Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱག་ཆེན་སྨོན་འགྲེལ་སེམས་ཀྱི་ཟླ་བ། 

Posted on 2019-03-14 By ཁ་བརྡ 21 Comments on ཕྱག་ཆེན་སྨོན་འགྲེལ་སེམས་ཀྱི་ཟླ་བ། 

སྐྱོ་བྲག་དགའ་དབང་།
 
རང་གི་སེམས་ཉིད་གཉུག་མ་ཐད་ཀར་མཛུབ་ཚུགས་སུ་ངོ་སྤྲོད་པའི་མན་ངག །དཔལ་ཀརྨ་པ་ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པ།ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱི་གཞུང་ཟབ་མོ་འདི་ཉིད་ལ་འབྲེལ་འཇོག་གི་ཡིག་ཆ་ངས་མཐོང་བ་ཞིག་ལ་རྒྱས་ཤོས་ནི། སི་ཏུ་པཎ་ཆེན་གྱིས་ལུང་རིགས་མན་ངག་གིས་བརྒྱན་ཏེ་བཀྲལ་བ་གྲུབ་པ་མཆོག་གི་ཞལ་ལུང་ཞེས་པ་དེ་ཀ་རེད། ཀརྨའི་མཁན་པོ་རིན་ཆེན་དར་རྒྱས་ཀྱི་འགྲེལ་ཆུང་བདུད་རྩིའི་བུམ་བཟང་དང་། སྨན་སྡོང་བླ་མ་ངེས་དོན་བསྟན་རྒྱས་ཀྱི་འགྲེལ་ཆུང་དྭགས་བརྒྱུད་དགོངས་རྒྱན་གཉིས་ནི། སི་ཏུའི་འགྲེལ་ཆེན་ལས་བསྡུས་ཏེ་བཀོད་པ་ཙམ་ཡིན་ཅིང་། གཞན་དིང་སང་གི་བླ་མ་རྣམ་པའི་གསུང་སྒྲ་འཁོར་དུ་བཅུག་པ་ཡིག་ཐོག་ཏུ་ཕབ་བཤུ་བྱས་པ་མི་ཉུང་བ་ཡོད་པ་དག་ནི། སློབ་དཔོན་ཙནྡྲ་གོ་མིས། གང་ཕྱིར་མཁས་པའི་ལས་གསུམ་ལས།། རྩོད་འཆད་ངག་ལ་མ་ངེས་པ།། སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ།། ཞེས་གསུངས་པ་ལྟར་མཁས་པའི་བྱ་བ་གསུམ་གྱི་ནང་ཚན། གནས་སྐབས་གང་དྲན་ཐད་ཀར་བཤད་པ་ལ་མིང་འཆད་པ་ཞེས་བཏགས་པའི་ཕྱོགས་སུ་གཏོགས་པ་ལས། རང་གི་བློ་ནུས་ཡོད་ཚད་ཀྱིས་ཡང་ནས་ཡང་དུ་བརྟགས་ཤིང་དཔྱད་དེ་ཡི་གེར་སྦྱར་བ་ལ་མིང་རྩོམ་པ་ཞེས་བཏགས་པའི་གྲངས་སུ་བགྲང་བར་འོས་པ་ནི་མ་ཡིན་ནོ།།

ཁོ་བོས་སྦྱར་བ་ཕྱག་ཆེན་སྨོན་ལམ་གྱི་འགྲེལ་པ་སེམས་ཀྱི་ཟླ་བ་ནི། བཀའ་བརྒྱུད་པ་རྣམས་ཀྱི་གསུང་སྒྲོས་སུ་འབྱུང་བ། རྗེ་མི་ལའི་མགུར་ལས། དེ་ལྟའི་ཡིན་ལུགས་གནས་ལུགས་རྣམས།། ཁོང་དུ་ཆུད་པ་གོ་བ་ཡིན།། རྩེ་གཅིག་མཉམ་པར་བཞག་པ་ལས།། སྣ་ཚོགས་འཆར་བ་ཉམས་སྣང་ཡིན།། དེ་དོན་མངོན་གྱུར་རྟོགས་པ་ཡིན།། ཞེས་གོ་ཉམས་རྟོགས་པའི་ཡ་གྱལ་ཕྱག་ཆེན་གྱི་གོ་བ་བདག་ལ་ཅི་ཞིག་མཆིས་པ་དེ་ཀས་ཁོག་ཕུབ་སྟེ། ཕྱག་ཆེན་སྨོན་ལམ་གཞུང་རང་གི་ཚིག་ཟིན་དུ། ཐུན་མོང་ཕྱི་ཡི་སྔོན་འགྲོ། ཐུན་མིན་ནང་གི་སྔོན་འགྲོ། དངོས་གཞི་ཞི་ལྷག་ཉམས་རྟོགས། མཐར་ཕྱིན་འབྲས་བུ་ཕྲིན་ལས་རྣམས་ཡོད་པ་ཇི་ལྟ་བ་བཞིན། ས་བཅད་དང་ཚིག་འགྲེལ་རྒྱས་བསྡུས་འཚམ་པ་མཐར་ཆགས་སུ་བྲིས་པའི་རྒྱབ་རྟེན་དུ། རྣམ་སྣང་མངོན་བྱང་དང་། རྗེ་མི་ལའི་མགུར་རྣམས་ལུང་དུ་དྲངས་པ་ལས་གཞན་གང་གིའང་རྗེས་སུ་འབྲངས་པ་མེད་དོ། །

རྣམ་སྣང་མངོན་བྱང་ནི། གསང་སྔགས་ཀྱི་ཆོ་ག་ཕལ་མོ་ཆེའི་ཁུངས་ཡིན་ཅིང་། བཀའ་བརྒྱུད་པ་རྣམས་ཀྱི་སེམས་ཚོལ་གྱི་མན་ངག་རྣམས་ཀྱང་གསལ་པོར་ཡོད་པ་དང་། རྗེ་མི་ལའི་མགུར་ནི། བླ་མ་མཚན་ཉིད་དང་ལྡན་པ་ལ། སློབ་མ་མཚན་ཉིད་དང་ལྡན་པས། དབང་ལུང་མན་ངག་དཔྱིས་ཕྱིན་པ་ཞུས་ཏེ། ལུས་སྲོག་ཐེད་ལ་བོར་བའི་སྒྲུབ་པ་ཉམས་ལེན་གྱིས། ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཉམས་མྱོང་རྣམས་གོ་སླའི་ཚིག་གིས་བཤད་པའི་ཚིག་རློན་པ་ཡིན་པ་ཙམ་དུ་མ་ཟད། ད་ལྟར་བཀའ་བརྒྱུད་པ་རྣམས་ཀྱིས་འཆད་ཉན་བྱེད་བཞིན་པའི་མན་ངག་འདི་དག་ཀྱང་། སྔོན་གྱི་དུས་ན་རྗེ་བཙུན་མི་ལ་རས་པས་གང་བཤད་པ་དེ་ཀ་རང་བསྐྱར་ཟློས་བྱེད་ཅིང་ཡོད་པའི་ངེས་ཤེས་སྐྱེ་ཡོང་བ་ཞིག་གདའ་བས་རྒྱབ་རྟེན་གྱི་ལུང་དུ་དྲངས་པ་ཡིན།

འགའ་རེའི་ལུགས་སྲོལ་ལ་རིགས་པ་ལ་ཁ་བསྙད་དེ། རང་གི་རྟོག་བཏགས་འབའ་ཞིག་ཞེན་ཕུར་དུ་བྱེད་འདུག་པ་ལ་ཆོས་བརྒྱུད་ཅེས་པའི་དོན་ནི་མ་ཚང་ཞིང་། རྗེ་མི་ལའི་མགུར་ལས། འཁྲུལ་པ་ཀུན་གྱི་རྩ་བ་འདི། །གཅོད་པར་སངས་རྒྱས་མ་གཏོགས་པ།། གཞན་གྱིས་འཁྲུལ་པ་ཆོད་མི་ནུས།། དེས་ན་འཁྲུལ་མེད་སངས་རྒྱས་བཀའ།། བསྒྲུབས་ན་ཡང་དག་ལམ་བགྲོད་ཀྱི།། དེ་ལས་གཞན་པས་སངས་མི་རྒྱ།། ཞེས་ཐར་ལམ་དུའང་མི་འགྱུར་བས་ན། ཁོ་བོ་ནི། ཏིང་རྒྱལ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན།། ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན།། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།། སུ་ལ་འཕགས་པའི་ལམ་གྱིས་ཅི་ཞིག་བྱ།། ཞེས་ནམ་དུའང་རང་གི་གཉིས་སྣང་འཁྲུལ་པའི་རྟོག་བཏགས་ལ་ཡིད་མ་ཆེས་པར་ཉམས་རྟོགས་ལྡན་པའི་བླ་མ་གོང་མ་རྣམས་ཀྱི་གསུང་བྱིན་རླབས་ཅན་དག་གཅེས་སུ་འཛིན་པ་ཡིན་ནོ། །

ཞེས་ཕྱག་ཆེན་སྨོན་ལམ་གྱི་འགྲེལ་པ་སེམས་ཀྱི་ཟླ་བའི་གསལ་བཤད་ཉུང་ངུ་འདིའང་། རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས་སྦྱར་བའོ། །

བསམ་ཚུལ།

Post navigation

Previous Post: རྒྱ་གར་གློག་བརྙན་(Dil-E-Naadan) བྱིས་པའི་བློ་ཞེས་པའི་གླུ་ཞིག
Next Post: རྒྱ་གར་གློག་བརྙན་(Roti) སྟེ་བག་ལེབ་ཅེས་པའི་གླུ་ཞིག

Comments (21) on “ཕྱག་ཆེན་སྨོན་འགྲེལ་སེམས་ཀྱི་ཟླ་བ། ”

  1. ཨ་ཤོ་ཀ says:
    2019-03-14 at 2:46 am

    ཡག་པོ་འདུག་ཡིན་ནའང་སེམས་རྒྱུད་ལ་ཚུར་སྦྱར་ཐབ་ན་ཡག་ལེ་རེད

  2. AྀBHARU JIGWANG says:
    2019-03-14 at 11:13 pm

    ༄༅། ཡང་ཡང་བསམ་ལ་ཡང་ཡང་དཔྱད། ཡོད་ཚད་བཤད་ཚད་ཉན་མི་རུང།
    དུས་རབས་ཉེར་གཅིག་དུས་ཚོད་རེད། བཤད་ཚད་ཚང་མ་ངེས་པར་དཔྱད།
    དཔྱད་ནས་ངེས་པ་རྙེད་སོང་ན། དེ་ནས་ཡིད་ཆེས་བྱེད་ན་ལེགས།

  3. ཀརྡོ་རབ་འབྱམས་པ་ says:
    2019-03-15 at 2:01 am

    རྣམ་སྣང་སྔོན་བྱང་ཨེ།
    རྣམ་སྣང་སྔོན་བྱང་སུ་ཡིས་གསུངས།
    རྣམ་སྣང་སྔོན་བྱང་སུ་ལ་གསུངས།
    རྣམ་སྣང་སྔོན་བྱང་ག་བར་གསུངས།
    རྣམ་སྣང་སྔོན་བྱང་ག་དུས་གསུངས།
    ་
    ལགས། དངོས་གནས་མ་ཤེས་ནས་བྲིས་པའོ།།

  4. འབུར་དཀར་ཕྲིན་ལས། says:
    2019-03-16 at 7:23 am

    བྱས་ན་སི་ཏུ་པཎ་ཆེན་གྱི་མཚམས་ཁྱེད་ལས་ལྷག་ཅིག་བཀའ་བརྒྱུད་པ་ལ་ད་བར་མ་བྱུང་བ་ཡིན་པ་གསལ་པོ་འདུག

  5. འབྲོང་གི་བུ་བརྒྱུང། says:
    2019-03-17 at 12:42 pm

    སྨན་སྡོང་བླ་མ་ཀརྨ་ངེས་་དོན་བསྟན་རྒྱས། ་སྐུ་ཚེ་སྨད་ལ་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་མདུན་ནས་ཆོས་སྒོར་བཞུགས། གཞུང་་ལུགས་ལ་སྦྱང་པ་བྱས་པའི་ལོ་རྒྱུས་མེད་རུང་། ངག་གི་རྩ་མདུད་གྲོལ་ནས་གསུང་འབུམ་པོད་གསུམ་ལྗགས་རྩོམ་གནང་བ་དེ་ལ་ངོ་མཚར་ཆེན་པོ་སྐྱེས་སོང་།

  6. རྒྱ་མ་ཚང་ says:
    2019-03-17 at 4:31 pm

    མཁའ་མཉམ་འགྲོ་ལ་མཁྱེན་བརྩེས་རབ་དགོང་ནས་། གྲངས་མེད་གསུམ་དུ་ཚོགས་གཉིས་རབ་རྫོགས་ཤིང།སྟོང་གསུམ་མི་མཇེད་ཞིང་གིདཔལ་གྱུར་པ་།འདྲེན་མཆོག་ཤཀྱའི་ཏོག་དང
    ཤེ་རབ་ཆེན་པོས་དེ་ཉིད་ལེགས་རྟོགས་ནས་།བརྩོན་པ་ཆེན་པོས་གོ་འཕང་མཆོག་བརྙེས་ཤིང།བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས་པའི་འཕགས་མཆོག་ཀླུ་སྒྲུབ་རྣམས་གཉིས་ཀྱི་མ་གསུང་པའི་ཡང་དག་པའི་ལྟ་ལྦ་འམ་ཕྱག་རྒྱ་ཆེན་པོའི་བཀའ་བརྒྱུད་རྣམས་ཀྱི་སེམ་གྱི་མན་ངག་ཡོད་པ་ཧ་སོང་མེན་པའི་རེ་བ་དང་ཁ་གསལ་ཙམ་བྲི་གནང་མཁྱེན་མཁྱེན་

  7. ཀརྡོ་རབ་འབྱམས་པ་ says:
    2019-03-18 at 12:19 am

    ངག་གི་རྩ་མདུད་གྲོལ་ན། རྩོམ་མང་པོ་བརྒྱབ་ཐུབ་བགྱིད་ཡོད་རེད་པེ། ལགས།

  8. ཀརྡོ་རབ་འབྱམས་པ་ says:
    2019-03-18 at 12:21 am

    ལུས་ཀྱི་རྩ་དུ་གྲོལ་ན། རླིག་པ་ཡག་པོ་ལང་བགྱིད་ཡོད་བགྱི་རེད། ཧཧཧ།། །།

  9. ཀརྡོ་རབ་འབྱམས་པ་ says:
    2019-03-18 at 12:23 am

    དིང་སང་དུས་སུ། བོད་བླ་རྩ་རླུང་ཐིག་ལེ་བསྒོམས་ནས་གྲུབ་རྟགས་བསྟན་ཐུབ་མཁན་ཡོད་རེད་པེ། ལགས།

  10. ཀརྡོ་རབ་འབྱམས་པ་ says:
    2019-03-18 at 12:27 am

    དིང་སང་མགོ་སེར་སློབ་མའི་ནང་ལ་ཞི་གནས་ཆ་འདྲ་བའམ། ཞི་གནས་ཐོབ་མཁན་ཡོད་པར་བསྒྲགས་བཞིན་འདུག་གདའ། བདེན་པ་ཡིན་མིན། སུས་ཤེས།

  11. ཀརྡོ་རབ་འབྱམས་པ་ says:
    2019-03-18 at 12:36 am

    ང་ཚོ་ན་ལེན་ཌའི་ཆོས་བརྒྱུད་པ་ཚོས། གྲུབ་ཆེན་བརྒྱད་ཅུའི་གྲུབ་རྟགས་དང་། སྟོན་པ་ཤཀྱྰ་ཐུབ་པས་སྡོན་ལམ་གྱི་གནས་སྐབས་སུ། མ་དག་པའི་སྐྱེ་བ་ལྔ་བརྒྱ་དང་། དག་པའི་སྐྱེ་བ་ལྔ་བརྒྱ་དེ་དག་གི་ལོ་རྒྱུས་རྣམ་ཐར་རྣམས། ཁ་གསལ་ཐིང་ཐིང་བཟོ་རན་འདུ་གོ། །།

  12. རྒྱ་མ་ཚང་ says:
    2019-03-19 at 5:49 am

    ཤིང་འབུས་ཤིང་ཕུབ་པའི་དཔེ་ལྟར་མཐུན་་མོང་མ་ཡིན་པའི་ཕོ་མོའི་དབང་པོ་མཉམ་གྱུར་ལ་བརྟན་ནས་ཐོབ་པའི་བདེ་བ་་ཆེན་པོའི་ཡིད་ཤེས་དང་དེ་མྱོང་བའི་མྱོང་བར་བྱེད་པའི་ཟུག་སོགས་ཤེས་པ་འམ་ཡིད་ཤེས་ལས་ལོགས་སུ་ཉམས་རྟོགས་ཐ་དད་བ་སྣ་བ་ལིང་ལིང་བ་ཞིག་ར་ཅོ་ཟིང་ཟིང་ཞིག་ཡོད་པ་མ་ཤེས་་སྟོང་ཉིད་ཨ་མ་ངོས་འཛིན་
    འོ་ད་ཞུ་ཚམ་དེ་་ནས་ཞགས་ཀྱི་ཡིན་ཁྲོམ་གྲགས་བྱས་ན་་སྨྱ་བར་ལྷུང་

  13. ལ་དྭགས་འཇམ་དཔལ།། says:
    2019-03-20 at 11:15 pm

    བོད་སྐད་དུ། འདམ་བུ་སྦྱིན། ཞེས་པ། ན་ལེན་ཌའི། བསྒྱུར་ཡིན་ནམ། ཞེས་ཀརྡོ་རབ་འབྱམས་པ་ ལ་ཞུའོ།

  14. ཀརྡོ་རབ་འབྱམས་པ་ says:
    2019-03-21 at 12:50 am

    ན་ལེན་ཌའི་སྐད་དོད་ཉི་ཤུ་ཙམ་ཡོད་པར་གྲག འདམ་བུ་སྦྱིན། འདམ་བུ་ཚལ། འདམ་གྱི་མེ་ཏོག འདམ་གྱི་པདྨ་སོགས་མང་པོ་ཡོད་པ་ཟེར་སྲོལ་འདུག
    སྦྱིན་པའི་དོན་ཡང་། ཕྱིས་སུ་བླ་སློབ་ཀྱི་མཁས་པའི་ཡོན་ཏན་སྦྱིན་ཡུལ་ལམ། ཛམ་གླིང་ཡུལ་གྲུ་ཀུན་ལ་བློ་བསྐྱེད་གསར་པ་སྐྱ་རིང་སྦྱིན་མཁན་དུ་འབོད་པར་མིན་འགྲོ་སྙམ།
    དིང་སང་ཚན་རིག་དང་མཐུན་པར་བཤད། བཤད་གྲྭ་མ་ཆགས་གོང་ལ་གྲོང་གསེབ་པའི་བ་ཕྱུགས་དང་མ་ཧའི་རྒྱུ་སའི་འདམ་བུའི་མེ་ཏོག་ཚལ་ཞིག་ཡོད་དགོས་ཚོད་རེད་སྙམ་མོ།།

  15. ལ་དྭགས་འཇམ་དཔལ།། says:
    2019-03-21 at 7:25 am

    ཀརྡོ་རབ་འབྱམས་པ་ལེགས་ཀྱི་གསུངས་པར་དྲིན་ཆེའོ།
    ནཱལནདཱ། ཞེས་བྲིས་དག་པ་ཞིག་ལ་ལྟ་དགོས་ཡོད་ལགས།་

  16. ཀརྡོ་རབ་འབྱམས་པ་ says:
    2019-03-21 at 11:45 am

    नालन्दा = ནཱལནདཱ། ཡང་ན། ན་ལེན་ཌ། ཡང་ན། ནཱལནྡྰ།

  17. ཀརྡོ་རབ་འབྱམས་པ་ says:
    2019-03-21 at 2:31 pm

    ནྰ་ལནྡྰ། ནྰལན། གྱི་དོན་ནི། ཀ་མལ་སྟེ། མེ་ཏོག་པདྨ། དང་། དྰ། ཡི་དོན་ནི། སྦྱིན་ཞེས། ནྰ་ལནྡྰའམ། ཀ་མལ་དྰ་སྟེ། མེ་ཏོག་སྦྱིན་ནམ། པདྨའི་སྦྱིན། ཡང་ན། མེ་ཏོག་པདྨའི་སྦྱིན་ཏེ། མཐར་ཐུག་གི་དོན་ལ་པདྨ་དེ་ཡོན་ཏན་ནམ། ཤེས་རབ་བམ། ཡེ་ཤེས་ཏེ། པདྨའི་སྦྱིན་ཏེ། ཡོན་ཏན་སྦྱིན། ཤེས་རབ་སྦྱིན། ཡེས་ཤེས་སྦྱིན་སོགས་སུ་བཀྲལ། པདྨ་ཡོད་ན། འདམ་བུ་ཡོད་པས་ཁྱབ་པས། དེས་ན་འདམ་བུའི་སྦྱིན་ཡང་མི་ཐད་པ་མེད་དོ་སྙམ་མོ།།

  18. ཀརྡོ་རབ་འབྱམས་པ་ says:
    2019-03-21 at 11:14 pm

    ནྰ་ལནྡྰའི་སྐད་དོད་དུ་བོད་སྐད་ལ། འདམ་བུའི་སྦྱིན་ནམ། འདམ་སྐྱེས་སྦྱིན། པདྨའི་སྦྱིན་ནམ། ཤེས་ཡོན་སྦྱིན་སོགས་སུ་འགྲེལ་འོས་སོ་སྙམ་ཡང་་་་་་ དིང་སང་གི་བློ་གསར་རྣམས་ཀྱིས་ད་དུང་དཔྱད་པར་བྱའོ།།

  19. ལ་དྭགས་འཇམ་དཔལ།། says:
    2019-03-22 at 11:46 am

    འདམ་བུ་སྦྱིན།་ ཞེས་སྔ་འགྱུར་འདུལ་གཞུང་ན་ཡོད་པ་མཇལ།

  20. ཀརྡོ་རབ་འབྱམས་པ་ says:
    2019-03-22 at 12:28 pm

    ལུམ་བི་ཎི་རུ་གཞོན་ནུ་དོན་གྲུབ་འཁྲུངས། །
    སོ་ལྔར་བུདྷ་ག་ཡྰར་རྫོགས་སངས་རྒྱས། །
    ཝ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར། །
    ཀུ་ཤི་ན་གྰར་མྱ་ངན་འདས་ཚུལ་བསྟན། །
    ་
    དེ་བཞིན་ནྰ་ལན་ད་དང་ཝིཀརམ་ཤྰིལ། །
    ཆོས་རྒྱལ་ཨ་ཤོཀ་སློབ་དཔོན་ན་གར་ཛུན། །
    གུང་ཐང་ལྷོ་བྲག་དབུས་གཙང་ཁམས་ཨ་མདོ། །
    མིང་རྣམས་རང་རང་ཡུལ་སྐད་བཞག་ལེགས། །

  21. ཀརྡོ་རབ་འབྱམས་པ་ says:
    2019-03-22 at 12:43 pm

    ཤཀྱྰའི་སིད་ཐརྡྷ་གོ་འུ་ཏ་མ་དང་། །
    ཤུདྷོ་དན་དང་མ་ཧྰ་མ་ཡ་དང་། །
    ཤ་རིའི་བུ་དང་མོའུ་གལ་བུ་སོགས་བཞིན། །
    རང་ཁུངས་རང་སྐད་མིང་རྣམས་མཐོང་ཡང་ཆེ། །
    ་
    དཔེར་ན་བོད་དང་རྒྱལ་ས་ལྷ་ས་དང་། །
    ཀུ་འབུམ་སྟག་འཚེར་ཡམ་དང་ཡུམ་གྱི་མཚན། །
    ཡུལ་སྐད་གཞན་དུ་གང་དུའང་བསྒྱུར་བ་མེད། །
    མ་བསྒྱུར་མ་ཡིས་བོད་ས་བོད་མིང་ཤེས། །
    ་
    ཏྰ་མའི་བླ་མ་རྒྱ་མཚོའི་བླ་མར་དང་། །
    ཀརྨ་རྡོ་རྗེ་ལས་འབྲས་བཛྲ་དང་། །
    བཀྲ་ཤིས་དོན་གྲུབ་མངྒལ་སིད་ཐརདྷ། །
    བསྒྱུར་ན་མིང་མིན་མིང་གི་དོན་བསྒྱུར་ཙམ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme