Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱོགས་ལྷུང་ནི་ཕམ་ཁ་དང་ཁ་ཕོ་ནི་ངོ་ཚ་ཡིན།

Posted on 2020-08-18 By ཁ་བརྡ No Comments on ཕྱོགས་ལྷུང་ནི་ཕམ་ཁ་དང་ཁ་ཕོ་ནི་ངོ་ཚ་ཡིན།

གངས་དཀར་རྒྱལ་སྲས།
 
དར་རྒུད་དང་རྒྱལ་ཕམ་རེ་བ་དང་ཡར་རྒྱས་གང་ཞིག་ལ་འགྲོ་མིན་ནི་ལས་གཞི་འགོ་འཛུགས་ལ་འབྲེལ་བ་ཡོད་པ་ལས་འགོ་བཙུགས་ཚར་བའི་རྗེས་ལ་ལེ་འདེད་གཏམ་གྱི་མཐའ་མ་ཞེས་པ་ལས་མེད་པས་སྣ་ངོ་ན་ཡོད་དུས་བདག་རྒྱོབ། དབང་ལག་ན་ཡོད་དུས་འདང་རྒྱོབ།

འོས་བསྡུ་ཆེ་ཆུང་གང་ཞིག་འགོ་བཙུགས་པ་དང་ལྷན་ཉོག་གླེང་དང་འཐེན་འཁྱེར་མང་བོ་ཞིག་ཀྱང་འགོ་བཙུགས་ཡོང་གི་ཡོད། དེའང་སྤྱི་འཐུས་གྲོས་ཚོགས་གཙོ་བྱས་པའི་གླེང་སྟེགས་མང་བོ་དང་སྐད་འཕྲིན་གྱི་ཚོམས་མང་བོ་ནས་ཉོག་གླེང་གི་འགོ་བཙུགས་ཏེ་རིམ་བཞིན་གླེང་སྟེགས་དེ་དག་ལས་ཕྱི་ལ་གྱར་ཏེ་སྤྱི་ཚོགས་ཁྲོད་དུ་འགོས་ནད་བཞིན་ཁྱབ་འོང་གི་ཡོད་ལ་དེའང་བསམ་བློ་བ་དང་སྤྱི་སེམས་པ་དེ་དག་ཁོ་ཆད་བྱེད་ཁོ་ན་ལས་སྤྱི་སྒེར་གང་ལའང་ཕན་ཐོགས་མེད་པ་ནི་དོན་དངོས་རང་རེད། འོས་མི་འཐེན་འཁྱེར་དང་ཆོལ་ཁའི་འཐེན་འཁྱེར་ཡང་ན་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་ནད་རྙིང་འདི་ལ་གནོད་པ་ལས་ཕན་ཕ་ཞིག་མེད་པ་ནི་འཐེན་འཁྱེར་ཅན་དང་དགོས་དབང་གིས་འཐེན་འཁྱེར་བྱེད་མཁན་ཚང་མས་ཤེས་ཤེས་པ་རེད། ཡ་མཚན་པ་ཞིག་ལ། འཐེན་འཁྱེར་བྱེད་མཁན་དེ་དག་གིས་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་དང་ཡང་ན་འོས་མི་དེ་དག་སུ་ཞིག་གི་ཆེད་དུ་གྲི་འགོ་མདུང་འགོ་བུད་ནའང་ཁྱོད་ལ་དེ་ལ་དཔག་པའི་ཁེ་བཟང་ཏིལ་འབྲུ་ཙམ་ཡང་མེད། མ་ཟད་དཔེར་ན་སྲིད་སྐྱོང་ཞིག་གི་ཆེད་དུ་འཐེན་འཁྱེར་བ་ཁྱོད་ཀྱིས་དྲང་བཞག་རྡོག་རོལ་ལ་བཏང་ནས་ཁོས་སྲིད་སྐྱོང་མི་འཇོན་པ་ཤེས་བཞིན་དུ་སྲོག་བསྡུས་ཀྱིས་ཁོའི་རྒྱབ་རྩར་ལངས་ནས་ཁོ་ཁྱབ་བསྒྲགས་བྱེད་པ་དང་ཁོ་ལ་འོས་འཕེན་པ་ནི་ཁྱོད་ཀྱིས་སྤྱི་ཚོགས་ལ་འགན་མ་ཁུར་བ་ཡིན་ལ་ཁྱོད་ཀྱིས་རང་གི་ཆོལ་ཁ་དང་ཆོས་ལུགས་ཡང་ན་རང་གི་ལུང་ཚན་ལ་འགན་མ་ཁུར་བ་རང་ཡིན།

འདི་ནས་ཁྱོད་ལ་ལྡོག་འདྲི་ཞིག་བྱ་སྟེ། ཁྱོད་ཀྱིས་དྲང་བདེན་རྡོག་རོལ་ལ་བཏང་། མི་རིགས་ཀྱི་བདེ་སྡུག་ལ་འགན་མ་ཁུར་བར་ཕྱོགས་ཞེན་གྱི་དབང་ལ་སོང་སྟེ་ཁོ་ལ་འོས་བླུག་ན་ཁྱོད་དང་ཁྱོད་ཀྱི་ཆོལ་ཁ་དང་གྲུབ་མཐའ་ལ་ཕན་པ་ཅི་ཞིག་འདུག མ་གཞི་འོས་འཕེན་པ་ནི་ཁེ་བཟང་ཞིག་གམ་ཕན་པ་ཞིག་གི་ངོས་ནས་འཕེན་དགོས་པ་ནི་རྩ་དོན་རེད། ཁྱོད་ཀྱིས་ཆོལ་ཁ་དང་ཆོལ་ལུགས་གྲུབ་མཐའི་དབང་ལ་སོང་སྟེ་འོས་བླུགས་ན་ནོར་འཁྲུལ་ཚབ་ཆེན་ཡིན་ཏེ། ཁོས་སྲིད་སྐྱོང་སོགས་འོས་གང་ཡིན་པ་དེ་མ་འཇོན་པའི་སྒང་ལ་འཐུས་ཤོར་མང་བོ་རང་བཞིན་གྱིས་ཡོང་གི་ཡོད་པ་རེད། མ་ཟད་ཁོས་སྤྱི་དོན་གང་ཡིན་པ་དེ་མ་འགྲུབ་པའི་སྒང་ལ་ཁྱོད་རང་ཆོལ་ཁའི་དབང་ལ་སོང་སྟེ་འདམས་པ་ཡིན་པར་ཆ་བཞག་ན་ཁོས་ཁྱོད་ཀྱི་ཆོལ་ཁ་ལ་དེ་བས་ཀྱང་ཕན་མི་ཐོག་ཁོ་ཐག་ཡིན། རྒྱུ་མཚན་ནི་ཁྱོད་ཀྱི་འོས་མི་དེ་སྲིད་སྐྱོང་ཡིན་པར་ཆ་བཞག་ན་ཁོའི་འགན་འཁྲི་ནི་ཆོལ་གསུམ་གྱི་སྐྱིད་སྡུག་མཉམ་མྱོང་གི་ལས་ཀ་ཡིན་པ་ལས་ཁྱོད་ཀྱི་འདོད་པ་ལྟར་ལུང་ཚན་བྱེ་བྲག་བ་ཞིག་ལ་ལས་ཀ་སྒྲུབ་སྟངས་ཡོད་པ་མ་རེད། གལ་ཏེ་ཡོད་ན་ཁོ་རང་ལམ་ལོག་དང་ཁྲིམས་འགལ་རང་བཞིན་དུ་འགྲོ་གི་ཡོད་པ་རེད། དཔེར་ན་༸གོང་ས་མཆོག་ཨ་མདོ་ནས་ཡིན་ནའང་ཨ་མདོ་ལ་ཆོལ་ཁ་གཞན་གཉིས་དང་མ་འདྲ་བའི་མཛད་རྗེས་ཅི་ཞིག་བཞག་སོང། ཆོལ་ཁ་དང་ཆོལ་ཁའི་བར་ལ་ཁྱད་པར་ཅི་ཞིག་བཏོད་སོང་། ད་བར་དུ་སྐྱིད་ན་སྐྱིད་ཆ་མཉམ་དང་སྡུག་ན་སྡུག་ཆ་མཉམ་བྱས་ནས་ཡོང་བ་རེད།

ཉེ་ཆར་བློ་བཟང་སེང་གེ་འཐེན་འཁྱེར་དང་རྩོད་ཉོག་མང་བོའི་ཁྲོད་ནས་ཐར་ཏེ་སྲིད་སྐྱོང་བ་བསྡད་པ་རེད། ཁོས་སྲིད་སྐྱོང་འཇོན་ན་འདྲ་ལ་མ་འཇོན་ནའང་འདྲ་ཆོལ་ཁ་གཉིས་བསྐྱུར་ནས་གཅིག་གི་ཆེད་དུ་ལས་ཀ་སྒྲུབ་སྲིད་གི་མ་རེད་ལ། ཁོ་སྲིད་སྐྱོང་ལ་བསྡད་ནས་ཁམས་པ་ལ་དམིགས་བསལ་ཆོལ་ཁ་གཞན་གཉིས་དང་མ་འདྲ་བའི་ལས་ཀ་ཅི་ཞིག་སྒྲུབ་སོང། ལི་ཐང་ལ་དམིགས་བསལ་གྱི་ཕན་ཅི་ཞིག་བཏགས་སོང། ངོ་མ་བཤད་ན་ངས་ནི་སྲིད་སྐྱོང་གིས་ཆོལ་ཁའི་དབྱེ་བ་ཕྱེ་སྟེ་ཁམས་པ་ལ་ཕན་བཏགས་པ་ལུང་ཚན་གྱི་དབྱེ་བ་ཕྱེ་སྟེ་ལི་ཐང་ལ་ཕན་བཏགས་པ་ཅི་ཡང་མཐོང་ཐོས་མ་བྱུང། གལ་ཏེ་དེ་འདྲ་བྱུང་ཡོད་ན་དེ་ནི་ཁྲིམས་འགལ་ཡིན་པ་ཅོལ་ཆུང་ཡང་ཡིན་པ་མ་ཟད་བོད་མི་རིགས་ཀྱི་ཞབས་འདྲེན་ཡང་རེད། དེའི་རྐྱེན་གྱིས་ཁྱོད་རང་འཐེན་འཁྱེར་གྱི་དབང་ལ་འགྲོ་ནའང་ཆོལ་ཁ་དང་ཆོས་ལུགས་ཡང་ན་ལུང་ཚན་ཕྱེ་བྲག་རེའི་དབང་ལ་འགྲོ་བ་ནི་རང་མགོ་རང་གིས་རྡུང་བ་རེད། དེ་ལས་སྤྱི་སེམས་པ་དང་འཇོན་ཐང་ཅན་ལྷག་བསམ་ཅན་དེ་འདྲ་གང་ན་སུ་ཡོད་ན་རང་གི་རྣམ་དཔྱོད་ཀྱིས་དཔྱད་ཅིང་བརྟགས་ཏེ་འོས་ལ་རྒྱབ་སྐྱོར་བྱས་ན་ཁྱོད་རང་ཆོལ་ལ་ཕན་པ་ཞིག་ཐོགས་ན་འདོད་མཁན་ཞིག་ཡིན་ན་རང་བཞིན་གྱིས་ཆོལ་ཁ་ལ་ཕན་ཐོགས་པར་རེ་བ་ཆེན་པོ་ཡོད་པ་བཞིན་ཆོས་ལུགས་གྲུབ་མཐའ་དང་ལུང་ཚན་གང་གི་ཕྱོགས་ཡིན་ནའང་ཡར་རྒྱས་ལ་ཡོང་བར་རེ་བ་ཆེན་པོ་ཡོད། ཁ་དཔེ་ལའང་། རྒྱལ་པོའི་ཉལ་ས་མ་བདེ་ན་སྤངས་བོའི་ཉལ་ས་མི་བདེ་ཟེར་བས་སྤྱི་ཡར་རྒྱས་ལ་འགྲོ་ས་ཞིག་ནས་ཆོལ་ཁ་བྱེ་བྲག་པ་ཞིག་དང་ལུང་ཚན་བྱེ་བྲག་ཅིག་ཡང་ན་གྲུབ་མཐའ་བྱེ་བྲག་པ་ཅིག་ཡར་རྒྱས་ལ་མི་འགྲོ་ཅི་ལ་སྲིད། དེའི་རྐྱེན་གྱིས་གོ་མི་ཆོད་པའི་ཉོག་གླེང་དང་ཕྱོགས་ལྷུང་སྤངས་མི་འཇོན་ཐང་ཅན་གང་ན་སུ་ཡོད་ཀྱང་རང་གི་དགྲ་ཁ་གཏད་ཡིན་ཡང་སྲིད་སྐྱོང་ལ་འོས་ན་ཁྱོད་ཀྱིས་ངེས་པར་དུ་རང་གི་དགྲ་ཁ་གཏད་དེ་འོས་འཕེན་དགོས། དེ་ནི་དྲང་བདེན་ལ་རྒྱབ་སྐྱོར་དང་སྤྱི་དོན་ལ་འགན་འཁུར་བ་མ་ཟད། རང་གི་མི་བུའི་རིན་ཐང་ཡང་ལྡབ་དང་ལྡབ་ཀྱིས་འཕར་བཅུག་པ་རེད་ལ་དེ་ནས་བཟུང་སྟེ་ཁྱོད་རང་སྤྱི་ཚོགས་ཁྲོད་ཀྱི་ཆ་འཇོག་བྱེད་འོས་ལ་བྱེད་ངེས་པའི་མི་རྩིས་ཆེན་ཞིག རླབས་ཆེན་ཞིག་ཆགས་པ་རེད།

མདོ་དོན་སྙིང་བོར་ཁྱོད་ཀྱིས་སུ་ཞིག་སྲིད་སྐྱོང་ལ་འོས་མི་ལ་ཐག་གཅོད་ན་དང་པོ་མི་དེའི་ལོ་རྒྱུས་དང་འཇོན་ནུས་རང་གཤིས་སོགས་ལ་གང་ཐུབ་ཅི་ཐུབ་ཀྱིས་རྩད་གཅོད་ཀྱིས་ཧ་གོ་དགོས་པ་ནི་རྩ་བའི་གནད་འགག་རེད། ཁྱོད་ཀྱི་ཡིད་ལ་འཛིན་རྒྱུ་ཞིག་ནི་ཕྱོགས་སུ་ལྷུང་བའི་བསམ་བློ་འདོར་དགོས་པ་དང་མི་གཞན་གྱིས་དེ་དང་འདིའོ་ཞེས་བཤད་པ་དེ་བདེན་མིན་ལ་དཔྱད་དགོས་ལ་ཁུངས་བཙན་དགོས། གཞི་ནས་ཁྱོད་ཀྱིས་སྲིད་སྐྱོང་འོས་མི་ཐག་གཅོད་བྱས་ན་དེ་ནི་སྤྱི་དོན་ལ་འགན་ཁུར་བ་ཡིན་ལ་མི་རིགས་དང་རིག་གཞུང་ལ་འགན་ཁུར་བའང་ཡིན། ཞེས་གངས་དཀར་རྒྱལ་སྲས་ཀྱིས་ཆོལ་གསུམ་སྤུན་ཟླ་ཡོངས་ལ་བློ་ཐག་ཉེ་མོས་ཁ་ཚིག་བཟང་བོ་གསེར་དང་ལག་ཚིག་བཟང་བོ་དར་བྱས་ནས་ཁ་སེམས་ཇ་དང་འོ་མ་ཁ་ཁོག་ཟྭ་དང་ལྡེ་མིག་བྱས་ནས་རུམ་ན་ཡོད་ནོ་བསྟན་ནས་སེམས་ན་ཡོད་ནོ་བཤད་པའི་ཁུལ་ཡིན་པས་ཚང་མས་སྤྱི་དོན་ལ་འགན་ཞིག་འཁུར་བའི་རེ་བ་ཆེ།

བསམ་ཚུལ།

Post navigation

Previous Post: གནམ་སྔོན་པོའི་འོག་ན།
Next Post: བཀའ་ཟུར་རྒྱ་རི་སྒྲོལ་མ་སྲིད་སྐྱོང་ལ་འོས་པ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme