Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཐེངས་དང་པོའི་གནས་བསྡུས།

Posted on 2013-10-152013-10-15 By ཁ་བརྡ་ 10 Comments on ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཐེངས་དང་པོའི་གནས་བསྡུས།

གནས་ཚུལ་མཁོ་གཏོང་བ། བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།

0-16ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་འདི་ལོའི་ཟླ་བ་༡༠ ཚེས་༨།༩ ཉིན་གཉིས་རིང་ཨ་རིའི་ཤར་ཕྱོགས་སུ་ཡོད་པའི་བོན་ཚོགས་ལིག་མིན་རྐྱས་གོ་སྒྲིག་དང་མཐུན་སྦྱོར་འོག་འཚོགས་ཐུབ་པ་བྱུང་ཞིང་། ཚོགས་ཐོག་ཏུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་མཆོག་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་གཙོས། དགེ་བཤེས་བསྟན་འཛིན་དབང་རྒྱལ་དང་། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ། ཊོར་ཐང་མཁན་པོ་དགེ་བཤེས་བསྟན་འཛིན་དར་རྒྱས། དགེ་བཤེས་གཡུང་དྲུང་བློ་གསལ། དགེ་བཤེས་བསྟན་འཛིན་ཡང་སྟོན། བླ་མ་ཁྱིམ་གསར། ཨེམ་ཆི་ཉི་མ་བསམ་འཕེལ། དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་བཅས་ལྷན་འཛོམས་ཀྱིས་ནུབ་ཕྱོགས་སོགས་སུ་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ནུས་པ་སྔར་ལས་དར་སྤེལ་གཏོང་ཐབས་སྐོར་ལ་གཙོ་བོ་དོན་ཚན་ལྔའི་ཐོག་གྲོས་བསྡུར་ལྷུག་པོར་གནང་། གཞན་ཡང་ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཀྱི་སློབ་སྟོན་པ་དང་རྒྱུན་ལས་གསར་འདེམས་གནང་བར་མ་ཟད། ཚོགས་ཐེངས་གཉིས་པ་ཕྱི་ལོ་༢༠༡༤ ལོའི་ཟླ་བ་༩ ཚེས་༡༧ ནས་ ༢༠ བར་ཨ་རིའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ San Francisco ཡི་ཉེ་གནས་སུ་ཡོད་པ་རྒྱལ་གཤེན་ཞང་བོད་རིག་སློབ་ཁང་དུ་འཚོགས་གཏན་འཁེལ།

གྲོས་གཞིའི་གྲོས་མཐུན་དོན་ཚན་དང་པོ། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་འཛམ་གླིང་ཤར་ནུབ་ཀྱི་ཕྱོགས་ཀུན་ཏུ་ལོ་ནས་ལོར་མི་རྣམས་ཀྱིས་དོ་སྣང་བྱེད་ཡུལ་དུ་གྱུར་བ་ནི་བརྗོད་མི་དགོས་ཤིང། ལྷག་པར་དུ་དུས་རབས་ཉེར་གཅིག་པའི་སྐབས་འདིར་ནུབ་ཕྱོགས་སྤྱི་ཚོགས་ཀྱི་ཁྲོད་དུའང་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ནས། འཛམ་གླིང་ཤར་ནུབ་ཀྱི་ཕྱོགས་ཀུན་ཏུ་བོན་གྱི་དགེ་བཤེས་བླ་སྤྲུལ་མང་པོ་ཞིག་གིས་བོན་ཁྲིད་དང་བོན་ཚོགས་འདུས་སྡེ་སོགས་ཀྱི་ཡོ་ལང་ཇེ་མང་ནས་ཇེ་མང་དུ་འཕེལ་བཞིན་ཡོད། དེར་བརྟེན་སྤྱི་ཚོགས་གསར་པ་ཞིག་དང་སྐད་ཡིག་རིག་གཞུང་མི་འདྲ་བ་ཞིག་གི་སྤྱི་ཚོགས་སུ་དགེ་རྒན་དང་བོན་ཚོགས་ཀྱི་དབུ་ཁྲིད་རྣམས་པ་ཚོས་བོན་བསྟན་ངོ་སྤྲོད་བྱེད་ཕྱོགས་ཇི་དགེ་དང། དེ་བཞིན་ནུབ་ཕྱོགས་སུ་ཡོད་པའི་གཡུང་དྲུང་བོན་གྱི་བོན་ཚོགས་ཁག་གི་དབུ་ཁྲིད་དགེ་རྒན་རྣམས་པ་ཕན་ཚུན་ཐུགས་མཐུན་དམ་གཙང་ཡིན་པ་སྨྲོས་མ་དགོས་མོད། འོན་ཀྱང་སྐབས་རེར་ཐུགས་གཡེང་དང་གཞན་གྱི་ཟེར་སྒྲོས་ཀྱི་དབང་གིས་བླ་མ་ནང་ཕན་ཚུན་དང་དེ་བཞིན་སློབ་མ་ནང་ཁུལ་དབར་ལ་ཐུགས་དོགས་དང་དམ་སེལ་སོགས་འབྱུང་སྲིད་པས་སྔོན་ཚུད་ནས་ཕན་ཚུན་ཀུན་གྱིས་བསྟན་པ་དང་འགྲོ་བའི་དོན་ལ་དགོངས་པ་རྒྱ་ཆེར་བཞེས་རྒྱུ་ཤིན་ཏུ་ནས་གལ་ཆེ་བ་ཡིན་པར་མ་ཟད། གཞན་ཡང་བླ་སྤྲུལ་དགེ་བཤེས་ཁག་ཕན་ཚུན་གདན་ཞུས་ཀྱིས་སློབ་ཚོགས་ནང་ཁུལ་དུ་བོན་ཁྲིད་ཀྱི་འབྲེལ་འཇོག་གནང་སྟེ་སློབ་མ་ནང་ཁུལ་ཡང་ཐུགས་མཐུན་དམ་གཙང་དང་འབྲེལ་བ་སྔར་ལས་ཟབ་ཏུ་གཏོང་རྒྱུ། །

དོན་ཚན་གཉིས་པ། ཕྱི་གླིང་དུ་གནས་བཞུགས་བོན་ཚོགས་རྣམས་ལ་སྤྱི་རྒྱུགས་ཞལ་འདོན་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེས་ཏེ་བཀོད་བསྒྲིག་བྱ་རྒྱུ་དང། དེ་དག་ཕྱི་ཡི་སྐད་ཡིག་ཏུ་ཕབ་བསྒྱུར་དང་ཞལ་འདོན་གྱི་གདངས་དབྱངས་སོགས་གཅིག་གྱུར་ཡོང་ཆེད་དུ་འོད་སྡེར་ CD ལྷན་སྦྱར་གྱིས་གཡུང་དྲུང་བོན་ཚོགས་ཀུན་ཏུ་འགྲེམས་སྤེལ་བྱ་རྒྱུ། གཞན་ཡང་སྟོན་པ་སངས་རྒྱས་མཆོག་དང་རྗེ་མཉམ་མེད་ཆེན་པོའིི་དུས་ཆེན་སྐབས་འབྲེལ་ཡོད་བོན་ཚོགས་ནང་ཁུལ་ཤིས་ཚིག་འབུལ་རེས་དང་། སྐབས་བསྟུན་དུས་ཆེན་གྱི་ངོ་སྤྲོད་སྟབས་བདེ་ཞིག་གོ་སྒྲིག་གིས་སློབ་ཚོགས་དང་བོན་གྱི་ལྷ་སྡེ་དགའ་ཉེ་ཁག་ལ་མཛད་རྣམ་བསྡུས་པ་རེ་དབྱིན་ཡིག་སོགས་ཕྱི་ཡི་སྐད་ཡིག་ཏུ་བསྒྱུར་ཏེ་འགྲེམས་སྤེལ་གནང་བ་དང་འབྲེལ་དགེ་སྐུལ་གནད་སྨིན་འབྱུང་ཐབས་ལ་འབད་རྒྱུ།

དོན་ཚན་གསུམ་པ། མ་འོངས་པར་ཚོགས་སྡེ་འདི་བརྒྱུད་དེ་བོད་དང་ཧི་མ་ལ་ཡི་རི་རྒྱུད་གཙོས་པའི་བོན་པོ་རྣམས་ལ་སྐབས་བསྟུན་རོགས་འདེགས་གང་ནུས་གནང་ཐབས་དང་། གཞན་ཡང་ཕྱི་རྒྱལ་ཁུལ་དུ་གསར་དུ་འབྱོར་བའི་བོན་པོ་རྣམས་ལ་བོན་ཚོགས་ཁག་དང་འབྲེལ་ཡོད་ནས་ལྷག་བསམ་ཟོལ་མེད་ཐོག་རྒྱུས་མངའི་ལམ་སྟོན་དང་མཐུན་སྦྱོར་གང་ཐུབ་གནང་གལ། མ་ཟད་ས་གནས་སོ་སོའི་བོན་ཚོགས་ཁག་ནས་ཐུགས་འགན་རྐང་བཞེས་ཀྱིས་ནུབ་ཕྱོགས་ཁྲོད་བོན་པོ་གང་ཡོད་ལ་འབྲེལ་ལམ་གནང་གལ་ཆེ་ཁར་དེ་དག་གི་འབྲེལ་ཡུལ་ཁ་བྱང་སོགས་བསྡུ་རུབ་ཀྱིས་དུས་ནས་དུས་སུ་འབྲེལ་ལམ་གནང་ཐབས་གནང་རྒྱུ།

དོན་ཚན་བཞི་པ། སྤྱིར་གཡུང་དྲུང་བོན་གྱི་སྔར་སྲོལ་ཉམ་མེད་རྒྱུན་སྐྱོང་གནང་རྒྱུ་གཙོར་བཟུང་དང་། དེ་བཞིན་བསྟན་པ་སྤེལ་བར་འབད་རྒྱུ་ལྷོད་མེད་གནང་རྒྱུ་ནི་སྨོས་མེད་ཀྱི་ལས་འགན་ལགས་ཤིང་། ཡུལ་དུས་དང་བསྟུན་༧སྟོན་པ་སངས་རྒྱས་ཀྱིས་ཀྱང་གདུལ་བྱ་སོ་སོར་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་པས་དུས་རབས་ཉེར་གཅིག་པའི་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོན་ཁྲིད་གནང་རྒྱུར་སློབ་མའི་གོ་སྟོབས་དང་དགོས་པ་རྒྱུ་མཚན་ལ་བརྟེན་མཐའ་གཉིས་སུ་མ་ལྷུང་བ་གནང་རྒྱུ་དང་། སྲོལ་རྒྱུན་དང་དེང་རབས་ཀྱི་ཁྲིད་སྲོལ་གང་ཡིན་སློབ་མ་རྣམས་ལ་ངོ་སྤྲོད་གསལ་བཤད་གནང་རྒྱུ་གལ་ཆེ། བོན་ཁྲིད་གནང་སྐབས་ཀྱང་ཚིག་སྦྱོར་བེད་སྤྱོད་ཐད་དགོངས་པ་ཆེར་བཞེས་ཀྱིས་གལ་ཆེའི་ཐ་སྙད་ཁག་གང་ཐུབ་བོད་སྐད་དམ་ཡང་ན་ཞང་ཞུང་གི་ཐ་སྙད། དེ་མིན་དབྱིན་སྐད་སོགས་སྐད་རིགས་གཞན་གྱི་ཐ་སྙད་གང་འགབ་བཀོལ་ཐབས་གནང་སྟེ་(ལེགས་སྦྱར་)གྱི་ཐ་སྙད་བེད་སྤྱོད་གང་ཉུང་ཉུང་གནང་ཐབས་བྱ་རྒྱུ།

དོན་ཚན་ལྔ་པ། མ་འོངས་པར་བོན་ཚོགས་འདི་རྒྱུན་སྐྱོང་གནང་རྒྱུར་མོས་མཐུན་དང་རྒྱབ་སྐྱོར་བྱུང་བར་མ་ཟད། ཚོགས་པའི་མིང་ལ་(ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་)དང་ཚོགས་མི་གསར་འདེམས་གནང་། ཚོགས་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༤ ཟླ་བ་ ༡༡ ཚེས་ ༡༧ ནས་ཚེས་ ༢༠ བར་རྒྱལ་གཤེན་ཞང་བོད་རིག་སློབ་གླིང་དུ་འཚོགས་རྒྱུ་གཏན་འཁེལ་བྱུང་བའི་གྲོས་མཐུན་བྱུང་།།

གསར་འགྱུར།

Post navigation

Previous Post: ལས་སྐལ།
Next Post: 《འོད་ལམ་དེ་སྙིང་ལ་བཅང་།》རྒྱལ་སྤྱིའི་ནང་དུ་ཁྱབ་བཞིན་པའི་བོད་གཞས་ཤིག

Comments (10) on “ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཐེངས་དང་པོའི་གནས་བསྡུས།”

  1. ལྷ་སྡེ་གནམ་ལོ་ཡག says:
    2013-10-16 at 2:27 am

    བཀྲ་ཤིས་བདེ་ལེགས་ཞུ། སྤྱིར་བན་བོན་གང་ཡིན་ཡང་རྟེན་ཡུལ་གངས་ཅན་ལྗོངས་དང་བཀུར་མི་གངས་ཅན་པ་ཡིན་པས། བོད་ཚར་ཉིན་ཆོས་ཀྱང་འཇིག་ཉེན་ལ་ཐུག་ཡོད་པས། བོད་ཁ་བའི་ལས་དབང་དང་འབྲེལ་བའི་བདེ་སྡུག་ལའང་དགོངས་བཞེས་མི་ཆུང་བར་མཁྱེན་མཁྱེན།

  2. ཀརྡོ་གཉེར་ཕྱག་པ། says:
    2013-10-16 at 2:42 am

    ཡག་པོ་རེད། རྗེས་སུ་ཡི་རང་ཡོད།

  3. ཨ་ཕྱི་ཆོས་སྒྲོན says:
    2013-10-16 at 2:50 am

    ཞྭ་དཀར་ཡིན་ནམ་སྟོད་སྔོན་གྱིས་མིང་གང་ཞིག་འདོགས་རུང་བདེན་པའི་ལམ་ནས་གངས་ཅན་བདེ་སྐྱིད་ཞིང་འགྲོ་བར་འབོད་བསྐུལ་ཡོད། ལྷན་འཛོམས་དང་ཁྱབ་བསྒྲགས་ལ་བཀྲ་ཤིས་བདེ་ལེགས་ཞུ།

  4. རང་ཤར་རིག་གྲོལ་རྩལ says:
    2013-10-16 at 12:18 pm

    ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་ཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ།
    ཁྱད་པར་དུ་དོན་ཚན་གཉིས་པ། ཕྱི་གླིང་དུ་གནས་བཞུགས་བོན་ཚོགས་རྣམས་ལ་སྤྱི་རྒྱུགས་ཞལ་འདོན་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེས་ཏེ་བཀོད་བསྒྲིག་བྱ་རྒྱུ་དང། དེ་དག་ཕྱི་ཡི་སྐད་ཡིག་ཏུ་ཕབ་བསྒྱུར་དང་ཞལ་འདོན་གྱི་གདངས་དབྱངས་སོགས་གཅིག་གྱུར་ཡོང་ཆེད་གྲོས་འཆམས་བྱུང་བ་དེ་ཅིས་ཀྱང་ལགས་སོ། འདིར་ཞུ་རྒྱུ་ཞིག་ལ། དགེ་བཤེས་སུ་གྲགས་པ་འགས་ཕྱི་གླིང་སློབ་མ་ཚོར་རྫོགས་ཆེན་གྱི་ཁྲིད་གང་བྱུང་དུ་གནངས་པ་སོགས་ལ་རྒྱབ་སྐྱོར་གང་ཡང་མེད། ལྷག་པར་དུ་རང་ལ་རྫོགས་ཆེན་གྱི་ཉམས་ལེན་མེད་བཞིན་དུ་གཞན་ལ་འཆད་ཁྲིད་བྱེད་པ་དེ་ཤིན་ཏུ་ནས་ཡིད་སྐྱོ་བའི་གནས་སུ་མཆིས། །

  5. ཁེར་བུད། says:
    2013-10-17 at 1:14 am

    བོན་པོ་རྣམས་ལ་དགའ་གུས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག དྲི་བ་རེ་གཉིས་འདོན་པར་བྱ་སྟེ། རྒོལ་ཕྱིར་མ་ཡིན་ཤེས་འདོད་ཞུགས་པས་ཡིན་ན། ཤེས་ལྡན་སུས་ཀྱང་རུང་སྟེ་ཡིད་རྨོངས་བསལ་ཕྱིར་ལན་ལྡོན་རྒྱུ་ཐུགས་ལ་ཟུངས། ལོ་ཤས་སྔོན་བོན་ཆོས་པོ་ཏི་མང་པོ་འཕྲུལ་པར་དུ་འདེབས་བཞིན་པར་ཕྲན་ནས་གློག་ཀླད་ནང་ཞུ་དག་གི་ལས་ཀ་བགྱིས། ཡི་མི་རང་བ་ཞིག་ལ། ཕྱི་མོ་མ་དཔེ་རྣམས་བརྡ་མ་དག་པ་ཡིག་ནོར་གྱིས་ཁེངས་ནས། བཅོས་མི་ཚར་ཞིང་བཅོ་བ་ལའང་བློ་མ་བདེ་བས། མཐའ་མར་མ་དཔེ་དང་མཐུན་ན་བརྡ་དག་གི་གཞུང་དང་མི་མཐུན་པ་ཐག་ཆོད་ཀྱང་དེ་མུར་བསྐྱུར་བ་ཡིན། སྐབས་དེ་དུས། འདི་དང་འདི་ལ་བོན་པོ་རྣམས་ཀྱིས་ལན་ཅི་དང་ཅི་ལྡོན་འོང་སྙམ་དུ་དོགས་གཞི་དྲི་བ་སྣ་མང་ཡིད་ངོར་འཁོར་བ་ལ་ཚད་ཅིག་མ་བྱུང་། ཡིན་ན་ཡང་ལས་བྲེལ་གྱིས་དབང་གིས་ལོ་མང་སོང་བས་ད་ནི་བརྗེད་ངེས་ཀྱི་རྐུན་པོས་ཁྱེར་ནས་མི་གདའ་འོ། གང་ལྟར་རེ་ཟུང་དྲི་ན།
    ༡། བོན་ཆོས་མ་དཔེ་རྣམས་དེ་ལྟར་ཡིག་ནོར་གྱིས་ཁེངས་དོན་ཅིའམ།
    ༢། རྒྱལ་པོའི་ཁབ་དང་ཝཱ་ར་ན་སི་སོགས་རྒྱ་གར་ནང་པའི་གནས་ཆེན་རྣམས་ཀྱི་མིང་ཡང་དང་ཡང་དུ་འབྱུང་བའི་དོན་ཅིའམ།
    ༣། ནང་ཆོས་ལྟར་ན་སྔགས་ཡིག་ནི་ལེགས་སྦྱར་གྱི་སྒྲ་རང་སོར་བཞག་སྟེ་བོད་ཀྱི་ཡིག་གཟུགས་རང་དུ་བྲིས་པས་ན་དོན་དུ་ལེགས་སྦྱར་ཡིན། བོན་ཆོས་སུ་སྔགས་ཡིག་ཡོང་དོན་མེད་
    པ་ལ་སྔགས་ཡིག་ཤིན་ཏུ་མང་པོ་འབྱུང་བའི་དོན་ཅི་ཡིན།

  6. རང་ཤར་རིག་གྲོལ་རྩལ says:
    2013-10-17 at 2:17 am

    ཁེར་བུད་ལགས་ཀྱིས་དྲི་བ་བཀོད་པ་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ། དྲིས་ལན་དང་བོའི་ལན། བོན་གཞུང་མང་བོ་ལ་བརྡ་དག་གྱི་ཡིག་ནོར་ཡོད་པ་བདེན་སྲིད། དེ་ནི་གཞུང་དེ་དག་ཚད་ལྡན་ཡིན་པའི་དཔང་རྟགས་ཤིག་ཀྱང་རེད། ཁྱེད་ཀྱིས་ཞིབ་ཏུ་གཟིགས་དང་བོན་གཞུང་ནང་དུ་བརྡ་རྙིང་ཤིན་ཏུ་མང་བོ་ཡོད་པ་རེད། སྐབས་རེ་ཀླད་མེད་དག་གིས་བརྡ་རྙིང་དེ་དག་མཐོང་ན་ཡིག་ནོར་དུ་ཡང་ངོས་འཛིན་སྲིད་པ་རེད། ངས་ཀྱངཐོག་མར་གཡུང་དྲུང་བོན་གྱི་ཨ་སྙན་རྫོགས་གསུམ་གྱི་ནང་ཚན་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་དངོས་སུ་མཇལ་སྐབས་བརྡ་རྙིང་འདྲ་བོ་དང་ཡིག་ནོར་འདྲ་བོ་མང་བོ་ཞིག་མཐོང་སོང་བས་ཡིད་ཚིམ་པ་ཞིག་མ་ཡོང་། འོན་ཀྱང་ཞིབ་ཏུ་བསམ་ན་དེ་ནི་གཞུང་ཚད་ལྡན་ཡིན་པའི་དཔང་རྟགས་ལེགས་པོ་ཞིག་ཀྱང་རེད་སྙམ། གང་ཡིན་ཞེ་ན་སྔོན་གྱི་བླ་མ་བརྒྱུད་པ་ཐམས་ཅད་མི་ཚེ་རི་ལ་སྐྱེལ་ནས་སྒོམ་སྒྲུབ་ཉམས་ལེན་ཤ་སྟག་གནངས་མཁན་རྐྱང་རེད། བླ་མ་དེ་དག་བརྡ་དག་དང་སྙན་ངག་ལ་ཆ་རྒྱུས་མེད་ཅིང་གལ་ཆེན་དུའང་མི་བརྩི་མཁན་རྐྱང་རེད། དེས་ཕྱིར་ཁོང་རྣམས་ཀྱི་གདམས་ངག་བསླད་མེད་དེ་དག་ཕྱི་རབས་ཀྱི་དོན་དུ་ཡིག་ཐོག་ཏུ་བཀོད་པ་རྣམས་ལ་བརྡ་རྙིང་མང་ཞིང་བརྡ་དག་དང་མ་མཐུན་པའང་ཡོང་སྲིད་པ་རེད། དྲིས་ལན་གཉིས་པའི་ལན། བོན་གཞུང་ན་རྒྱལ་བོའི་ཁབ་དང་ཝ་རཱ་ན་ས་སོགས་ནང་པའི་གནས་ཆེན་དག་གི་མིང་མང་བོ་ཞིག་ཡོད་མེད་ད་ལྟ་བཤད་ཐུབ་མ་སོང་། དྲིས་ལན་གསུམ་པའི་ལན། གཡུང་དྲུང་བོན་གྱི་ཡི་དམ་གྱི་འདོན་ཆོག་ཡོད་དོ་ཅོག་གི་སྔགས་ནི་ཞང་ཞུང་གི་སྐད་ཡིན་པ་ལས་རྒྱ་གར་སྐད་མ་ཡིན་ཞེས་ངས་སྤོབས་པ་དང་བཅས་བཤད་ཆོག ངས་བལྟས་ན་ཁྱོད་ཀྱིས་རྒྱ་གར་ཀྱི་སྔགས་ཡིག་ལེགས་པོ་ཞིག་མཁྱེན་གྱི་མེད་པ་འདྲ། དེ་མིན་ཞང་ཡིག་དང་རྒྱ་ཡིག་གཉིས་ནོར་མི་སྲིད། ཞང་ཡིག་ནི་འདོན་བདེ་ལ་རྩེགས་མ་ཅན་ཉུང་བ་ཡིན། ཕྱིས་ཀྱི་བོན་གཞུང་རྣམས་བརྡ་དག་དང་སྙན་ངག་གིས་བརྒྱན་ཅིང་ཀློག་བདེ་བོ་ཡོད་སྲིད། འོང་ཀྱང་དེ་ནི་ལེགས་པའི་རྟགས་ཤིག་མ་རེད་སྙམ། གང་ཡིན་ཞེས་ན་ཕྱིས་ཀྱི་བོན་བླ་རྣམས་བརྡ་དག་དང་སྙན་ངག་སོགས་ལ་དབུ་འཁོར་ནས་སྔོན་གྱི་སྒྲུབས་ཚུགས་བཟང་བོ་ཅུང་ཉམས་པའི་རྟགས་རེད། དེ་ནི་ངའི་བསམ་ཚུལ་ཙམ་ཡིན།།

  7. ཀརྡོ་གཉེར་ཕྱག་པ། says:
    2013-10-18 at 10:45 am

    ངས་ནི་བོན་པོ་བསྟན་འཛིན་དབང་རྒྱལ་མ་གཏོགས་ངོ་ཤེས་མ་སོང་བས། པར་རིས་ཀྱི་འོག་ཏུ་མི་མིང་འཁོད་ན་ཕན་ཐོགས་ཆེ་བ་ཡོད་རེད་སྙམ་པས་་་་་་་

  8. ཏི་སེའི་བུ says:
    2013-10-18 at 11:31 am

    སྤྱིར་བཏང་གཡུང་དྲུང་བོན་ནི་བོད་ཀྱི་མ་ཆོས་ཡིན། ལྷག་པར་དེང་སང་བན་བོན་ཁྱད་མེད་འདྲ། གང་ལྟར་གཉི་ག་སངས་རྒྱས་ཆོས་ཡིན་ན། འགལ་བ་ཅི་ཡང་མེད་པས་མཐུན་པར་སྨོན།

  9. ཁེར་བུད། says:
    2013-10-19 at 9:52 am

    རང་ཤར་རིག་གྲོལ་རྩལ་ལགས་སུ་ལན་སྩལ་བར་ཐུགས་རྗེ་ཆེ་ཞུ། དྲི་ལན་གཉིས་པའི་ཐད་ནས། ཉིད་ལྟར་ན། བོན་གྱི་གླེགས་བམ་རྣམས་སུ་བརྩེགས་ཡིག་གཟུངས་སྔགས་འདྲ་བ་ཤིན་ཏུ་མང་པོ་ཐོན་ཡོང་བ་དེ་དག་ཞང་ཞུང་གི་སྐད་ཡིན་པ་རེད། དེ་ལྟར་ན་ཞང་ཞུང་ཡི་གེ་དང་བོད་ཡིག་གཉིས་ཤར་ནུབ་ཡུལ་གྲུ་མི་འདྲ་བ་གཉིས་ཀྱི་ཡི་གེ་ལྟར་གནམ་སའི་བར་ཁད་འདུག ནང་ཆོས་སུ་ཆོས་ཁུངས་བཙུན་པར་རམ་རྒྱ་གར་ལ་གཏུགས་ཕྱིར། རྒྱ་གར་སྐད་དུ་ཞེས་བྲིས་པ་ཁོ་ན་འབྱུང་ཡང་། བོན་གྱི་གླེགས་བམ་རྣམས་ཀྱི་ཀླད་དུ། གཅིག་ཁོ་ན་མ་ཡིན་པར། ཞང་ཞུང་སྐད་དུ་ཞེས་དང་། ཏ་ཟིག་སྐད་དུ། རྒྱ་ནག་སྐད་དུ། ༼ད་དུང་གཞན་འགའ་འབྱུང་ཡང་གསལ་པོ་མ་དྲན་པས་བཞག༽ཞེས་སོགས་མང་པོ་མང་པོ་འབྱུང་བ་དེ་ལ་རྒྱུ་མཚན་འདྲ་འགྲེལ་རྒྱུ་ཡོད་དམ། གཞན་ཡང་བོན་གཞུང་རྣམས་ཞང་ཞུང་སྐད་ནས་བོད་ཡིག་ཏུ་བསྒྱུར་པ་ཡིན་ན་སྒྱུར་བྱེད་ལོ་ཙཱ་བའི་མིང་ནི་གཅིག་ཀྱང་མཐོང་མ་སོང་བ་དེ་ཅིའམ། ད་དུང་ཡང་ལན་ཡོད་པ་མཁྱེན།

  10. རང་རིག་རང་གསལ། says:
    2013-10-19 at 4:54 pm

    ཕྱི་གླིང་བོན་མཐུནའབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་ཚོགས་པར་དགའ་སུ་ཞུ།# 9 ཆབ་བྲག་ཕོ་ཉ།་ལགས་ཀྱིས་མཆན་བཏབ་པ།:
    October 18th, 2013 at 10:30 AM
    མགུར་མཚམས་མེད་པ་མ་རེད། འགུགས་གཅོད་མ་ཤེས་རྟགས་རེད།
    འགན་ཞིག་ཡིན་མིན་གང་རུང། མགུར་ཞིག་མ་རེད་མ་ཟེར། ཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme