36 am

    ྋགོང་ས་མཆོག་ལ་དགའ་མདོག་དང་བོད་ཀྱི་གཙོ་འཛིན་བགྲེས་གཞོན་ལ་མི་དགའ་མདོག་སྟོན་པ་ནི། མཐར་གཏུགས་ན་རྒྱ་དམར་གྱི་ཆབ་སྲིད་བསམ་བློའི་ཐད་ཀྱི་འགོས་ནད་ཅིག་དང༌། འགོས་ནད་དེས་བསྐྲུན་པའི་བསམ་བློའི་བཟོ་བཀོད་ཁོ་ནའོ།། དེར་བརྟེན་གོང་འཁོད་རྩོམ་ཡིག་གི་བདག་པོ་སུ་ཡིན་ཡང༌། ཁྱོད་ཀྱི་སྨྲ་བརྗོད་རང་དབང་ལ་གོང་བཀུར་ཞུ་རྒྱུའང༌། ཉིད་ཀྱི་རྩོམ་ཡིག་དེས་བོད་མི་རིགས་ཀྱི་སྤྱི་ཚོགས་ལ་བརྡབ་གསིག་ཕོག་ཉེན་ཆེ་ན། ཕྱིན་ཆད་རྩོམ་ཡིག་གཟས་ཕྱོགས་སམ་མདོང་སྣེ་གཏད་ས་མ་ནོར་བ་གནང་རོགས་ཞུ་རྒྱུ་ཡིན།

  2. འདྲེ་མགོ་རྡོ། says:
    2011-06-03 at 5:16 am

    འདིར་མན་ངག་ཅིག་འདུག

    ༡༦༽ ཨ་བུ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༣ གི་ཆུ་ཚོད་ ༥ སྐར་མ་ ༡༠
    གསར་འགོད་པ།
    བོད་མིའི་སྒྲིག་འཛུགས་ཟེར་བའི་མིང་དེ་༸གོང་ས་མཆོག་ཉིད་ནས་བཏགས་གནང་པ་རེད་ཟེར་གྱི་འདུག་པ་བདེན་ནམ།
    ༸གོང་ས་མཆོག
    དེ་འདྲ་མ་རེད།དེ་ཁོང་ཚོས་ཡར་ཁྱེར་ཡོང་པ་རེད།ངས་བཏགས་པ་དེ་འདྲ་མིན།
    གསར་འགོད་པ།
    དེ་ལས་གསལ་ཙམ་ཞིག་གསུང་ཐུབ་བམ།
    ༸གོང་ས་མཆོག
    དེ་ཏོག་ཙམ་ཁག་པོ་འདུག་ངས་ཚོགས་ཆེན་ལ་མགོ་འཇུག་བར་གསུམ་དུ་དོ་སྣང་བྱས་པ་ཡིན།ཚོགས་འདུ་གྲོལ་རྗེས་ཁོ་ཚོ་ང་ལ་ཐུག་ཏུ་ཡོང་པ་རེད།དེ་དུས་ངས་གངས་ལྗོངས་རང་དབང་མང་གཙོ་ཚོགས་པ་ཞེས་བཏགས་པ་ཡིན།རང་ངོས་ནས་དེ་ལ་གོ་རྒྱུ་གང་ཙམ་ཡོད་བསམ་ཡོད།དེ་རྗེས་གྲོས་ཚོགས་ཚུགས་བཞིན་པའི་སྐབས་ཁོ་ཚོས་ང་ལ་མིང་བྱང་མང་པོ་ཞིག་ཁྱེར་ཡོང་ནས་དེ་དག་ལས་གང་དགའ་ཟེར་གྱི་འདུག་ངས་མིང་བྱང་དེ་དག་ལ་ཞིབ་ལྟ་བྱེད་སྐབས་ངས་བཏགས་པའི་སྔར་གྱི་མིང་དེ་མི་འདུག་བྱས་གཙང་ངས་ཁོང་ཚོའི་འདོད་པ་ལྟར་བྱས་པ་ཡིན།ད་དུང་ཁོ་ཚོ་འདོད་པ་མ་ཚིམ་པར་ང་ལ་ཁ་པར་བཏང་ཡོང་གི་འདུག་ད་ང་གང་བྱེད་དགོས་སམ།ད་གསལ་པོ་ཤེས་སོང་ངམ།
    གསར་འགོད་པ།
    བྱས་ན་ཁྱེད་རང་གཞན་དབང་དུ་ཤོར་འདུག་པས་དེ་ལ་བློ་ཕམ་འདྲ་མི་འདུག་གམ།
    ༸གོང་ས་མཆོག
    ཁྱེད་རང་གིས་ཤེས་ཀྱི་མ་རེད།གནས་ཚུལ་དེ་འདྲ་མང་པོ་ལྷག་མྱོང་ཡོད།དེར་རྟེན་ང་ལ་མཚོན་ན་གསར་པ་གང་ཡང་མ་རེད།ཡིན་ནའང་ངའི་མི་ཚེ་དེ་དེ་འདྲ་ཞིག་ཡིན་པ་འད།

  3. དགྲ་སྟ། says:
    2011-06-03 at 7:09 am

    མིང་བསྒྱར་འདི་སྐུ་སྒེར་ནས་ཚོགས་གཙོར་ཁ་པར་བརྒྱུད་གནང་བ་རེད། འདིའི་ལེ་ལན་བཀའ་སྤྱི་ལ་ཕོག་
    གི་མ་རེདང། འདིར་གལ་ཏེ་བཀའ་སྤྱིས་དང་ལེན་བྱས་མེད་ན། ཡང་གོང་ས་མཆོག་གི་བཀའ་བརྩིས་མ་
    སོང་ལབ་རྐྱང་ལབ་གི་རེད། བཀའ་སྤྱི་སུས་ཀྱང་འདིར་དགོངས་ཏེ་བཀའ་གྱེན་ལྡོག་བྱ་མ་ཕོད་པར། རང་
    སེམས་བློང་བློང་པོའི་ངང ༼ བོད་མིའི་སྒྲིག་འཛུགས ༽ ཟེར་བ་འདི་དང་ལེན་བྱ་དགོས་ཐུག་པ་རེད
    གནས་ཚུལ་འདི་ཚོ་དྲ་བརྙན་དུ་བཙུད་ཡོད་ལ། ཡིག་ཆར་འཁོད་ཡོད་པས་འཁྱོག་བརྗོད་བྱེད་ས་འགྲོ་གི་
    ་མ་རེད། དངོས་ཡོད་གནས་ཚུལ་བཤད་ཤེས་དགོས།

  4. ཁ་བའི་སྒྲོན་མེ། says:
    2011-06-03 at 3:42 pm

    དྲང་མོ་བཤད་ན་ཁྱེད་རང་གི་བཤད་པའི་བཀའ་ཁྲི་ཁོང་གཉིས་བོད་རིགས་མང་ཚོགས་ཀྱི་རེ་བ་ཆེ་པོ་རྒྱབ་པའི་དབུ་ཁྲིད་ཞིག་དང་ཆེས་འབུར་དུ་ཐོན་པའི་ཆོས་སྲིད་མཁས་དབང་དང་དུས་རབས་ཀྱི་ཤེས་ཡོན་པ་ཤིག་ཆགས་ཡོད་པ་ལས་བོད་རྙིང་པའི་སྐུ་དྲག་དང་སྐུ་ངོ་འཇུ་ཆེན། ལྷ་སྲས་རྒྱ་ལོ་སོགས་དང་བསྡུར་ཐབས་ཡལ་ནས་མེད་པ་རེད་། དམིགས་བསལ་བཀའ་ཟུར་ཀི་རྟི་བླ་མ་དང་ཨ་ལགས་འཇིགས་མེད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བྲག་ཡག་བསོད་ནམ་སྟོབས་རྒྱལ་སོགས་དང་མི་འདྲ་བར་ཁོང་གཉིས་འོས་འདེབས་ཁྲོད་ཐོན་པའི་བཀའ་ཁྲི་སྐབས་དང་པོ་དང་གསུམ་པ་ཆགས་ཡོད། དེ་ཡང་བཙན་བྱོལ་བོད་མི་ཡོད་དོ་ལྕོག་གི་ནང་ནས་འགྲན་ཟླ་མེད་པའི་རླབས་ཆེན་མི་སྣ་ཞིག་གདམ་པར་ངོས་འཛིན་གསལ་པོ་བྱུང་ཡོད་། གནས་ལུགས་འདིར་གཞིས་བཞུགས་བོད་མིའི་དཔེ་ན་བློ་སེང་ལ་མགོ་ལོག་གཞས་པས་སེང་གེ་གསུམ་མཛོམ་དང་སྙན་ངག་པ་ལྷམ་ལྐོག་ནས་ཁྲི་ལ་གསོལ་བའི་མི་སོགས་རྒྱབ་སྐྱོར་མཚོན་པའི་དངོན་མདོད་གསལ་པོ་མཚོན་ཡོད་། ༧རྒྱལ་བ་རིན་པོ་ཆེ་ནས་ཟམ་དགོང་བར་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་འཛིན་དེ་བློ་སེང་ཆགས་ཡོད་པས་བྱུང་ན་ཟམ་དགོང་ལ་སྐྱོན་འཛུག་དང་བློ་སེང་ལ་དགག་པ་རྒྱབ་པའི་དུས་སྐབས་མ་ཡིན་པས་བོད་ཁམས་ཡོངས་ཆོལ་སྒྲིལ་ཐོག་ནུས་པ་གཏོན་ཐུབ་པ་གནང་གལ་ཆེན་པོ་འདུག་ན་འདིར་བོད་མིའི་སྒྲིགས་འཛུགས་བརྗོད་རུང་བོད་གཞུང་ལབ་རུང་ཁོང་རྣམས་པས་ཐུགས་རྗེ་བཀའ་དྲིན་ལས་ད་བར་དཀའ་ངལ་མེད་པ་འགྲོ་ཐུབ་པ་རེད་ད་བར་བློ་སེང་ནས་མི་རབས་གསར་པའི་གོམ་པ་དེ་ལྷ་རབས་བྱུང་ན་༧རྒྱལ་བ་དོན་བདག་པོའི་ཐུགས་དགོངས་བཞིན་ཟམ་དགོང་བླ་མས་བསྟན་ལ་ཕམ་པའི་སྲིད་ཇུས་ཐོག་འགྲོ་ཐུབ་པ་དགོས་པས་རྒྱལ་ཁབ་གཞན་གྱི་ལེན་ཟློས་བྱས་ཁུལ་གྱི་དབུ་ཁྲིད་ལ་སྐྱོན་འཛུགས་ཁོ་ན་བགྲང་པ་མ་ཡིན་པ་དགོས་པ་དང་དགག་བྱ་གཉིས་ནས་གལ་ཆེན་གལ་ཆུང་གཟིགས་གལ་ཧ་ཅང་ཆེ་པོ་འདུག་སྙམ། དེ་མིན་བཀའ་ཁྲིར་སྐྱོན་བརྗོད་བྱེད་ན་ཁྱེད་ལ་ཁེ་ཕན་ག་རེ་འདུག་འདི་གསལ་པོ་གསུངས་རོགས།

  5. དགྲ་སྟ། says:
    2011-06-03 at 4:32 pm

    བོད་མིའི་སྒྲིག་འཛུགས་ཟེར་བའི་མིང་འདི་ཚོགས་གཙོས་ཁ་པར་བརྒྱུད་སྐུ་སྒེར་ནས་བླངས་པ་རེད། འདི་ལ་ནོར་འཁྲུལ་ཅི་ཡོད་བཀའ་སྤྱི་ལ་འདེད་ས་འགྲོ་གི་མ་རེད། གལ་ཏེ་བཀའ་སྤྱི་གཉིས་ནས་འདིར་དང་ལེན་བྱས་མེད་ན། ཡང་བཀའ་ལ་བརྩིས་མ་སོང་ལབ་རྐྱང་ལབ་གི་རེད། སོ་སོའི་འདོད་པ་མ་བབ་ན་ཡང་བཀའ་བརྩི་ཁོ་ན་བྱས་ནས་ཁས་བླངས་བཏང་ན་ཡང་། མ་འགྲིག་མ་འཐུས་པ་འདྲ་མཐོང་ན། ལམ་སེང་གཞན་འགོར་གཡོག་ཐབས་བྱེད་ལུགས་ལ་ལྟོས། འདི་སྐོར་གྱི་བརྒྱུད་རིམ་དངོས་ཇི་ཡིན་བརྒྱ་གྲགས་སྟོང་གྲགས་རེད་ལ་བརྙན་འཕྲིན་དང་ཡི་གེར་བཙུད་འདུག་ན། འཁྱོག་བཤད་དང་གཞན་འགེལ་འགྲོ་གི་མ་རེད། རྒྱལ་ཁབ་༢༠ནས་མི་མང་སྐུ་ཚབ་༤༠༠ ལྷག་བསྡུས་ཧིན་སྒོར་འབུམ་༦༠ཙམ་བཏང་ནས་བསྡུར་བའི་གྲོས་ཆོད་ཅི་ལྟར་ནུས་མེད་སོང་བ་རེད། དེ་ཡང་བཀའ་སྤྱི་གཉིས་ཡིན་ས་རེད་བཱ། སྐད་ཆ་དྲང་མི་བཤད་ཤེས་པ་གྱིས། སྡིག་པ་མ་གསོག

  6. ལྷོ་ཕྱོགས་ཉི་ཟླ་ནས། says:
    2011-06-03 at 7:05 pm

    དོན་ཡོད་ཀྱི་ལན་ཞིག་ཕུལ་འདུག་ཀྱང་འདྲེ་མགོ་རྡོ་འདིས་ཡང་སྔ་མོ་རྒལ་སྟེགས་སྟེང་ནས་ཆབ་སྲིད་ཡག་པོ་ཞིག་འཁྲབ་འདུག་ཅེས་མང་པོ་ཞིག་གི་བརྗོད་ཀྱི་འདུག
    ད་ཐེངས་གནས་ལུགས་ཀྱི་སྐད་ཆ་བཤད་པ་དེ་སྣང་ཙམ་འགྲོ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme