Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་རྒྱལ་དུ་ང་ཚོས་ཅི་ཞིག་ལུས་ཡོད།

Posted on 2010-06-272010-06-27 By ཁ་བརྡ་ 13 Comments on ཕྱི་རྒྱལ་དུ་ང་ཚོས་ཅི་ཞིག་ལུས་ཡོད།

བོད། ཤ་ཁྲག་རུས་གསུམ།
འདི་ལྟར་གླེང་དགོས་ པའི་དམིགས་ཡུལ་གཞན་མེད་ལ། རང་གི་རིགས་རུས་ཀྱི་འགྱུར་བག་ཁྲོད་དུ་ཤ་གཟེར་ཟུག་གཟེར་གྱིས་ནད་ཚའི་བསླེང་ བའི་འུ་ཐག་ཐབས་ཟད་ཀྱི་སྐད་ཆ་འདི་དག་མི་བཤད་ཐུ་མེད་དུ་གྱུར་སྟབས་དེ་རིང་འདི་ ནས་གླེང་རྒྱུ་སེམས་ཐག་བཅད་པ་ཡིན།
སྤྱིར་ན་ངས་བོད་རིགས་ སྤུན་ཟླ་ཡོངས་ལ་འཕྱ་དམོད་དང་ཟུར་ཟ་དམའ་འབེབས་སོགས་གང་ཡང་མ་ཡིན་པར། རང་གི་མྱོང་བ་དང་བརྒྱུད་མྱོང་བའི་ལམ་ཕྲན། བསམ་མྱོང་བའི་རྟོགས་གཟུགས་ཀྱི་རི་མོ་འདི་ཉིད་ཁོག་དུ་སྤས་དེ་བསྡོད་པ་ལས། རང་གི་རིགས་རུས་གཅིག་པའི་སྤུན་ཟླ་ཁྱེད་ཅག་ལ་སེམས་གཏིང་ནས་བཤད་འདོད་ཀྱི་ཡིན།
ཁྱེད་རང་ཕྱི་རྒྱལ་དུ་ འབོད་པའི་མི་རིགས་གཞན་ཞིག་གི་ཁོར་ཡུག་ལ་རེ་སྙེགས་བྱེད་པའི་རྨི་ལམ་དང་བསམ་ གཞིགས་ཇི་ལྟར་འགོ་བཙུགས་པ་ཡིན། ཐོག་མར་ངས་དེ་ལྟར་ཞུ་འདོད་བྱུང་།
ང་རང་ལྟ་བུའི་ཞིག་གིས་སེམས་གཏིང་ནས་ཁྱེད་རང་ལ་དྲི་བ་འདི་ལྟར་འདྲི་དོན་ནི། རང་ཉིད་ལས་ལྷག་པའི་དམིགས་ཡུལ་ཞིག་གི་ཆེད་དུ་འགྲོ་བཞིན་ཡོད་དམ། ཡང་ན། ཁྱེད་རང་ལས་གཞན་པ་ཞིག་གི་ཆེད་དུ་ཕྱི་རྒྱལ་དུ་འགྲོ་རྩིས་བྱེད་ཀྱི་ཡོད། དེ་མིན་མི་བུ་སྒེར་གྱི་གནད་དོན་གྱི་ཆེད་དུ་བསྐྱོད་ཀྱིན་ཡོད། མིན་ན། རང་རིགས་འདས་གསོན་ཡོངས་ཀྱི་མ་འོངས་མདུན་མའི་ཆེད་དུ་ཁོར་ཡུག་གཞན་ཞིག་གི་ལོ་ རྒྱུས་དང་ཉམ་མྱོང་བརྗེ་རེའི་བྱེད་དུ་ལམ་ལ་འབུད་རྩིས་བྱེད་ཀྱི་ཡོད།
གང་ལྟར་འདི་དག་ལས་གང་ ཡང་མ་ཡིན་པར་མི་བུ་སྒེར་གྱི་ཁ་རྒྱབ་ཁོ་ནའི་ཆེད་དང་། ཟ་ཉལ་སྐྱིད་ཉལ་དང་འདོད་སྲེད་ཀྱི་རེ་བ་ཁོ་ན་ཞིག་བསམ་ནས་འགྲོ་བར་རྩོམ་གྱི་ ཡོད་ན། ངས་མི་དེའི་རིགས་ལ་གང་ཡང་ཞུ་རྩིས་མེད།
མི་རིགས་ཀྱི་འདས་གསོན་ ཡོངས་ཀྱི་ཆེད་དུ་ཁྱེད་རང་ཕྱི་རྒྱལ་དུ་བཅར་རྩིས་ཡོད་པ་ཡིན་ན། ཕྱི་རྒྱལ་བ་དེ་དག་གི་ཕྱི་ནང་གང་དུ་བོད་མི་རིགས་ལ་ཕན་པའི་ལག་རྗེས་དང་ཉམས་ མྱོང་གང་ཞིག་ང་ཚོར་མ་ཐོབ་པར་ཡོད་དམ། ཁོང་ཚོས་ང་ཚོའི་ཆེད་དུ་མ་འགུལ་རང་འགྲུབ་ཀྱི་བདེན་མཐའ་གསལ་བའི་ཐབས་ཇུས་གང་ ཞིག་རྒྱབ་སྐྱོར་བྱེད་སྲིད་ཀྱི་རེད་དམ། དེ་མིན་ན་ཁྱེད་རང་གིས་ཁོང་ཚོའི་གམ་དུ་སོང་དེ་གང་ཞིག་སློང་རྩིས་ཡོད། ཅི་ཞིག་སློབ་དེ་འོང་ནས་རང་རིགས་ཀྱི་སྤུན་ཟླ་ཡོངས་ལ་ཞབས་འདེགས་ཞུ་རྩིས་ཡིན།
ཁྱེད་རང་ལས་གཞན་པའི་མི་ ཞིག་གི་ཆེད་དུ་ཕྱི་རྒྱལ་གང་རུང་དུ་འགྲོ་རྩིས་བྱེད་ཀྱི་ཡོད་པ་ཡིན་ན། དེ་ནི་སུ་རེད་དམ། རང་གི་ཕ་མ་རེད་དམ། ཉེ་དུ་ཡིན་ནམ། སྙིང་གྲོགས་དང་བཟའ་ཚང་ཡིན་ནམ། ཕ་མའི་ཆེད་དུ་ཡིན་ན། ཕ་མ་དག་ལ་དཔལ་འབྱོར་དཀའ་ངལ་ཆེན་པོ་ཡོད་པ་དེ་ཡིས་ཁྱེད་རང་དཔལ་འབྱོར་འཚོལ་ སྒྲུབ་བྱེད་དུ་འགྲོ་བཞིན་ཡོད་ན། ཁྱེད་རང་གི་ཕ་མ་དག་ལ་དཔལ་འབྱོར་མ་འབབ་གང་ཙམ་ཞིག་བསྡུ་གཉེར་བྱེད་དགོས་སམ། ཉེ་དུ་དང་སྙིང་གྲོགས་བཟའ་ཚང་གི་ཆེད་དུ་འགྲོ་རྩིས་ཡོད་ན། ཁོང་ཚོས་ཁྱེད་རང་གཞན་ཡུལ་དུ་བཏང་ནས་གཞན་ཡུལ་ནས་ཁོང་ཚོས་ཁྱེད་རང་གི་རྔུལ་ ཆུའི་ཐིགས་པ་གསགས་པའི་ཡོང་བབས་དེ་དག་གིས་ཁྱེད་རང་ལ་ཐོབ་དགོས་པའི་བྱ་དངོས་ དག་འཁོ་སྒྲུབ་བྱེད་ཐུབ་བམ། ཡང་ན། ཁྱེད་རང་གིས་ཁོང་ཚོས་འདོད་བློ་ཡོངས་རྫོགས་སྐོང་ཐུབ་པར་རང་གིས་རང་ལ་གདེང་ ཚོད་ཡོང་གི་འདུག་གམ། ཁྱེད་རང་གིས་རྒྱུས་མངའ་མེད་པའི་ཕྱི་གླིང་དེར་དེ་འདྲའི་རེ་སྙེགས་བྱེད་ཆོག་ ཆོག་གི་ཁོར་ཡུག་ཞིག་ཡིན་པ་སེམས་གཏིང་ནས་ཇི་ལྟར་ངེས་ལེན་བྱེད་ཐུབ་སོང་།
རང་ཉིད་ལས་ལྷག་པའི་ དམིགས་ཡུལ་ཞིག་གི་ཆེད་དུ་ཕྱི་རྒྱལ་དུ་འགྲོ་བཞིན་པ་འདྲ་ཡིན་ན། རང་ཉིད་ལས་ལྷག་པའི་དམིགས་ཡུལ་དེ་ཡི་ཅི་ཞིག་མཚོན་པར་ཁྱེད་རང་གིས་རྟོགས་ གཟུགས་ཀྱི་རི་མོའི་ཁྲོད་དུ་ཁ་དོག་གང་ཞིག་ལ་ངེས་བཟུང་དེ་ཡོད། ཁ་དོག་དེ་ནི་རང་ཉིད་ལས་ལྷག་པའི་དམིགས་ཡུལ་དུ་འགྲུབ་དོན་གང་རེད། རང་གི་སྐད་ཡིག་ལས་ལྷག་པའི་ཤ་གསེང་རུས་གསེང་དུ་ཟུག་པ་ད་ལྟའི་བར་དུ་ཁྱེད་རང་ ལ་གཞན་མེད་ཀྱང་། དེ་ཉིད་ཀྱི་སྟེང་ནས་ལག་རྗེས་ཤིག་ཙམ་སྟོན་རྒྱུ་མེད་པར་དམིགས་ཡུལ་དེ་འདྲ་ཞིག་ ཁྱེད་རང་གི་སེམས་ཁོང་དུ་སྤས་སྐོང་བྱེད་པའི་གདམས་བསྔགས་དེ་སྤྲོད་མཁན་རང་ཡིན་ ནམ། ཁོར་ཡུག་གིས་ཁྱེད་རང་ལ་བཙན་གྱིས་སྤྲད་པའམ་ཁྱེད་རང་གིས་ཁོར་ཡུག་སྐྱ་བོ་འདི་ ནས་དང་ལེན་བྱས་པ་ཞིག་ཡིན།
གང་ལྟར། མཐའ་དོན་གྱི་སྙིང་བོ་མདོར་བསྡུས་དེ་ཞུས་པ་ཡིན་ན། བོད་བྱེས་སུ་གྱར་བ་དང་བོད་ནང་དུ་བསྡོད་མཁན་སུ་ཞིག་ཡིན་ཡང་། ད་ལྟའི་བོད་འདི་ཆག་འཇིགས་གཉེན་འཕྲེང་ཆེ་བའི་དུས་ཚོད་འདི་ལ་ང་ཚོས་རང་ཉིད་ བོད་མི་ཞིག་ཡིན་པ་དྲན་སྟངས་མ་ཤེས་པའི་ནག་ཉེས་འདི་ནི། མི་རབས་རྗེས་མ་དག་གིས་འུ་ཅག་ལ་ནམ་ཡང་ལེ་བདའ་རྫོགས་མཐའ་མེད་པ་ཞིག་བྱེད་ཁོ་ ཐག་གི་སྐེས་འཛེགས་ཆག་པོ་འདི་ད་ནས་བཟུང་སྐྱུར་ཐབས་བྱེད་དགོས་ཀྱི་འདུག
དོན་དངོས་ཐོག མི་སུ་ཞིག་ཡིན་ཡང་འཚོ་བ་མ་བསྐྱེལ་ཐབས་མེད་ཡིན་དུས། འཚོ་བ་བསྐྱེལ་སྟངས་ཀྱི་རིམ་པ་དེ་ཡང་འགྱུར་བ་ཞིག་ཏན་ཏན་འགྲོ་དགོས་པ་ནི་ སྨྲོས་མེད་ཡིན་མོད། འོན་ཀྱང་། དེ་ལ་ངེས་ཟིན་ཟབ་མོ་ཞིག་མ་ཐོབ་པ་ཡིན་ན། གོང་དུ་ཞུས་པ་ལྟར་འགྱུར་བར་གདོན་མི་ཟ་བ་ཡིན།
ཁྱེད་རང་ཕྱི་རྒྱལ་གང་ རུང་དུ་མ་འགྲོ་ཐབས་མེད་ལྟ་བུ་ཞིག་གི་གནས་སྟངས་འོག་འཚུད་ཡོད་པ་ཡིན་ན། ཐོག་མར་རང་ཉིད་ཕྱི་རྒྱལ་དུ་འགྲོ་ཐབས་ཀྱི་ཐབས་ལམ་ཆེས་ཡག་ཤོས་དེ་ནི་རིགས་རུས་ གཞན་ལ་མ་ཤོར་བའི་ཐབས་ལམ་ཁོ་ན་ཞིག་བརྟེན་ནས་སོང་བ་ཡིན་ན། ལས་ཀ་དང་ཉམ་མྱོང་ཡང་ཆེས་མི་ཉུང་བ་ཞིག་རེག་ངེས་ཡིན་ལ། རང་གི་དཀའ་ལས་བརྒྱབ་པའི་གྲུབ་འབྲས་དེ་ཡང་རང་དང་རང་གི་རིགས་ཤིག་ལ་བསྟུམ་ཐུབ་ ངེས་ཡིན། དེ་མིན་ཁྱེད་རང་གིས་ཕྱོགས་གང་ཞིག་ནས་ཕྱི་རྒྱལ་མི་རིགས་དང་གཉེན་སྒྲིག་མ་བྱས་ པའི་ཐབས་ལམ་ཞིག་འཚོལ་ཐུབ་བྱེད་རྒྱུ་དེ་ཡིན།
ཁྱེད་རང་དངོས་ནས་དྲང་ གནས་ཀྱི་བརྟེན་ས་དང་བརྟེན་ཡུལ། རྒྱུ་དངོས་ཀྱི་རོགས་རམ་བྱེད་མཁན་གང་ཡང་མེད་པའི་མི་ཞིག་དུ་གྱུར་ཡོད་པ་ཡིན་ན། ད་གཟོད་རང་གིས་བསམ་བློ་ཞིབ་མོ་གཏོང་རན་ཡིན། རིགས་རུས་བཙོང་དེ་ཕྱི་རྒྱལ་དུ་འགྲོ་བ་ལས་ལས་ཀ་གཞན་ཞིག་བྱེད་རྒྱུའི་གོ་སྐབས་ ས་གང་དུ་བསྡད་ཀྱང་ཡོད་པ་དེར་འགན་ཞིག་འཁུར་ནས་བསྡོད་ཐུབ་པ་ཡིན་ཆེས་ཡག་ཤོས་ ཡིན། དེ་འདྲ་བྱེད་མ་ཐུབ་པར་དངོས་ནས་ཕྱི་རྒྱལ་གང་རུང་དུ་མི་འགྲོ་ཐབས་མེད་དང་ཕྱི་ རྒྱལ་ཕོ་མོ་གང་རུང་ལ་གཉེན་བསྡེབས་ནས་འགྲོ་དགོས་ཆགས་ཡོད་པ་ཞིག་ཆགས་ཡོད་ཚེ། གནས་གང་དུ་སླེབས་པ་ཡིན་ན། ཐོག་མར་རིགས་རུས་ཀྱི་འགོ་མ་བཙུགས་པར་ལས་ཀ་དང་ཉམ་མྱོང་གང་ཙམ་བསགས་པ་དང་། རང་གི་གཉེན་གྲོགས་དུ་གྱུར་བའི་མི་དེ་ཡི་ཕྱི་ནང་གསང་གསུམ་ལ་རྒྱུས་ལོན་ཟབ་མོ་ ཞིག་བྱེད་རྒྱུ་དེ་ནི་ཅིས་ཀྱང་མེད་དུ་མི་རུང་བ་དང་། རང་གི་རིགས་རུས་གཞན་ལ་མི་བཙོང་བའི་ཐབས་ལམ་ཆེས་ཡག་ཤོས་སུ་མཐོང་གི་འདུག
དམིགས་ཡུལ་དང་རང་ཉིད་ ལ་གདེང་ཚོད་ཅི་ཡང་མེད་པར་ཕྱི་རྒྱལ་གང་རུང་དུ་འགྲོ་བ་ནི། དུས་རབས་གསར་བའི་བྲན་གཡོག་ཞིག་གི་སྐྱེ་བ་ལེན་དུ་འགྲོ་བཞིན་ཡོད་པ་ལས་གཞན་གང་ ཡང་མིན་པར་ངས་དེ་རིང་འདི་ནས་སེམས་ཐག་གཙང་བཅད་ཀྱིས་བཤད་ཐུབ་ཀྱི་ཡོད།
གསལ་བཤད། ལས་བྲེལ་གྱི་བར་གསེང་དུ་རྡ་སྟེང་མེག་ལོར་ནས་རང་གི་བསམ་ཚུལ་མདོར་ཙམ་ཞུས་པ་ ཡིན། སྤྱིར་ན་རྒྱས་པོ་ཞིག་འབྲི་འདོད་ཆེན་པོ་ཡོད་ཀྱང་། གནས་སྐབས་རིང་འདི་ཙམ་གྱི་འཐུས་པར་བྱས་སོ།

རྩོམ་རིག

Post navigation

Previous Post: དབུས་གཙང་ཆོལ་ཁས་བཀའ་ཁྲིའི་འོས་གཞི་བསྒྲགས་པ།
Next Post: ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསུང་བཤད་ཕྲེང་བའི་གསལ་བསྒྲགས།

Comments (13) on “ཕྱི་རྒྱལ་དུ་ང་ཚོས་ཅི་ཞིག་ལུས་ཡོད།”

  1. མདོ་ལྷ་ཁམས་པ། says:
    2010-06-27 at 5:14 pm

    ཕྱི་རྒྱལ་དུ་འགྲོ་བ་དེར་འགྲོ་སྟངས་མི་འདྲ་བ་རིགས་ཁ་ཤས་འདུག་བསམ་གིས།
    སྒེར་གི་ཆེད་དུ་འགྲོ་བ། གཞུང་གི་ཆེད་དུ་འགྲོ་བ། གཉེན་གྱི་ཆེད་འགྲོ་བ། གྲོགས་ཀྱི་ཆེད་དུ་འགྲོ་བ། ཉེ་དུ་ཡི་ཆེད་དུ་འགྲོ་བ། ཕ་མའི་ཆེད་དུ་འགྲོ་བ། བུ་ཕྲུག་གི་ཆེད་དུ་འགྲོ་བ། མི་རིགས་ཀྱི་ཆེད་དུ་འགྲོ་བ། རྒྱལ་ཁབ་ཀྱི་ཆེད་དུ་འགྲོ་བ་སོགས།
    དེ་ཡང་། ཉོས་ནས་འགྲོ་བ། བཙོང་ནས་འགྲོ་བ། བྲོས་ནས་འགྲོ་བ། ཡིབ་ནས་འགྲོ་བ། འཐེན་ནས་འགྲོ་བ།
    བཏང་ནས་འགྲོ་བ་སོགས་དང་།
    དེ་ནས། ཕྱི་རྒྱལ་ན་ནང་གཡོག ཕྱི་གཡོག ཟ་གཡོག མགྲོན་གཡོག བྱིས་གཡོག རྒན་གཡོག ནད་གཡོག ལམ་གཡོག གད་གཡོག་སོགས་ལ་རྒྱུགས་ཏེ་ཉིན་ལྟར་རེ་བཞིན་ཚོུད་སྐར་མ་རེ་རེ་བྱས་རང་ཉིད་ཀྱི་ལག་པ་གཉིས་དེ་བེད་སྤྱོད་ཡག་ཐག་ཆོད་ཅིག་བཏང་སྟེ་འཚོ་བཞིན་ཡོད།
    མདོར་ན། ད་ལྟའི་བོད་མི་རིགས་ཀྱི་མི་འབོར་བརྒྱ་ཆའི་དགུ་བཅུ་རང་ཉིད་འཚོ་བ་རང་ཉིད་ཀྱི་ལག་པས་བསྒྲུབ་པ་ཞིག་དང་། རང་ཉིད་་་རང་ཉིད་ཀྱི་རྐང་བ་གཉིས་ཀར་བརྟན་པོར་ལངས་ཐུབ་མཁན་ཞིག་བྱུང་ཚེ། སྡོད་ས་སྡོད་ཡུལ་ལ་ཁྱད་པར་དེ་ཙམ་ཨེ་ཡོད་ན། སྡོད་ས་སྡོད་ཡུལ་ལ་ཁྱད་པར་མེད་པར་མ་ཟད་གཞན་གྱི་ལེགས་ཆར་ཉམས་མྱོང་ལེན་པའི་དགེ་མཚན་འདུག དེ་ལྟར་མ་ཡིན་པར་མགོ་གཞུང་ཞབས་ནས་མཇུག་ཁྱིམ་ཚང་བྱིས་པ་ཡན་ཆོད་ཀྱི་་ལྟོ་གོས་གཞན་ལ་བརྟེན་དགོས་ཤར་ཚེ། བོད་རིགས་ཡོངས་རྫོགས་རྡ་རམ་ས་ལར་ཚིར་ནས་སྡོད་ཀྱང་སྙེག་ས་ལ་སྙེག་དཀའ་རྒྱུ་རེད།
    བོད་མི་རེ་རེ་བཞིན་རང་ཉིད་ཀྱི་རྐང་ལག་གཉིས་དེ་རུལ་མ་བཅུག་པར་མི་རིགས་གཞན་དང་བེད་སྤྱོད་འདྲ་འདྲ་གཏོང་ཐུབ་ན་ད་གཟོ་བོད་མི་རིགས་ལ་རེ་བ་ཞིག་ཡོད་པ་ཡིན། སྐད་དང་ཡི་གེ་ནི་ཤོད་མ་དགོས་བ་རེད།

  2. དམུ་ཐག་གི་བུ་རྒྱུད། says:
    2010-06-27 at 8:56 pm

    དང་པོ། ཁྱེད་རང་རྡ་ས་རུ་བཞུགས་མེད་པར་ཕྱི་རྒྱལ་དུ་ཡོད་པ་རེད་ཅེས་གོ་ཐོས་བྱུང་། དེར་བརྟེན་རྩོམ་ཡིག་འདི་ཡང་མིད་ཐག་ཡན་ཆོད་ཀྱི་རྩོམ་ཡིག་ཅིག་ཡིན་པར་ངོས་འཛིན་བྱེད་རྒྱུ་ཡིན། གཉིས་པ། རྩོམ་ཡིག་འདི་ཡིག་སྐྱོན་གྱི་ཕུང་པོ་ཞིག་ཡིན་པའི་ཚུལ་ལ་བལྟས་ན་ཁྱེད་རང་གི་རུས་རྒྱུད་མ་བརླགས་པའི་སྔོན་དུ་སྐད་ཡིག་བརྗེད་འགྲོ་བའི་ཉེན་ཁ་འདུག

  3. ཀརྡོ་རབ་འབྱམས་པ་ says:
    2010-06-28 at 6:57 am

    གོམ་པ་དང་པོ་དེ་ནི། བོད་མི་རང་ཉིད་རང་སྒོ་ཐོན་ནས་བསྡད་ཐུབ་ན། བོད་ནང་སྡོད་དང་། རྒྱ་ལ་འབྲུག་གསུམ་སྡོད་དང་། ཕྱི་རྒྱལ་ཡུལ་གཞན་དུ་བསྡད་པ་ལ་ཁྱད་གང་ཨེ་ཡོད། ཕྱི་རྒྱལ་བོད་མིའི་ལས་ཀ་ལ་སྐྱུག་བྲོ། གླ་ཆ་ལ་འགྲམ་ཆུ་ལྡང་བ་ནི། རང་ཉིད་ཀླད་ཆུང་ཡིན་པའི་རྟགས་རེད།

  4. མེ་ཏོག་དཀར་པོ། says:
    2010-06-28 at 9:48 am

    མདོ་ལྷྲྲ་ཁམས་པ། དམུ་ཐག་གི་བུ་རྒྱུད། ཀ་རྡོ་རབ་འབྱམས་པ་བཅས་ནས་ངས་བསམ་བློར་ཡོད་པའི་ལན་ཚང་མ་གསུངས་ཚར་འདུག

    ད་ངས་ཅི་ཞིག་ཞུ། དྲ་གྲོགས་གསུམ་པོར་ཐུགས་རྗེ་ཆེ།

  5. དུས་ཆར། says:
    2010-06-28 at 12:30 pm

    རྩོམ་ཡིག་འདིས་དངོས་གནས་གནད་ལ་འཁེལ་པའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་གླེང་སློང་བྱས་འདུག། ཕྱི་རྒྱལ་ལ་འགྲོ་རྒྱུ་ཙམ་མི་ཚེའི་སྙིང་པོར་འཛིན་པ་ནི་རང་རེའི་སྤྱི་ཚོགས་ཀྱི་ནད་ཡམས་ཤིག་རེད་ལ། ཤེས་ཡོན་ཅན་དུ་གྲགས་པ་ཚོས་ཀྱང་བརྒྱུད་ལམ་སྣ་ཚོགས་ནས་ཤི་འབད་རོ་འབད་བྱེད་ཀྱིན་པ་ནི་ངོ་མ་ཐབས་སྐྱོ་བ་ཞིག་རེད། དེང་སྐབས་ང་ཚོའི་མི་རིགས་འདི་ཆག་འཇིག་གི་ཉེན་ཁའི་གནས་སུ་ཡོད་པའི་སྐབས། བོད་ཀྱི་ཤེས་ཡོན་ཅན་ཚོས་ནུས་པ་གཙོ་བོ་འདོན་དགོས་ལ། དེ་ཡང་བོད་ནང་དང་རྒྱ་བལ་ནས་ཤུགས་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་རེད་བསམ།

  6. དུས་ཆར། says:
    2010-06-28 at 12:36 pm

    ཕྱི་རྒྱལ་ཞིག་ཏུ་ཕྱིན་ཚར་པའི་རྗེས། སྤྱིར་མི་རིགས་ཀྱི་ཞེན་ཁོག་ཙམ་ཞིག་སེམས་གཏིང་དུ་གནས་ངེས་མ་ཟད། གོ་སྐབས་གང་ཡོད་ལ་རྩ་དོན་ཆེད་འཕག་འཚག་རྒྱག་སྲིད་ཀྱང། རྒྱ་བལ་ནས་མི་རིགས་ཀྱི་ལས་དོན་ཆེད་ལས་ཀ་བྱེད་པ་ལྟ་བུ་ཞིག་ནི་དུས་ཚོད་དང་ཁོར་ཡུག་གི་དབང་གིས་ཡོང་ཐབས་མེད་པ་ཞིག་རེད་བསམ།
    ངའི་བསམ་ན་བོད་ཀྱི་ཤེས་ཡོན་ཅན་གྱིས་ལོ་རྒྱུས་དང་དུས་རབས་ཀྱིས་སྤྲད་པའི་འགན་འཁྲི་འཁུར་རྒྱུའི་དུས་ཚོད་ལ་སླེབས་ཡོད་པ་མ་ཟད། མི་སྒེར་སོ་སོར་མཚོན་ན། བསམ་མནོ་ཞིབ་མོ་གཏོང་པའི་དུས་སྐབས་ཤིག་ཀྱང་ཆགས་མེད་དམ་བསམ།

  7. དཀོན་མཆོག་ནོར་བུ says:
    2010-06-28 at 1:03 pm

    གྲོགས་ཤ་ཁྲག་རུས་གསུམ་ལགས། ང་ཚོ་ནི་སྤྱི་མཐུན་གྱི་ལས་གཅིག་གིས་གྲུབ་པའི་བོད་པ་ཡུལ་བཤོལ་པ་གཅིག་མཚུངས་ཡིན་པར་བསམ་ན། དང་པོར་སྐུ་ཉིད་ཕྱི་རྒྱལ་ལ་འགྲོ་དགོས་པའི་རྒྱུ་མཚན་ཅིག་བཤད་ན་ལན་ཚང་མ་དེའི་གསལ་བོ་འགྲོ་ངེས་ལགས།

  8. མེ་ཏོག་དཀར་པོ། says:
    2010-06-29 at 11:47 am

    ནུབ་ཕྱོགས་སམ་ཕྱི་རྒྱལ་དུ་འགྲོ་བ་མ་འགྲིག་མདོག་མདོག་བཤད་མཁན་རིགས་ཁ་ཤས་ཡོད་པ་གཤམ་གསལ།

    ༡ རང་ཉིད་ནུབ་ཕྱོགས་སུ་སླེབས་ཟིན་པ།
    ༢ ནུབ་ཕྱོགས་སུ་སྐྱེས་ཤིང་དེར་འཚར་བ།
    ༣ ནུབ་ཕྱོགས་སུ་འགྲོ་འདོད་ཀྱང་མ་ཐར་བ།
    ༤ ཐར་ཀྱང་ལས་ཀ་བྱེད་མི་ཐུབ་པའི་ལོ་ན་རྒས་པའམ་ནད་པ།
    ༥ ནུབ་ཕྱོགས་ལ་རེ་མི་དགོས་པའི་དཔལ་འབྱོར་མཐུན་རྐྱེན་ལེགས་པ།
    ༦ ཤེས་ཡོན་ལྡན་ལ་ན་སོ་གཞོན་པ། དཔལ་འབྱོར་ཞན་ཞིང་ནུབ་ཕྱོགས་སུ་འགྲོ་ཐུབ་ཀྱང་འདི་ཕྱོགས་ན་སྡོད་མཁན་བཅས་་ཡོད་པ་ལས་ ༦ པ་འདིས་བཤད་པ་ལ་བརྒྱ་ཆ་ ༥༠ ཉན་ཐུབ་ས་རེད།
    གཞན་པ་དེ་ཚོས་བཤད་ན་ཁོང་ཚོ་ལ་རྐུབ་བསྟན་ནས་རྟུག་དྲི་ཚ་ཐག་ཆོད་གཅིག་གཏོང་ས་རེད་ལགས།

    འཆལ་ཚིག་ཁ་ཤས་ཐལ་སོང་། དགོངས་དག

  9. བོད། ཤ་ཁྲག་རུས་གསུམ། says:
    2010-07-01 at 12:50 pm

    སྤུན་ཟླ་ཁྱེད་ཅག་གིས་རང་རང་གི་བསམ་ཚུལ་ལྷུག་པོར་གསུངས་པ་དེར་སེམས་ཁོང་རུས་པའི་གཏིང་ནས་དགའ་བསུ་ཞུ། ང་རང་ལ་དྲ་གྲོགས་ཁ་ཤས་ཀྱི་གསུངས་ཟིན་པའི་གོང་གི་ནོར་འཁྲུལ་དེ་ཡོད་པ་བདེན་པ་ཡིན། དེ་ནི་བདག་གིས་ཁས་ལེན་ལོས་བྱེད། ཡིན་ཡང་། ངས་རང་ཉིད་ཀྱི་ནོར་འཁྲུལ་ལ་ནོར་འཁྲུལ་དུ་ཤེས་ནས། ཕྱིས་སུ་ནོར་འཁྲུལ་འདིར་མི་འདོད་ཀྱང་འདོད་ཁུལ་བྱས་དེ་ཞུགས་ལ་ཉེ་བ་དང་ཞུགས་རྩིས་ཡོད་པ། ཞུགས་ཟིན་པ་ག་གིས་རང་ཉིད་བོད་ཞེས་པའི་མི་རིགས་ཤིག་གི་ཁུངས་སུབ་སྐྱེ་བ་བླངས་པ་དེར་འགན་ཞིག་འཁུར་ཐུབ་ནས་སྙམ་ནས་ལྷག་བསམ་དག་པའི་ཟུག་རྔུ་དྲོན་མོ་མིད་སྒོ་ནས་རང་དབང་མེད་པར་ཤོར་བ་ལས། སྤུན་ཟླ་སུ་ཞིག་ལ་འཕོག་ཐུག་གཏོང་འདོད་དང་། རང་ཉིད་ཀྱིས་གང་ཞིག་མ་ཤེས་པ་དག་ཤེས་ཁུལ་བྱེད་པ་དང་སྤུན་ཟླ་ནང་ཁུལ་ལ་མཐོང་ཆུང་དང་འཕྱ་དམོད་བྱེད་རྩིས་དེ་བས་ཀྱང་མ་ཡིན་ལགས། ད་ལྟའི་འཆར་བདག་ནི་དྲིན་ཆེན་ཕ་མའི་སྐུ་གཡོག་ཞབས་ཕྱིའི་ཆེད་དུ་རེ་ཞིག་རིང་རྡ་སར་མ་ཁོམ་པར་ལུས་ཡོད་པ་ཡིན་དུས། སྤུན་ཟླ་རེ་རེ་ལ་ལན་རེ་རེ་ཕུལ་ཁོམ་མ་བྱུང་བ་དེར་བཟོད་གསོལ་ཞུ།

  10. ཨ་ནུ་ཐང་བསོད་ནམས། says:
    2010-07-01 at 3:51 pm

    རྡ་རམ་ས་ལ་ཕྱི་རྒྱལ་མ་ཡིན་ནམ། རྒྱ་གར་ལུང་པ་ཕྱི་ཡུལ་མ་ཡིན་ནམ། དེང་སྐབས་གོ་ལ་གཅིག་གྱུར་གྱི་དུས་globalizationལ་སླེབས་ཟིན་པས་རང་ལ་ནུས་པ་ཡོད་ན་འཇིག་རྟེན་གྱི་ས་ཕྱོགས་གང་དུ་བསྡད་ཀྱང་ཁྱད་པར་དེ་ཙམ་མེད། རང་ལ་ནུས་པ་མེད་ན་རྒྱ་གར་ནས་བོད་དུ་འགྲོ་བའང་ཟླ་ཁ་ཤས་ཀྱི་ལམ་ཐག་རེད་ལ། ནུས་བ་ཡོད་ན་ཨ་རི་ནས་བོད་ལ་འགྲོ་བ་དུས་ཚོད་ཉི་ཤུ་ཡིན།

  11. ཨ་ནུ་ཐང་བསོད་ནམས། says:
    2010-07-01 at 4:30 pm

    འོན་ཀྱང་བོད་མི་རྣམས་ཁ་ཐོར་དུ་འཚོ་ཞིང་གནས་ན་མི་རིགས་འདི་རྒྱུན་གནས་ཐུབ་པ་དགའ་རྐྱེན་ཡོད་པ་ཕྲན་གྱི་མོས་མཐུན་ཡོད། ཡིན་ཡང་བོད་རིགས་འདི་མི་རིགས་ཡིན་པས་དེ་འཛམ་གླིང་གི་ས་ཕྱོགས་གང་སར་གནས་ཐུབ་ན། དེས་འཛམ་གླིང་གི་ཤེས་རིག་རྣམས་བསྡུ་ལེན་གྱིས་བོད་ལ་སྤྲད་པས། བོད་ཀྱི་རིག་གནས་འཕེལ་རྒྱས་དང་བོད་དོན་དྲིལ་བསྒྲགས། ཕྱི་འབྲེལ་བཅས་ལ་ཕན་ཐོབ་པ་སྨོས་སུ་མེད་རེད།
    བོད་ནི་སྔ་ལྟར་ཁེ་རྐྱང་ཟུར་སྡོད་ཀྱི་ལུང་པ་ཞིག་ཏུ་འདུག་མི་ཐུབ་ཅིང་། བསྡད་ཚེ་བོད་འདི་འཇའ་ལྟར་ཡལ་ངེས་རེད། འཇའ་ལྟར་ཡལ་ཆེད་རྒྱ་ནག་གིས་རྐང་གཙུགས་ནས་བོད་ལ་ཕྱི་སྐྱོད་ལག་ཁྱེར་མི་སྤྲོད་ཅིང་ཕྱི་འབྲེལ་ཅི་ཐུབ་ཀྱིས་བཀག་བཞིན་ཡོད་པས་ང་ཚོས་བོད་མི་ཕྱི་ཡུལ་འགྲོ་མཁན་ཚོ་བཀག་ན་རྒྱ་ནག་གི་སྲིད་ཇིས་ལ་རྒྱབ་སྐྱོེར་བྱེད་པ་ཡིན་མ་ཡིན་ནམ།

  12. ཨ་ནུ་ཐང་བསོད་ནམས། says:
    2010-07-01 at 4:32 pm

    འོན་ཀྱང་བོད་མི་རྣམས་ཁ་ཐོར་དུ་འཚོ་ཞིང་གནས་ན་མི་རིགས་འདི་རྒྱུན་གནས་ཐུབ་པ་འགོག་རྐྱེན་ཡོད་པ་ཕྲན་གྱི་མོས་མཐུན་ཡོད། ཡིན་ཡང་བོད་རིགས་འདི་མི་རིགས་ཡིན་པས་དེ་འཛམ་གླིང་གི་ས་ཕྱོགས་གང་སར་གནས་ཐུབ་ན། དེས་འཛམ་གླིང་གི་ཤེས་རིག་རྣམས་བསྡུ་ལེན་གྱིས་བོད་ལ་སྤྲད་པས། བོད་ཀྱི་རིག་གནས་འཕེལ་རྒྱས་དང་བོད་དོན་དྲིལ་བསྒྲགས། ཕྱི་འབྲེལ་བཅས་ལ་ཕན་ཐོབ་པ་སྨོས་སུ་མེད་རེད།
    བོད་ནི་སྔ་ལྟར་ཁེ་རྐྱང་ཟུར་སྡོད་ཀྱི་ལུང་པ་ཞིག་ཏུ་འདུག་མི་ཐུབ་ཅིང་། བསྡད་ཚེ་བོད་འདི་འཇའ་ལྟར་ཡལ་ངེས་རེད། འཇའ་ལྟར་ཡལ་ཆེད་རྒྱ་ནག་གིས་རྐང་གཙུགས་ནས་བོད་ལ་ཕྱི་སྐྱོད་ལག་ཁྱེར་མི་སྤྲོད་ཅིང་ཕྱི་འབྲེལ་ཅི་ཐུབ་ཀྱིས་བཀག་བཞིན་ཡོད་པས་ང་ཚོས་བོད་མི་ཕྱི་ཡུལ་འགྲོ་མཁན་ཚོ་བཀག་ན་རྒྱ་ནག་གི་སྲིད་ཇིས་ལ་རྒྱབ་སྐྱོེར་བྱེད་པ་ཡིན་མ་ཡིན་ནམ།

  13. བོད། ཤ་ཁྲག་རུས་གསུམ། says:
    2010-07-04 at 12:25 pm

    ང་ཚོ་རང་ས་སྐྱུར་ནས་ཡོང་བའི་ཕྱིར་ཉིན་དེ་ནས་ཕྱི་རྒྱལ་དུ་ལུས་ཡོད་པ་རེད། དེ་ཡིན་དུས་རང་ཉིད་དུས་དང་རྣམ་པ་ཀུན་དུ་བོད་ཡུལ་ནས་བྲོས་འོང་བའི་ཤོར་མ་ཞིག་ཡིན་པ་བརྗེད་མི་རུང་བ་ཡིན

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme