Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་སྡོད་དོན་གཅོད་ཁག་གིས་ནུས་པ་འདོན་རན་རེད།

Posted on 2009-11-122009-11-12 By ཀླུ་ 8 Comments on ཕྱི་སྡོད་དོན་གཅོད་ཁག་གིས་ནུས་པ་འདོན་རན་རེད།

ཕྱི་སྡོད་དོན་གཅོད་ཁག་གིས་ནུས་པ་འདོན་རན་རེད།
སྐར་ཁྲི་བཙན།

འདས་ཟིན་པའི་ཁ་རྩང་ལ་ཕྱིར་མིག་དང་འགྲོ་བཞིན་པའི་དེ་རིང་ལ་བསམ་གཞིག བྱེད་དགོས་པའི་སང་ཉིན་ལ་རྗེས་དཔག་ཅིག་བྱ་བ་ལགས་ན། ད་ལྟ་བོད་ཕྱི་ནང་ཡོངས་ཀྱི་མཁས་དབང་རྣམ་པ་གཞིར་བཞག་གཞོན་སྐྱེས་གང་མང་མང་ཞིག་གིས་བོད་ཀྱི་སྐད་དང་ཡི་གེར་དོ་སྣང་དང་སེམས་འཚབ་ལང་བཞིན་པའི་གོ་སྐབས་འདི་དམ་འཛིན་བྱས་ནས། ཕྱི་སྡོད་དོན་གཅོད་ཁག་གིས་བོད་ཀྱི་སྐད་དང་རིགས་གཞུང་སྐྱོབས་ཐབས་ལ་མཛད་རྗེས་འཇོག་རན་རེད་འདོད་བྱུང་། ལམ་ཁ་ག་འདྲ་གདམ་པའམ་བྱེད་ཐབས་ག་འདྲ་ཞིག་དགོས་རེད་ཅེས་ན། གུས་པས་གཞིག་ན།
དང་པོ། རྒྱལ་ཁབ་གང་དུ་གནས་སྡོད་པའི་དོན་གཅོད་ཡིན་ན། རྒྱལ་ཁབ་དེའི་དབུས་གཞུང་ལ་སྙན་ཞུ་དབུལ་ནས་བོད་སྡོད་གཞི་ཆགས་ཀྱི་ས་ཆ་རེག་ཐབས་བྱེད་པར་དམ་འཛིན་བྱེད་པ།
གཉིས་པ ས་ཆ་དེར་གཞི་སྡོད་ཁོར་ཡུག་ཅིག་བསྐྲུན་དགོས་ཚེ་སྡོད་ཁང་སོགས་འགྲོ་འགྲོན་འབོར་ཆེན་དགོས་པས་བོད་དོན་རྒྱབ་སྐྱོར་བ་དང་དེ་མིན་འབྲེལ་ལམ་སྣ་ཚོགས་བརྒྱུད་ནས་རོགས་དངུལ་རེག་ཐུབ་བྱེད་པ།
གསུམ་པ། བོད་སྤྱི་ཚོགས་གཅིག་ཏུ་སྒྲིལ་ནས་དེ་ལ་དེར་རྟེན་གྱི་སློབ་གྲྭ་གསར་འཛུགས་དང་མ་འོངས་བར་རང་ཁ་རང་གསོ་ནུས་པའི་དཔལ་འབྱོར་གྱི་ཁོར་ཡུག་ཅིག་བསྐྲུན་ཐབས་ལ་འབད་བརྩོན་བྱེད་པ། དེ་ལྟར་བྱེད་ནུས་ན་མ་འོངས་བར་བོད་པ་འདི་གསོན་པོ་གནས་ཐུབ་པའི་རེ་བ་ཆེན་པོ་ཡོད་རེད། མ་གཏོགས་ཕྱི་སྡོད་བོད་རིགས་ཚོ་ད་ནས་བཟུང་མི་རབས་གཉིས་གསུམ་གྱི་རྗེས་སུ་ཕྱི་གླིང་བའི་ཁུངས་སུ་འཐིམ་འགྲོ་བའི་ཉེན་ཁ་འདུག ང་ཚོར་རྒྱལ་ཁབ་ཆེ་གེ་མོ་ཞིག་གིས་སྲིད་འཛིན་གྱིས་བོད་དོན་ལ་ཅིག་བཤད་སོང་ཟེར་ནས་དགའ་ཐག་མགུ་ཐག་གིས་རང་གིས་རང་ལ་སེམས་གསོ་བྱ་བའི་དུས་ཚོད་མ་རེད་འདོད་བྱུང་། དཔལ་འབྱོར་ཁོ་ནས་གོ་ལར་ཁ་ལོ་བསྒྱུར་བཞིན་པའི་ཛ་དྲག་གི་གནས་སྟངས་འདིའི་འོག་ནས་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ལ་རེ་བ་བཅོལ་ས་ཆེན་པོ་མེད་པ་མིག་མཐོང་ལག་ཟིན་ཡིན་པས། དེ་ལས་བོད་པ་རང་ངོས་ནས་༸གོང་ས་མཆོག་གི་མཛད་འཕྲིན་རླབས་པོ་ཆེ་རྒྱས་བཞིན་པའི་གོ་སྐབས་འདིར་བརྟེན་ནས་ཕྱི་གླིང་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཚོའི་ལག་ནས་རོགས་དངུལ་ཐོབ་ཐབས་ཀྱིས་མ་འོངས་བར་མི་རིགས་འདི་ས་སྒང་འདིར་མུ་མཐུད་དུ་གནས་ཐུབ་པའི་ཁོར་ཡུག་གསར་བ་ཞིག་བསྐྲུན་དགོས་པར་གལ་ཆེན་ཡིན་པར་འདོད། ༸གོང་ས་མཆོག་གང་སྐུ་བཞུགས་པའི་སྐབས་འདིར་དམ་འཛིན་མ་བྱས་པ་ཡིན་ན། ཉི་མ་ཞིག་ལ་ང་ཚོར་ཕྱི་གླིང་བས་རོགས་དངུལ་མེད་པ་ཆགས་པའི་ཉི་མ་ཞིག་ཡོད་སྲིད་པ་རེད། བྱ་བ་ཅི་ཞིག་བསྒྲུབ་ན་དཀའ་ངལ་ཡོད་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན། ང་ཚོས་གནས་སྐབས་ཀྱིས་དཀའ་ངལ་གཅིག་པོར་ཕྱིར་བྱོལ་མི་མི་བྱེད་པར། རྒྱ་ནག་གིས་དཔལ་འབྱོར་ཁྲོམ་ར་རྒྱ་བསྐྱེད་བྱ་བཞིན་པའི་ཉེན་ཁ་ཅན་གྱི་མིང་རྒྱང་དེ་མཐོང་རན་རེད་འདོད་བྱུང་། ངའི་ཁབ་མིག་གི་བསམ་རྒྱ་ཆུང་དྲག་པས་གཙོ་བོ་དྲ་གྲོགས་ཚོས་དེའི་ཕྱོགས་ལ་བགྲོ་གླེང་གནང་རོགས་ཞུ་བ་དེ་ཡིན།

སྣ་ཚོགས།

Post navigation

Previous Post: པདྨ་ཚེ་བརྟན་ལ་གློག་བརྙན་བྱ་དགའ་ཡང་སྐྱར་ཐོབ་འདུག
Next Post: དམར་པོ་ཁྲག་གི་ལེའུ།

Comments (8) on “ཕྱི་སྡོད་དོན་གཅོད་ཁག་གིས་ནུས་པ་འདོན་རན་རེད།”

  1. ཁ་ཕྱོགས་མེད་ says:
    2009-11-12 at 9:02 am

    ཐུགས་རྗེ་ཆེ་འགན་ཞིག་ཁུར་བའི་བསམ་བློ་རེད་དེ་འདྲ་ཡོང་རྒྱུ་ཡིན་ན་དཱ་བཟང་གི་ར།
    བོད་ཀྱི་སྐུ་ཚབ་དོན་གཅོད་དེ་དག་གིས་གནས་ཡུལ་རྒྱལ་ཁབ་ཁག་གི་གཞུང་ལ་སྙན་ཞུ་རེ་བརྒྱབ་ན་བོད་མི་རྣམས་འདུས་བསྡོད་བྱེད་སའི་ས་ཞིག་རེག་འེ་ཡོང།་་དེ་དཀའ་རྒྱུ་རེད་སྙམ།་་་དེ་མིན་ད་ལྟ་བར་དུ་དོན་གཅོད་དེ་དག་གི་རོགས་དངུལ་སོགས་ཇི་ཙམ་རེག་པ་དེ་ལེན་བཞིན་ཡོད་ནི་རེད་བསམ་གྱི་ཡོད་དེཌྷའི་སྟེང་མང་བོ་ཞིག་ལྷག་མར་རེད་འེ་ཡོང་བ་ཡིན་ན།་་ད་སྐབས་དངུལ་ཟེར་ནོ་འདི་དཀའ་ནི་རེད་འོ།
    གང་ལྟར་བསམ་བློ་གཏོང་དགོས་ནི་རེད།་་ཡ་ད་དེ་ཙམ་གྱིས་

  2. ཁ་ཕྱོགས་མེད་ says:
    2009-11-12 at 9:05 am

    ནོར་བཅོས་རེད་འེ་ཡོང་་།་རེག་འེ་ཡོང་ལ་བཅོས་དགོས་

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-11-12 at 11:23 am

    སྐར་ཁྲི་བཙན། དེ་རིང་ད་བཤད་ནོ་བདེན་ཀི་ཡ། ཁྱོས་ཤ་མི་བདེན་གི་ན། རེད་དེ། ཀློག་མཁན་དྲ་ཐོག་གི་སྤུན་ཟླ་དག་ཆགས་ཀྱི་ཡོད་ལ། འབྲི་མཁན་ཡང་དྲ་ཐོག་གི་སྤུན་ཟླ་དག་ཆགས་ཀྱི་ཡོད་པ་ཡིན་དུས། དེ་ཚོའི་རྣ་ལམ་དུ་སྐད་ཆ་འདི་འཕྲོད་རྒྱུ་དཀའ་ལས་ཁག་པོ་རེད། ཡིན་ཡང་། སྐུ་ཉིད་ཀྱི་བསམ་ཚུལ་འདི་ལ་དངོས་ནས་རྒྱབ་སྐྱོར་ཡོད།

  4. གངས་བུ། says:
    2009-11-12 at 11:32 am

    སྐར་ཁྲི་བཙན་ལགས་ཀྱིས་འགན་ཞིག་བླངས་ཏེ་ལྷག་བསམ་རྣམ་དག་གིས་བསམ་འཆར་བཏོན་པ་ལ་རྗེས་སུ་ཡི་རེངས་ཡོད། ཡིན་ནའང་བསམ་རྒྱུ་ད་ཚང་མའི་བསམ་པ་གཅིག་རེད་དེ་ལག་ལེན་བསྟར་རྒྱུ་དེ་འདྲའི་ཁག་པོ་ཞིག་ང་ཚོའི་དོན་གཅོད་ཚོས་འཇོན་ཨེ་ཡོང་། དེང་སང་གི་སྐུ་ངོ་ཚོ་བཟང་དགེ་ལེན་རྒྱུར་དགའ་བ་ལས་ལས་རྒྱུ་མང་ན་དགའ་མཁན་ཤིན་ཏུ་ཉུང་ཉུང་རེད། ད་དུང་༸གོང་ས་མཆོག་གཅིག་པུ་ལ་མིག་གྱེར་ནས་འདུག་རྒྱུ་རེད།

  5. ཀླུ་ says:
    2009-11-12 at 12:27 pm

    རེད་ཆབ་སྲིད་པའི་བྱེད་སྟངས་རེད། བྷབྷབྷཆབ་སྲིད་ཟེར་བ་དེ་ལོ་མང་སྔོན་ནས་མཆར་གཞི་འཐེན་པ་དང་རྒྱུན་རིང་ལ་གོ་སྒྲིག་བྱེད་དགོས་པ་ལོས་ཡིན་་རྒྱ་ནག་ཆོས་མེད་སྨྲ་བས་སྤྲུལ་སྐུ་ངོས་འཛོན་ཁྲིམས་གཞི་ཡིག་བ་བཟོས་བ་དེ་ཡང་༸གོང་ས་སྐུ་ཕྲེང་བཅོ་ལྔ་བར་དམིགས་པ་ཤེས་གསལ་རེད། གནད་དོན་འདིའི་རིགས་ཡག་པོ་འདུག། ཚང་མས་དོ་སྣང་བྱེད་དགོས་དེ་ཡང་དྲ་ཐོག་ལ་འཇོག་པ་ཙམ་མིན་པར་ཚོགས་ཐོག་འདྲ་མིན་ལ་གླེང་བ་དང་། བཀའ་ཤག། གྲོས་ཚོགས། དོན་གཅོད་སོགས་སུ་ཡང་དཔྱད་གཞིར་གཏོང་ཐུབ་ན་ཡག་པོ་རེད།

  6. གཡག་ལྡོམ་། says:
    2009-11-12 at 6:31 pm

    རེད་ཡ། ངས་བསམ་ན་། ང་ཚོ་ཚང་མའི་ཕན་བསམ་ཚུལ་རྗེས་རེ་བྱས་ནས་། ཕྱི་སྡོད་དོན་གཅོད་ཁག་གི་ནུས་བ་འདོན་སྟེང་སྐོར་ཀྱི་གྲོས་གཞི་དོན་ཚན་འགའ་བཏོན་ནས་། རང་རང་ས་གནས་ནས་མི་མང་གང་མང་ཞིག་གི་མིང་རྟགས་སོགས་བཀོད་དེ་། སྤྱི་མཐུས་གྲོས་ཚོགས་ཕུལ་ན་ག་འདྲ་འདུག།
    ཨ་ཁུ་ལོ་ལོ་ཁ་དྲོ་རྒྱུ་ཚོ། རྩོད་པ་མ་རྒྱབ་ནས་མཁས་རྟགས་སྟོན་གི་མ་འདུག། གསེར་ས་འོག་ན་ཡོད་ན་འོད་ནམ་འཁའ་ན་ཡོད་པ་རེད་། བོད་དོན་ལ་སེམས་ཁུར་བ་ཞིག་ཡིན་བོད་ཡིག་མཁས་བ་ཡིན་པས་ངེས་བ་ཡོད་པ་མ་རེད་། ང་རང་ལ་ཆགས་བཞག་ན་། ངོས་དྲང་ནས་འདིར་ཁ་བརྡ་ཚང་ལ་ཡོང་ནས་བོད་དོན་ཀྱི་ཁ་བརྡ་རེ་བྱེད་འདོད་མོད་། ཡང་ཁྱོད་ཚོས་་་་ཁྱོད་ཀྱི་སྔོན་འཇུགས་ཆད་བསྡད་ཡོད་གི་། རྗེས་འཇུག་མང་བསྡད་ཡོད་གི་་་་ཧ་པོ་ལེ་ལ། བྷི་ལ་བྷི་ལ་་་་་་ཟེར་གི་བསྡད་ན་ངོ་ནས་སུན་གི་།
    རེད་ཡ་སྐར་ཁྲི་བཙན་གྱི་ཕྱི་སྡོད་དོན་བཅོད་ཁག་གི་ནུས་བ་འདོན་རྒྱུར་དགོང་ཚུལ་གསུང་བ་ལྟར་། བོད་གཞུང་གི་རང་བཙན་ལགས་དེབ་གྱི་མ་དངུལ་དེ་དོ་དམ་ཚགས་ཚུད་ཡོང་བའི་སྐོར་ལ་ཡང་གསུང་དང་མཐའ་མར་ང་ཚོ་ཚང་མས་བསམ་གཅིག་མཐུན་ཞིག་བྱུང་ན་། དེ་ཡང་སྤྱི་མཐུས་གྲོས་ཚོགས་ཕུལ་ན་བཟང་བར་བསམ།

  7. chokri nyima says:
    2009-11-13 at 1:14 pm

    ཁྲི་སྐར་བཙན་ལགས།
    ཁྱེད་ཀྱིས་དམིགས་ཡུལ་འདི་འདྲ་ཡོད་པ་རྣམས་ལ་རྗེས་སུ་ཡིད་རང་ཡོད།
    ཡིན་ཡང་ང་རང་ཚོ་དྲ་གྲོགས་གྲྭ་པ་དང་གྲྭ་ལོག་ང་ལྟར་བུ་ཁ་ཤད་ཀྱིས་ཇི་བྱེད་ཐུབ་བམ།

  8. གངས་ཕྲུག་རྨས་མ། says:
    2009-11-13 at 11:21 pm

    གོང་གི་དྲ་གྲོགས་ཚོར་ཕེབས་པར་དགའ་ནས་ཡོད། གྲ་རིམ་གྱི་བག་ཆགས་སམ་དྲི་མ་འཐུག་པ་བོད་པའི་སྤྱི་ཚོགས་ལ་མཚོན་ན་རྩྭ་མི་ཤིང་མི་ཞིག་གི་བཤད་ཆར་རིན་ཐང་མེད་པ་དངོས་ཡོད་ཡིན་ཡང་། ་ལོ་རྒྱུས་སྟེང་་སུ་དྲང་བདེན་དང་སུ་ནག་ཐིགས་ཅན་ཡིན་པ་གསལ་ཡོང་གི་རེད། གནའ་བོའི་སྐུ་ངོ་ཚོས་གངས་ལྫོངས་དགྲ་ལ་སྤྲད་བཞག་རེད། ད་ལྟའི་སྐུ་ངོ་ཚོས་བོད་རྒྱུད་རྩ་མེད་པཟོ་བའི་དོགས་འདུག་ག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme