Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱིར་རང་ལ་ཞིབ་དུ་བལྟས་དུས།

Posted on 2010-12-042010-12-04 By ཁ་བརྡ་ 4 Comments on ཕྱིར་རང་ལ་ཞིབ་དུ་བལྟས་དུས།

བོད། ལྷ་ཀླུ་གཉན་གསུམ
སྐྱེ་དུས་སུ་ངའི་རང་ངོ་མི་ཤེས་ཟེར་ན་འགྲིག ད་དུང་། སྐད་ཆ་ཡང་བཤད་ག་ལ་ཤེས། གཅིག་ཤེས་པ་དེ་ནི་ངུ་རྒྱུ་དེ་རེད། ལྟོགས་པའི་ཚེ་ན་ངུ་། དགའ་བའི་ཚེ་ན་དགོད། དགའ་སྐྱོ་ཆགས་སྡང་ནི་རང་ལག་དུ་ཡོད་པ་རེད། གཅིག་མི་ཤེས་པ་དེ་ནི་རང་ངོ་རེད་ལ། སྐད་ཡིག་གང་གི་ཁུངས་སུ་ཡང་མི་གཏོགས་པའི་མི་བུ་ཞིག་རེད།
ལོ་ཟླ་རིམ་འདས་ཀྱི་རྗེས་སུ། ངས་སྐད་ཆ་བཤད་། སྐད་ཆ་དེ་ནི་བོད་སྐད་རེད། རྒྱུ་མཚན་ནི་ངའི་ཕ་མ་གཉིས་ཀ་བོད་མི་རེད། ཁོང་རྣམ་པ་གཉིས་ཀྱིས་ང་ལ་བསླབ་པ་དེ་ཡང་བོད་སྐད་ལས་གཞན་ཞིག་གང་དུ་ཡོད། དེ་ནས་བཟུང་ངས་བཤད་ཤེས་པའི་སྐད་ཐོག་མ་དེ་ནི་བོད་སྐད་ཡིན་ལ། ང་ལ་བོད་པའི་རྣམ་ཤེས་ཤིག་ཡོད་པ་དེ་ནས་བཟུང་ངེས་འཛིན་བྱས་ན་འགྲིག་པ་ཡིན།
ལོ་ཟླའི་གནས་བབ་དང་། བྱིས་པའི་ལོ་ཚད་དང་བསྟུན་ནས་ངའི་ཕ་མ་གཉིས་ཀྱིས་ང་རང་སློབ་གྲྭ་ཞིག་ལ་བསྔགས། སློབ་གྲྭ་དེ་ནས་ཀྱང་ངས་བོད་ཀྱི་སྐད་ཡིག་སྤྱངས། ང་རང་ཡང་བོད་ཀྱི་སྐད་ཡིག་ལ་དགའ་བའི་མི་བུ་ཆུང་ཆུང་ཞིག་དུ་གྱུར། དེ་ནས་བཟུང་། ང་རང་གི་ཤེས་པ་དེ་ནི་བོད་ཡིག་རེད། ངས་ཀྱང་རང་ཉིད་ལ་དབང་བའི་སྐད་ཡིག་ནི་བོད་ཀྱི་སྐད་དང་ཡི་གེ་ཡིན་པ་ཤེས་པའི་ལམ་ཕྲན་དང་བོ་དེ་ནས་བྱུང་།
ལམ་ཕྲན་དེ་ནས་ང་རང་ག་ལེར་སོང་དུས། ང་ལ་ང་ལས་ལྷག་པའི་རིན་ཐང་ཞིག་ཡོད་པ་ཤེས་སོང་། དེ་ནི་ང་རང་གི་སྐད་ཡིག་ལས་རྙེད་པའི་མི་བུའི་འདུ་ཤེས་དང་། མི་བུའི་བསམ་བློ། མི་བུའི་ནུས་པ། མི་བུའི་གོ་རྟོགས། མི་བུའི་མདུན་པ། དེ་དག་གི་གསང་དུ་ཡང་། གསང་བའི་ཡིག་འབྲུ་ལས་འབུར་བའི་བསྐལ་བ་སྟོང་གི་གསེར་སྲང་གི་བཞེང་བའི་གཙུག་ལག་གི་གླེག་བམ་ཆེས་མི་ཉུང་བ་ཞིག་མིག་ལམ་དུ་ཤར་ནས་འོང་དུས། རང་ཉིད་ཀྱི་འགན་འཁྲི་ནི་རང་གི་ཚེ་སྲོག་ལས་ཀྱང་ལྕི་བ་ཤེས་སུ་བཅུགས།
སྐབས་འདི་འདྲ་ཞིག་ལ། བར་ཆད་ཀྱི་རླུང་འཚུབ་ཅིག་གིས། སྡོང་ལཽ་འདྲ་བའི་ང་ཡི་མི་ཚེ་ལ་སྐད་ཅིག་རེ་རེ་བཞིན། མི་འདོད་ཀྱང་ལྡོག་དུ་མེད་པའི་འགྱུར་བ་ཆེན་པོ་བྱུང་། དེ་ནས་བཟུང་། ངས་བཤད་དགོས་པ་དེ་ཡང་རང་ཉིད་ཆུང་ནས་བསླབ་པའི་སྐད་ཡིག་དེ་མིན་ལ། རང་ཉིད་ཆུང་ནས་འདྲིས་པའི་ཤ་གསེང་རུས་གསེང་ལ་འཇར་བའི་རྩམ་དྲི་འཐིལ་བའི་བོད་སྐད་དེ་མིན། ཡིན་ཡང་། ངས་ཉིན་རེ་བཞིན་སྤྱོད་ཀྱིན་པ་དེ་ནི་མི་བུ་གཞན་ཞིག་གི་ཐོབ་ཐང་དང་བདག་དབང་ཡོད་པའི་སྐད་ཡིག་ཞིག་དུ་གྱུར་ཡོད་ཀྱང་། དེ་ཡིས་ང་ལ་བརྩེ་བ་སྟེར་ཐུབ་ཀྱི་མི་འདུག་ལ། དེ་ཡིས་ང་ལ་ནམ་ཡང་སེམས་པ་བརླན་ཐུབ་ཀྱི་མི་འདུག ད་དུང་། དེ་ཡིས་ང་རང་བོད་མི་ཡིན་པའི་བདེན་དབང་དེ་ཡིན་བྱེད་ཐུབ་མ་སོང་།

སྣ་ཚོགས།

Post navigation

Previous Post: དབྱིན་ཇིའི་གབ་ཚིག་འགའ།
Next Post: དགེ་བསྐུལ་ཉི་ཟླ་ནོར་བུ།

Comments (4) on “ཕྱིར་རང་ལ་ཞིབ་དུ་བལྟས་དུས།”

  1. བསོད་ནམས། says:
    2010-12-04 at 11:05 pm

    ངས་ཀྱང་ང་རང་ངོ་མ་ཤེས་པར་ལོ་ངོ་གང་ཙམ་ཕྱིན་སོང་།

  2. སངས་རྒྱས་བསྟན་པ་ཆོས་དར། says:
    2010-12-05 at 9:09 am

    ང་ཡང་སྟོན་རླུང་གིས་ཁུར་བའི་ཤིང་ལོ་ཞིག་དང་འདྲ་ལ་རང་གི་འཁོར་ཡུག་ནས་བྲལ་དགོས་བྱུང་མོད། འདས་བའི་ལོ་འདི་ཚོ་ནང་ལ་བོད་སྐད་དང་བོད་ཡིག་གང་ཐུབ་ཐུབ་ཀྱིས་བེད་སྤྱོད་བྱེད་བཞིན་ཡོད། ༩༠་ནང་ཀློག་ཀླད་དར་ཡོང་སྐབས་བོད་ཡིག་ཀློག་ཀླད་ཐོག་འབྲི་བའི་ཆ་སྐྱེན་མེད་སྐབས་སྨྱུག་ཐོག་ནས་ཐག་རིང་གི་ཡུལ་མི་དང་གྲོགས་པོ་ལ་བོད་ཡིག་ཐོག་འཕྲིན་ཡིག་བྲིས་ལ་རིམ་གྱིས་tcrcསོགས་སྤྱད་ནས་བོད་ཡིག་ཀློག་ཀླད་ཐོག་བེད་སྤྱོད་ཐུབ་སོང་། ད་ནི་ཉིན་ལྟར་iPad དང་iPhone སོགས་བརྒྱུད་བོད་ཡིག་ཐོག་བརྡ་འཕྲིན་དང་ཀློག་འཕྲིན་འབྲི་བཞིན་པ་དང་ལྷག་པར་ཉིན་རེའི་ཁ་པར་ཐོག་མ་དེ་ཡང་བོད་སྐད་ཐོག་ཕ་ཡུལ་ན་ཡོད་པའི་ཚོང་རོགས་སོགས་ཡིན་པས་དགའ་སྣང་ཞིག་འདུག

  3. བོད། ལྷ་ཀླུ་གཉན་གསུམ། says:
    2010-12-05 at 12:04 pm

    བསོད་ནམས་ལགས། ང་ཚོས་ག་ལེར་ཞིབ་དུ་རང་གིས་གདོང་ལ་བལྟ་ཐེངས་རེར། དབུགས་རིང་རེ་འཐེན་པ་ལས་ཐབས་གཞན་ཞིག་ཇི་ལྟར་རྙེད་པར་བརྩོན་དགོས་མིན་དེ་ཡི་ཕྱོགས་སུ་བསམ་བློ་ཨེ་བཏང་ལགས།

    སངས་རྒྱས་བསྟན་པ་ཆོས་དར་ལགས། ཁྱེད་རང་ནི་སྔོན་ཐོན་དང་ཡར་རྒྱས་ཀྱི་ལམ་དུ་ཡོད་ཀྱང་། འུ་ཅག་གི་མི་རིགས་འདིའི་བདེ་སྡུག་གི་ལས་དབང་དེ་ནི་ད་དུང་ཡིད་སྐྱོ་བ་ཞིག་གི་གནས་བབ་ཁྲོད་དུ་ཡོད་དུས། སྐུ་ཉིད་ལ་་དེ་ཡི་ཐད་དུ་བསམ་ཚུལ་ག་རེ་ཡོད་དམ།

  4. སངས་རྒྱས་བསྟན་པ་ཆོས་དར། says:
    2010-12-05 at 5:51 pm

    བོད། ལྷ་ཀླུ་གཉན་གསུམ་ལགས།
    ངས་བལྟས་ན་འུ་ཅག་གངས་ཅན་པའི་ལས་དབང་འདི་ལ་ཡིད་སྐྱོ་དགོས་གཅིག་པོ་མ་ཡིན་པར་ཡིད་དགའ་དགོས་བ་ཞིག་ཡང་མཐོང་།
    སྐྱོ་དགོས་བ་ནི་བརྗོད་མ་དགོས་བར་ང་རང་ཚོའི་རང་ས་གཞན་ལ་ཤོར་ཡོད་པ་ལས་བྱུང་།
    འོན་ཀྱང་དགའ་དགོས་བ་དེ་ནི་ང་ཚོའི་མི་རབ་སྔོན་མ་དག་གིས་ང་ཚོ་ལ་བསྟན་པའི་ལམ་ཁ་དེ་ཡིན། སྔོན་ང་རང་ཡང་སྐྱབས་བཅོལ་བོད་གཞུང་གིས་འབྱོན་མི་འདུག་ཞེས་དང་བོད་པ་ལ་སྔོན་ཐོན་གྱི་བསམ་པ་མི་འདུག་ཞེས་སྐྱོན་བཙལ་མཁན་ཞིག་ཡིན།
    ད་ལྟ་ངས་སེམས་བཀུག་ནས་བལྟས་ན་ང་ཚོའི་མི་རབ་སྔོན་མ་ཚོས་རང་ས་ཤོར་ནས་རྐང་འགོར་ལྷམ་དང་ཁ་ཕོར་ནང་ཟ་མ་མེད་པར་ཡོད་ཚད་ཀྱི་ཡོད་ཚད་ཡུལ་ལ་ལྷག་ནས་སྐྱབས་བཅོལ་ལ་སླེབས་དུས་མྱོན་པ་མ་ཆགས་པར་ལམ་ལས། ཤིང་གནག་གཅོད་པ་སོགས་དཀའ་ལས་བརྒྱབ་ནས་ང་ཚོ་བོད་པ་ཞེས་ཆོལ་གསུམ་གཅིག་སྒྲིལ་གྱི་བཙན་བྱོལ་གཞུང་འདི་བཙུག་ཐུབ་ཡོད་པ་འདི་ནི་བདག་ཅག་བོད་པ་ཕྱི་རབ་པ་རྣམས་དགའ་དགོས་བ་ཞིག་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme