Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་ལོ་༢༠༡༥ ལོར་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་མཛད་སྒོ་རྒྱས་པ་ཞིག་ཚོགས་རྒྱུའི་ལས་རིམ།

Posted on 2013-07-032013-07-03 By ཁ་བརྡ་ 34 Comments on ཕྱི་ལོ་༢༠༡༥ ལོར་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་མཛད་སྒོ་རྒྱས་པ་ཞིག་ཚོགས་རྒྱུའི་ལས་རིམ།

སྔོན་གླེང་།

ངེད་ཅག་མདོ་སྨད་ཡུལ་དུ་རང་གི་རྩ་བའི་བླ་མ་དང་ཕ་མ་དགུང་ལོ་བརྒྱད་ཅུར་ཕེབས་པར་དགའ་སྟོན་དང་། སྐུ་ཚེ་ཡུན་རིང་གནས་པར་བཀྲ་ཤིས་སྨོན་འདུན་ཞུ་སྲོལ་བཟང་པོ་ཞིག་ཡོད་པ་ལྟར། ༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་པའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལོ་༡༩༣༥ ལོར་མདོ་སྨད་ས་ཡི་ཐིག་ལེར་སྐུ་གཏམས་ནས་ཕྱི་ལོ་༢༠༡༥ ལོར་དགུང་ལོ་བརྒྱད་ཅུ་བཞེས་པའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོའི་དབུས་སྔ་ཕྱིའི་ཉིན་གསུམ་རིང་༸སྐུའི་གྱ་སྟོན་མཛད་སྒོ་རྒྱས་པ་ཞིག་ཚོགས་རྒྱུ་འདི་ནི།

རྒྱས་པ་སྦྲེལ་ཐག་འདིར་གནོན་རྡེབ་ཀྱིས་གཟིགས་གནང་རོགས། 

གསར་འགྱུར།

Post navigation

Previous Post: ཚེ་རབས་གཏན་གྱི་བླ་མ། ༼སྐུའི་འཁྲུངས་སྐར་ལ་ཕུལ༽
Next Post: ངོ་ཚ་དགོས་པའི་ཤེས་ཡོན་སྲིད་ཇུས།

Comments (34) on “ཕྱི་ལོ་༢༠༡༥ ལོར་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་མཛད་སྒོ་རྒྱས་པ་ཞིག་ཚོགས་རྒྱུའི་ལས་རིམ།”

  1. ཨ་ཕྱི་ཆོས་སྒྲོན says:
    2013-07-03 at 1:26 am

    བླ་མ་མཁྱེན་ནོ། འཁྲུངས་སྐར་ལ་བདེ་ལེགས་ཞུ། སྐུ་ཚེ་ཡུན་ཏུ་བརྟན་པ་དང་འགྲོ་དོན་རྒྱས་པར་སྨོན་ནོ། །

  2. མེ་ཏོག་དཀར་པོ says:
    2013-07-03 at 2:54 am

    ཚོང་ཡག་པོ་རྒྱག་ཨ།

  3. འོད། says:
    2013-07-03 at 3:08 am

    ༸རྒྱལ་བ་རིན་པོ་ཆེ་མཆོག་བོད་གངས་ཅན་གྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རེད། མགོན་པོ་གང་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་བོད་གངས་ཅན་པ་ཚང་མས་རྡོག་ལ་སྒྲིལ་པོའི་ངང་གང་ཡོང་ཅི་ཡོང་རང་རང་གི་ཁ་སྟབས་ལ་དཔག་པ་ཞིག་གནང་དགོས་པ་གནད་ཀྱི་དོན་པོ་ཡིན་སྟབས། མདོ་སྨད་ཅེས་ཟུར་དུ་ལངས་ནས་གྱ་སྟོན་འབུལ་དགོས་དོན་མི་འདུག་བསམས་ལ། ལྷག་པར་ཏུ་གོ་སྒྲིག་ཞུ་མི་དག་གིས་གོང་གི་ཐིག་ཕྲེང་ཁ་ཤས་ནང་ཡིག་ནོར་འབུ་བཏབས་པ་བཞིན་ཕྱག་བྲིས་གནང་ཡོད་པ་འདིས། དོན་དངོས་པོར་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐུ་བདག་མི་ཐུབ་པ་དང་གྱ་སྟོན་འབུལ་རྒྱུའི་ནུས་པ་མེད་པ་དེ་གསལ་སྟོན་བྱས་ཚར་བ་རེད། དེ་བས་ཞབས་འདེགས་མ་ཐུབ་ཀྱང་ཞབས་འདྲེན་མ་ཞུས་ན་ཡག་གི་རེད་འདོད། མང་པོ་བཤད་དགོས་དོན་མི་འདུག ཐ་ན་གྱ་སྟོན་ཞེས་པ་དེ་ཅི་ལྟར་སྲུང་གཙི་བྱེད་སྲོལ་དར་མིན་ཐད་འགྲེལ་བཤད་ཚིག་གཅིག་ཀྱང་འབྲི་རྒྱུ་མ་རྙེད་པ་ཞིག་གིས། གྱ་སྟོན་གྱི་དགོས་པ་རྒྱུ་མཚན་ཡང་མཁྱེན་མདོག་མི་འདུག་ལ། དེ་སྲུང་གཙི་བྱེད་ལུགས་བྱེད་སྟངས་ཀྱང་ག་ནས་ཤེས། དེ་བས་རྒྱལ་བ་རིན་པོ་ཆེའི་མཚན་དྲུད་ནས་ཤེས་ཡོན་གྱི་རྒྱབ་རྟེན་བྲལ་བའི་གང་ཟག་རིགས་གཅིག་གི་ལས་ཀ་བྱེད་སྟངས་འདི་ཡུལ་མདོ་སྨད་རིག་པའི་ཞིང་གི་དབུ་དང་གཙུག་ཏུ་ཡིན་པའི་ཟོལ་གྱིས་བཞག་པ་ཡིན་ན། གཅིག་བྱས་ན་ལོ་རྒྱུས་ནང་དུའང་ཉེས་པ་འབབ་ཚོད་ཡིན་སྟབས། སྐུ་མཁྱེན། རང་རང་གི་ཁ་སྟབས་འཇོན་ཚད། ཤེས་རྒྱ་ལ་དཔག་པའི་ཕྱག་ལས་རེ་གནང་བ་ཡིན་ན་ཅིས་མི་དགའ།། གལ་སྲིད་ཡིན་གཅིག་གྱ་སྟོན་གོ་སྒྲིག་ཞུ་ངེས་ཡིན་ན། ཆོལ་གསུམ་མཉམ་དུ་སྲུང་གཙི་བྱས་པ་ཡིན་ན་བྱེད་སྲོལ་ནི་ཚང་མར་འདུག དེ་བས་གཟབ་གཟབ་གནང་རོགས།།

  4. འོད། says:
    2013-07-03 at 3:14 am

    གལ་སྲིད་ང་གསར་འགོད་པ་ཞིག་ཡིན་ན། ངས་གྱ་སྟོན་དང་འབྲེལ་ནས་གྱ་སྟོན་གོ་སྒྲིག་ཞུ་མཁན་ཚོར། བོད་ཀྱི་ཡུལ་གྱི་གོམས་པའི་གཤིས་ལུགས་ཆགས་པའི་གྱ་སྟོན་འདི་ཅི་ལྟར་དར་བ་རེད། འདི་མདོ་སྨད་ཕྱོགས་གཅིག་པོ་མ་གཏོགས་སྟོན་མོ་བྱེད་སྲོལ་མེད་དམ་ཞེས་དྲི་བ་ཞིག་བཏང་བ་ཡིན་ན། གོ་སྒྲིག་པ་དེ་ཚོས་རང་རང་གི་རྣ་ཐོས་དམ་དུམ་རེར་སྒྲོ་བཏགས་ནས་བཤད་རྒྱུ་ལས། བོད་ཀྱི་དམངས་ཁྲོད་རིག་གནས་གྱ་སྟོན་ལ་བྱུང་རབས་རང་བཞིན་དང་ཞིབ་འཇུག་རང་བཞིན་གྱི་ཡི་གེ་ན་གཅིག་བསྟན་རྒྱུ་མེད་པ་ངས་ཐག་གིས་ཆོད་ཀྱི་འདུག དེ་བས་གྱ་སྟོན་རང་གིས་མ་ཤེས་ན། གཞན་ལ་གྱ་སྟོན་བྱེད་ཨེ་ཤེས་བསམས་པ་བཅས་ཚིག་ཐོར་བུ་འགའ་དབུལ་བ་ཡིན་ན། དགོངས་ཕྱོགས་ཚིག་དོན་ཅི་ལྟ་བ་བཞིན་བཞེས་རྒྱུ་ལས་གཡས་འཁྱོག་གཡས་བསྒྱུར་མི་གནང་བའི་རེ་བ་ཡོད།།

  5. སྲིན་པོ་རྫ་རྒན། says:
    2013-07-03 at 5:02 am

    དགུང་གྲངས་བརྒྱད་ཅུ་བཞེས་སྐབས་གྱ་སྟོན་ཞུ་རྒྱུ་དེར་ལེགས་སོ་ཞུ། ཆོས་ཕྱོགས་ཀྱི་མཛད་རྣམ་གཅིག་དང་། སྲིད་ཕྱོགས་ཀྱི་མཛད་རྣམ་གཅིག་རྩོམ་སྒྲིག་ཞུ་འཆར་དེ་ནི་ཤིན་ཏུ་ནས་ལེགས། གྱ་སྟོན་གྱི་མཛད་རིམ་ནང་གི་གལ་ཆེ་བ་དང་རྩ་ཆེ་བ་དེ་མཛད་རྣམ་འདི་གཉིས་ཆགས་འདུག་བསམ་་པ་བྱུང་།

  6. ཤར་པ་ says:
    2013-07-03 at 5:08 am

    མདོ་སྨད་ཞེས་ཟུར་དུ་ཕྱུང་བ་དེས་བོད་མའི་རྩ་དོན་དང་ཆིག་བསྒྲིལ་ལ་གནོད་སྐྱོན་ཆེན་པོ་རེད་། གོང་ས་ཕྱག་ན་པདྨོ་ནི་བོད་མི་ཡོངས་ཀྱི་བལྟ་བའི་མིག་དང་ཁོག་པའི་སྙིང་དང་ཤི་ན་སྨོན་ལམ་རྒྱབ་ས་དང་མ་ཤི་གསོལ་བ་འདེབས་ས་རེད་། ང་རང་སྒེར་གྱི་ངོས་ནས་བཤད་ན་གང་གི་དོན་དུ་གསོག་སླུས་གཏང་ཐུབ་པའི་དད་སེམས་དང་ཞེན་འགོག་ཡོད་། བོད་མི་ཡོངས་ཅིག་པ་རེད་ ཆོལ་གསུམ་ཆིག་སྒྲིལ་གྱི་གྱ་སྟོན་ཞེས་ལབ་ན་བཟང་། གོང་ས་མཆོག་དགོང་གྲང་༨༠ ལ་ ཕེབས་པའི་དུས་ཆེན་ཁྱད་པར་ཅན་དེ་མགོན་པོ་གང་ཉིད་ཐུགས་དགྱེས་པར་བྱེད་རྒྱུར་ཤིན་ཏུ་ནས་གནད་ཀྱི་་དོད་པོ་ཡིན་པས་ཆོལ་ཁ་གསུམ་མཉམ་དུ་གྲ་སྒྲིག་དགོས། གལ་ཏེ་དེ་ལྟར་མ་བྱེད་པར་མདོ་སྨད་ཞེས་དང་ང་ཚོའི་བླ་མ་ཞེས་ཟུར་དུ་བཀར་ན་སྙོག་དྲ་ཆེན་པོ་ཞིག་རྒྱ་ཆ་རྒྱ་ནས་གཏན་འཁེལ་བ་རེད་། གུས་པ་ཞུ་བ་བྱེད་པོ་ཆུང་ཡང་ཞུ་དོན་ཆེན་པོ་ཡིན། དྲ་གྲོགས་ཚོ་བསམ་ཚུལ་གསུངས་རོག།

  7. གནམ says:
    2013-07-03 at 5:30 am

    བླ་མ་ཀུན་གི་བླ་མ་རེད། ཉི་མ་ཀུན་གི་ཉི་མ་རེད། གངས་ཅན་འགྲོ་བའི་མགོན་པོ་ཟེར་ནི་ཞིག་མ་གཏོགས། ཨ་མདོ་འགྲོ་བའི་མགོན་པོ་ཟེར་ནི་ཞིག་གོ་མ་མྱོང་། དེ་ན་གངས་ཅན་འགྲོ་བ་ཡོངས་ཀིས་གྱ་སྟོན་ཞིག་བྱས་ན་ཡུལ་སྲོལ་ཙམ་ལ་མཐུན་ན་ཡང་། གྱ་སྟོན་ནི་སྔོན་ཚེ་ཚེ་ལོ་མཐར་ཕྱིན་པར་བཞུགས་ཐུབ་པ་ལ་དགའ་སྟོན་མཚོན་པར་བྱས་བ་ཞིག་རེད། དུས་རབས་གསར་བའི་ཚེ་ལོ་ནི་བརྒྱ་དང་ལྷག་ཡིན་པ་རེད། རེད་དེ།
    ཆོལ་ཁ་གསུམ་གིས་མཉམ་དུ་བྱེད་མི་དགོས་བའི་གནད་དོན་འདི་ཅི་ལ་ཐུག་པ་རེད། ཆོལ་ཁ་གཞན་པའི་དད་སྟོབས་ཀྱིས་མ་འདང་བ་རེད་དམ། ཡུལ་སྲོལ་དང་མ་མཐུན་པས་རེད་དམ། ཨ་མདོ་བ་ཚོ་འདི་ཅི་རེད། ཁྱད་མཚར་ལ།

  8. སྤོབས་པ་མཐའ་ཡས། says:
    2013-07-03 at 5:32 am

    གསར་འགྱུར་འདི་གོ་མ་ཐག་ཏུ། མ་པུའུ་ཧྥང་གི་ཚ་བོ་ཚ་མོ་ཁ་ཤས་ཤིག་གིས་ཏཱ་ལའི་བླ་མ་ཁོང་ཚོའི་བླ་མ་ཡིན། གནའ་སྔོན་མ་སྡེ་པ་གཞུང་གིས་ཁོང་ཚོའི་ཨ་མྱེས་ཀྱི་ལག་ནས་བརྐུས་སོང་བ་རེད། ད་ཐེངས་གྱ་སྟོན་དེའི་སྦྱིན་བདག་གི་ཆ་ཤས་ལེན་རྒྱུན་ཡིན་ཟེར་ནས་ཤོར་གི་ཡོད་གི་ཟེར། སྐུ་རྩེད་ཞུས་པ་ཡིད་དཧཧཧཧ

  9. དགེ་འདུན་རྒྱ་མཚོ། says:
    2013-07-03 at 6:13 am

    ཡ་ཡ་་་
    གྱ་སྟོན་ཟེར་བ་གོ་ཡོང་དུས་སེམས་ནང་ལ་དགའ་སྐྱོ་འདྲེས་མ་ཞིག་སྐྱེ་ཡོང་གི་འདུག
    ངོ་མ་བཤད་མི་ཤེས་པ་ཞིག་རེད་ལགས།
    གང་ལྟར་ལས་ཀ་གོ་སྒྲིག་བྱེད་མཁན་ཚང་མར་དགའ་བསུ་དང་འཚམས་འདྲི་ཞུ།

  10. ཐོ་རེངས་སྐར་ཆེན says:
    2013-07-03 at 7:08 am

    གྱ་སྟོན་ཟེར་བ་ཞིག་མདོ་སྨད་ལ་མ་གཏོགས་ཆོལ་ཁ་གཞན་གཉིས་ཀྱི་ཡུལ་སྲོལ་ཅིག་མིན་པས་ན་མདོ་སྨད་གཅིག་པོའི་བྱས་ན་སྐྱོན་ཡོད་པ་མ་རེད། ཆོལ་ཁ་གཞན་གཉིས་ལ་ལྷག་བསམ་དང་དད་སྟོབས་ཡོད་ན་མདོ་སྨད་གི་གྱ་སྟོན་ཉིན་གསུམ་བྱས་པའི་སྔ་གཞུག་གང་རུང་ལ་ཉིན་ཁ་ཤས་ཡིས་མང་དུ་བཏང་ནས་གསོལ་སྟོན་སོགས་བྱས་ན་འགྲིག་གི་ཡོད་པར་འདོད། དེ་ལ་ཕྱོགས་ཞེན་གི་རྣམ་པ་ཞིག་དང་ཆིག་སྦྲིལ་མེད་པའི་རྣམ་པ་ཞིག་ཡོད་པ་མ་རེད། ལྷག་པར་དུ་གྱ་སྟོན་ནི་ང་ཚོ་མདོ་སྨད་པའི་ཡུལ་སྲོལ་ཅིག་ཡིན་པས་ན། དེ་ལ་དྲ་འབུ་ཁྱེད་ཚོས་རྣ་ཚ་དགོས་དོན་དང་ཕྲག་དོག་བྱེད་དགོས་དོན་མི་འདུག་སྙམ།

  11. ཟུར་བལྟས་ལེབ་མཐོང། says:
    2013-07-03 at 7:18 am

    ཁྱེད་ཅག་གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་སྟངས་ལ་བལྟས་ན་ཁྱད་མཚར་རེད། 2015་ལོའི་འཁྲུངས་སྐར་ད་ལྟ་ནས་གོ་སྒྲིག་བྱས་པ་དེ་གང་འདྲ་རེད། ༧གོང་ས་མཆོག་ད་ལྟ་སྐུ་འཚོ་བཞུགས་རེད་དཱ།་་་་་ཤེས་སོང་ངམ།་་་་་་ཞེད་སྣང་དང་སེམས་ཁྲལ་བྱེད་རྒྱུའི་ཚབ་ལ་ད་དུང་འཁྲུངས་སྲུང་བརྩིའི་གྲ་སྒྲིག་ད་ལྟ་ནས་བྱེད་འགོ་ཚུགས་པ་དེ་མ་རིག་བླུན་ཅན་བོད་འབངས་ག་གེ་མོའི་རང་གཤིས་རེད།

  12. ཟུར་བལྟས་ལེབ་མཐོང། says:
    2013-07-03 at 7:21 am

    2015 ལོ་སླེབས་པར་ད་དུང་ལོ་གཉིས་འདུག་་་་་་་་་་གདུག་འདྲེ་དེ་ཚོའི་རྩིས་ངན་པ་ལ་ཨང། ་་་་་་་་་་་དངོས་གནས་བསམ་བློ་ཡག་པོ་མ་བཏང་ན་ཁྱད་མཚར་རེད།

  13. གཞོན་ནུ་ཟླ་མེད། says:
    2013-07-03 at 7:28 am

    གྱ་སྟོན་ཟེར་ན་འཁྲུངས་སྐར་མ་རེད།

  14. སངས་དོན། says:
    2013-07-03 at 7:34 am

    གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།།
    ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
    གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི།།
    ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

    སྨོན་ལམ་འདི་ལྟར་རྒྱག་རོགས།

  15. སེམས་བཟང་། says:
    2013-07-03 at 7:42 am

    མདོ་སྨད་དུ་ལོ་བརྒྱད་ཅུ་སླེབས་ན་གྱ་སྟོན་བྱེད་ལུགས་སྲོལ་ཞིག་ཡོད་པ་འདི། མདོ་སྨད་ཀྱི་གྲོང་སྡེ་ཁག་ཏུ་དར་སྲོལ་ཆེན་པོ་ཡོད་པ་རེད་མ་གཏོགས་མདོ་སྨད་ཀྱི་སེར་མོ་བའི་སྡེ་རུ་གྱ་སྟོན་བྱས་པའི་ལོ་རྒྱུས་གོ་མྱོང་མེད། མདོ་སྨད་ཀྱི་བླ་མ་སྐྱེས་ཆེན་དམ་པ་མང་པོ་བྱོན་མྱོང་ཡོད་པ་རེད། སྐྱེས་བུ་དམ་པ་དེ་ཚོའི་མཛད་པ་རྣམ་ཐར་ནང་སངས་རྒྱས་ཀྱི་བསྟན་པ་ཕྱག་རྗེས་བཞག་ཡོད་པ་མཐོང་རྒྱུ་འདུག་པ་གཏོགས། གྱ་སྟོན་བྱས་བཞག་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག་གོ། གོ་སྒྲིག་ཚོགས་ཆུང་ནང་མི་སྐྱ་ཕལ་བ་རྐྱང་རྐྱང་མ་གཏོགས་མི་འདུག་པས་ཁག་མེད།

  16. གཞོན་ནུ་ཟླ་མེད། says:
    2013-07-03 at 7:49 am

    མཱ་པུའུ་ཧྥང་གི་ཚ་བོ་ཚ་མོ་ཚོ་མ་རེད། གནའ་སྔོན་མ་ཆོས་རྒྱལ་སྲོང་བཙན་སྐབས་སུ་རྒྱ་བོད་ས་མཚམས་སུ་མངགས་པའི་སྟོབས་ཆེན་དམག་གི་དཔུང་བརྒྱུད། མགར་སྟོང་བཙན་ཁྱིམ་བརྒྱུད་དང་གཡས་རུ་གཡོན་རུ་སོགས་དམག་སྡེ་རྣམས་ཀྱིས། རང་གི་ཡབ་མེས་དམ་པ་མགར་སྟོང་བཙན་དགོངས་ལོ་བརྒྱད་ཅུ་སོན་པར་དགའ་སྟོན་ཞུ་བ་དེ་རེད། འདི་སྐབས་དང་འབྲེལ་བ་དམ་པོ་ཞིག་ཀྱང་འདུག སྐབས་དེ་མདོ་ཁམས་སྨད་ཀྱི་ས་ཆར་བོད་ཀྱི་ལྷ་སྡེ་མི་སྡེ་གསར་དུ་ཆགས་པ་དང་། དེའི་སྐབས་ཀྱི་བོད་ཀྱི་ཆབ་དཔལ་རིག་གསུམ་དར་ཞིང་རྒྱས་པར་མཛད་པ། དེ་བཞིན་མུ་མཐུད་གནས་ཐུབ་པའི་གཞི་བཏང་བ་དང་། ད་ལྟ་གོང་ས་མཆོག་གིས་རྒྱ་བལ་འབྲུག་གསུམ་གཙོའི་ས་གནས་ཁག་ཏུ་བོད་འབངས་ཉམས་ཐག་རྣམས་གཞི་ཆགས་བཙུགས་ནས། བོད་ཀྱི་ཆབ་དཔལ་རིག་གསུམ་འཛིན་སྐྱོང་སྤེལ་གསུམ་བྱས་པ་ནི་ལོ་རྒྱུས་འདྲ་བོ་ཞིག་ཀྱང་རེད་བསམ་གི
    མདོ་སྨད་པ་འདི་དག་ངོ་ནས་འཇིག་རྟེན་མི་ཆོས་ཀྱི་ཆ་ནས་ཡིད་དབང་འཕྲོག་པ་ཞིག་རེད། ད་ཐེངས་གི་གྱ་སྟོན་གྲ་སྒྲིག་ལ་དགའ་བསུ་ཚད་མེད་ཡོད། ཁ་བརྡ་ནང་གི་ཁྭ་ཏ་སྐད་ངན་རྒྱག་དུས་འགྲིག་བསྡད་ཡོད།

  17. གཞོན་ནུ་ཟླ་མེད། says:
    2013-07-03 at 7:58 am

    ཆོས་ཕྱོགས་དང་སེར་མོ་བའི་སྡེ་ཡི་འགྲོ་སྟངས་ཞིག་མིན་ན་ཡང་། འཇིག་རྟེན་མི་ཆོས་ཀྱི་ཡ་རབས་སྤྱོད་བཟང་གི་འགྲོ་སྟངས་ཤིག་རེད། བཙན་བྱོལ་ནང་གི་མི་ཁ་ཤས་ལ་གཡོན་ཐལ་ཆེ་བའི་སྐྱོན་འདུག ཆབ་སྲིད་དང་ཆོས་ལུགས་ཀྱི་བྱེད་སྒོ་མིན་ན་བྱེད་མི་ཆོག་པ་འདྲ་བོ་ཟིག་བྱས་ཡོང་གི་འདུག འཇིག་རྟེན་མི་ཞིག་ཡིན་པའི་ཆ་ནས་མི་ཆོས་ཀྱི་བྱེད་ལུགས་འདི་གཞི་རིམ་གྱི་འགྲོ་སྟངས་ཤིག་རེད་བསམ་གི

  18. ཨོ་རྒྱན་ཉི་མ། says:
    2013-07-03 at 8:10 am

    གྱ་སྟོན་ཞེས་པ་དེ་བོད་ནས་རྒྱ་ལ་དར་བ་དང་། རྒྱ་ནས་བོད་ལ་དར་བ་གང་ཡིན་ཆ་མ་མཆིས་ཀྱང་། རྒྱ་ནག་ནང་ཁུལ་དུ་གྱ་སྟོན་བྱེད་སྲོལ་ད་ལྟ་ཡང་ཡོད་པ་མཐོང་རྒྱུ་འདུག གང་ལྟར་ཡང་རྟེན་འབྲེལ་གྱི་མཛད་སྒོ་འདི་ཡག་པོ་ཞིག་དང་། གྲ་རྒྱས་པོ་ཞིག་ཡོང་བར་སྨོན།

  19. ལེགས་བཤད། says:
    2013-07-03 at 8:46 am

    མགོན་པོ་གང་ཉིད་སྐུ་བལྟམས་པའི་གནས་མདོ་སྨད་སྟག་མཚེར་ཡིན་པས་མདོ་སྨད་མི་དམངས་ཀྱིས་ཚབ་བྱས་ནས་དགུང་གྲངས་བརྒྱད་ཅུར་ཕེབས་པར་གྱ་སྟོན་བྱེད་པ་ནི་མདོ་སྨད་ཀྱི་ཡུལ་སྲོལ་དང་མཐུན་པ་ཞིག་རེད། གཡས་ལྷུང་དང་གཡོན་ལྷུང་གི་ངན་ཁག་བཀྲི་བ་མི་བཟང་ངོ་།

  20. དགེ་འདུན་རྒྱ་མཚོ། says:
    2013-07-03 at 9:06 am

    རེད་རེད།
    ང་ཚོའི་ཆོལ་ཁ་དང་ལུང་ཚན་ཟེར་བ་འདི་
    ཕྱི་རྒྱལ་གྱི་སྲིད་དོན་ཚོགས་པ་དང་
    ཁ་གཏད་ཚོགས་པ་ནང་བཞིན་ཡོད་རེད།
    ཕན་ཚུན་ལ་ཀི་མང་བ་ཞིག་བཏབ་ན་ཡག་པོ་ཡོད་རེད།
    སེམས་ཀྱི་ན་ཚ་བསང་གི་རེད་པ།

  21. མྱི་སྨྱོན says:
    2013-07-03 at 9:36 am

    བོད་ལྗོངས་མདོ་སྨད་ཆོལ་ཁའི་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ ༢༠༡༣ ཟླ ༦ ཚེས ༣ ཉིན་ལ།

    *དགེ་བསྐུལ་ཞབས་རིམ་གྱི་ཐོ་གཞུང་།*

    ༡ རྒྱལ་བའི་བཀའ་འགྱུར་དག་འདོན།
    ༢ པཎ་གྲུབ་བཅུ་བདུན་གྱི་བསྟོད་པ།
    ༣ སྤྱན་བདུན་སྒེག་མོའི་ཚེ་ཡི་ཆོ་ག་དང་འབྲེལ་གཟུངས་སྔགས་དུང་ཕྱུར།
    ༤ མཎྜལ་བཞི་བའི་ཆོ་ག་དང་འབྲེལ་ཏཱ་རེའི་བསྟོད་པ་འབུམ་ཐེར།
    ༥ མ་ཧཱ་གུ་རུའི་ཐུགས་དམ་གནད་བསྐུལ།
    ༦ གསུང་བྱིན་བདེན་པའི་རྔ་སྒྲ།
    ༧ འཕགས་མཆོག་ཐུགས་རྗེ་ཆེན་པོའི་བདེན་ཚིག་སྨོན་ལམ།
    ༨ གཟུངས་སྔགས་ཡི་གེ་དྲུག་མ་དུང་ཕྱུར།
    ༩ སེམས་ཅན་ཚེ་ཐར་དང་སྲོག་བླུ་གྲངས་གསོག་གང་མང་།
    ༡༠ སྐྱེ་འགྲོ་མཆོག་དམན་ཀུན་གྱིས་དཀར་ཟས་ལ་འབད་བརྩོན་དགོས།

  22. ཐབས་ཇུས་ཅན says:
    2013-07-03 at 10:14 am

    ཁ་བརྡ་ནང་གི་ཁྭ་ཏ་ཚོས་སྐད་ངན་རྒྱག་དུས་འགྲིགས་བསྡད་ཡོད། ཟེར། ཅི་འདྲའི་འདྲ་བོ་ཞིག་གསུངས་འདུག
    མི་ཁ་ཤས་ཞིག་ལ་ཆོལ་ཁ་དང་ཆོས་ལུགས་མ་གཏོགས་བཤད་ཡ་མེད་པ་ག་རེས་ལན་པ་ཡིན་ནམ།
    གཅིག་ནས་གཞི་རྩའི་ཤེས་ཡོན་གྱིས་ཕོངས་པ་དང་གཉིས་ནས་སེམས་ལ་ཞེན་ཁོག་གི་ཚེར་མའི་ས་བོན་བཏབ་ཡོད་པས་རེད་བསམ།
    མི་འདི་ཚོས་དགོངས་པ་རྒྱ་ཆེ་ས་ནས་བཞེས་རོགས་ཞུ་འདོད་བྱུང་།
    གོང་ས་མཆོག་ལ་གྱ་སྟོན་གྱི་དགའ་སྟོན་རྟེན་འབྲེལ་ཞུ་བ་ནི་ཚང་མ་དགའ་འོས་པ་ཞིག་ལས་དེ་ལ་མི་འདོད་པ་དང་འབྲེལ་བ་མེད་པའི་སྐྱོན་འཛུགས། དཔེར་ན་གོ་སྒྲིགས་བྱེད་མཁན་སུ་ཡིན་མིན་སོགས་ལ་ཁ་རྡུང་གཏོང་བ་ནི་མི་འོས་པ་ཞིག་རེད་བསམ་སོང་།
    ཕོག་འགྲོ་ས་འདྲ་ཡོད་ན་དགོངས་དག་ཞུ

  23. བན་དེ་བ། says:
    2013-07-03 at 11:58 am

    གྱ་སྟོན་སུས་ཞུས་ཀྱང་དགའ་བསུ་ཡོད། འོན་ཀྱང་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིགས་ཚུགས་ནས་ཞུས་ན་དེ་ནི་ཆིག་བསྒྲིལ་གྱི་རྣམ་པ་ཞིག་རེད་འོན་ཀྱང་ཆོས་རྒྱུད་ཆོས་ལུགས་ཆོལ་ཁ་སུས་ཞུས་ཀྱང་་་་་་་བླ་མའི་ཞབས་བརྟན་་་་སློབ་མའི་ཚེ་སྒྲུབ་ཡིན་གསུངས་པ་ལྟར་་་་རང་རང་གི་བསོད་ནམས་བསོག་པའི་རྒྱུ་རུ་ངེས། བརྒྱད་ཅུའི་གྱ་སྟོན་ཞེས་པ་རྩིས་ཀྱི་ནང་ནས་གསལ་བ་ལྟར་་་་དེ་ནི་གལ་འགང་ཆེ་བའི་རྟེན་འབྲེལ་གྱི་བྱེད་སྒོ་ཞིག་རེད། དྲུག་ཅུའི་ཐར་ཆང་་་་་དང་བརྒྱད་ཅུའི་གྱ་སྟོན་ཞེས་གསལ་ཡོད་པ་ནི། མི་རྣམས་ལོ་དྲུག་ཅུར་ལོན་དུས་དེ་ནི་ཚེ་ཡི་བགེགས་ལས་ཐར་པས་ན་ལོ་དྲུག་ཅུ་ལོན་དུས་་་་་ནང་མི་རྣམས་ནས་ཡུལ་མི་ཁྱིམ་མཚེས་ཀུན་ལ་ཆང་དང་ཟས་ལས་སོགས་ཀྱི་སྟོན་མོ་གཏོང་སྲོལ་ཡོད་པ་ནི། ད་ལྟར་དངོས་སུ་ལག་བསྟར་བྱེད་བཞིན་ཡོད། དེ་ནས་གྱ་སྟོན་ཞེས་པའང་་་་མི་རྣམས་ལོ་ངོ་བརྒྱད་ཅུ་ལོན་དུས་ཡར་དཀོན་མཆོག་ལ་མཆོད་པ་མར་ངན་སོང་ལ་སྦྱིན་གཏོང་ལས་སོགས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད། དེ་ཡང་སྟོན་པ་གཤེན་རབ་དང་སྟོན་པ་ཤཀྱཱ་ཐུབ་པ་གཉིས་ཀྱང་དགུང་ལོ་བརྒྱད་ཅུ་གྱ་གཅིག་དང་གྱ་གཉིས་གང་ལྟར་གྱད་ཅུའི་ཚད་བཟུང་བའང་རྒྱུ་མཚན་ལོས་ཡོད། གང་ལྟར་མི་ལོ་བརྒྱད་ཅུ་ལོན་དུས་་་་གྱ་སྟོན་གྱི་སྐབས་སུ་རྒན་པོ་རྒན་མོ་ཉིད་དེ་ཉིན་གོས་སླག་དཀར་པོ་དཀར་གཙང་གྱོན་ཏེ་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་སྲོལ་ཡོད་འདུག
    ད་དུས་ཚོད་མི་འདུག

  24. སངས་རྒྱས་ཚེ་རིང་། says:
    2013-07-03 at 12:55 pm

    གྱ་སྟོན་གོ་སྒྲིག་ལ་ད་ལྟ་ནས་གྲ་སྒྲིག་ཞུ་བཞིན་པ་ནི་དགོས་ངེས་ཅན་དེ་རེད། མཆན་སྤེལ་མཁན་ཁ་ཤས་ནས། ༼ཚོང་ཡག་པོ་རྒྱག་ཨ༽་ཞེས་སྨད་བཞིན་འདུག་མོད། མདོ་སྨད་ཀྱི་བླ་དཔོན་དྲག་གྲས་ཚོ་གོ་སྒྲིག་ཚོགས་ཆུང་ནང་བཞུགས་འདུག་སྟབས། ད་རེས་མདོ་སྨད་ཀྱི་གྱ་སྟོན་གོ་སྒྲིག་ཚོགས་པའི་ངོས་ནས་ཕྱི་ནང་གང་ལའང་། དཔལ་འབྱོར་མཁོ་སྒྲུབ་ཡིན་ཟེར་ནས་མང་ཚོགས་ལ་ཆེད་མངགས་ཞལ་འདེབས་བསྡུ་སློང་བྱ་རྒྱུ་མིན་པ་གཏན་འཁེལ་རེད་འདུག ༼རྒྱལ་ཁབ་ཕྱི་ནང་གི་བོད་མི་ཡོངས་ཀྱིས་བསོད་ནམས་གསོག་པའི་སྐལ་བཟང་གི་གོ་སྐབས་འདིའི་ནང་། སྤྱི་སྒེར་ཇི་སྙེད་ཅིག་གིས་དང་བླང་ཞལ་འདེབས་༽ཕུལ་ན་དེ་ལེན་གི་ཡོད་པ་ལས།་ཆེད་མངགས་ཞལ་འདེབས་བསྡུ་རྒྱུ་ཞིག་ལས་རིམ་ནང་གསལ་མི་འདུག

    ལས་རིམ་ནང་ཆོས་ཕྱོགས་ཀྱི་མཛད་རྣམ་ཞིག་དང་། སྲིད་ཕྱོགས་ཀྱི་མཛད་རྣམ་ཞིག་རྩོམ་སྒྲིག་གནང་གི་ཡོད་པ་གསལ་ཡོད་པ་འདི་ལེགས་པོར་མཐོང་སོང་། མདོ་སྨད་ཀྱི་མཁས་པ་ཚོར་རེ་བ་ཆེན་པོ་དང་ཡིད་ཆེས་བྱས་ནས་སྒུག་འདུག་གི་ཡིན།

  25. བཀྲ་ཤིས་རྒྱལ་མཚན།། says:
    2013-07-03 at 1:39 pm

    མདོ་སྨད་པ་ཚོ་ནི་བོད་མི་རིགས་རིག་གཞུང་དང་བཅས་པར་ལྷག་བསམ་དང་དྲང་ཚུགས།རྒྱལ་ཞེན་གྱི་སྙིང་སྟོབས་གཞན་འགྲན་མ་མཆིས་པ་ཅིག་ཡིན་པ་ད་ཆ་མངོན་གསལ་དོད་པོར་གྱུར་ཚར་ཡོད་པས།༧རྒྱལ་དབང་དོན་གྱི་བདག་པོར་བཀའ་དྲིན་བསམ་ཤེས་ཀྱིས་སོ་སོའི་ཡུལ་ལུགས་དང་མཐུན་པར་བརྒྱད་ཅུའི་གྱ་སྟོན་གནང་རྒྱུ་ནི་དགའ་འོས་པ་ཅིག་རེད།བོད་མིའི་ཤ་གསེང་རུས་གསེང་གི་དྲོད་མ་ཡལ་བའི་གོམས་གཤིས་དང་སྙིང་སྟོབས་ངོ་མ།རིག་གཞུང་གི་ཁྱད་ཆོས་དག་མ་བོ་འདི་འདྲ་རེད།དེ་མ་གཏོགས་ཕྲག་དོག་སྦྲུལ་གྱི་སྐྱེ་བ་ཅན་རེ་ཟུང་གིས་འཁྱོག་པོའི་དེ་ཉིད་སྟོན་བཞིན་པ་ནི་རང་མཚང་བརྡོལ་བ་ཙམ་དང་།བོད་མི་རྭ་མ་ལུག་དང་ཡ་མ་བརླ་རེ་ཟུང་གིས་ཁྱི་རྒན་ཀི་ཅོ་འདོན་བཞིན་པ་ནི་འོག་རླུང་སྟུག་དྲིའི་རང་བཞིན་རླུང་ནང་གི་དྲི་མ་ཙམ་བགད་མོ་འཆོར་གཞི་རང་རེད་གདའ།

  26. འཛུམ་ཤུལ་ཐབས་མཁས། says:
    2013-07-03 at 2:02 pm

    གངས་ལྗོངས་མདོ་སྨད་གྱ་སྟོན་གྲ་སྒྲིག་ཚོགས་པ་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ།
    སློབ་དཔོན་དང་ཕ་ཁུ་ལ་སོགས་རྒན་རིགས་ཕུད་དུ་བཀུར་བ་ནི་དམ་པའི་ལྷ་ཆོས་དང་།
    འཇོག་རྟེན་མི་ཆོས་གང་ནས་བལྟོས་ཀྱང་རང་ཅག་ཁ་བ་གངས་ཅན་པའི་ཡ་རབས་ལུགས་
    སྲོལ་དང་མཐུན་ཕྱིར་སུས་ཀྱང་ཤེས་པ་རང་བཞིན་དུ་གནས་པའི་མི་ཞིག་ཡིན་ཕྱིར་དོན་དངོས་
    དེ་ལ་སྙོན་མི་སྲིད།སྤྱིར་རྒན་པ་ལ་ཐོས་པ་རྒན་པ་དང་།རིགས་ཀྱི་རྒན་པ།ནོར་གྱི་རྒན་པ།ན་ཚོད
    ་རྒན་པ་བཞིར་འདུལ་བ་ལུང་ལས་གསུང་ཡོད་ལ།ཡོངས་གྲགས་སུ་སྐྱེས་ནས་ལོ་བཅུ་དྲུག་བར་
    བྱིས་པ་དང་།བཅུ་དྲུག་ནས་བདུན་ཅུའི་བར་དར་མ།དེ་ཕན་ཆད་རྒན་པ་ཞེས་པ་ལྟར༧གོང་ས་མཆོག
    ་ལ་དེ་དག་ཚང་མ་འཛོམས་པའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་ནས་མདོ་སྨད་དགོན་གྲོང་ལས་ལྷ་ས་
    དང་ཁམས་ལ་དར་སྲོལ་ཆེར་མེད་པའི་ཡ་རབས་ལུགས་སྲོལ་བཟང་པོ་འདི་མདོ་སྨད་ཁོ་ནའི
    ཁྱད་ཆོས་སུ་བརྩི་སྲུང་བྱེད་པ་དད་སྤྲོ་དགའ་གསུམ་གྱིས་ནུས་པ་མཉམ་སྤུངས་ཞུ།

  27. འཛུམ་ཤུལ་ཐབས་མཁས། says:
    2013-07-03 at 2:18 pm

    དགོངས་དག་ལྷ་ས་ཞེས་པ་་་་དབུས་གཙང་ཞེས་བཅོས་རོགས།

  28. སྤོབས་པ་མཐའ་ཡས། says:
    2013-07-04 at 7:18 am

    ཨོ་གཞོན་ནུ་ཟླ་མེད། ང་བོད་ན་ཡོད་དུས་མདོ་སྨད་པ་ཚང་མས་མ་པུའུ་ཧྥང་ཟེར་དུས་མདོ་ཁམས་གི་སྤྱི་དགྲ ཕ་གསོད་གི་ལག་དམར་འདྲ་བོ་ཡིན་ཚུལ་རྐྱང་རྐྱང་གོ་མྱོང་། ཡིན་ན་ཡང་ང་རྡ་རམ་ས་ལ་ན་ཡོད་དུས་ཤིག་ལ་མདོ་སྨད་གི་མི་ཆེན་བླ་དྲགས་ཁ་ཤས་ཤིག་གིས་སྡེ་པ་གཞུང་ང་ཚོའི་གཞུང་མ་རེད། མ་པུའུ་ཧྥང་ཁྱིམ་ཚང་ང་ཚོའི་དཔོན་རེད་ཟེར་ནས་ཞེན་ཁོགས་བྱེད་གི་རེད་ཟེར་བ་འདྲ་བོ་གོ་སོང་། ད་སྐབས་གྱ་སྟོན་དེའི་ནང་ལ་མ་པུའུ་ཧྥང་གི་ཚ་བོ་ཚ་མོ་ཚོས་ཆ་ཤས་ལེན་གི་རེད་ཟེར་ན་རྟེན་འབྲེལ་ཡག་པོ་རེད་བསམ་ནས་ངས་ཀུ་རེ་དེ་བཤད་པ་ཡིན།

  29. ཀརྡོ་གཉེར་ཕྱག་པ་ says:
    2013-07-04 at 11:02 am

    མ་པུའུ་ཧྥང་ཟེར་མཁན་དེ་སུ་རེད་དམ། ལོ་རྒྱུས་རགས་བསྡུས་ཤིག་ཁ་བརྡར་སུ་བཀོད་ཐུབ་བམ། ལགས།

  30. འཛུམ་ཤུལ་ཐབས་མཁས། says:
    2013-07-04 at 2:29 pm

    མི་ཆེན་བླ་དྲགས་ཁ་ཤས་སུ་ཞིག་གིས་སྡེ་བ་གཞུང་ང་ཚོའི་གཞུང་མ་རེད་ཟེར་མཁན་དེ་སུ་ཡིན་བདེན་དབང་མེད་ན་འཆལ་གཏམ་རང་རེད། བདེན་དབང་ཡོད་ན་སྨྲ་བར་ཞུ། ལྷག་པར་ཨ་མདོ་དང་ཁམས་ཕྱོགས་སྡེ་བ་གཞུང་གི་མངའ་འོག་མ་ཡིན་པར་སྨྲ་བ་དེས་བོད་ཞེས་པ་རྒྱ་དམར་གྱིས་བཤད་བཞིན་པའི་རང་སྐྱོང་ལྗོངས་གཅིག་བུ་ལ་ངེས་འཛིན་པའམ། ཡང་ན་རང་གི་སྣང་བ་འགྲོ་ས་ཞིག་ལ་ངེས་འཛིན་གནང་རྒྱུ་ཡིན་ནམ་ཧ་ཧ་ཧ

  31. བཀྲ་ཤིས་རྒྱལ says:
    2013-07-05 at 3:49 pm

    གྱ་སྟོན་ཞེས་པ་ཆོལ་གསུམ་མཉམ་འབྲེལ་གྱིས་གོ་སྒྲིག་བྱ་དགོས་པ་ཞིག་མ་ཡིན་ནམ། མདོ་སྨད་པ་ཁ་ཤས་དུས་རྟག་ཏུ་དབྱེན་དཀྲུགས་དང་ཕྱོགས་ཞེན་གྱི་ལས་ལ་གོམས་སྡད་ཡོད།

  32. བཀྲ་ཤིས་རྒྱལ says:
    2013-07-05 at 3:52 pm

    ཏཱ་ལའི་བླ་མ་ཁོང་མདོ་སྨད་དུ་འཁྲུངས་ནས་བོད་ཀྱི་དབུ་འཁྲིད་ཆགས་སོང་བ་མ་རེད་དཱ། དེ་ཧ་གོ་དགོས་རེད།

  33. གངས་སེང། says:
    2013-07-10 at 5:19 am

    རེད་་་་་་་་་་་་་་་་་་་་་་་་་་་ཆོལ་གསུམ་ཆིག་བསྒྲིལ་གྱིས་བྱེད་དགོས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གཞན་འབྲེལ་འབྲེལ་བ་མིན་འདུག་་་་་་་་་་་་་་་་་་་་་་་་་་་་ལུང་ཚན་གྱི་ཕྱོགས་ཞེན་བྱས་ན་ཡག་པོ་མ་རེད་དཱ།

  34. སྲིན་པོ་རྫ་རྒན། says:
    2013-10-08 at 12:34 pm

    ༧སྐུའི་གྱ་སྟོན་སྐོར་གྱི་ལས་རིམ།
    སྔོན་གླེང་།
    ངེད་ཅག་མདོ་སྨད་ཡུལ་དུ་རང་གི་རྩ་བའི་བླ་མ་དང་ཕ་མ་དགུང་ལོ་བརྒྱད་ཅུར་ཕེབས་པར་དགའ་སྟོན་དང་། སྐུ་ཚེ་ཡུན་རིང་གནས་པར་བཀྲ་ཤིས་སྨོན་འདུན་ཞུ་སྲོལ་བཟང་པོ་ཞིག་ཡོད་པ་ལྟར། ༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་པའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལོ་༡༩༣༥ ལོར་མདོ་སྨད་ས་ཡི་ཐིག་ལེར་སྐུ་གཏམས་ནས་ཕྱི་ལོ་༢༠༡༥ ལོར་དགུང་ལོ་བརྒྱད་ཅུ་བཞེས་པའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོའི་དབུས་སྔ་ཕྱིའི་ཉིན་གསུམ་རིང་༸སྐུའི་གྱ་སྟོན་མཛད་སྒོ་རྒྱས་པ་ཞིག་ཚོགས་རྒྱུ་འདི་ནི། ངེད་ཅག་མདོ་སྨད་པ་ཡོངས་ཀྱིས་སྡིག་སྤོང་དགེ་བསྒྲུབ་ཀྱི་ལས་ལ་གཙོ་བོར་འབད་དེ་ ༸སྐུའི་གྱ་སྟོན་མཛད་སྒོ་དང་འབྲེལ་སྙིགས་དུས་སྐྱེ་འགྲོའི་མགོན་དུ་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་པའི་གསོལ་འདེབས་བརྟན་བཞུགས་རྒྱས་པ་བཅས་བསྟར་འབུལ་ཞུ་ཆོག་པའི་ ༸སྙན་སེང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༡༢ ལོའི་ཚོགས་ཆེན་གྲོས་ཆོད་དགོངས་དོན་ལྟར་ཞུས་འབྲས་སུ། ཕྱི་ལོ་༢༠༡༢ ཟླ་༥ ཚེས་༡༠ ཉིན་བོད་རིགས་སྤྱི་དང་སྒོས་སུ་ངེད་ཅག་མདོ་སྨད་པ་ཡོངས་ཀྱིས་བསོད་ནམས་གསོག་པའི་རྒྱན་དུ་སྐལ་བཟང་གི་བཀའ་འཁྲོལ་ཞལ་བཞེས་བསྩལ་སྨིན་བྱུང་བ་དང་བསྟུན། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་༢༠༡༣ ཟླ་༣ ཚེས་༡༤ ནས་ཉིན་གཉིས་རིང་༸སྐུའི་གྱ་སྟོན་སླད་དམིགས་བསལ་ཚོགས་ཆེན་བསྐྱངས་ཏེ་ལས་དོན་སྒྲུབ་ཕྱོགས་ལ་གྲོས་ཆོད་བཞག་པ་དང་། འོས་བསྡུའི་ལམ་ནས་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་དང་། ༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག ༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག བོད་མི་མང་སྤྱི་འཐུས་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག ༸སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་བཅས་འདེམས་བསྐོ་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་མིར་མདོ་སྨད་དབུས་རྒྱུན་ལས་ཐོག་ཚོགས་མི་བཅུ་གཅིག་གི་སྟེང་སྤྱི་འཐུས་སྨན་རམས་པ་མཁྱེན་རབ་རྒྱ་མཚོ་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་བསོད་ནམས་རྒྱལ་མཚན། སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་ཟུར་འཕེལ་རྒྱས་སྒྲོལ་མ་མཚོ་མོ། ཀིརྟིའི་ཕྱག་མཛོད་མདོ་སྔགས་བཅས་འདེམས་བསྐོ་གནང་སྟེ་སྤྱི་ཡོངས་ཀྱི་༸སྐུའི་གྱ་སྟོན་གྱི་ལས་དོན་སྒྲུབ་གཏན་འཁེལ་ཡོད།
    ཕྱི་ལོ་༢༠༡༣ ཟླ་༤ ཚེས་༡ ཉིན་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་རྣམ་པ་དང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་འཛོམས་ཐེངས་དང་པོ་ཚོགས་པའི་སྟེང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོས་༸སྐུའི་གྱ་སྟོན་འདི་བཞིན་ཧ་ཅང་གལ་འགངས་ཆེ་ཞིང་ལས་དོན་གཞི་རྒྱ་ཆེ་སྟབས། ལས་དོན་འདིའི་ཚོགས་ཆུང་ཟུར་འཛུགས་དགོས་པའི་ལམ་སྟོན་གནང་བ་ལྟར་འོས་བསྡུའི་ལམ་ནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་སྨན་རམས་པ་མཁྱེན་རབ་རྒྱ་མཚོ་དང་། དྲུང་ཆེར་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ། དངུལ་གཉེར་སྤྱི་འཐུས་ཡེ་ཤེས་སྒྲོལ་མ། རྩིས་པར་སྤྱི་འཐུས་རྒྱ་རིགས་ཐར་བཅས་འདེམས་བསྐོ་གནང་བ་དང་། གཞན་ལས་དོན་དང་འབྲེལ་བའི་ཚོགས་ཆུང་ཆ་བགོས་ཀྱི་ཚོགས་མིར་བསྐོ་བཞག་གནང་བ་གཤམ་གསལ་དོན་ཚན་ཁག་ལྟར་ཡིན།
    དོན་ཚན་དང་པོ། ༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ལས་དོན་སྒྲུབ་ཕྱོགས།
    ཀ༽ ཚོགས་གཙོ་དང་དྲུང་ཆེ།
    ཚོགས་གཙོ་དང་དྲུང་ཆེ་གཉིས་ཀྱིས་སྤྱི་ཡོངས་ཀྱི་ལས་དོན་ལ་འགན་འཁུར་ཞུ་རྒྱུ་དང་འབྲེལ་འགན་འཛིན་ལྷན་ཚོགས་ལ་ལས་དོན་སྙན་སེང་དང་ལམ་སྟོན་ཞུ་རྒྱུ་མ་ཟད། ས་གནས་ཁག་ལ་བཀོད་ཁྱབ་དང་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་གནང་རྒྱུ་དང་། ལས་དོན་དང་འབྲེལ་བའི་ཡིག་ཆ་བཟོ་འགོད་དང་འབྲེལ་གཏུགས། འགྲེམས་སྤེལ། གསར་འགོད་གསལ་བསྒྲགས། ས་རྒྱུན་མེད་སར་འབྲེལ་མཐུད་པ་བསྐོ་བཞག དངུལ་རྩིས་སྟངས་འཛིན། ཚོགས་ཆུང་སོ་སོའི་ལས་དོན་ལ་སྐུལ་འདེད་བཅས་ཀྱི་འགན་འཁུར་དགོས་རྒྱུ་དང་། ཆེས་མཐོའི་མི་སྣ་དང་བླ་ཆེན་ཁག་མགྲོན་འབོད་སླད་ཆེད་བཅར་བཅས་ཀྱི་འགན་འཁུར་ཞུ་རྒྱུའི་ཐག་གཅོད་བྱས།
    ཁ༽ བརྟན་བཞུགས་གྲ་སྒྲིག་ཚོགས་ཆུང་།
    ༸སྐུའི་གྱ་སྟོན་དང་འབྲེལ་བའི་བརྟན་བཞུགས་རྒྱས་པ་གྲ་སྒྲིག་ཚགས་ཚུད་ཡོང་སླད་ཚོགས་ཆུང་ཞིག་དགོས་ངེས་ལ་བརྟེན། ཚོགས་ཆུང་འདིའི་ཚོགས་མིར་དབུས་རྒྱུན་སྤྱི་འཐུས་རྨོག་རུ་བསྟན་པ་དང་། ཀིརྟིའི་ཕྱག་མཛོད་མདོ་སྔགས། དབུས་རྒྱུན་ཨ་རིག་དགེ་མཐོང་། དབུས་རྒྱུན་གངས་རི་བཅས་བསྐོ་བཞག་བྱས་ཏེ་འབུལ་ཚན་གྲ་སྒྲིག་དང་། སྡིག་སྤོང་དགེ་སྒྲུབ་སོགས་ཀྱི་ཞབས་རིམ་ཇི་སྒྲུབ་ཀྱི་གྲངས་ཐོ་འབྱོར་བ་ཁག་ཐོ་འགོད་ཁམས་གཙང་གནང་རྒྱུ་སོགས་ཀྱི་འགན་འཁུར་གཙོ་བཞེས་གནང་རྒྱུར་གཏན་འཁེལ་བྱས།
    ག༽ དཔལ་འབྱོར་འདུ་འགོད་དང་རྩིས་ཁྲ་བདག་ཉར་ཚོགས་ཆུང་།
    རྒྱལ་ཁབ་ཕྱི་ནང་གི་བོད་མི་ཡོངས་ཀྱིས་བསོད་ནམས་གསོག་པའི་སྐལ་བཟང་གི་གོ་སྐབས་འདིའི་ནང་། སྤྱི་སྒེར་ཇི་སྙེད་ཅིག་གིས་དང་བླང་ཞལ་འདེབས་སོགས་ཇི་གནང་རྩིས་ཁྲ་ཁམས་གཙང་ཡོང་སླད་ཚོགས་ཆུང་ཞིག་དགོས་ངེས་ལ་བརྟེན། ཚོགས་ཆུང་འདིའི་ཚོགས་མིར་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་དངུལ་གཉེར་དང་། སྤྱི་འཐུས་རྒྱ་རིགས་ཐར་རྩིས་པ། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་རྒྱ་གར་དང་འབྲུག་ཡུལ་ཁྱབ་ཁོངས་དང་སྤྱི་ཟུར་སྒྲོལ་མ་མཚོ་མོ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་དངུལ་རྩིས་ལམ་སྟོན་གྱི་གཙོ་འགན་བཞེས་རྒྱུར་གཏན་འཁེལ་བྱས།
    ང་༽ སྣེ་ལེན་གྲ་སྒྲིག་ཚོགས་ཆུང་།
    ཐེངས་འདིའི་མཛད་རིམ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་འདྲིས་ཆེ་བའི་ཕྱི་ནང་རྒྱལ་ཁབ་ཀྱི་རླབས་ཆེན་མི་སྣ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་མཚོན་སྐུ་མགྲོན་ཇི་སྙེད་ཅིག་གདན་འདྲེན་ཞུ་འཆར་ཡོད་པས། སྐུ་མགྲོན་སྣེ་ལེན་ཆེད་ཚོགས་ཆུང་ཞིག་དགོས་ངེས་ལ་བརྟེན། ཚོགས་ཆུང་འདིའི་ཚོགས་མིར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་དྲུང་ཆེ། དབུས་རྒྱུན་ཚོགས་གཞོན་ཨ་ལོ་དང་དབུས་རྒྱུན་གཡང་མཁོ་རྒྱལ་བཅས་ཀྱིས་གཙོ་འགན་ཞུ་རྒྱུར་གཏན་འཁེལ་བྱས།
    ཅ༽ འགྲེམས་སྟོན་གྲ་སྒྲིག་ཚོགས་ཆུང་།
    ཐེངས་འདིའི་མཛད་རིམ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་༸སྐུའི་མཛད་ཐང་ཁག་ཅིག་གསར་བཞེངས་དང་དཔར་བསྐྲུན། གསུང་རྩོམ་དང་སྐུ་དཔར་བཅས་ཀྱི་འགྲེམ་སྟོན་སྤུས་དག་ཅིག་གོ་སྒྲིག་ཞུ་རྒྱུ་མ་ཟད། ཆོས་སྲིད་གཉིས་ཀྱི་མཛད་རྣམ་ཁག་གཉིས་རྩོམ་སྒྲིག མཛད་འཕྲིན་དང་འབྲེལ་བའི་གལ་ཆེ་མི་སྣའི་གསུང་བཤད་དང་བགྲོ་གླེང་། ༸གོང་ས་མཆོག་ལ་ཆེ་བསྟོད་གཞས་སྣའི་འོད་སྡེར་སོགས་ཀྱི་ལས་དོན་གོ་སྒྲིག་ཞུ་འཆར་སླད་ཚོགས་ཆུང་ཞིག་དགོས་ངེས་ལ་བརྟེན། ཚོགས་ཆུང་འདིའི་ཚོགས་མིར་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་དང་། དབུས་རྒྱུན་ཚངས་དབྱངས་རྒྱ་མཚོ་གཉིས་ཀྱིས་གཙོ་འགན་བཞེས་རྒྱུར་ཐག་གཅོད་བྱས།
    ཆ༽ ཞལ་ལག་གྲ་སྒྲིག་ཚོགས་ཆུང་།
    ཐེངས་འདིའི་མཛད་རིམ་ཉིན་གསུམ་རིང་བཀོད་སྒྲིག་ཞུ་གཏན་འཁེལ་པ་ལྟར། ཉིན་དང་པོར་བརྟན་བཞུགས་གྲུབ་རྗེས་སྐུ་མགྲོན་ཆེ་ཁག་དང་ཡབ་གཞིས་སྐུ་འཁོར་ཡོངས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་དང་། ཉིན་གཉིས་པར་གཞུང་འབྲེལ་མཛད་སྒོ་གྲུབ་རྗེས་སྐུ་མགྲོན་ཁག་དང་གཞུང་ཞབས་ལས་བྱེད་རྣམས་ཀྱིས་གཙོས་སེར་སྐྱ་མང་ཚོགས་ཡོངས་ལ་ཉིན་གུང་ཞལ་ལག་འབུལ་རྒྱུ་དང་། ཉིན་གསུམ་པར་ཡབ་གཞིས་སྐུ་འཁོར་རྣམ་པས་དབུས་མདོ་སྨད་སེར་སྐྱ་མི་མང་དགའ་དད་སྤྲོ་གསུམ་གྱིས་ལྷན་འཛོམས་གནང་སར་ཞལ་ལག་གྲ་སྒྲིག་སོགས་ཀྱི་ལས་དོན་སླད་ཚོགས་ཆུང་ཞིག་དགོས་ངེས་ལ་བརྟེན། ཚོགས་ཆུང་འདིའི་ཚོགས་མིར་དབུས་རྒྱུན་དགེ་ལེགས་རྒྱ་མཚོ་དང་། དབུས་རྒྱུན་བཀྲ་ཤིས་དོན་འགྲུབ། དབུས་རྒྱུན་ཀརྨ་དགེ་ལེགས་བཅས་བསྐོ་བཞག་གིས་གཙོ་འགན་བཞེས་རྒྱུའི་ཐག་གཅོད་བྱས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme