Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་ལོ་དང་སྤྱི་ལོ་གང་ཞིག་བྲིས་ན་གཅིག་གྱུར་ཡོང་།

Posted on 2017-01-152017-01-15 By ཁ་བརྡ་ 7 Comments on ཕྱི་ལོ་དང་སྤྱི་ལོ་གང་ཞིག་བྲིས་ན་གཅིག་གྱུར་ཡོང་།

ཡ་མ་ཚེ་རིང་།

 
དེ་ཡང་། ཡི་ཤུའི་སྟོན་པ་མ་ཤི་ཀའི་འཁྲུངས་ལོ་དང་འབྲེལ་བའི་ལོ་འཁོར་བརྩི་སྟངས་འདི་ལ། ཡི་ཤུའི་ལོ། དབྱིན་ཇིའི་ལོ། སྤྱི་པའི་ལོ། ཕྱི་པའི་ལོ་སོགས་བརྗོད་པ་མི་འདྲ་བ་དུ་མ་ཞིག་ཡོད་པས། ཐ་སྙད་དེ་དག་གི་འཕེལ་རིམ་དང་། ཐ་སྙད་དེ་དག་ལས་ང་ཚོས་གང་ཞིག་སྔར་སྤྱད་མྱོང་བ་དང་། ད་ལྟ་གང་ཞིག་སྤྱོད་ཀྱིན་ཡོད་པ་དང་སྤྱད་ན་འོས་འཚམས་ཡིན་ཞེ་ན།

ལོ་རྒྱུས་དང་འབྱུང་ཁུངས་རང་ལ་གཞིག་ཚེ་ལོ་བརྩི་ཚུལ་འདི། ཐོག་མར་ཡི་ཤུའི་སྟོན་པ་འཁྲུངས་ལོ་ནས་མགོ་བཙུགས་པ་ཞིག་ཡིན་འདུག་ལ། སྐབས་དེར་དབྱིན་སྐད་དུ་(Christian year)ཞེས་འབོད་ཅིང་། དོན་ལ་ཡི་ཤུའི་ལོ་འམ་ཡི་ལོ་རེད། ག་ལེར་དབྱིན་ཇིའི་དབང་ཤུགས་འཛམ་གླིང་ཧྲིལ་པོར་མཆེད་པ་དང་དུས་མཉམ་དུ་ལོ་ཟླ་བརྩི་ཚུལ་འདི་ཡང་ཤར་ནུབ་ཀྱི་རྒྱལ་ཁབ་ཕལ་མོ་ཆེའི་ཐུན་མོང་གི་ལོངས་སྤྱོད་ཅིག་ཏུ་གྱུར་པ་གསལ་པོ་རེད། རྒྱུ་མཚན་དེའི་ཕྱིར་འདི་ལ་དབྱིན་ཇིའི་ལོ་ཞེས་འབོད་མཁན་ཡང་ཡོད།

དེ་ལྟར། ཤར་ནུབ་ཀྱི་ཚན་རིག་པ་དང་། ལྟ་གྲུབ་སྨྲ་བ། སྲིད་དོན་པ། གསར་འགོད་པ། དཔེ་བསྐྲུན་ཁང་སོགས་ཀུན་གྱིས་ལོ་འདི་བེད་སྤྱོད་མི་གཏོང་ཀ་མེད་དུ་གྱུར་མོད། ཆོས་ལུགས་དང་ཡུལ་ལུང་བྱེ་བྲག་པ་གཅིག་གི་མིང་དང་འབྲེལ་ནས་བརྗོད་མ་འདོད་པས། ཕྱི་ལོ་གཅིག་སྟོང་བདུན་བརྒྱ་གོང་འགབ་ཅིག་ནས་འདི་ལ་ཡི་ལོའམ་དབྱིན་ཇིའི་ལོ་ཞེས་མ་བཏགས་པར། སྤྱི་ལོ་ཞེས་བརྗོད་མགོ་ཚུགས་ཏེ་དུས་ད་ལྟའང་བརྒྱུད་ལམ་མང་ཆེ་བས་སྤྱི་ལོ་ཞེས་བེད་སྤྱོད་གཏོང་གིན་ཡོད།

ཡི་ཤུ་པ་ལྟ་བ་མཁྲེགས་པོ་ཅན་ཚོས། འདི་ལ་སྤྱི་ལོ་ཞེས་ལབ་ན་མི་འགྲིག ཡི་ལོ་ཞེས་ཟེར་དགོས། ལོ་འདི་ཡི་ཤུ་མ་ཤི་ཀའི་འཁྲུངས་ལོ་དང་འབྲེལ་ནས་བྱུང་བས། ངེས་པར་དུ་ཡི་ཤུའི་མཚན་ལོ་མགོར་སྦྱར་དགོས་ཞེས་ཤོད་མིན་ལ་མ་ལྟོས་པར། རྒྱ་དཀར་ནག་གིས་མཚོན་པའི་རྒྱལ་ཁབ་མང་པོའི་ནང་ནགས་ལ་མེ་ཤོར་བ་ལྟར་སྤྱི་ལོ་ཞེས་པའི་འབོད་སྲོལ་དེ་ཡོངས་ཁྱབ་ཏུ་གྱུར། དེ་ལ་དབྱིན་ཇིའི་སྐད་ཡིག་ཏུ་(Common Era) ཞེས་ཟེར་ཞིང་། རྒྱ་ཡིག་ཏུ་(公元)ཀུང་ཡོན་དང་། རྒྱ་གར་པས་(आम युग) ཨམ་ཡུག་ཅེས་བསྒྱུར་ཡོད། དོན་ནི་སྤྱི་པའི་ལོའམ་སྤྱི་ལོ་ཟེར་བ་རེད།

དེ་ལྟར། འདི་རྒྱ་ནག་གི་སྐད་ཡིག་ལས་བསྒྱུར་ཚེ་སྤྱི་ལོ་ཡིན་པ་དང་། ཤར་ནུབ་ཀྱི་རྒྱལ་ཁབ་ཕལ་ཆེས་བེད་སྤྱོད་བྱེད་པས་དོན་ལའང་སྤྱི་ལོ་ཞིག་ཏུ་གྱུར་ཡོད་པའི་ཕྱིར་དང་། ཡུལ་དུས་གནས་བབ་དང་རང་རེའི་ལོ་ཁམས་ཟླ་ཚེས་ཁོ་ནས་རང་སྐྱ་འཕེར་མིན་སོགས་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས། བོད་མི་རྣམས་ཀྱིས་ཀྱང་ལོ་འདི་བརྩི་དགོས་ཐུག་ཡོད་ལ། ཐ་སྙད་ལའང་སྤྱི་ལོ་ཞེས་འབོད་སྲོལ་དར། ཕྱིས་བཙན་བྱོལ་ནས་ཀྱང་ཡུན་རིང་ལ་དེ་ལྟར་བོས།

འོན་ཀྱང་། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་གཞུང་འབྲེལ་གྱི་ཡིག་ཆ་ཁག་ཏུ་ཕྱི་ལོ་ཞེས་འཁོད་ཡོད་པར་བརྟེན། ཕྱི་ལོ་གཅིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་བཞིའི་ལོ་ནས་བཙན་བྱོལ་བོད་གཞུང་གིས་སྔར་རྒྱུན་བཞིན། དེབ་གཞི་དང་གཞུང་ཡིག་ཆེ་ཕྲ་ཀུན་ལ་ཕྱི་ལོ་ཞེས་འབྲི་བ་གཏན་ལ་ཕབ་སྟེ། ད་ལྟ་ཡང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ཞེས་པའི་ཚིག་རང་བེད་སྤྱོད་གཏོང་གིན་ཡོད། སྔར་སྲོལ་བཞིན་བར་ལམ་ཡང་དེ་ལྟར་གཏན་འབེབས་མཛད་དགོས་པའི་རྒྱུ་མཚན་ནི། འདི་ཕྱི་རྒྱལ་ལམ་ཕྱི་རོལ་པའི་ལོ་བརྩི་ཚུལ་ཞིག་ལས་བོད་རང་གི་མ་ཡིན་པ་དང་། བོད་རང་ལ་དེ་ལས་ལོ་ཁམས་བརྩི་སྲོལ་གཞན་ཞིག་ཡོད་པ་བདེ་བླག་ཏུ་རྟོགས་པའི་ཆེད་དུ་མིན་ནམ་སྙམ།

འདོད་ཚུལ་འདི་ལ་སྔར་ཚོགས་འདུ་ཞིག་གི་སྐབས་སུ་བཀའ་བརྒྱུད་པའི་བླ་ཆེན་ཞིག་གིས། འདི་སྤྱི་ལོ་མིན་པར་ཕྱི་རྒྱལ་གྱི་ལོ་ཡིན་ན། ང་ཚོས་ག་རེ་བྱས་ནས་བརྩི་དགོས་པ་རེད། འདི་ཡི་ཤུའི་ལོ་ཡིན་ན། ང་ཚོར་འབྲེལ་བ་ག་རེ་བྱས་ནས་ཆགས་ཀྱི་ཡོད་རེད། ཅེས་གསུངས་སྐད་དོ།།

དེེ་དང་ཕྱོགས་མཚུངས་སུ་སྨྲ་བ་ཁ་ཅིག ཐ་སྙད་གཅིག་གྱུར་ཡོང་རྒྱུ་གལ་ཆེན་པོ་རེད། ད་ལྟ་བོད་ཆོལ་ཁ་གསུམ་དུ་ཕལ་མོ་ཆེས་སྤྱི་ལོ་དང་སྤྱི་ཟླ་སྤྱི་ཚེས་ཞེས་བེད་སྤྱོད་བྱེད་བཞིན་ཡོད། དེ་ནས་འབྲུག་རྒྱལ་ཁབ་ཀྱིས་གྲོས་ཚོགས་དང་གསར་ཤོག་ཚུན་གྱིས་སྤྱི་ལོ་དང་སྤྱི་ཟླ་སྤྱི་ཚེས་ཞེས་བེད་སྤྱོད་གཏོང་བཞིན་ཡོད། བོད་ཡིག་གི་ཐ་སྙད་གཅིག་གྱུར་བྱེད་དགོས་ན། ད་ལྟའི་ཆར་བོད་ནང་དང་འབྲུག་གཉིས་ལས་ལྷག་པའི་ཁྱབ་ཁོངས་ཆེན་པོ་གཞན་ཞིག་མེད་པ་དང། བཙན་བྱོལ་བོད་མི་འབུམ་གཅིག་ལྷག་ནང་ནས་གཞུང་གིས་ཕྱི་ལོ་དང་ཕྱི་ཟླ་ཕྱི་ཚེས་ཞེས་སྤྱོད་བཞིན་ཡོད་ཀྱང་། མང་ཚོགས་ནང་སྤྱི་ལོ་དང་སྤྱི་ཟླ་སྤྱི་ཚེས་སྤྱོད་མཁན་ཡོད་པ་རེད།

དེར་བརྟེན། ཐ་སྙད་གཅིག་གྱུར་བཟོ་དགོས་ན། བོད་ནང་དང་འབྲུག་ལ་བསྟུན་ནས་སྤྱི་ལོ་དང་སྤྱི་ཟླ་སྤྱི་ཚེས་ཞེས་འབྲི་དགོས་པ་གལ་ཆེན་པོ་རེད། མ་ཟད་ཕྱི་ལོ་ཟེར་ན། སྔ་ལོ་དང་ཕྱི་ལོ་གཉིས་སུ་ཕྱེ་བའི་ཕྱི་ལོ་ལ་ནོར་སོ་ཆེ་བས་ཀྱང་སྤྱི་ལོ་ཞེས་བརྗོད་ན་འོས་འཚམས་རེད་ཟེར།

དེ་ལ་ཁ་ཅིག་ན་རེ། རྩ་བའི་ཆ་ནས་ཕྱི་ལོ་དང་སྤྱི་ལོ་གཉིས་ལས་གང་བརྗོད་ཀྱང་རང་དབང་རེད། འོན་ཀྱང་། འདི་ལ་བསམ་དགོས་པ་ཁ་ཤས་ཡོད་དེ། གཅིག་རང་རེའི་ལོ་རྒྱུས་ཀྱི་ཐོག་ནས་ཕྱི་ལོ་སྔ་ཞིང་། གཉིས་གཙོ་ཕལ་གྱི་ཆ་ནས་ཕྱི་ལོ་ཞེས་པ་གཞུང་གིས་གཏན་འབེབས་ཡིན་པ། གསུམ་ཟོར་ཡང་ལོད་ཀྱི་ཆ་ནས་ཀྱང་ཕྱི་ལོ་ཞེས་པ་ཟོར་ཡང་བ་ཡོད། ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལྟར། མི་སྒེར་རེ་རེའི་ངོས་ནས་ཕྱི་ལོ་ཞེས་པ་འབྲི་སྤྱོད་སྤེལ་གསུམ་བྱས་ན་གཅིག་གྱུར་ཡོང་བའི་དགེ་མཚན་ཡོད་པ་མ་ཟད། རང་ངོས་ནས་སྒྲིག་འཛུགས་ལ་གདེང་འཇོག་བྱས་པའི་མཚོན་དོན་ཆུང་ཆུང་ཞིག་ཀྱང་ཅི་ལ་མིན།

ཡང་ཁོ་ན་རེ། བསམ་ཚུལ་ཕྱི་མའང་མི་འཐད་དེ། བཀྲ་ཤིས་ཤོག་ཅེས་ཤིས་པ་བརྗོད་ཚེ། གྲོང་བའི་སྤོ་བཀྲ་ཤིས་ཤོག་ཅེས་པར་ནོར་སོ་འདུག་པས་བསྒྱུར་དགོས་ཟེར་བ་དང་འདྲའོ།། མ་གཞི་མིང་དང་ཐ་སྙད་དོན་དུ་མ་ལ་འཇུག་པ་ནི་གྲངས་ཀྱིས་མི་ལང་བས་དེ་དག་ཀུན་ལ་བསྒྱུར་བཅོས་བྱེད་རྒྱུ་ཟེར་ན། རིག་གཞུང་སྟེ། མི་རིགས་ཀྱི་ཁྱད་ནོར་མ་ལག་དང་བཅས་པའི་མགོ་ཐོག་ལ་སྔ་ན་མ་གྲགས་པའི་གཏོར་བཤིག་ཅིག་ཆེན་པོ་ཞིག་འབྱུང་བའི་སྔ་ལྟས་མིན་ནམ།

དཔེར་ན། གོའུ་ཞེས་པའི་སྒྲ་ཕྱུགས་སོགས་དོན་དགུ་ལ་འཇུག་པར་གསུངས་ཀྱང་། གོའུ་ཞེས་པའི་སྒྲ། ངག ཕྱོགས། ས། འོད་ཟེར། མིག རྡོ་རྗེ། མཐོ་རིས། ཆུ་སྟེ་གཞན་བརྒྱད་ལ་བརྗོད་རྒྱུ་མི་འདུག་མ་གཏོགས་ནོར་ཉེན་འདུག་ཟེར་མཁན་བྱུང་མེད། ཡང་གསེར་ལྡན་མ་ཞེས་པའི་སྒྲ། ས་དང་། ཆུ། སྟོན་དུས། གངྒ། ལྷ་མོ་ཨུ་མ། གཟའ་ལྷག་པ་བཅས་ལ་འཇུག་ཀྱང་གཅིག་ལ་ལབ་ན་གཞན་ལ་ལབ་མི་རུང་བའི་བསམ་ཚུལ་འདོན་མཁན་བྱུང་མེད་ཅེས་ཟེར་རོ།།

དེ་ལྟར། རང་རེའི་ཤེས་ཡོན་པའི་སྡེ་ལ་ཕྱི་ལོ་ཞེས་བཏགས་ན་ལེགས་པ་དང་། སྤྱི་ལོ་ཞེས་འབོད་ན་ཡག་པའི་བསམ་ཚུལ་མི་མཐུན་པ་སྨྲ་མཁན་མང་པོ་ཡོད་ལ། རང་རློམ་ཆེ་ཞིང་བྱུས་གཏོགས་ཚ་བའི་དགུ་རོང་སྤུན་གྲོལ་ལ་སོགས་པ་ཉུང་ཤས་ཤིག་གིས་ཡི་ལོ་ཡི་ཟླ་ཡི་ཚེས་ཞེས་འབྲི་དགོས་གསུངས་བཞིན་ཡོད་སྐད་དོ།།

འདོད་ཚུལ་དེ་དག་ལས་སྔ་མ་གཉིས་ཀྱི་གཅིག་གིས་སྤྱི་ལོ་ཞེས་པ་འཛམ་གླིང་ཐོག་མཆེད་སྟངས་དང་། ཐ་སྙད་དེས་ཁྱབ་ཚད་སོགས་ལ་གཟིགས་ཤིང་སྤྱིའི་འགྱུར་འགྲོས་ལ་བལྟས་ནས་ཤོད་ཀྱི་ཡོད། གཅིག་གིས་རང་རེའི་ལོ་རྒྱུས་དང་སྒྲིག་འཛུགས་ཀྱི་གཏན་འབེབས་སོགས་ཐུགས་ལ་བཞག་ནས་སྨྲ་བཞིན་ཡོད། གཉི་གས་ཤོད་ཚུལ་མི་འདྲ་བ་ཙམ་ལས་ཐུན་མོང་དུ་ཐ་སྙད་གཅིག་གྱུར་དགོས་པ་གསུངས་ཀྱི་ཡོད། ཕྱི་མས་ནི་སྤྱི་ཚོགས་སྟེང་མི་འདྲ་བ་ཞིག་ཤོད་རྒྱུ་ལ་དགའ་ཞིང་གཞན་གྱིས་འབྲི་ཡི་མེད་པ་ཞིག་བྲི་རྒྱུ་ཨེ་རྙེད་མི་རྙེད་ལྟ་བ་ཙམ་ལས། སྔ་མ་གཉིས་ལྟར་དགག་དགོས་རྒྱུ་མཚན་སོགས་ལ་ཡེ་ནས་བསམ་བློ་གཏོང་གི་མེད་དོ། །

རྩོམ་རིག

Post navigation

Previous Post: སྒོ་མདོ་ཤུག་པའི་གནས་བསྟོད་དད་ལྡན་དགྱེས་པའི་མེ་ཏོག
Next Post: རང་དབང་དང་བདེ་སྐྱིད།

Comments (7) on “ཕྱི་ལོ་དང་སྤྱི་ལོ་གང་ཞིག་བྲིས་ན་གཅིག་གྱུར་ཡོང་།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2017-01-15 at 8:52 pm

    འབྲེལ་བའི། ཞེས་པར་སྔོན་གྱི་དཔེ་ཆ་ཀུན་ཏུ། འབྲེལ་པའི། ཞེས་བྲིས་སོ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2017-01-15 at 9:10 pm

    རྟོག་དཔྱོད་ལེགས་པར་བྱས་སོ། ཨིན་ཞེས་པའི་སྒྲ་འཐོན་པ་ལ་དབྱིན་ཞེས་ད་བ་ཡ་རྣམས་འབྲི་བ་དོན་མེད་མ་ཡིན་ནམ།
    བདག་གི་ཐེ་ཚོམ་སེལ་དགོས་པ་ནི། བེད་སྤྱོད། ཅེས་པ་ན་ཡོད་པའི། བེད། ཅེས་པའི་ཟུར་ཆག་སྒྲ་དེ་ཉིད་ཇི་ལྟར་བྱུང་ངམ། ཟུར་ཆག་མ་ཡིན་ན། ཇི་ལྟར་འབྲི་དགོས་པ་དེ་ཡིན་ནོ།

  3. ཀརྡོ་རབ་འབྱམས་པ་ says:
    2017-01-16 at 2:17 am

    ་་་་་་་་ ཕྱི་ལོ་གཅིག་སྟོང་བདུན་བརྒྱ་གོང་འགབ་ཅིག་ནས་འདི་ལ་ཡི་ལོའམ་དབྱིན་ཇིའི་ལོ་ཞེས་མ་བཏགས་པར། སྤྱི་ལོ་ཞེས་བརྗོད་མགོ་ཚུགས་ཏེ་དུས་ད་ལྟའང་བརྒྱུད་ལམ་མང་ཆེ་བས་སྤྱི་ལོ་ཞེས་བེད་སྤྱོད་གཏོང་གིན་ཡོད། ་་་་་་་་

  4. ཀརྡོ་རབ་འབྱམས་པ་ says:
    2017-01-16 at 2:21 am

    སྔར་བོད་ལོ་དང་། ཕྱི་ལོ། ད་ལྟ་སྤྱི་ལོ་དང་། བོད་ལོ།

  5. བསམ་ཤེས། says:
    2017-01-17 at 4:42 pm

    ཅིའི་ཕྱིར་སྒེར་གཅོད་བྱེད་དམ། གཉིས་ཀ་བཀོལ་ན་ལེགས། འབྲི་མཁན་ལ་བདམ་བཅུག་ན་ལེགས། བོད་པ་དེ་ཚོ་ག་དུས་ཡིན་རུང་། བཙན་པོ་དབང་ཡོད་བྱ་རྒྱུར་དགའ།

    ང་ཚོར་བླ་མའི་ཡང་སྲིད་གཉིས་གསུམ་རེ་ཡོད་ཆོག་པར་མིང་ཚིག་གཉིས་རེ་ཡོད་པར་ཅི་ཐོགས། ང་ཚོར་གྲུབ་མཐའ་བཞི་རེ་ཡོད་ཆོག་པར་མིང་ཚིག་ཐ་སྙད་གཉིས་རེ་ཡོད་པར་ཅི་སྐྱོན། ང་ཚོར་བསྟན་པ་གཅིག་ལ་སྟོན་པ་གཉིས་རེ་ཡོད་ཆོག་པར་ཐ་སྙད་གཉིས་རེ་ཡོད་པར་ཅི་སྐྱོན།

  6. ཡ་མ་ཚེ་རིང་། says:
    2017-01-18 at 1:02 am

    ལ་དྭགས་བློ་བཟང་འཇམ་དཔལ་ལགས། བསམ་ཚུལ་གསུངས་པར་བཀའ་དྲིན་ཆེ། དཔེ་ཆ་ཁག་ཏུ་འབྲེལ་བ་དང་འབྲེལ་པ་བྲིས་པ་ཅི་རིགས་འདུག་པས་གང་ལ་ཆ་འཇོག་དགོས་མ་ངེས་ཏེ། འགྲེལ་ཞེས་པ་འདི་ལ། ལས་ཚིག་གི་སྐབས་སུ་འགྲེལ་བ་དང་། མིང་ཚིག་གི་སྐབས་སུ་འགྲེལ་པ་ཞེས་འབྲི་ཚུལ་ཞིག་ཡོད་བཞིན། འབྲེལ་ཞེས་པ་འདི་ལའང་དེ་འདྲའི་ཆ་འབྱེད་ཅིག་རྒྱུ་མེད་དམ་སྙམ། དབྱིན་དང་ཨིན་གཉིས་ལས། སྔ་མ་སྤྱོད་པ་ཁྱབ་ཆེ་ཞིང་གོམས་པས། དེ་ལྟར་དུ་བྲིས། འོན་ཀྱང་། གོ་ཐོས་ལ་གཞུང་གིས་ཉེ་ལམ་ནས་ཕྱི་མ་ཨིན་འབྲི་རྒྱུ་གཏན་ཁེལ་བྱས་སྐད་དོ།།

  7. ཀརྡོ་རབ་འབྱམས་པ་ says:
    2017-01-18 at 2:23 am

    བོད་སྐད་ལ་ཐ་སྙད་གཅིག་མཚུངས་མེད་པ་འདི་བོད་སྐད་དང་བོད་ཡིག་འདི་ཛམ་གླིང་སྐད་ཡིག་ནང་ལ། སློབ་བཤད་དཀའ་ལས་ཁག་ཤོས་ཤིག་ཆགས་འདུག་སྙམ་མོ།། དེས་ན་་་་་་ མིང་མང་པོ་དང་། མངོན་བརྗོད་མིང་རྫུན་མ་དེ་དག་རྒྱུན་སྤྱོད་སྐད་ནང་ལ་མེད་ན་དགའ་འོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme