Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་སྡོད་བོད་མིའི་བསམ་བློའི་འགལ་འདུ།

Posted on 2013-05-292013-05-29 By ཁ་བརྡ་ 3 Comments on ཕྱི་སྡོད་བོད་མིའི་བསམ་བློའི་འགལ་འདུ།

རྡོ་རོང་ཕྲུག

ཟླ་ཁ་ཤས་ཤིག་གི་སྔོན་ཏུ་ཕྲན་ཡོ་རོབ་བོད་ཀྱི་གཞོན་ནུས་བཀོད་སྒྲིག་བྱས་པའི་ཟབ་སྦྱོང་ཞིག་ཏུ་འགྲོ་རྒྱུ་བྱུང་ལ་ཟབ་སྦྱོང་སྤྲོད་མཁན་མི་འདྲ་བ་ཁ་ཤས་ཤིག་རྒྱལ་ཁབ་འདྲ་མིན་ནས་ཕེབས་འདུག ཁོང་ཚོའི་ཟབ་སྦྱོང་གི་སྐབས་སུ་ཟབ་སྦྱོང་ལ་ཞུགས་མཁན་རྣམས་ཀྱིས་ཟབ་སྦྱོང་གི་བརྗོད་བྱ་མི་འདྲ་བ་གཉིས་འདེམས་ཆོག་པའི་གོ་སྐབས་འདུག ཟབ་སྦྱོང་ཚང་མ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཟབ་སྦྱོང་ཡིན་ཙང་ངར་བོད་ཀྱི་མ་འོངས་འཐབ་རྩོད་ཀྱི་ཕྱོགས་སུ་ནུས་པ་ཅུང་གསོ་སྐྱོང་བྱེད་ཐུབ་བའི་བསམ་བློ་གསར་པ་སླེབས་རྒྱུའི་རེ་བ་ཞིག་བྱུང་། ཟབ་སྦྱོང་གི་ཁ་བྱང་དག་ནི་༼བོད་ཀྱི་འཐད་རྩོད་ཀྱི་ངོ་བོར་འགྱུར་བ་དང་ནུས་ཤུགས་ཅི་ལྟར་ཆེ་རུ་གཏོང་དགོས་པ།༽ ༼བོད་ཀྱི་འཐབ་རྩོད་དང་བཙན་བྱོལ་བོད་མིའི་ལས་འགན༽་གཞན་༼ང་དང་བོད་༽བཅས་བརྗོད་གཞི་གསུམ་རེད་འདུག

བོད་ཀྱི་འཐབ་རྩོད་དང་བཙན་བྱོལ་བོད་མིའི་ལས་འགན་ཞེས་པའི་ཟབ་སྦྱོང་བཀོད་སྒྲིག་མཁན་བོད་ནས་ཕེབས་པའི་ཆབ་སྲིད་བཙོན་མ་ཟུར་བ་ཁ་ཤས་ཤིག་འདུག ང་ཚོ་ཚང་མ་བོད་ནས་ཡོང་བ་ཡིན་ཙང་སྐད་ཆ་གསར་བ་དང་བསམ་བློ་གསར་བ་ཨེ་ཡོད་ན་བསམ་ནས་ང་སུར་བྷའི་ཡའི་རང་བཙན་འཐབ་རྩོད་མཁན་དེའི་ཟབ་སྦྱོང་དང་གཞན་ཨ་རི་ནས་ཡིན་ཞིང་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་ནས་སློབ་སྦྱོང་བྱེད་མྱོང་བའི་བུ་མོ་འཛོམས་སྐྱིད་གཉིས་ཀྱི་ཟབ་སྦྱོང་དུ་འགྲོ་རྒྱུ་གཏན་འཁེལ་བྱས།

སིར་བྷིའི་ཡའི་མི་དེའི་ཟབ་སྦྱོང་ལ་གོ་རིམ་ལྡན་པའི་འཐད་རྩོད་ཀྱིི་ནུས་པ་འཚོལ་སྟངས་ཀྱི་གཞུང་ལུགས་ལྟ་བུ་ཞིག་ལས་བོད་རང་གི་འཐབ་རྩོད་ཀྱི་ཐད་ལ་ནུས་པ་ཐད་ཀར་བ་ཞིག་འདོན་ཨེ་ཐུབ་བསམ་པའི་བསམ་བློ་ཞིག་སྐྱེས། རྒྱུ་མཚན་ང་ཚོ་བར་དུ་འཐབ་རྩོད་ཟེར་པའི་མིང་ཚིག་གི་ངོ་བོ་གཅིག་པ་ཡིན་རུང་འཐབ་རྩོད་བྱེད་ཡུལ་དེ་གཏན་ནས་མི་འདྲ་བས་རེད། ཁོང་ཚོ་ནི་རང་ཉིད་ཀྱི་རྒྱལ་ཁབ་ནང་ནས་ཕྱོགས་ཁག་ཕན་ཚུན་བར་གྱི་ལྟ་བའི་ལངས་ཕྱོགས་རྩོད་ཀྱི་ཡོད་པ་དང་གཅིག གཉིས་ནས་ང་ཚོའི་བར་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་ཆ་ནས་ཀྱང་ཁྱད་པར་ཆེན་པོ་ཡོད་པར་མཐོང་། བོད་ཀྱི་འཐབ་རྩོད་ནི་དེ་ལས་ལྡོག་སྟེ་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གི་ཁ་གཏད་གཅོག་དགོས་པ་དང་ཕྱོགས་གཞན་ཞིག་ནས་བཤད་ན་བོད་ཀྱི་འཐབ་རྩོད་བྱེད་མཁན་གྱི་མི་འབོར་དང་འཐད་རྩོད་མཁན་གྱི་ལངས་ཕྱོགས། མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་སོགས་ཕྱོགས་ཡོངས་ནས་བལྟས་ན་སིར་བྷིའི་འཐབ་རྩོད་ཀྱི་ཟབ་སྦྱོང་དེས་བོད་ཀྱི་འཐབ་རྩོད་ལ་ནུས་པ་གང་ཡང་འདོན་ཐུབ་ཀྱི་མི་འདུག་སྙམ།

ཁོང་ཚོའི་འཐད་རྩོད་ཁྲོད་དུ་ལེགས་ཆ་གང་ཡང་མི་འདུག་ཟེར་གྱི་མེད་མོད། ཡིན་ན་ཡང་ཁོང་ཚོའི་ཟབ་སྦྱོང་ནང་དུ་དངོས་པོའི་དཔལ་ཡོན་གྱི་ཐོན་ཁུངས་གོང་འཕེལ་ཟེར་བ་དེ་ངས་བོད་ཀྱི་འཐད་རྩོད་ཀྱི་ཁྲོད་དུ་ཅི་ལྟར་མཁོ་སྒྲུབ་བྱེད་དགོས་མིན་ད་རུང་ཡང་བསམ་བློ་གཏོང་ཐུབ་ཀྱི་མི་འདུག སྤྱིར་དངོས་པོའི་དཔལ་ཡོན་གྱི་ཐོན་ཁུངས་ཡར་རྒྱས་ཟེར་དུས་དེ་ནི་རང་ཉིད་ཀྱི་རྒྱལ་ཁབ་ཡོད་པ་གཞིར་བཞག་གི་སྟེང་ནས་བྱུང་བའི་སྐད་ཆ་ཞིག་ལས་རྒྱལ་ཁབ་གཞན་ཞིག་གིས་དབང་བསྒྱུར་གྲལ་རིམ་དུ་ཚུད་ཚར་པའི་རྒྱལ་ཁབ་དང་མི་རིགས་ཤིག་གི་སྐད་ཆ་ཡིན་མིན་ཡང་དོགས་གཞི་ཆེན་པོ་ཞིག་འདུག
དེ་བཞིན་མིའི་ནུས་ཤུགས་གོང་མཐོར་གཏོང་ཟེར་བ་དེ་ཡང་བཙན་བྱོལ་དུ་བོད་མིའི་ནུས་ཤུགས་གོང་འཕེལ་གཏོང་ཐུབ་དགོས་ཟེར་གྱི་ཡོད་དམ་ཡང་ན་བཙན་བྱོལ་བོད་མིས་བོད་ནང་དུ་ཡོད་པའི་བོད་མི་རྣམས་བེད་སྤྱོད་བྱེད་དགོས་ཟེར་གྱི་ཡོད་མེད་ཆ་མ་འཚལ་བ་ཞིག་མཐོང་། བོད་ནང་དུ་ཡོད་པའི་བོད་མིའི་ཁྲོད་དུ་བོད་དོན་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་དགོས་ཟེར་གྱི་ཡོད་ན་དེ་ནི་ཐལ་དྲགས་པའི་སྲིད་ཇུས་ཤིག་མ་རེད་དམ། ང་ཚོའི་ཕྱི་སྡོད་བོད་མིའི་ངོས་ནས་ནུས་པ་ཤུགས་ཆེན་འདོན་ཐུབ་ཀྱི་མེད་པ་ལས་བོད་ནང་དུ་དམ་དྲག་གི་གནས་སྟངས་འོག་སྤེལ་བཞིན་པའི་ལས་འགུལ་རྣམས་མིག་མཐོང་ལག་ཟིན་དུ་ཡོད་ན་དེའི་ཕྱོགས་སུ་རྗེས་ཕྱོགས་ལས་འགུལ་སྤེལ་མཁན་དང་ཟབ་སྦྱོང་སྤྲོད་མཁན་རྣམས་ནས་བསམ་བློ་ཡག་པོ་ཞིག་གཏོང་དགོས་པའི་གནས་ཤིག་རེད་བསམ་གྱི་འདུག

དེ་བཞིན་ཟབ་སྦྱོང་གཉིས་པ་ང་དང་བོད་ཅེས་པའི་བརྗོད་བྱ་དེའི་ནང་མཉམ་ཞུགས་ཀྱི་སྐབས་སུ་བོད་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་མི་གསུམ་དང་གཞན་ཚང་མ་ནུབ་ཕྱོགས་ཀྱི་སློབ་གསོའི་རྒྱབ་ལྗོངས་འོག་འཚར་ལོངས་བྱུང་བའི་མི་རབས་གསུམ་པ་རྐྱང་རེད། ང་དང་བོད་ཀྱི་འབྲེལ་བའི་སྐོར་ལ་བཤད་དུས་གཅིག་གྱུར་གྱི་མཐུན་ལམ་ཞིག་ཡོད་པ་ནི་རིགས་རྒྱུད་ལས་བྱུང་བའི་བག་ཆགས་གཅིག་པོ་ལས། སྐད་དང་ཡི་གེ གཞན་ཡུལ་སྲོལ་དང་ཆོས་ལུགས་སོགས་ལ་དེ་ཙམ་གྱི་འབྲེལ་བ་མེད་པའི་ཚོར་སྣང་ཞིག་བྱུང་། བོད་ནས་སྐྱེས་ཤིང་འཚར་བའི་བོད་མི་ཞིག་ཡིན་ཕྱིན་བོད་དང་ངའི་བར་གྱིི་འབྲེལ་བ་གླེང་དུས་བོད་ཀྱི་ཐུན་མིན་གྱི་སྐད་དང་ཡི་གེ་དང་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་འཇོག་རྒྱུར་གདོན་མི་ཟའོ།

དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་གལ་སྲིད་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་བའི་དུས་སུ་ཁྱེད་རང་བོད་དུ་འགྲོའམ་ཞེས་པའི་དྲི་བ་དེའི་ལན་དུ་ང་གཏན་དུ་འགྲོ་གི་མིན་ཟེར། གནས་སྟངས་འདིས་ང་ལ་བརྡ་ལན་གསལ་བོར་ཞིག་ཕྱིན་ཡོད་པ་ནི་ཕྱི་སྡོད་བོད་མི་རྣམས་ཀྱི་འདོད་མོས་ཆེ་ཤོས་དེ་བོད་ལ་འགྲོ་རྒྱུ་མིན་པར་མི་རབས་ཚ་རྒྱུད་ནུབ་ཕྱོགས་སུ་འཚོ་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད། ངས་ཅི་ཕྱིར་ཁྱོད་ཚོ་བོད་དུ་འགྲོ་གི་མིན་ནམ་ཟེར་དུས་ཁོང་ཚོ་སྤྱི་ལ་ཡོད་པའི་ཐུན་མོང་གི་ལན་ནི་བོད་ནས་ང་ཚོ་ཕྱི་གླིང་བ་ཆགས་འགྲོ་གི་རེད་ཟེར། འདི་ནི་ཁོང་ཚོའི་སེམས་སུ་གནས་བའི་དྲི་ཚིག་ཅིག་ཡིན་ནམ་ཡང་ན་གཞན་གྱི་དྲི་བར་འདེབས་པའི་དྲིས་ལན་ཞིག་ཡིན།

གང་ལྟར་ངས་བསམ་སྟངས་ཤིག་ལ་བོད་ཀྱི་བདེན་མཐའ་སེལ་རུང་བོད་ལ་འགྲོ་མི་འགྲོ་ཟེར་བ་དེ་ནི་ང་ཚོའི་བོད་ཀྱི་བདེན་མཐའ་སེལ་ཆེད་ཀྱི་བསམ་བློའི་ཕྱོགས་ཀྱི་ནུས་པའི་ཐོན་ཁུངས་ཤིག་རེད་བསམ། ང་བོད་པ་ཡིན་ལ་བོད་ངའི་རྒྱལ་ཁབ་ཡིན། ང་ངའི་རྒྱལ་ཁབ་ཏུ་ལོག་ཕྱིར་འཐབ་རྩོད་བྱེད་ཀྱི་ཡིན་ཞེས་པ་ལྟ་བུའི་ཀུན་སློང་ཞིག་གི་འོག་བོད་དོན་འཐབ་རྩོད་བྱེད་པ་ཡིན་ན་ཀུན་སློང་གཙང་མ་དེས་ང་ཚོའི་མ་འོངས་པའི་འཐབ་རྩོད་ལ་རེ་བ་དང་སེམས་ཤུགས། ད་རུང་ནུས་པ་ཆེན་པོ་ཞིག་སྤྲོད་ཀྱི་རེད་བསམ་གྱི་འདུག དེ་ལས་ལྡོག་སྟེ་བོད་ལ་རང་དབང་འཐོབ་རུང་ང་བོད་དུ་འགྲོ་མིན་མི་ཤེས་ཞེས་དོགས་པ་མཐའ་ཟུང་གི་བསམ་བློ་འདི་འདྲ་ནི་བོད་དོན་འཐབ་རྩོད་ཀྱི་ཕྱོགས་སུ་ནུས་པ་ཆུང་དུ་གཏོང་བའི་རྒྱུ་ཅིག་ལས་མ་འདས་པར་སེམས།
བོད་ཤོར་རྗེས་སུ་བོད་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་མི་རབས་གཉིས་པར་བརྩི་ཆོག་པའི་བོད་མི་ཞིག་གི་ངོས་ནས་བཤད་ན། གོང་གི་བསམ་བློའི་འགལ་འདུ་འདི་ནི་ང་ཚོ་མ་འོངས་པར་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོའི་རང་བཙན་ནམ་རང་དབང་འཐད་རྩོད་ཀྱི་ནུས་ཤུགས་གཙོ་བོ་དེར་མཐོང་། བསམ་བློ་འགལ་འདུ་འདི་ནི་ང་ཚོའི་འཐབ་རྩོད་ཁྲོད་ཀྱི་རང་ལྟ་མཆོག་འཛིན་གྱི་རྒྱུ་ཞིག་ཏུ་ཕྲན་གྱིས་ནམ་རྒྱུན་ནས་མཐོང་ངོ་།།

ད་ལྟའི་ཆར་ནུབ་ཕྱོགས་བོད་ཀྱི་སྤྱི་ཚོགས་སུ་རང་ཉིད་ཀྱི་དགྲ་བོ་ངོས་མ་ཟིན་པ་ལྟ་བའི་ནང་འགལ་གཅིག་པོ་གླེང་འདུག་མཁན་མང་ནས་མང་དུ་ཡོང་བཞིན་པ་དེ་ཡང་མདོར་དེད་ན་གོང་གི་བསམ་བློའི་འགལ་འདུ་དེའི་དབང་གིས་རེད་བསམ་གྱི་ཡོད། ཟབ་སྦྱོང་དེའི་རྗེས་ནས་ཕྲན་ལ་ནམ་རྒྱུན་བསམ་བློ་ཞིག་ཡོད་པ་ནི་ནུབ་ཕྱོགས་སྤྱི་ཚོགས་སུ་ནམ་རྒྱུན་རང་བཙན་དགོས་ཞེས་སྐད་འབོད་རྒྱག་བཞིན་དབུ་མའི་ལམ་ལ་དམའ་འབེབ་དང་འཁྱོགས་བཤད་བྱེད་གང་ཐུབ་བྱེད་བཞིན་པའི་མི་རབས་གཉིས་པ་དང་གསུམ་པ་དག་ནི་ཕལ་ཆེར་བོད་དུ་འགྲོ་མི་འདོད་ཅིང་བོད་དོན་གྱི་ཐད་སེམས་ཤུགས་ཆེན་པོ་ཡོད་ཟེར་མཁན་གྱི་མི་བུ་འགའ་མིན་ནམ་སྙམ་པའི་དོགས་པ་ཞིག་བཅོས་མིན་དུ་སྐྱེས།
ནུབ་ཕྱོགས་གཙོས་ཕྱི་རྒྱལ་གྱི་སློབ་གསོའི་རྒྱབ་ལྗོངས་འོག་འཚར་ཞིང་ལོངས་པའི་མི་རབས་གསུམ་པ་དག་ནི་ལྟ་བ་རང་བཙན་དང་བོད་དུ་འགྲོ་མི་འདོད་པར་བརྩི་ཆོག་པར་སེམས་ལ། བོད་ནས་སྐྱེས་ཤིང་བྱེས་སུ་གྱར་བའི་བོད་མི་དག་གི་སེམས་སུ་ནམ་ཡང་འབོར་མི་ཐུབ་པ་ནི་མི་རིགས་ཆེན་པོ་ཞིག་གི་དབང་སྒྱུར་འོག་འཚོ་བཞིན། རང་རིགས་ལ་ཞེན་ཞིང་རང་སྐད་ལ་དུངས་པའི་བོད་ཆེན་པོའི་མི་རབས་ཚ་རྒྱུད་དག་ཡིན། འདི་ནི་ངས་གླེང་འདོད་པའི་ཕྱི་སྡོད་བོད་མིའི་བསམ་བློའི་འགལ་འདུ་རེད།

སྣ་ཚོགས།

Post navigation

Previous Post: ཞང་ཞུང་སྨར་ཡིག་དང་༧གོང་ས་མཆོག་གི་དགོངས་གཞི།
Next Post: ཚོར་ཡན་ཞིག

Comments (3) on “ཕྱི་སྡོད་བོད་མིའི་བསམ་བློའི་འགལ་འདུ།”

  1. རིག་པའི་བུ says:
    2013-05-29 at 2:55 am

    བོད་ནས་སྐྱེས་མཁན་ཐམས་ཅད་བོད་དུ་འགྲོ་འདོད་ཚུལ་ནི་བདེན་པ་མ་རེད་ལ། བོད་ནས་མ་སྐྱེས་མཁན་ཀུན་བོད་དུ་འགྲོ་འདོད་མེད་པའང་བདེན་པ་མ་རེད། ལྷག་པར་དུ་ནུབ་ཕྱོགས་ནས་འབྱོར་བ་རྒྱས་བའི་བོད་རིགས་རྣམས་ལ་མཚོན་ན་བོད་ཀྱི་གནས་ཚུལ་ཡག་པོ་ཆགས་ན་དཔལ་འབྱོར་གྱི་མ་རྩ་བོད་ནས་འཇོག་འདོད་ཡོད་པ་ང་རང་ཐེ་བའི་ནུབ་སྡོད་བོད་ཕལ་ཆེར་རེད། རྒྱུ་མཚན་ནི། ༡༽ བོད་ནི་རང་གི་ཕ་ཡུལ་ཡིན་ཕྱིན་དེ་ལ་མ་རྩ་བཞག་ན་རང་ཉིད་ཕྱི་མི་རུ་མི་ཆགས་པ་མ་ཟད་རང་གི་སྤྱི་ཚོགས་སུ་ངོམས་གསོ་ཐོབ་པ། ༢༽ མ་རྩ་བོད་ལ་བཞག་ན་རིན་གོང་ཆུང་བས་འཛུགས་བདེ་ཡིན་པ་མ་ཟད་རང་དང་རང་གི་མིི་རིགས་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་ལ་ཕན་པ། ༣༽ ནུབ་ཕྱོགས་ཀྱི་ཚོང་པ་བོད་དུ་འཁྱེར་ནས་རྒྱ་དང་རྒྱ་གར་ལྟར་ཚོང་གི་མ་རྩ་མཉམ་འཇོག་བྱས་ཏེ་དཔལ་འབྱོར་གྱི་ཁེ་བཟང་གོ་ལ་གཅིག་འགྲོས་ལྟར་མཉམ་སྤྱོད་བྱེད་ཐུབ་པ་སོགས་ཀྱི་ཁེ་ཕན་གྲངས་ལས་འདས་བ་ཡོད། ད་ལྟ་ནུབ་སྡོད་བོད་མི་ཁ་ཤས་ཀྱིས་གོ་སྐབས་དེ་མཐོང་ནས་བོད་དོན་གཡུག་སྟེ་རྒྱ་དང་ལག་འབྲེལ་གྱིས་མ་རྩ་བོད་དུ་འཇོག་མཁན་མི་ཉུང་བ་ཞིག་ཡོད། ཁོང་ཚོའི་གྲས་ནས་དབུ་མར་་ལག་པ་ཕྱི་མཁན་མང་།

  2. འཇིགས་བྲལ་བསྟན་འཛིན། says:
    2013-05-29 at 4:14 am

    ང་ཡང་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཟབ་སྦྱོང་འགར་ཕྱིན་པ་ཡིན། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་མི་དུ་མ་དང་ཐུག་འཕྲད་བྱས་པ་ཡིན། རེ་འགའ་མ་གཏོགས་བོད་དུ་འགྲོ་གི་མིན་ཟེར་བ་ནི་མ་མཐོང་། མ་ཟད་ཡོ་རོབ་བོད་རིགས་གཞོན་ནུ་ཚོས་དེང་སྐབས་བོད་སྐད་དང་བོད་ཡིག་སྦྱོང་བ། དེའི་ཆེད་དུ་གཟའ་མཇུག་སློབ་གྲྭ་འཛུགས་པ། ལས་འགུལ་སྤེལ་སྟངས་སོགས་ཀྱི་ཐད་ཆེད་ལས་རང་བཞིན་ལྡན་པའི་ཟབ་སྦྱོང་སྤྲོད་ཀྱི་འདུག དེ་བཞིན་ཡོ་རོབ་ཁུལ་དུ་བོད་དོན་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ཡག་ཤོས་དང་། སྣེ་ཁྲིད་མཁན་གཙོ་བོ་རེད། དམིགས་བསལ་གཞོན་སྐྱེས་རེ་ཟུང་ནི་ཧ་ལས་པའི་སེམས་ཤུགས་ཆེན་པོ་དང་། གནས་ཚུལ་ཤེས་མཁན་རེད་འདུག ལྷག་པར་བོད་ནང་གི་གནས་ཚུལ་བོད་ནས་གསར་དུ་འབྱོར་བ་ཚོ་ལས་ཀྱང་ཡག་པ་ཧ་གོ་མཁན་དེ་འདྲ་འདུག དེར་བརྟེན་བསམ་ཚུལ་འདི་སྤེལ་མཁན་དེའི་བརྗོད་དོན་ངོ་མ་ག་རེ་ཡིན་ན་སྙམ་གྱི་འདུག དེ་བཞིན་ཡོ་རོབ་ཁུལ་དུ་ན་གཞོན་མི་རབས་ཁྲོད་བོད་དོན་ལས་འགུལ་སྤེལ་མཁན་ཕལ་ཆེ་བ་ཚོགས་པ་འདི་བརྒྱུད་ནས་གསོ་སྐྱོང་ཡོང་བཞིན་འདུག ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ཡང་ཚོགས་པ་འདི་བརྒྱུད་ནས་བོད་དོན་ཕྱག་ལས་གནང་མཁན་ཞིག་ཏུ་འཚར་ལོངས་བྱུང་བ་རེད་འདུག མང་པོ་ཞིག་ནི་བོད་དུ་འགྲོ་མྱོང་འདུག དེར་བརྟེན་རྩོམ་ཡིག་འདིའི་རྒྱབ་ན་རང་བཙན་གྱི་བསམ་བློ་འཛིན་པ་ཚོར་རེ་བ་མེད་པ་བཟོ་ཐབས་ཀྱི་བྱུས་ཤིག་ཡོད་པ་འདྲ་པོ་མཐོང་བྱུང་།

  3. རོང་ཕྲུག says:
    2013-05-31 at 11:06 am

    འཇིག་བྲལ་བསྟན་འཛིན་ལགས། ཁྱེད་ཀྱི་རྩོམ་ཡིག་ཀློག་སྐབས་དང་པོ་ངོ་གདོང་དེ་གོ་བ་ལེན་ཚར་རྗེས་གཞི་ནས་རྒྱབ་ལྗོངས་ལ་དཔྱད་ཞིབ་བྱེད་ན་ཡག་པོ་རེད་བསམ་གྱི་འདུག གོང་གི་རྩོམ་ཡིག་དེའི་ནང་དུ་ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ལ་སྐད་ཆ་གང་ཡང་བཤད་མེད། རྒྱུ་མཚན་ང་བོད་དོན་འཐབ་རྩོད་ཀྱི་ནུས་བ་གོང་མཐོང་གཏོང་བར་བྲེལ་བ་ཙམ་ལས་ནང་ཁུལ་དུ་ལངས་ཕྱོགས་རྩོད་པའི་གོམས་གཤིས་མེད་ལ་རྒྱུ་མཚན་ཡང་མཐོང་གི་མི་འདུག ཡིག་འབྲི་བ་ཞིག་ཡིན་པའི་ཆ་ནས་ཁྱེད་ཀྱི་གང་བྱུང་དུ་སྐད་ཆ་འདྲ་མིན་མི་འབྲི་བར་མཁྱེན། ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ཀྱི་ཕྱོགས་དེའི་བོད་མིའི་སྤྱི་ཚོགས་སུ་ཞབས་འདེགས་ཅི་ཞིག་ཞུ་གིན་པའི་སྐོར་ལ་མི་འགྱངས་པར་རྩོམ་ཡིག་ཅིག་སྤེལ་རྩིས་ཡོད་ན་དེར་དུས་ཁྱེད་ཀྱི་མ་མཁྱེན་པ་མང་པོ་ཞིག་མཁྱེན་སྲིད།
    ངས་རྩོམ་ཡིག་སྤེལ་དོན་གཙོ་བོ་བསམ་བློ་བརྗེ་རེས་ཙམ་ལས་ཁོ་བོར་རྒྱབ་ལྗོངས་ཀྱི་བསམ་བློ་མེད་པས་དེ་དོན་ཉིད་ཀྱིས་དགོངས་འཇགས་མཚལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme