Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༡༦ ལོའི་ཡོ་རོབ་བོད་མིའི་སྤྱི་འཐུས་འོས་མི་མཚམས་སྦྱོར།

Posted on 2015-09-042015-09-04 By ཁ་བརྡ 10 Comments on ༢༠༡༦ ལོའི་ཡོ་རོབ་བོད་མིའི་སྤྱི་འཐུས་འོས་མི་མཚམས་སྦྱོར།

unname༡d——སྐལ་བཟང་གིས་འོས་སྦྱོར་བྱས།

མིང་། རྣམ་རྒྱལ་མཚོ་མོ།
སྡོད་གནས། ནོར་ཝེ།

དང་པོ། རང་ཉིད་མཚམས་སྦྱོར་བ།

ཁོ་མོ་༡༩༦༨ ལོར་རྒྱ་གར་དུ་སྐྱེས་ཤིང་། ཁོ་མོའི་ཕ་མེས་ཡང་མེས་རྣམས་ཕྱི་ལོ་༡༩༥༩ ལོར་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་ཞིང་། ཁོ་མོ་རྒྱ་གར་ཀ་ལི་ཀ་ཏར་འཛིན་རིམ་བཅིུག་བར་སློབ་སྦྱོང་བྱས་ཏེ། ཕྱི་ལོ་༡༩༩༠ ལོར་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་འབྱོར་བ་དང་། རིམ་བཞིན་ཨོ་སི་ལོའི་སློབ་གྲྭ་ཆེན་མོར་བོད་རིག་པའི་རབ་འབྱམས་པའི་ལག་འཁྱེར་ཐོབ་སྟེ་སློབ་གྲྭ་ཆེན་མོའི་གཏམ་བཤད་པའམ་ལེགས་སྦྱར་བ་ཞེས་པའི་དགེ་རྒན་གྱི་གོ་གནས་ཀྱང་ཐོབ་ཡོད། སློབ་ཚན་གྱི་རྒྱབ་ལྗོངས་སུ་ཆབ་སྲིད་རིགས་པ་དང་སྤྱི་ཚོགས་རིག་པ། དབྱིན་ཡིག་བཅས་བླངས་ཡོད།

གཉིས་པ། བོད་དོན་ལས་འགུལ་དང་ཉམས་མྱོང་།

ཕྱི་ལོ་༡༩༩༤ ལོར་ཐོག་མར་ཁོ་མོ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁྲོད་དུ་བཞུགས་པ་ཡིན། ཕྱི་ལོ་༡༩༩༥ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བུད་མེད་ཚོགས་འདུ་ཐེངས་བཞི་པ་ཚོགས་སྐབས་བཙན་བྱོལ་བོད་མིའི་བུད་མེད་འགའ་ཞིག་གིས་རྒྱ་ནག་ནང་བོད་ཀྱི་བུད་མེད་ཚོ་ལ་སྨྲ་བརྗོད་རང་དབང་མེད་པའི་ངོ་རྒོལ་བྱས་པ་ཡིན། ཁོ་མོ་ནི་རྒྱ་གར་དུ་འཚར་ལོངས་བྱུང་ཞིང་། བོད་དོན་འཐབ་རྩོད་ལ་ནུས་པ་ཆུང་བའི་ཚོར་སྣང་དང་། ཆུང་དུས་སུ་རང་ཉིད་ངོ་མ་འཕྲོད་པའི་བརྗོད་དཀའ་བའི་ཚོར་སྣང་མང་པོ་བྱུང་རུང་། སྟབས་ལེགས་པ་ཞིག་ལ་ནོར་ཝེར་འབྱོར་རྗེས་རིམ་བཞིན་ཚོར་སྣང་གསར་པ་ཞིག་གིས་བོད་དོན་འཐབ་རྩོད་བྱ་རྒྱུར་འདུན་པ་ཆེན་པོ་སྐྱེས་པ་ཡིན། དུས་དེ་ནས་བཟུང་རང་གི་ལས་ཞོར་དུ་དུས་ཚོད་ནམ་བྱུང་ཡང་བོད་དོན་འཐབ་རྩོད་དྭང་དུ་བླངས་ཏེ་རང་ནུས་གང་ལྕོགས་ཀྱིས་ལས་ཀ་བྱས་དང་བྱེད་བཞིན་ཡིན། ཕྱི་ལོ་༡༩༩༧ ལོ་ནས་ཕྱི་ལོ་༢༠༡༥ བར་ནོར་ཝེ་བོད་དོན་ཆབ་སྲིད་ཚོགས་པའི་ཚོགས་གཙོའི་ལས་འགན་ཐེངས་བདུན་ཙམ་འཁུར་བ་ཡིན། ད་དུང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དང་རྒྱལ་སྤྱིའི་བོད་ཀྱི་བུད་མེད་ཀྱི་མདུན་ལྕོག་བཅས་ཀྱི་འཛིན་སྐྱོང་ཚོགས་ཆུང་གི་ཚོགས་མི་ཡང་ཐེངས་མང་ལངས་པ་ཡིན།

གསུམ་པ། ལངས་ཕྱོགས་དང་ཐབས་ལམ།

ཁོ་མོའི་ལངས་ཕྱོགས་ནི་གྲོས་མོལ་དང་། ལྟ་བ་མི་མཐུན་པའི་བར་ལ་ཕྱོགས་སུ་མ་ལྷུང་བའི་བལྟ་ཚུལ་ཞིག་གིས་ཕྱི་གསལ་ནང་གསལ་ཡོང་བར་འབད་བརྩོན་བྱུ་རྒྱུ་དང་། རང་བཙན་ནི་ལོ་རྒྱུས་ཀྱི་ཐོབ་ཐང་ཞིག་ཡིན་རུང་རྒྱ་ནག་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་མེད་པར་གྲོས་མོལ་བྱེད་ས་མེད་པ་རེད། དབུ་མའི་ལམ་ལ་རྒྱ་གཞུང་གི་ངོས་ལེན་མེད་ལ་གུས་བརྩི་ཡང་མེད་པ་ནི་དཀའ་ངལ་གཙོ་བོ་དེ་རེད། འོན་ཀྱང་མི་རབས་གསར་པར་དཀའ་ངལ་བསལ་སྟངས་ཀྱི་ཐབས་ལམ་ཞིག་ནི་ངེས་པར་དུ་ཡོད་དགོས་པ་དང་། ཕན་ཚུན་སྐྱོན་བརྗོད་བྱེད་རེས་ཙམ་མ་ཡིན་པར་མངོན་མཐོང་ལག་ཟིན་གྱིས་བགྲོ་གླེང་བྱ་སྟེ་ཐབས་ལམ་ཞིག་འཚོལ་རྒྱུ་དེ་རེད། དྲང་བདེན་གྱིས་ལམ་ཁར་བརྒྱུད་ནས་རང་རེའི་གཞུང་མང་བར་གནས་ཚུལ་བརྗེ་རེས་ཀྱིས་བགྲོ་གླེང་བྱ་རྒྱུ་དང་། གསར་འགྱུར་བརྒྱུད་ལམ་ཁག་དང་ཚོགས་སྡེ་ཁག་བརྒྱུད་དེ་རྒྱ་དམར་གྱི་བོད་འདི་བཞིན་གོ་ལའི་སྟེང་ནས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་གང་འདྲ་ཞིག་འཛིན་བཞིན་པ་དག་གསལ་འདོན་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།

བཞི་པ། རེ་བ་དང་ཕུགས་འདུན།

གནས་ཚུལ་གཞན་ཞིག་ནི། རྒྱ་དམར་གྱི་མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིང་བཙལ་འཚོལ་ཐག་གཅོད་བྱ་རྒྱུ་ནི་གནད་འགག་ཆེན་པོ་ཞིག་རེད། ནམ་ཞིག་༧གོང་ས་མཆོག་འཚོ་བཞུགས་མེད་པ་ནས་བོད་དོན་ཡལ་བར་འགྱུར་རམ། ཡང་ན་ང་ཚོས་སྲིད་ཇུས་གང་འདྲ་ཞིག་བཟུང་དགོས་སམ། ཤེས་ཡོན་ཚད་ལྡན་དང་འཕྲོད་བསྟེན་ལེགས་པོ། སྤྱི་ཚོགས་སུ་ལས་དོན་ཆེ་ཆུང་ཚང་མར་ནུས་སྟོབས་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུར་དོ་སྣང་ལྷག་པར་ཡོད། ཆབ་སྲིད་ཀྱི་བལྟ་སྟངས་ཤིག་ལ་མཚོན་ན་རྒྱ་ནག་དང་བོད་དུ་ཕྱིར་ལོག་བྱ་རྒྱུ་ཙམ་མ་ཡིན་པར། རང་རེའི་སྤྱི་ཚོགས་ནང་ཚོང་འབྲེལ་དང་དཔལ་འབྱོར། ཁོར་ཡུག་སོགས་ཀྱི་ནུས་པ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ནི་གལ་འགག་ཆེན་པོར་བརྩི་བཞིན་ཡོད། རང་རེའི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གཞུང་གཅེས་འཛིན་བྱ་རྒྱུ་གལ་ཆེ་བ་དང་། མ་འོངས་པའི་ཆེད་དུ་ཚོང་ལས་དང་དཔལ་འབྱོར་འཕེལ་རྒྱས། རང་ཉིད་གནས་ཡུལ་སོ་སོའི་སྤྱི་ཚོགས་མཐུན་ལམ་བྱ་རྒྱུར་གལ་ཆེན་པོར་བརྩི་བཞིན་ཡོད། རང་བཙན་དང་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་སྟངས་གཉིས་ནི་རང་རེའི་ཐབས་ལམ་གྱི་གདམ་ཀ་མི་མཚུངས་པ་ཡིན་པ་ལས་རང་རེའི་བར་འཐབ་རྩོད་ཅིག་མ་རེད། གཅིག་ནི་ཐོབ་ཐང་ཡིན་པ་དང་། གཅིག་ནི་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་པའི་ཐབས་ཇུས་ཤིག་རེད། ཁོ་མོས་མི་མང་གི་འདོད་བབས་ལའང་གུས་བརྩི་ཞུ་རྒྱུ་དང་། སྐབས་བབས་ཀྱི་གནས་སྟངས་ལ་གཞིག་པའི་ལག་ལེན་བསྟར་ཕྱོགས་ལ་ཐབས་ལམ་བཟང་དུ་གཏོང་ཐབས་བྱ་རྒྱུ་ཡིན།

རྒྱུ་མཚན་བརྒྱད་བགྲངས་ནས་སྤྱི་འཐུས་ལངས་ཡོད།

རྒྱུ་མཚན་དང་པོ།
བོད་མིའི་མངོན་འདུན་བསྒྲུབ་པར་ད་ལྟ་དང་། འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་སྲ་བརྟན་བཟོ་རྒྱུ་དང་། མང་གཙོའི་ལམ་དུ་ཞུགས་ཏེ་མང་གཙོའི་ལམ་ལུགས་གོང་འཕེལ་གཏོང་འདོད་པ་དང་། གཞུང་དང་སྒྲིག་འཛུགས་ཁག་གི་ནུས་པར་ཤུགས་སྣོན་ཐེབས་པའི་ལས་དོན་ལ་འབད་བརྩོན་བྱ་འདོད་ཡོད།

རྒྱུ་མཚན་གཉིས་པ།
ང་ཚོའི་ལས་གཞི་རྣམས་ཡང་དག་པའི་ཕྱོགས་སུ་འགྲོ་ཐུབ་པར་གཞན་གྱི་བསམ་འཆར་ལ་ཉན་བཤད་དང་། གྲ་སྒྲིག་དང་ཆོད་སེམས་བརྟན་པོའོ་སྒོ་ནས་འཛམ་གླིང་གི་ཆབ་སྲིད་ཀྱི་འགྱུར་འགྲོ་ལ་དཔག་པའི་ལས་དོན་བསྒྲུབ་འདོད་ཡོད།

རྒྱུ་མཚན་གསུམ་པ།
མི་སྒེར་དང་ཚོགས་པ། སྐྱིད་སྡུག་སོ་སོའི་མངོན་འདུན་འདྲ་མིན་ལ་བསམ་གཞིགས་ཀྱིས་བགྲོ་གླེང་ཚོགས་འདུ་དང་། སྤྱི་ཚོགས་དྲ་ལམ། ཁ་པར་སོགས་སུ་འབྲེལ་ལམ་བྱ་རྒྱུ་ཡིན།

རྒྱུ་མཚན་བཞི་པ།
སྤྱི་འཐུས་ནི་མི་མང་གི་ངོ་ཚབ་ཡིན་པས་ཁ་སྟོང་ནང་གི་ཚིག་སྟོང་ཙམ་མ་ཡིན་པར་མང་ཚོགས་ཀྱི་དགོས་འདུན་རྣམས་ལག་ལེན་བསྟར་ཐུབ་པར་བྱ་རྒྱུ་ཡིན། ཡང་དག་པའི་མང་གཙོའི་ལམ་བཟང་ལ་བརྟེན་ནས་བུད་མེད་དང་བྱིས་པ། རྒན་ཁོག་དང་ལས་མེད། ཉམས་ཐག་དང་དབང་པོ་སྐྱོན་ཅན་སོགས་ཀྱི་དཀའ་ངལ་རིགས་ལ་དམིགས་བསལ་གྱི་འགན་འཁུར་རྒྱུ་ཡིན།

རྒྱུ་མཚན་ལྔ་པ།
ཕྱི་གསལ་ནང་གསལ་གྱི་སྤྱི་ཚོགས་ཤིག་ཡོང་བར་ཆབ་སྲིད་ཀྱི་བལྟ་ཚུལ་དང་། སྐྱོན་བརྗོད་རིགས་ལ་བཟོད་སྲན་གྱིས་སྒོ་ནས་ཉན་ཞིབ་ཀྱིས་རྒྱུ་མཚན་དང་ཕན་ཐོགས་པའི་སྐྱོན་བརྗོད་ཀྱི་བསམ་ཚུལ་དག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། སྤྱི་ཚོགས་ཡར་ཐོན་ཅན་དང་ཚོང་ལས་མཁས་ཅན་ཚོའི་རྩ་ནས་ལེགས་ཆ་ལེན་ཐུབ་ཐབས་བྱ་རྒྱུ་ཡིན།

རྒྱུ་མཚན་དྲུག་པ།
བོད་ནས་གསར་དུ་ཕེབས་མཁན་ཚོར་གནས་ལེན་དམ་ཟབ་ཞུ་རྒྱུ་དང་། ཁོང་ཚོར་ལེགས་བྱ་ཇི་ཡོད་ཤེས་ཐབས་བྱ་རྒྱུ་ཡིན། ལྷག་པར་དུ་བོད་གཞིས་བྱེས་གཉིས་བར་འབྲེལ་ལམ་བཟང་དུ་གཏོང་དགོས་པ་དང་། བོད་རིགས་སྤུན་ཟླ་ས་ཕྱོགས་གང་ནས་ཕེབས་རུང་ང་ཚོའི་བསྒྲུབ་བྱ་དང་དམིགས་ཡུལ་གཅིག་ཡིན་པ་ཤེས་ཐུབ་པར་གསལ་འདོན་བྱ་རྒྱུ་ཡིན།

རྒྱུ་མཚན་བདུན་པ།
ང་ཚོའི་དགོས་འདུན་གཙོ་བོ་ནི་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་གཅེས་འཛིན་བྱ་རྒྱུ་དེ་རེད། གལ་ཏེ་ཁོ་མོ་ཡོ་རོབ་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་ཡིན་ན། ཡོ་རོབ་དང་ཡོ་རོབ་བྱང་མའི་རྒྱལ་ཁབ་ཁག་ནང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་བོད་མིའི་མངོན་འདོད་གསལ་བཤད་བྱ་རྒྱུ་དང་། སྤྱི་འཐུས་ཤིག་གི་མིང་ཐོག་ནས་ནུས་པ་ཆེ་བ་འདོན་ཐུབ་པའི་རེ་བ་དང་ཤུགས་སྣོན་རྒྱུག་རྒྱུ་ཡིན།

རྒྱུ་མཚན་བརྒྱད་པ།
ཁོ་མོ་འགྲོ་བ་མི་ཞིག་དང་བུད་མེད་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་འཕེལ་རྒྱས་མྱུར་དུ་འགྲོ་རྒྱུའི་ཆ་རྐྱེན་དང་། བུད་མེད་ཀྱི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ནུས་སྟོབས་བེད་སྤྱོད་ལེགས་པོ་ཞིག་གཏོང་ཐུབ་ན། སྤྱི་ཚོགས་ཀྱི་གནས་རིམ་ཚད་གཞི་མཐོ་རུ་གཏོང་རྒྱུའི་ཤུགས་རྐྱེན་ངེས་ཅན་ཞིག་ཐོབ་པའི་ཡིད་ཆེས་དང་ཤུགས་སྣོན་རྒྱག་རྒྱུ་ཡིན།།

ངོ་སྤྲོད།

Post navigation

Previous Post: བརྡ་འཕྲིན་གྱེས་ཕྱག་རིང་མོ།
Next Post: ཨ་ཚོགས་མྱི་ལྡང་གི་སྤོབས་པའི་གཤོག་རྡེབ།

Comments (10) on “༢༠༡༦ ལོའི་ཡོ་རོབ་བོད་མིའི་སྤྱི་འཐུས་འོས་མི་མཚམས་སྦྱོར།”

  1. མི་ཉག་སྐལ་བཟང་། says:
    2015-09-04 at 6:46 am

    ཁ་བརྡའི་དྲ་རྒྱ་ནང་དུས་ཐོག་དུ་བཀོད་པར་ཐུགས་རྗེ་ཞུ་རྒྱུ་ཡིན། ང་དང་ཁོ་མོའི་བར་ལ་འབྲེལ་བ་དམིགས་བསལ་གང་ཡང་མེད་ཀྱང་། ང་ཚོ་ནོར་ཝེ་ལུང་པར་འཚོ་སྡོད་བྱེད་བཞིན་པ་གཅིག་མཚུངས་ཡིན་པ་དང་། ཁོ་མོར་ཤེས་འཇོན་གཉིས་ལྡན་དང་བཟང་སྤྱོད་གསུམ་ལྡན་གྱི་བོད་རིགས་བུད་མེད་འདི་འདྲ་ཞིག་ཡོད་པར་སྤོབས་པ་དང་རྒྱབ་སྐྱོར་ཀྱི་ཚུལ་དུ་འོས་སྦྱོར་ཙམ་བྱེད་ཁུལ་བྱས་པ་ཡིན།

  2. གངས་ཅན་། says:
    2015-09-04 at 7:41 am

    མོ་རང་གི་གསུངས་བབ་ལ་ལྟོས་ན་མཐུན་མིའི་འོས་ཆོས་ཚད་ལྡན་ཚང་བའི་སྣང་བྱུང་།

  3. གནམ says:
    2015-09-04 at 10:15 am

    རྣམ་རྒྱལ་མཚོ་མོ་ལགས།
    འོག་གི་དྲི་བ་འདི་གཉིས་ལ་ལེན་མེད་ན། ད་ལྟའི་དུས་འདི་ལ་དགོས་བའི་གདོང་ལེན་པ་ཞིག་མ་ཡིན་པས། རེ་ཞིག་ས་མིག་དེ་མི་གཞན་ཞིག་ལ་སྤྲོད་རོགས་ཞུ།

    ཆོས་དད་མེད་པ་ཚོས་དད་ལྡན་འགྲོ་བའི་ལྷ་བླ་མ་ལ་མཚན་སྨད་དང་ཟུར་ཟ་བྱས་ནས་གདོང་ལེན་ཅི་ལྟར་བྱ་རྒྱུ་ཡིན།

    དོལ་འདྲེ་ཟེར་བའི་དམ་ཉམས་ཞིག་གི་མིང་བྱང་ཁུར་ནས་བོད་ཆོས་སྲིད་དང་ཚོགས་སྡེ་ཆེ་ཆུང་བར་ལ་ངན་དཀྲུགས་བྱ་བཞིན་པར་རང་ངོ་ནས་ཅི་ལྟར་ཞི་འཇོགས་སུ་ཕབ་རྒྱུ་ཡིན།

  4. གནམ says:
    2015-09-04 at 10:17 am

    བྱས་ནས་དེ་བྱས་ན་བཅོས་སོ།

  5. གེ་སར་རྒྱལ་པོ་། says:
    2015-09-04 at 10:49 am

    དུས་རབ་ཉེར་གཅིག་པའི་མི་རབ་གསར་པའི་བུ་མོ་ཞིག་སྤྱི་འཐུས་ལང་པ་དེ་ངས་གུས་བསྐུར་ཞུ་་་

  6. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-04 at 1:57 pm

    ཡུབ་རོབ་ན་རྣམ་རྒྱལ་མཚོ་མོ་འདྲ་བ་ཤེས་ཡོན་དང་ལྷག་བསམ། ཉམས་མྱོང་། མི་གཞི་བཅས་འཛོམས་པ་དཀོན་པོ་རེད། མོས་ཡུབ་རོབ་སྤྱི་འཐུས་བྱ་མ་ཐུབ་ན་གཞན་དུས་ཚོད་སྐྱེལ་རོགས་ཅིག་རག་ཀི་རེད།

  7. ལྷ།བྱ་འཕུར་མ། says:
    2015-09-04 at 6:47 pm

    གང་ལྟར་སྐྱབས་སུ་མཆིས་ཟེར་མཁན་ཞིག་མིན་ན་འགྲིག་བསྡད་པ་རེད། ཡིན་ནའང་ཕལ་ཆེར་ལོ་ཚོད་ལ་ལྟ་ཡོང་དུས་སྐྱབས་སུ་མཆི་ཟེར་མཁན་ཞིག་ཡིན་ཤག་ཤག་ཡིན་རྒྱུ་རེད།

    རྣམ་རྒྱལ་མཚོ་མོ་ལགས།བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཀྱི་བྱུང་རིམ་དང་དགེ་མཚན། ཁྱད་ཆོས་བཅས་ཀྱི་སྐོར་ལ་གསུང་རོགས།

  8. རིན་ཆེན་དོན་འགྲུབ། says:
    2015-09-04 at 8:39 pm

    གོང་དུ་མི་ཉག་སྐལ་བཟང་ལགས་ཀྱིས་བཀོད་པའི་བུད་མེད་རྣམ་དཔྱོད་ཅན་དེ་འདྲ་ང་ཚོའི་སྤྱི་ཚོགས་ནང་ཧ་ཅང་ཉུང་ཉུང་ཡིན་སྟབས། ཚང་མས་རྒྱབ་སྐྱོར་ཡག་པོ་གནང་བའི་རེ་བ་ཡོད། ཁོང་ལྟ་བུ་ང་ཚོའི་བཀའ་ཁྲིའི་འོས་མིར་ཡང་མི་འོས་པ་མེད་པས། ཚང་མས་དོ་སྣང་དང་དགོངས་པ་ཡག་པོ་བཞེས་རོགས། བཀའ་དྲིན་ཆེའོ།

  9. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-04 at 11:04 pm

    ཧཧཧཧ་་་་་་ལྷ་བྱ་འཕུར་མ་ལགས། ཁྱོད་ཀྱིས་དྲི་བ་དེར་ད་སྐབས་སྲིད་སྐྱོང་བློ་སེང་དང་སྤྱི་གཙོ་སྤེན་པ་གཉིས་ལ་ཡང་དག་པའི་ལན་ཅིག་ཕལ་ཆེར་ཁག་པོ་རེད། ཁྱོད་ཀྱིས་ཁོང་གཉིས་ལ་བཀའ་འདྲི་ཅིག་ཞུས་དང་དེ་ནས་རྣམ་རྒྱལ་མཚོ་མོས་ལན་རྒྱག་ཀི་རེད་དོ།།

  10. ལུང་རྟོགས། says:
    2015-09-05 at 9:02 pm

    བཟང་ཀི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme