Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐོར་ལ་དཔྱད་པའི་གཏམ།

Posted on 2018-12-15 By ཁ་བརྡ 7 Comments on ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས་ནས།
 
མང་གཙོའི་སྒྲིག་འཛུགས་ (  DEMOCRACY ) ནང་མི་མང་གི་འགན་དབང་ཆེ་ཤོས་དེ་འོས་བསྡུའི་ཐོབ་ཐང་དེ་ཡིན་པ་དང་ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་གོང་ས་མཆོག་ནས་དུས་གསུམ་གསལ་གཟིགས་འོག་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མང་གཙོ་ལ་ཁ་ཕྱོགས་ནས་བོད་ཀྱིརྩ་ཁྲིམས་ཟིན་བྲིས་གཏན་འབེབས་གནང་བ་དང་བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས་ལས་སྒྲུབ་པའི་མང་གཙོའི་སྒྲིག་འཛུགས་མི་མང་གི་འཐུས་མི་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་  ( legislature  ) དང་འཛིན་སྐྱོང་བཀའ་ཤག་  (Executive  )  ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་  ( judiciary ) བཅས་སྡེ་ཚན་གསུམ་འགན་དབང་འདྲ་མཉམ་དུ་ཡོད་པ་ནས་འཛིན་སྐྱོང་གི་འགོ་འཁྲིད་སྲིད་སྐྱོང་སྐབས་གསུམ་པའི་འོས་བསྡུ་དང་ཁྲིམས་བཟོ་སྤྱི་འཐུས་སྐབས་བཅུ་བདུན་པའི་འོས་བསྡུ་བཅས་ཕྱི་ལོ་༢༠༢༡ ལོར་བཙན་བྱོལ་མི་མང་ནས་འོས་འདེམས་བྱ་རྒྱུར་སོང་ད་ལྟ་ནས་སྲིད་སྐྱོང་དང་སྤྱི་འཐུས་ལ་མི་འགྲོ་སྒྲ་སྒྲིག་བྱ་རྒྱུ་ནི་མང་གཙོའི་ཐོབ་ཐང་དང་ལས་འགན་ཆེ་ཤོས་དེ་ཡིན་ན་འདས་པའི་སྲིད་སྤྱི་གཉིས་ཀྱི་མི་འགྲོའི་ཕྱག་ལས་གནང་སྟངས་དང་བཅའ་སྒྲིག་ལ་འགན་ཁུར་བཞེས་སྟངས་སོགས་ལ་འོས་འཕེན་རྒྱ་ཆེ་ཆོལ་གསུམ་མི་མང་ནས་རྒྱང་བལྟའི་འོག་ཏུ་འགན་ཁུར་ནས་སྲིད་སྤྱི་གཉིས་ལ་འོས་དམིགས་ཚད་ལྡན་སླེབས་ཐུབ་པའི་འགན་ཁུར་ད་ལྟ་ནས་སྒྲ་སྒྲིག་ཨང་གསར་གནང་དགོས་པ་དང་ལྷག་པར་དུ་སྲིད་སྐྱོང་ལ་བུད་མེད་སླེབས་དགོས་པ་ནི་ཕོ་མོ་འདྲ་མཉམ་ལ་འགན་བཀུར་ནས་འཛམ་གླིང་མི་མང་གི་མདུན་དུ་བོད་ཀྱི་བུད་མེད་ཀྱི་རྣམ་སྤྱོད་དང་འགན་ཁུར་གྱི་ནུས་པ་སྟོན་དགོས་པ་དེ་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གི་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུ་ཟེར་བའི་ལས་འཆར་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ངོས་འཛིན་དང་བཅས་སྲིད་སྤྱི་གཉིས་ལ་འོས་དམིགས་ཚད་ལྡན་སླེབས་ཐུབ་པའི་འགན་དེ་འོས་འཕེན་རང་ལོ་བཅོ་བརྒྱད་ཡན་གྱི་རྒྱ་ཆེ་ཆོལ་གསུམ་མི་མང་གི་ལག་ཏུ་ཡོད་པ་ལས་ཆོལ་ཁ་དང་ལུང་ཚན་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལག་ཏུ་ནམ་ཡང་མེད་པ་ནི་ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནས་སྲིད་སྤྱིའི་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་གནང་ནས་ཚོགས་སྐྱིད་ཁག་ནས་སྲིད་སྤྱིའི་འོས་གཞི་འདོན་མི་ཆོག་པ་བཟོས་པ་དེ་ནི་ང་ཚོའི་མང་གཙོ་དེ་རང་དབང་དང་དྲང་བདེན་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་འོག་བོད་མི་མང་འཚོ་ཐུབ་པའི་སྡོན་བརྡ་ཞིག་ཀྱང་ཡིན་སྲིད་ལ་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་མ་ཡིན་པ་བློ་ཕྱི་དང་གྲོད་པ་ནང་ལ་བསྟན་ནས་རང་དོན་སྒྲུབ་མཁན་མ་ཡིན་པ་ཕྱོགས་གཏོགས་དང་ལུང་ཚན་ཤོག་སྒྲིལ་འགོ་འདྲེན་དང་སྐབས་འཚོལ་རིང་ལུགས་སོགས་ཀྱིས་རྗེས་ལ་མི་འགྲོ་མཁན་ལྷག་བསམ་དང་རྒྱལ་ཞེན་གྱི་བསམ་བློ་ཕྱུགས་པོ་ཡོད་པ་རང་ཚུགས་བརྟན་པོ་ཡོད་པའི་མི་སྣ་སྲིད་སྤྱིའི་འོས་དམིགས་དུ་སྟོན་ཐུབ་པའི་འགན་ཁུར་ཞེས་དགོས་པ་དེ་ད་ལྟའི་དུས་ཚོད་འདིར་བོད་མི་རིགས་ལ་བསམ་ན་གལ་ཆེའི་ནང་གི་གལ་ཆེན་ངོ་མ་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་ལ་སྲིད་སྤྱི་གཉིས་ལ་མི་སྣ་ག་འདྲ་ཞིག་སླེབས་མིན་འོས་འཕེན་ཆོལ་གསུམ་རྒྱ་ཆེ་མི་མང་གི་ལག་ཏུ་ཡོད་པ་ནས་ད་ལྟ་ནས་སྟོང་དཀྲུགས་བརྒྱ་འདེམས་བྱས་ནས་མིག་གི་བལྟས་རྣ་བས་ཉན་ནས་རང་ཐག་རང་གི་བཅད་རང་འགན་རང་གི་ཁུར་རང་བློ་རང་ལ་བསྐལ་ནས་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ལ་ཆ་ཤས་ལེན་རྒྱུ་དེ་མང་གཙོའི་ཐོབ་ཐང་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་ན་གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཟེར་བའི་དཔེ་ལྟར་གལ་ཆེན་དོན་ཆེན་ལ་རྩིས་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་བཙན་བྱོལ་བོད་མིའི་སྲིད་སྤྱིའི་འོས་བསྡུའི་ལས་རིམ་དེ་དག་རང་དབང་དང་དྲང་བདེན་འདྲ་མཉམ་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་འོག་འོས་འཕེན་ཆོལ་གསུམ་མི་མང་ནས་འགན་ཁུར་ཐུབ་པའི་རེ་བསྐུལ་བཅས་བདེན་པ་ཉིད་རྒྱལ་རྒྱུར་ཅིག།
སླར་སྨྲས་པ།་

མི་མང་མང་གཙོའི་ཐོབ་ཐང་འོས་འཕེན་ལ།
ཆ་ཤས་ལེན་ལ་སྒོ་སྐབས་འཕྱུགས་མི་ཉན།
བཙན་བྱོལ་བོད་མིའི་སྲིད་སྤྱིའི་འོས་བསྡུ་ལ།
རང་ཐག་རང་བཅད་རང་འགན་རངགི་ཁུར།

སྲིད་སྤྱིའི་འོས་བསྡུ་སྒྲིག་གཞིའི་ལམ་སྟོན་འོག།
རང་གི་ཐོབ་ཐང་མང་གཙོའི་འོས་ཤོག་དེ།
ཕྱོགས་ལྷུང་སྤང་ནས་དྲང་བདེན་སྐྱེ་བོ་ལ།
འོས་ཤོག་འཕེན་རྒྱུ་འོས་འཕེན་མི་མང་འགན།

འདས་པ་རྗེས་འདེད་མ་འོངས་མདུན་བསུས་ནས།
ནོར་བ་མེད་པའི་སྐྱེ་བོ་སྲིད་སྤྱིར་འདེམས།
ལུང་ཚན་ཕྱོགས་གཏོགས་འགོ་འདྲེན་སྐབས་འཚོལ་རིགས།
ནམ་ཡང་སྲིད་སྤྱིར་མ་འདེམས་ཐུགས་རྗེའི་གཟིགས།

ཆོལ་གསུམ་བོད་མིའི་མང་གཙོའི་ལམ་ལུགས་འདི།
ཆོལ་ཁ་ཆོས་ལུགས་འགན་བཀུར་བཅའ་སྒྲིག་འོག།
ཆོལ་གསུམ་བོད་མིའི་སྐུ་ཚབ་སྲིད་སྤྱི་ལ།
ཆོལ་ཞེན་མེད་པའི་སྐྱེ་བོ་སྲིད་སྤྱིར་འདེམས།

ལྷག་བསམ་བཟང་པོའི་བསྐུལ་བའི་དཔྱད་གཏམ་འདི།
ལྷག་བསམ་ཅན་གྱི་ཆོལ་གསུམ་སྙན་དུ་འབུལ།
ལྷག་བསམ་འགན་ཁུར་ཆེ་བའི་འོས་འཕེན་ཚོ།
ལྷག་བསམ་ཅན་གྱི་མི་སྣ་སྲིད་སྤྱིར་བསྐོ།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༥ ཉིན་རྡ་སའི་སྦག་སུ་གཙང་འགྲམ་དུ་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: དེ་དུས་ང་རླངས་འཁོར་ཁ་ལོ་བ་ཞིག་ཡིན།
Next Post: བུ་མོ་མེ་ཏོག་གཡུ་སྒྲོན།

Comments (7) on “ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐོར་ལ་དཔྱད་པའི་གཏམ།”

  1. ཨ་འབར་འཇིགས་དབང། says:
    2018-12-16 at 8:04 pm

    དྲང་བདེན་དྲང་བདེན་ཟེར་ཡང་དྲང་བདེན་མེད།
    སྤྱི་སེམས་སྤྱི་སེམས་ཟེར་མཁན་སྤྱི་སེམས་མེད།
    སྤྱི་སེམས་དྲང་བདེན་མེད་པས་ཕ་ཡུལ་ཤོར།
    རང་གཞན་མཐོ་དམའ་བར་གསུམ་སྤྱི་སེམས་དཀོན།
    སྤྱི་སེམས་དྲང་བེདན་མེད་པ་ཀྱེ་མ་ལགས།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-12-17 at 3:46 am

    བོད་མི་རིགས་ལ་དྲང་བདེན་མི་འདུག་གསུང་གི་ཡོད་ན་ནམ་ཡང་ངོས་ལེན་མེད།
    བོད་མི་རིགས་ལ་སྤྱི་སེམས་མི་འདུག་གསུང་གི་ཡོད་ན་དེ་བས་ཀྱང་ངོས་ལེན་མེད།
    བོད་ས་ཤོར་བ་དེ་མང་ཉུང་གི་ཁྱད་པར་དང་གོ་མཚོན་དང་དཔུང་སུ་བཟང་གི་འོག་ནས་ང་ཚོའི་ས་ཤོར་བ་ལས་སྤྱི་སེམས་དང་དྲང་བདེན་
    མེད་ནས་བོད་ཀྱི་ས་ཤོར་མེད་པ་ནི་སྐབས་དེ་དུས་ཨ་འབྲུག་མགོན་པོ་
    བཀྲིས་དང་ཨ་མདོ་སྦྱིན་པ་ཁོང་ཚོའི་དབུ་འཁྲིད་འོག་ཆོལ་གསུམ་དཱངས་བླངས་དམག་གི་སྒྲིག་འཛུགས་ནས་དགྲ་བོ་རྒྱ་དམར་ལ་རྒོལ་ལན་སློག་པའི་བསྟན་སྲུངས་དཱངས་བླངས་དམག་གི་ལོ་རྒྱུས་དེ་ཁྱེད་ཀྱི་མཁྱེན་གྱི་མེད་པ་ཡིན་ནམ།

  3. ངོ་རྒོལ་བ་མིན། says:
    2018-12-17 at 7:03 pm

    བཀྲིས་བདེ་ལེགས་མང་པོ་ཞུ་ཁ་སླེབས་ཡིན་བོད་མི་ཚོར་ལ།

  4. སྤར་ཤད། says:
    2018-12-18 at 4:02 am

    བོད་རྒྱལ་ཁབ་ཤོར་བ་ནི་སྐབས་དེའི་དབང་འཛིན་པ་དག་ལ་སྤྱི་སེམས་མེད་པས་ཤོར་བ་ནི་བསྙོན་དུ་མེད། རྒྱུ་མཚན་རྒྱ་དམག་གིས་མདོ་སྨད་དང་མདོ་སྟོད་ཀྱི་ཕྱེད་བླངས་ཏེ་ཆབ་མདོར་བཙན་བྱེད་ཀྱིན་པའི་སྐབས་ཏག་ཏག་དེར་ཡང་བོད་གཞུང་གི་སྐུ་དྲག་ཏུ་འབོད་པ་དག་གིས་ཐུགས་བཏང་སྟེ་བཞུགས་ཡོད་པ་ལས། མདོ་སྤྱི་ང་ཕོད་ཀྱིས་ཆབ་མདོ་ནས་བོད་གཞུང་ལ་ཛ་དྲག་གི་གནས་ཚུལ་འབྲེལ་གཏུག་བྱས་པར་ཉིན་གསུམ་རིང་ལན་འདེབས་ཤིག་ཀྱང་མ་བྱས་པར་ལུས་སོང་པ་མིན་ནམ། གནས་བབ་ཛ་དྲག་དེ་འདྲའི་སྐབས་སུའང་སྤྱི་དོན་གོ་མེད་དུ་གྱུར་ན་འདི་ལས་ལྷག་པའི་སྤྱི་སེམས་མེད་པའི་དཔང་རྟགས་ཅི་ཞིག་དགོས་རེད།

  5. དགོན་པ་ཚང་ དར་རྒྱས་ says:
    2018-12-18 at 3:20 pm

    ངོས་ནས་བོད་ཀྱི་དཔོན་པོ་དེ་ཚོར་སྐུ་དྲགས་ཞེས་འབོད་འདོད་རྩ་བ་ནས་མེད་ལ་སྐུ་དངོས་ཟེ་ཡང་འབོད་འདོད་རྩ་བ་ནས་མེད་་ཁོང་ཚོ་ལས་གནས་གང་ཞིག་གི་ལས་ཐོག་ལ་ཡོད་སྐབས་གོ་མིང་དང་རང་མིང་གཉམ་སྤྱོད་པ་ལས་ཡང་དེ་མིན་མཁས་དབང་དང་འབུམ་རམས་པ་ཟེ་བ་ཡང་གུས་པར་མཚོན་ན་བསུན་སྣང་སྐྱེ་ཡི་འདུག མཁས་པོ་འབུམ་རམས་པ་ཡིན་མིན་དམངས་ཀྱིས་ལྟ་ནས་ཧ་གོ་གི་རེད། སྔོན་མ་ང་ཚོའི་ལུང་པའི་ནང་སྐུ་དྲགས་པ་ཁག་ཅིག་གིས་ཆུ་བསློད་ཡོད་པ་རེད་ཡིན་ནའི་མི་ངན་རེ་ཟུང་གི་༧གོང་ས་མཆོག་ལག་པ་ཕྱིས་ས་བྱས་ནས་ལས་ངན་བསགས་མཁན་དེ་འདྲ་ཐོས་མྱོང་ཡོད་

  6. ཨ་འབར་འཇིགས་དབང། says:
    2018-12-18 at 11:42 pm

    དང་ཐོག་རྒྱ་མི་དམར་པོའི་དམར་དམག་བོད་ལ་འཁྲིད་ཡོང་མཁན་བོད་རིགས་སུ་རེད།
    བོད་ལ་བཅིངས་གྲོལ་ཐོག་མ་བཏང་སྐབས་རྒྱ་དམར་མཉམ་མགོ་བཏགས་ཞུ་མཁན་དེ་སུ་རེད།
    ཤེས་པ་གྱིས་།
    ལུས་ངག་ཡིད་གསུམ་རྒྱ་དམར་པོར་མགོ་བཏགས་ཞུ་མཁན་དཔའ་བོད་རིགས་སུ་རེད་།
    ཤེས་ོ་གྱིས།

  7. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-12-19 at 11:47 am

    གླེང་གཞི་འབྲེལ་མེད་མཆན་འདེབས་ངལ་བའི་རྒྱུ།
    སྤྱི་ཚོགས་བདེ་འཇགས་དྲ་ནང་མ་དཀྲུགས་ཨ།
    ཕོ་རྒོད་ཡིན་ན་རང་མིང་གསལ་སྟོན་འོག།
    མང་གཙོའི་འགན་ཁུར་རྩོམ་དང་མཆན་ལ་རེམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme