Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱོགས་ཞེན་གྱིས་བསླངས་བའི་ན་ཟུག

Posted on 2013-12-192013-12-19 By ཁ་བརྡ་ No Comments on ཕྱོགས་ཞེན་གྱིས་བསླངས་བའི་ན་ཟུག

འབྲུག་འབུམ།

མདང་ནུབ་ཆུ་ཚོད་བཅུ་གཅིག་ཡས་མས་སུ་བདག་གིས་ངོ་དེབ་སྟེང་ནས་རྩོམ་ཡིག་ཅིག་བཀླགས་པ་ཡིན། རྩོམ་ཡིག་དེའི་མགོ་མཇུག་བར་གསུམ་ནི་མདོ་སྨད་པ་སྐོར་ཞིག་གིས་ལར་ཞེན་དང་དུང་ཞེན་ཡོད་མདོག་གིས་གན་དང་འདི་མདོ་སྨད་སྤྱི་འཐུས་ཀྱི་འོས་མིར་ལེགས་ཤིང་། ལས་ཀ་འདི་ལས་རབས་དང་སློབ་གྲྭ་ག་གེ་མོར་སོང་རབས་གླེང་སྟེ་ཤེས་འཇོན་དང་བྱས་རྗེས་སོགས་རི་བོ་ལས་མཐོ་ཞིང་རྒྱ་མཚོ་ལས་ཟབ་པའི་བསྟོད་ཚོགས་ཀྱི་ཡིག་ཉོག་མང་བོས་གྲུབ་པ་ཞིག་རེད། ཡིན་ན་ཡང་། རྩོམ་ཐུང་དེའི་ཤུགས་ཀྱིི་བསྟན་དོན་དང་འདྲེས་བའི་ལར་ཞེན་ནི་ཆུང་ས་རང་རིགས་སྐྱབས་བཅོལ་བ་དང་ཆེ་ས་བོད་མི་ཡོངས་ཀྱི་དོན་མ་ཡིན་པར་སྡེ་བ་ཚོ་བ་ཙམ་གྱི་ཞེན་ཁོག་དང་། ལུང་ཚན་སོ་སོ་འམ་ཡུལ་ཕྱོགས་གཅིག་པ་ཚོས་ཁ་རུབ་བྱས་ནས་གྲོས་ཁ་བསྡུར་ཡོད་པ་ནི་ཡིག་ངོ་ཆོད་པ་ཙམ་ཀྱིས་རྟོགས་ཐུབ་པར་ཐེ་ཚོམ་ཡེ་ནས་མི་འདུག
བདག་ལ་མཚོན་ན་མི་དེ་དག་ལ་སྒེར་ངོས་ནས་ཁབ་སྐུད་ཙམ་གྱི་རྕོད་རྙོག་དང་སྡང་སེམས་ཏིལ་འབྲུ་ཙམ་ཞིག་ཀྱང་མེད་མོད། ཁ་བ་གངས་རིའི་ལྗོངས་ཀྱི་ལས་དབང་ནི་ཉིན་རེ་ནས་ཉིན་རེར་མར་ངོའི་ཟླ་བཞིན་འགྲིབ་པའི་འཇིགས་དངངས་ཀྱིས་ད་རེས་ཀྱི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་དེ་ནི་ཞེན་ཁོག་དང་ཚོ་ཁག་སྒེར་གང་རུང་གིས་ཤུགས་རྐྱེན་མེད་པའི་དྲང་བོ་དྲང་བཞག་དང་ཤེས་འཇོན་ལྡན་ཞིང་དཀྱེལ་ཡངས་ཅན་གྱི་མི་བུ་ཚད་ལྡན་ཞིག་དགོས་པ་ནི་ངས་རྩོམ་ཡིག་འདི་འབྲི་དགོས་པའི་རྒྱུ་མཚན་གཙོ་བོ་ལགས།

སྐུ་ཞབས་ཞོགས་དུང་སོགས་ཀྱིས་འགོ་བརྩམས་པའི་བདག་དཔེ་ཚོགས་དང་བླ་དཔེ་ཚོགས་སོགས་མི་གཞིའི་རིན་ཐང་དང། མཛེས་དཔྱོད་ལྟ་ཚུལ། དྲང་བདེན་དང་འདྲ་མཉམ། མི་བུའི་ཐོབ་ཐང་དང་རྩིས་ཐང་སོགས་མདོར་ན་མི་ཞེས་པ་དཔེ་དེབ་དེ་དག་གི་སྤྱི་སྙིང་དུ་བཟུང་ནས་བྲིས་ཡོད་པ་དེ་དག་ང་ཚོའི་མིག་མདུན་ལ་བསྟར་བ་ནས་བཟུང། བོད་མི་མང་དག་ཅིག་གིས་ཁ་ནས་མི་གཞི་དང་འདྲ་མཉམ་སོགས་མ་ཎི་བགྲེང་བགྲེང་བྱེད་བཞིན་ཡོད་མོད། འདི་ལྟ་བུའི་ལས་དོན་ཕྲན་ཚེགས་ཀྱི་སྟེང་ལ་བབས་ཚེ་རང་ཕྱོགས་གཙིགས་སུ་བཟུང་ཞིང་གཞན་ཕྱོགས་ཡལ་བར་དོར་ནས། དྲང་བདེན་དང་འདྲ་མཉམ་སོགས་ལ་མིག་ཞགས་ཙམ་ཡང་མི་འཕེན་པར་རང་ཕྱོགས་ཀྱི་མི་དེ་ལ་འོས་འཕེན་རྐྱང་དང་གཞན་ཕྱོགས་ཀྱི་མི་དེའི་འཇོན་ནུས་དང་ཤེས་ཚད་མཐོང་ཡང་མ་མཐོང་ཁུལ་བྱེད་པ་ནི་ང་ཚོ་རྒུད་པ་ནས་རྒུད་པའི་ཕྱོགས་སུ་འགྲོ་བཞིན་པའི་རྟགས་མཚན་གསལ་བོ་ཞིག་ཅི་ལ་མིན།

ཕྱོགས་ཞེན་དེས་བསླངས་བའི་ན་ཟུག་ནི་བོད་མི་གཞོན་རབས་པ་མང་དག་ཅིག་གི་ཡ་ཆུང་ཁོག་ན་སྦྲུལ་གྱི་ཚང་ལྟར་བརྡོལ་ཞིང་ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་ན་ས་ཕྱོགས་དང་། ལུང་ཚན། ཚོ་ཁག ཆོལ་ཁ། ཆོས་ལུགས་སོགས་ཀྱི་ཕྱོགས་ཞེན་ཤུགས་ཆེར་ཡོད་པ་ནི་བདག་གིས་ཚམ་ཚོམ་མེད་པར་སྨྲ་སྤོབས། དེས་ན་འུ་ཅག་ཆོས་འཇིག་རྟེན་གང་གི་ཆ་ནས་ཀྱང་རྒུད་པ་ནས་རྒུད་པའི་ཕྱོགས་སུ་འགྲོ་བཞིན་པ་མཐོང་ཞིང་ང་ཚོའི་མི་གཞི་ཀུན་སྤྱོད་དང་ང་ཚོའི་རང་དབང་ཐོབ་ཐང་ཡང་ཁ་གཡང་ཙམ་ལས་ལག་ལེན་དང་རྒྱབ་ཀྱིས་ཕྱོགས་ཚེ་“བོད་རེ་བས་ཕོངས་”ཞེས་པའང་དོན་ལ་གནས་བའི་ལེགས་བཤད་ཡང་དག་ཅིག་མ་ཡིན་ནམ།
དེ་བས་ན་ཟུག་དེ་དག་དང་གཏན་བྲལ་བྱེད་འདོད་ཚེ་རང་ཉིད་ནས་འགོ་རྩོམ་དགོས་ཤིང་བརྩམས་ནས་ཀྱང་རྣག་ཐོག་ཁབ་གཙགས་ཞེས་པའི་དཔེ་ལྟར་ལག་ལེན་མཐའ་འཁྱོལ་བྱེད་དགོས་པ་ནི་བོད་སྙིང་ཅན་དག་གིས་སེམས་ལ་འཛིན་རྒྱུའི་ཚིག་དང་རུམ་ལ་འཇོག་རྒྱུའི་བྲོ་ཡིན་ནོ།།

༢༠༡༣/༡༢/༡༧

རྩོམ་རིག

Post navigation

Previous Post: ངས་ཆོས་རྒྱམ་དྲུང་པ་ངོ་ཤེས་པའི་བརྒྱུད་རིམ།
Next Post: ཀུན་གླེང་གིས་དགེ་འདུན་ཆོས་འཕེལ་གླེང་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme