Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་རྒྱལ་དུ་གཞིས་སྤོར་དང་། ཐོངས་མཆན། ལུས་པོ་བདེ་ཐང་།

Posted on 2019-12-07 By ཁ་བརྡ་ 3 Comments on ཕྱི་རྒྱལ་དུ་གཞིས་སྤོར་དང་། ཐོངས་མཆན། ལུས་པོ་བདེ་ཐང་།

ངག་དབང་སྟོབས་ལྡན།

དེང་སང་བོད་མི་མང་པོ་ཞིག་འཚོ་གནས་དང་། ཆབ་སྲིད། དཔལ་འབྱོར། སློབ་སྦྱོང་སོགས་རྒྱུ་རྐྱེན་ཇི་སྙེད་ཅིག་ལ་བརྟེན་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞིས་སྤོར་བྱས་དང་བྱེད་མུས་ཡིན། ཡིན་ནའང་བོད་མི་གང་འཚམས་ཤིག་གིས་རང་ཉིད་གཞིས་སྤོར་བྱ་ཡུལ་གྱི་རྒྱལ་ཁབ་དེའི་གཞིས་སྤོར་སྲིད་ཇུས་དང་འབྲེལ་བའི་ལུས་པོའི་བདེ་ཐང་སོགས་ཀྱི་དགོས་ངེས་ཆ་རྐྱེན་རྣམས་ཞིབ་ཚགས་ཤེས་ཀྱི་མེད་པ་དང་ཤེས་བཞིན་དུའང་ཐུགས་སྣང་ཆུང་དྲགས་པའམ་སྣང་མེད། ཡང་ན་འོལ་ཚོད་ཀྱིས་དགོས་ངེས་བྱེད་སྒོ་ཡིག་ཆ་གྲ་སྒྲིག་མི་བྱེད་པའམ་བྱེད་ཀྱང་མི་ཚང་བ། ཡང་ན་རྫུན་བཟོ་འབའ་ཞིག་བྱས་ཏེ་མཐའ་མར་རང་གི་མངོན་འདོད་འགྲུབ་རྒྱུར་དཀའ་ངལ་འཕྲད་ཡོད། ལྷག་པར་དུ་དེང་སྐབས་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་ཡར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོ་ཞིག་ཏུ་གཞིས་སྤོར་མི་འབོར་མང་དྲགས་པར་བརྟེན་ནས་རྒྱལ་ཁབ་དེ་དག་གི་གཞི་འཛིན་ཡུལ་མི་ཡིན་ཟེར་མཁན་ཚོ་མི་རིགས་ཀྱི་ལྟ་བ་ཤུགས་ཆེ་རུ་འགྲོ་བ་དང་བསྟུན་ནས་གཞིས་སྤོར་སྲིད་ཇུས་ཀྱང་ཇེ་དམ་ནས་ཇེ་དམ་དུ་གཏོང་བཞིན་ཡོད་པས་བོད་མི་ཚོར་དོ་ཕོགས་མི་ཉུང་བ་ཐེབས་དང་ཐེབས་མུས་ཡིན་པ་བཤད་མ་དགོས། དེ་བས་འདིར་བོད་མི་གཞིས་སྤོར་ཆེ་ཤོས་བྱ་ཡུལ་རྒྱལ་ཁབ་འགའི་ཐོངས་མཆན་དང་ལུས་པོ་བདེ་ཐང་གཉིས་ཀྱི་འབྲེལ་བའི་ཐད་ནས་ངོ་སྤྲོད་རེ་ཞུ་རྒྱུར།

༡། ཨ་རིའི་མི་སེར་ཐོབ་ཐང་གནས་བབ་ཆེད་དུ་ཞུ་སྙན་འབུལ་བར་མཚོན་ན། ནད་རིགས་ chancroid ། གྲང་གཞིའི་ནད་ gonorrhea ། granuloma inguinale ། མཛེ་ནད infectious leprosy། རྨེན་བུའི་གཅོང་ནད lymphogranuloma venereum ། བསེ་མོག་ནད syphilis ། གློ་གཅོང་ཊི་སྦི་ནད་ active tuberculosis བཅས་ཡོད་རིགས་ཡིན་ཚེ་ཨ་རིར་འཛུལ་ཞུགས་བྱ་རྒྱུར་གོ་སྐབས་ཧ་ཅང་ཆུང་། གལ་ཏེ་ཨ་རིའི་གཞུང་ཚབ་ཁང་ཞིག་ཏུ་གཞིས་སྤོར་ཐོངས་མཆན་ཞུ་བར་མཚོན་ན། འགོ་ནད་ཅིག་ལ་བརྟེན་ནས་ནད་པ་གང་ཞིག་དོ་དམ་བཀག་སྐྱིལ་བྱེད་དགོས་པའམ་མང་ཚོགས་ཀྱི་འཕྲོད་བསྟེན་ཐད་རྒྱལ་སྤྱི་རང་བཞིན་གྱི་ཛ་དྲག་འཕྲད་རྐྱེན་ཆགས་པའི་ནད་གཞི་གང་རུང་ཡོད་ཚེ་ཨ་རིར་འགྲོ་འཛུལ་བྱེད་མི་ཐུབ། ཡང་ན་གཞན་ལ་འགོ་ཁྱབ་དང་རྨས་སྐྱོན་མི་བྱེད་ནའང་མི་རང་ཉིད་ལ་གནོད་གཞི་ཆེ་བའི་སྙིང་གི་ནད་གཞི་དང་། འབྲས་ནད་ཀན་སར། སེམས་ཁམས་ནད་གཞི་བྱེ་བྲག་རིགས་ཡོད་ཚེ། ཨ་རི་ལ་འགྲོ་སྐྱོད་བྱ་རྒྱུར་དཀའ་ངལ་ཡོད།

ཨ་རིར་འགྲོ་འཛུལ་བྱ་ཆེད་གཤམ་གསལ་ནད་རིགས་རྣམས་ལ་སྔོན་འགོག་སྨན་ཁབ་ངེས་པར་དུ་རྒྱག་དགོས་ཀྱི་ཡོད། འོན་ཀྱང་ནད་རིགས་ཁག་ཅིག་གི་སྔོན་འགོག་སྨན་ཁབ་ལོ་ཚད་ལ་བསྟུན་དགོས་པ་དང་། སྐྱབས་བཅོལ་ཞུ་མི་རྣམས་ཀྱིས་རྒི་རིན་ཀར་ཌི་ལ་སྙན་ཞུ་མ་ཕུལ་བར་དུ་
སྔོན་འགོག་སྨན་ཁབ་ཁག་ཅིག་རྒྱག་དགོས་ཀྱི་མེད། སྐེ་རྨེན་གཉན་ཚད Mumps དང་། སིབ་བུའི་ནད Measles ། འབྲུམ་ནད་ Rubella ། རྒྱུངས་པའི་གཉན་ཚད་ Polio ། རྩ་འཁུམས་གཉན་ནད Tetanus and ། གག་ནད Diphtheria Toxoids ། བྱིས་པའི་བརྒྱ་གློ Pertussis ། Haemophilus influenzae type B ། མཆིན་ནད་དུག་ཐབས་ ཁ་ Hepatitis B ། འགོག་སྨན་གྱིས་སྔོན་འགོག་བྱེད་ཐུབ་པའི་ནད་རིགས་གཞན་འགོག་སྨན་བརྒྱབ་པའི་ཡིག་ཆ་ངེས་པར་དགོས་ཀྱི་ཡོད།

ཀ་ན་སྒྲ་རྒྱལ་ཁབ་ཏུའང་གཉན་ནད་ཨེ་ཙི་ HIV། མཆིན་ནད་དུག་ཐབས་ Hepatitis ། གློ་གཅོང་ཊི་སྦི་ནད TB ནད་རིགས་ཡོད་ཚེ་གཞིས་སྤོར་ཐོངས་མཆན་སྤྲོད་རྒྱུར་དཀའ་ངལ་ཡོད་པ་དང་། མཆིན་ནད་དུག་ཐབས་ Hepatitis ནད་གཞི་མ་དྲག་བར་དུ་ཐོངས་མཆན་སྤྲོད་རྒྱུར་ངང་སྒུག་བྱེད་དུ་འཇུག་གི་ཡོད།

ཨོ་སི་ཀྲི་ལི་ཡ་རྒྱལ་ཁབ་ལ་མཚོན་ན། མཆིན་ནད་དུག་ཐབས་ ཁ་ hepatitis B དང་ མཆིན་ནད་ཐུག་ཐབས་ ག hepatitis C ཡོད་རིགས་ཡིན་ཚེ་སྲིད་གཞུང་གིས་འཕྲོད་བསྟེན་བདེ་ཐང་གི་ཚད་གཞི་མ་ལོངས་པར་རྐྱེན་བྱས་ཏེ་ཐོངས་མཆན་མི་སྤྲོད་པ་ཡོང་སྲིད། གལ་ཏེ་སྤྲོད་རྒྱུའི་ཆོག་མཆན་ཐོབ་ཀྱང་རྒྱུད་རིམ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པས་ལས་ཚེགས་ཧ་ཅང་ཆེན་པོ་ཡོད། ཉེ་ཆར་ཨོ་སི་ཀྲི་ལི་ཡ་རྒྱལ་ཁབ་ཏུ་གོང་གི་ནད་གཞི་དེ་གཉིས་ལ་ཁྲག་བརྗེ་ལེན་ dialysis དང་དབང་རྟེན་ཕུང་གྲུབ་བརྗེ་འཛུགས་ organ transplant བྱེད་དགོས་པ་ཆགས་ཀྱི་ཡོད་པས་དེར་སྨན་བཅོས་འགྲོ་སོང་ཨོ་སྒོར་ ༤༠༠༠༠ ལྷག་འགྲོ་གི་ཡོད་པ་དང་སྲིད་གཞུང་གི་གཞིས་སྤོར་འཕྲོད་བསྟེན་བདེ་ཐང་གི་ཚད་གཞི་ལོངས་ཀྱི་མེད་པས་གཞིས་སྤོར་ཐོངས་མཆན་བཀག་འགོག་བྱེད་སྲིད། དཔེར་ན་ཕྱི་ལོ་ ༢༠༡༩ ལ་མཆིན་ནད་དུག་ཐབས་ ཁ་ hepatitis B ཡོད་མཁན་མི་མང་པོ་ཞིག་ལ་གཏན་སྡོད་ངོ་སྦྱོར་ཡིག་ཆ་མ་སྤྲད་པ་བྱུང་ཡོད་པའི་གནས་ཚུལ་ SBS News གསར་འགྱུར་བརྒྱུད་ལམ་དུ་ཐོན་ཡོད་པ་རེད།།

ངོ་སྤྲོད།

Post navigation

Previous Post: དུས་ཚོད་བཟང་ངན་གྱི་འབེལ་གཏམ།།
Next Post: དེབ་གསར་འགྲེམས་སྤེལ།

Comments (3) on “ཕྱི་རྒྱལ་དུ་གཞིས་སྤོར་དང་། ཐོངས་མཆན། ལུས་པོ་བདེ་ཐང་།”

  1. གཞུང་པ་ཚེ་དབང་བསིད་ནམས་ says:
    2019-12-08 at 2:05 am

    ཐུགས་རྗེ་ཆེ་དེ་སྔ་བོད་མི་རིགས་ཀྱི་ལས་དབང་དུ་གོ་མ་མྱོང་བའི་ནད་རིགས་མང་པོ་ཞིག་ངོ་སྤྲོོོོོོོོོོོོོོོོོོོོོོོོོོད་གནང་འདུག་པ་ཐུགས་རྗེ་ཆེ་
    ཧཧཧ

  2. འཚོ་བྱེད་བུ says:
    2019-12-18 at 11:23 am

    མཆིན་ཚད་ཁ་པའི་ Hepatitis B ནད་དུག་དང་མཆིན་སྐྲན་བར་འབྲེལ་བ་དམ་པོ་ཡོད་པ་དང་། ནང་སྒོས་སུ་ཁྱིམ་རྒྱུད་རང་བཞིན་གྱི་མཆིན་སྐྲན་མང་ཆེ་བ་ནི་མཆིན་ཚད་ཁ་པའི་ནད་དུག་འགོས་བ་དང་འབྲེལ་བ་ཡོད་པར་གསོ་རིག་ཆེད་མཁས་པ་ཡོངས་ཀྱིས་ཁས་ལེན་བྱེད་ཀྱིན་ཡོད། ཨ་མ་ནི་མཆིན་ཚད་ཁ་པའི་ནད་དུག་འཁྱེར་མཁན་ཡིན་ན་དེའི་བུ་བུ་མོ་མང་ཆེ་བར་བྱིས་པའི་དུས་ནས་ནད་དེ་འགོ་བ་མ་ཟད། མཆིན་ཚད་ཁ་པའི་ནད་དུག་འཁྱེར་མཁན་དུ་འགྱུར་སྲིད། མཆིན་ཚད་ཁ་པའི་ནད་དུག་ཡོད་མཁན་དེ་མཆིན་སྐྲན་དུ་འགྱུར་བའི་བར་ཕལ་ཆེར་ལོ་སུམ་ཅུ་ནས་ལྔ་བཅུ་ཙམ་དགོས་བས། བྱིས་པ་ནུ་འཐུང་དུས་སུ་མཆིན་ཚད་ཁ་པའི་ནད་དུག་འགོ་བ་དེ་མཆིན་སྐྲན་འབྱུང་བའི་མི་ཚོགས་གཙོ་བོ་རེད། ཚོད་རྩིས་བྱས་པ་ལྟར་ན། རྒྱ་ནག་ཏུ་ལོ་རེར་མི་འབུམ་གཅིག་དང་ཁྲི་བརྒྱད་ལྷག་མཆིན་སྐྲན་བྱུང་ནས་ཤི་བ་དང་། མཆིན་སྐྲན་ནད་པའི་ཁྲོད་ཀྱི་མང་ཆེ་བའི་ཁྲག་གི་ནང་མཆིན་ཚད་ཁ་པའི་ནད་དུག་ཡོད་པ་རེད།

  3. འཚོ་བྱེད་བུ says:
    2020-01-08 at 10:46 am

    སྤྱིར་ཨ་མར་མཆིན་ཚད་ཁ་པའི་ནད་དུག་ཡོད་ཀྱང་ཕྲུ་གུ་སྐྱེས་མ་ཐག་མཆིན་ཚད་ཁ་པའི་སྔོན་འགོག་སྨན་ཁབ་ཕྲུ་གུར་བརྒྱབ་ཚེ་ཕྲུ་གུར་མཆིན་ཚད་ཁ་པའི་ནད་དུག་འགོ་བར་སྔོན་འགོག་བྱེད་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme