Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་ཟླ་ ༡༢ ཚེས་ ༨ ཉིན་རྔ་བ་རང་སྐྱོང་ཁུལ་མཛོད་དགེ་རྫོང་ནས་བྱུང་བའི་མེར་བསྲེགས་སྐོར་གྱི་གནས་བསྡུས།

Posted on 2012-12-082012-12-08 By ཁ་བརྡ་ 7 Comments on ཕྱི་ཟླ་ ༡༢ ཚེས་ ༨ ཉིན་རྔ་བ་རང་སྐྱོང་ཁུལ་མཛོད་དགེ་རྫོང་ནས་བྱུང་བའི་མེར་བསྲེགས་སྐོར་གྱི་གནས་བསྡུས།

ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༨ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་༥ དང་སྐར་མ་༢༠ ཐོག་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་འབྲིང་བའི་སུམ་མདོ་དགོན་གྱི་གྲྭ་དཀོན་མཆོག་འཕེལ་རྒྱས། རང་ལོ་༢༤ ཡིན་པ་ཁོང་གིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཚོགས་ཆེན་འདུ་ཁང་མདུན་དུ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། ཀིརྟི་སྐྱབས་མགོན་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་གཞིས་བྱེས་ལྷན་འཛོམས་ཡོང་དགོས་ཞེས་པའི་འབོད་ཚིག་སྒྲོག་བཞིན་ལག་གཉིས་ཐལ་མོ་སྦྱར་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་ནས་མེ་དཔུང་ཆེན་པོའི་ཁྲོད་འདས་གྲོངས་སུ་གྱུར་ཡོད་འདུག

ཁོང་གིས་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་དེར་མཐའ་འཁོར་དུ་གྲྭ་མང་གིས་བསྐོར་ནས་རྒྱལ་གཅེས་དཔའ་བོ་ཁོང་གི་མིང་ནས་བཟུང་སྟེ་སྐད་ཤུགས་ཆེན་པོས་འབོད་བརྡ་བཏང་ཞིང་། དེ་བཞིན་གྲྭ་མང་གིས་བློ་བཟང་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར།།གངས་ཅན་བསྟན་འཛིན་ཀུན་གྱི་གཙུག་གི་རྒྱན།།འཇིགས་མེད་ཡེ་ཤེས་རྒྱལ་བ་རྒྱ་མཚོའི་སྡེ།།བླ་མ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ནས།།གནས་སྐབས་མཐར་ཐུག་བསམ་དོན་ལྷུན་འགྲུབ་ཤོག།།ཅེས་པ་སྐད་ཤུགས་ཆེན་པོས་འུར་འདོན་གནང་ཡོད་འདུག དེ་རྗེས་ཁོང་གི་སྐུ་ཕུང་ཁོ་རང་གི་གྲྭ་ཤག་ཏུ་གདན་དྲངས་ཏེ་གྲྭ་མང་བརྒྱ་ཕྲག་མང་པོས་སྨོན་ལམ་གསུངས་དང་གསུང་མུས་ཡིན་འདུག

ཁོང་ནི་མཛོད་དགེ་རྫོང་འབྲིང་བ་ཞང་གོས་བརྡ་སྡེ་བའི་ཕ་དཀོན་མཆོག་སྐྱབས་དང་མ་སྒྲོལ་མ་མཚོ་གཉིས་ཀྱི་བུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་འབྲིང་བའི་སུམ་མདོ་དགོན་དུ་ཆོས་ཞུགས་བྱས་ཤིང་། ཕྱི་ལོ་༢༠༡༠ ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་དཔེ་ཆ་ལྟ་རུ་ཡོང་ནས་མཚན་ཉིད་ཀྱི་འཛིན་གྲྭ་ཁ་དོག་གོང་མའི་ནང་དུ་སྒྲིག་ཞུགས་ཀྱིས་མཚན་ཉིད་ཀྱི་གཞུང་ལ་སློབ་སྦྱོང་གནང་མུས་ཡིན་འདུག ཁོང་ལ་ཕ་མ་གཉིས་དང་སྤུན་སྲིང་སོགས་ནང་མི་དགུ་ཡོད་འདུག

དེ་མིན་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་དང་ཅུང་ཐག་རིང་བའི་ལྷ་སྡེ་དག་སྟག་ཚང་ལྷ་མོར་ཡོང་རྒྱུ་རྒྱ་གཞུང་གིས་བཀག་སྡོམ་བྱེད་བཞིན་ཡོད་འདུག་པ་བཅས།

རྒྱལ་གཅེས་དཔའ་བོ་དཀོན་མཆོག་འཕེལ་རྒྱས་ལགས།

རྒྱལ་གཅེས་དཔའ་བོ་དཀོན་མཆོག་འཕེལ་རྒྱས་ལགས་ཀྱིས་མེ་བསྲེགས་གནང་རྗེས།

རྒྱལ་གཅེས་དཔའ་བོ་དཀོན་མཆོག་འཕེལ་རྒྱས་ལགས་ལ་སྨོན་ལམ་གསུངས་སྐབས།

རྒྱལ་གཅེས་དཔའ་བོ་དཀོན་མཆོག་འཕེལ་རྒྱས་ལགས་ལ་སྨོན་ལམ་གསུངས་སྐབས།

མཛོད་དགེ་སུམ་མདོ་དགོན་པ།

སྟག་ཚང་ལྷ་མོ་དགོན་པ།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༨ ལ།

གསར་འགྱུར།

Post navigation

Previous Post: ཤེས་རབ་དགའ་ཚལ་སློབ་གླིང་གི་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་བ་འཐེན་པ་ཞེས་པའི་ཟས་བཅད་ངག་བཅད་ཀྱི་མྱ་ངན་གོམ་བགྲོད་ལས་འགུལ་གྱི་ཞུ་སྐུལ་སྙན་ཞུ།
Next Post: མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་དུ་རང་ལུས་མེར་སྲེག་བྱས་པ།

Comments (7) on “ཕྱི་ཟླ་ ༡༢ ཚེས་ ༨ ཉིན་རྔ་བ་རང་སྐྱོང་ཁུལ་མཛོད་དགེ་རྫོང་ནས་བྱུང་བའི་མེར་བསྲེགས་སྐོར་གྱི་གནས་བསྡུས།”

  1. ཇ་མ་ says:
    2012-12-08 at 1:06 pm

    ཚད་ཡོད་པའི་ཚེ་སྲོག་ཚད་མེད་པའ྄ི་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་རེད།

  2. losang says:
    2012-12-08 at 2:28 pm

    ཨ་ཁ་ཁ་་་་ཤ་ཚ་ལོ་ཉུང་དེ་ཚོ་ད་་་ཅི་དྲག་་་ཀིཏི་དགོན་པ་ཁགས་གི་གྲྭ་་པ་ལོ་ཉུང་དེ་ཚོ་ཅིག་ཀྱང་ལྷག་ཏུ་འཇུག་ས་མ་རེད་་གལ་སྲིད་ཀིཏི་སྐྱབ་་འགོན་སྔོན་ ལ་མ་ཕེབ་ན། ཁོང་ནི་བོད་མི་ཡོང་གྱིས་སྐྱབས་འགོན་དང་ཀིཏི་གྲྭ་ཆུང་ཡོང་གྱིས་་སྲོག་བདག་རེད།

  3. ནུབ་ཕྱོགས་གངས་ཕྲུག་ says:
    2012-12-08 at 3:31 pm

    ཨོཾ་མ་ཎི་པདྨེ་ཧ྄ཱུཾ།

  4. ཐུ་བ་རྒྱ་མཚོ། says:
    2012-12-08 at 8:56 pm

    གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    རྒྱལ་གཅེས་དཔའ་བོ་དཀོན་མཆོག་འཕེལ་རྒྱས་མཆོག །
    ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །

  5. ཅང་མེད་སྣང་སྐྱིད་ says:
    2012-12-08 at 11:23 pm

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེའི་ཐུགས་རྗེས་སྐྱོང་བར་མཛོད།།

  6. བཙན་རྒོད། says:
    2012-12-08 at 11:45 pm

    རྒྱལ་གཅེས་དཔའ་བོ་དཀོན་མཆོག་འཕེལ་ལགས་སྙིང་ནས་གུས་འདུད་ཞུ།

  7. འདྲེ་ནག་མགོ་དགུ་ says:
    2012-12-09 at 6:40 pm

    དཀོན་མཆོག་མཁྱེན། ད་རྒྱ་མི་ཟེར་ཡ་འདིས་མི་གསོད་ཀིས། ཨུ་ཧུ་ཨུ་ཧུ་སྡུག་ད་སྡུག་ད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme